| Wylie | e-texts produced with BDRC’s OCR application |
ཀ་ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་བཞུགས་སོ ་རྒྱ་གར་སྐད་དུ། ཏིལ་གུ་བིན་དྷུ་ཏན་ཏྲ་ན་མ་བོད་སྐད་དུ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ཅེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག ་འཚལ་ལོ།། དཔལ་རྡོ་རྗེ་མཁའ་འགྲོ་མ།། འགྲོ་བ་སྐྱབ་ལ་ཕྱག་འཚལ་ནས།། འཇམ་པའི་དཔལ་གྱུར་འགྲོ་བའི་མགོན།། སྣ་ཚོགས་པདྨའི་མདོག་འདྲ་བའི།། དབྱིབས་ལེགས་ཕྱག་འཚན ་རྡོ་རྗེ་དང་།། དྲི་ཁུག་ཐོད་པ་རབ་ཏུ་བསྣམས།། སྟག་དང་གླང་ཆེན་ནམ་བཟའ་བསྣམས།། དྲེད་མོའི་བཤམས་ཐབས་རབ་ཏུ་མཛེས།། རབ་ཏུ་འཇིག་པའི་དུར་ཁྲོད་ན།། རུས་པ་ཤེ་དང ་རོའི་ཚོགས།། རྒྱུས་པ་འབྲལ་འབྲེལ་ལ་སོགས་པ།། མཁའ་འགྲོ་སྣ་ཚོགས་འདུས་པའི་གནས།། འཁོར་ཡང་མཁའ་འགྲོ་དྲི་མེད་སོགས།། འདུས་པའི་ཚོགས་ལ་རབ ་ཏུ་འཆང་།། འདྲེ་སྐད་བརྡའ་སྐད་རང་སྐད་ཀྱིས།། མིང་དང་ཚིག་དང་ཡི་གེའི་ཚོགས།། རྒྱུད་པ་བར་མ་ཆད་པའི་ཆོས།། ཕུན་སུམ་ཚོགས་པའི་དུས་དེ་རུ།། ངོ་བོ་ཉིད་ཀྱིས ་མཁའ་གྲོ་བསྡུས། ཏིལ་བུ་བྱའི་འཆད་པའི་དུས།། བྱིནང་དུར་ཁྲོད་འབར་པར་བཤད། ས་སོ།། རིག་ལེ་གསང་བའི་ཡང་གཏེར་གྱི་རྒྱུད་ལས། མཁལ་མསའི ་ཚོགས་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ། དང་པོའོ།། ། དེ་ནས་མཁའ་འགྲོ་དྲི་མེད་ཀྱི་མཁའ་འགྲོ་ཟླ་བའི་འོད་ཟེར་ཅན་ལ།། ཀྲུཾ་རྡོ་རྗེ་མཁའ་འགྲོ་མ། བདག་ཅག་མཁའ ་འགྲོའི་ཚོགས་རྣམས་ལ།། ཐིག་ལེ་ཁ་སྦྱོར་བཤད་དུ་གསོལ།། ཞེས་ཞུས་པས། རྡོ་རྗེ་མཁའ་འགྲོ་མས་བཀའ་སྩལ་པ།། ཉོན་གཅིག་རྡོ་རྗེ་དྲི་མ་མེད།། ཐིག་ལེ་ཁ་སྦྱོར་བཤད་པར་བྱ།། ཐོག་མ་མེད་པའི་རུས ་ཉིད་ན།། སངས་རྒྱས་སེམས་ཅན་མིང་མེད་པའི།། འཁོར་འདས་གཉིས་ཀྱི་གཞི་མ་དེ།། མིང་དང་ཚིག་ལས་འདས་པ་ཡིན།། སངས་རྒྱས་བྱ་བའི་མིང་ཡང་མེད།། སེམས་ཅན་འཁྲུལ་པའི་འབྲས་བུ་མེད། ་ཆོས་ཉིད་མ་བུ་ཕྲང་བ་མེད།། གྲོལ་དང་མ་གྲོལ་གཉིས་སུ་མེད།། ངག་དང་མ་དག་ལ་སོགས་ཏེ།། ཕྱི་ནང་སྣོད་བཅུད་མིང་ཡང་མེད།། འཁོར་འདས་འབྲས་བུ་གཉིས་མ་གྲུབ།། ཤེས་དང་ཤེས་བྱའི་ཡུལ་ལས ་འདས།། འབྱུང་བ་ཆེན་པོ་རྒྱུའི་གཞི།། ཐམས་ཅད་སྤྲུལ་པའི་གཞི་མ་དེ།། སྤྱི་ས་ཆེན་པོ་དེ་ཡིན་ནོ།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། གཞིས་སྙན་པའི་ལེའུ་སྟེ ་གཉིས་པའོ།། ། ཡང་དྲི་མ་མེ་ཀྱིས་ཞུས་པ། གཉིས་སུ་སྣང་བ་ཇི་ལྟ་བུ།། འཁྲུལ་པར་འབྱུང་བ་ཇི་ལྟ་བུ།། ཕྱི་ནང་གནོད་གཅུང་ཇི་ལྟར་ལགས།། གཉིས་སུ་མེད་པའི ་དོན་དེ་ལ།། གཉིས་སུ་འཁྲུལ་པ་ཇི་ལྟར་ལགས།། ཅེས་ཞུས་པས། དཔེར་ན་ཆོས་ཉིད་ན་མཁའ་ལ།། སྤྲིན་དང་ཁུ་བརླངས་འཇའ་ཚོན་དང་།། ཉི་ཟླ་གཟའ་ལྷུན་གྱི་གྲུབ།། རྒྱུ་ལས་རྒྱུ་འཕྲུལ་བྱེད ་བས་བྱས་པ་མིན།། དཔེ་དེ་བཞིན་དུ། ལྷུན་གྲུབ་ཐིག་ལེའི་ཀློང་དཀྱིལ་ནས།། ཐིག་ལེའི་རྩ་ལ་གསུམ་རང་སྣང་དེ།། དབྱིངས་དང་ཡེ་ཤེས་ཐིག་ལེ་གཉིས།། ཁ་སྦྱོར་ཚུལ་དུ་གནས་པ་ཡིན།། བར་ན ་ཐིག་ལེ་རྡུལ་གྱི་འབར།། རྩལ་དེ་གཡོས་པའི་དུས་ཉིད་ན།། གཉིས་སུ་སྣང་བའི་ཐིག་ལེ་དེ།། གསལ་དང་སྟོང་པ་གཉིས་སུ་སྣང་།། ཕྲ་མ་མཁན་གྱི་དབྱེ་བ་བྱས།། དབྱིངས་ལ་ཡེ་ཡེ་ཤེས་པ་ཡིན། ་སྟོང་པའི་འགྱུ་བ་ཝལ་གྱི་འབྱུང་།། དེ་ཡིས་དུས་ན་བཟུང་བ་ཡིས།། ཡུལ་ནི་སྟོང་པ་མཉམ་དུ་འཁྲུལ།། འགྲུབ་པོ་དེ་འཕྲལ་བ་ལ།། ཤེས་པ་རྣམ་པར་འཁྲུལ་པས་ན།། དེ་རུས་ཕྲ་མ་མཁན་གྱི་ལམ། ་ཕྲ་མ་མཁན་དེ་རབ་ཏུ་བཞད།། གཉིས་སྣང་ཕྲ་མ་དེར་ཞུགས་ནས།། གཉིས་མེད་ཕྲ་མ་མཁན་གྱི་ལན།། ཅེས་གསུངས་སོ།། ཐིག་ལེགས་བ་ཡང་གཏེར་གྱི་རྒྱུད་ལས། གཞི་ནས་ཕྲ་མ་མཁས་ངོས་གཟུང ་ཁའི་ལེའུ་སྟེ་རྟགསུམ་པའོ།། ། ཡང་བཀའ་སྩལ་པ། ཟེར་གྱི་ཐིག་ལེ་བསྟན་པར་བྱ།། ཟེར་ནི་རྣམ་པ་གཉིས་སུ་འཁྲུལ།། སྣོད་ཀྱི་ཟེར་དང་གཅུད་ཀྱི་ཟེར།། ་དབྱིངས་ཀྱི་ཐིག་ལེ་སྟོང་པ་ལས།། འོད་ཀྱི་སྣང་བ་ལྔ་རུ་འཁྲུལ།། ཡེ་ཤེས་ཐིག་ལེ་གསང་བ་ལས།། དུག་ལྔ་མ་རིག་བཅུད་ཀྱི་ཟེར།། ཕྲམ་མཁན་གྱི་བར་དུ་ཞུགས།། ཆགས་སྡང་ལྔ་རུ་འཁྲུལ་པ་ཡིན།། འདོད་ཡོན་ལྔ་ཡིས ་རྐྱེན་བྱས་ནས།། ཕྲ་མ་ལྔ་བཙན་དབང་ཆེ་བས།། དུག་ལྔ་རྒྱུད་ལ་སྐྱེས་པ་ཡིན།། ཅེས་གསུངསོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། ཟེར་གྱིས་ཐིག་ལེའི་ལེའུ་སྟེ། བཞི་པའོ།། ་ཡང་བཀའ་སྩལ་པ། རྩལ་གྱི་ཐིག་ལེ་བསྟན་པར་བྱ།། རྩལ་གྱི་ཐིག་ལེ་གཉིས་ཡིན་ཏེ། དབྱིངས་དང་ཡེ་ཤེས་གཉིས་ཀྱི་རྩལ། དབྱིངས། ཡེ་ཤེས་གཉིས་ཀྱི་རྩལ་དུ་བསྟན་པ་ནི།། འོད་ལྔའི་རྣམ་པར་འཁྲུལ་པ ་ལས།། འབྱུང་བ་ལྔ་སོགས་འགྲོ་དྲུག་རྣམས།། རང་སྣང་ཡུལ་དུ་ཐམས་ཅད་འཁྲུལ།། ཅེས་གསུངས་སོ།། ཡེ་ཤེས་རྩལ་དེ་བསྟུན་པ་ན།། གྲོང་གི་འདོད་ཡོན་ཆགས་སྣང་ལྟ།། ལུས་དང་སེམས་སུ་འཁྲུལ་པ་ན། ་ས་ལན་གཉིས་ཀྱི་རྒྱུ་རྒྱན་ལས།། མ་རིག་དབང་གིས་སྨན་ལ་སྦྱར།། འགྲོ་དྲུག་གཟུགས་དང་ཡིད་ལ་སོགས།། རྩལ་གྱི་ཐིག་ལེར་བཤད་པ་ཡིན།། ཅེས་གསུངས་སོ།། ཐིག་ལེགས་པཔ་ཡང་གཏོར་གྱི་རྒྱུད་ལས། ་ལེ་ཁ་སྦྱོར་ཡ་བྲལ་གྱི་ལེའུ་སྟེ་རྣ་ལྔ་པའོ།། ། ཡང་བཀའ་སྩལ་པ། མ་དག་འཁྲུལ་པ་དེ་ལགས་ན།། དག་པ་འཇིག་རྟེན་ཐིག་ལེ་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ ་ཀུན་ཏུ་བཟང་པོའི་ཐེ་ལེ་དང་།། ཀུན་ཏུ་བཟང་མོའི་ཐིག་ལེ་དང་།། གཉིས་མེད་ཡེ་ཤེས་ཐིག་ལེ་གསུམ།། ཕྲ་མ་མཁན་དེ་རྡོ་རྗེ་སེམས།། ཡབ་ཡུམ་སྲས་དང་གསུམ་དུ་བཤད།། རྩལ་གྱི་ཐི་གེ་བསྟན་པ་ནི།། བཟང་མོའི་ཟེར ་ལས་འོད་ལྔ་ཤར།། བཟང་པོའི་ཟེར་དུ་ཡེ་ཤེས་ལྔ།། བཟང་མོའི་ཟེར་དུ་སྤྱན་སོགས་ལྔ།། བཟང་པོའི་རྩལ་དུ་རིགས་ལྔའོ།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། རིག་ལྔ་ཡབ་ཡུམ་ལྔ་རུ་གྲགས།། རྡོ་རྗེ་ཕུང་པོའི་ཡན་ལག་ནི། ་རྫོགས་པའི་སངས་རྒྱས་ལྔ་རུ་སྣང་།། ས་ཆུ་ལ་སོགས་འབྱུང་ལྔ་ནི།། སྦྱིན་པ་ལ་སོགས་ཡུམ་དུ་གྲུབ།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། ཐིག་ལེ་ཁ་སྦྱོར་གྱི་ལེའུ་སྟེ། དྲུག་པའོ།། ་ཡང་བཀའ་སྩལ་པ། དག་པ་འཇིག་རྟེན་སྣང་བ་དེ་ལགས་ན། ཡང་དག་ཡེ་ཤེས་སྣང་བ་བཤད་དུ་གསོལ།། ཞེས་ཞུས་པས།། བཀའ་སྩལ་པ། ཡང་དགྲ་ཡེ་ཤེས་སྣང་བ་བསྟན་པ་ནི།། ཀུན་བཟང་གཞིའི་ཐོག་ལེ་དེ། ་ཆོས་སུ་ཞིང་ཁམས་གནས་ལུགས་ཡིན།། ཀུན་ཏུ་བཟང་མའི་ཐིག་ལེ་ཏེ། ཡེ་ཤེས་བརྡལ་ཁྱབ་ཆེན་པོ་ཡིན།། རྡོ་རྗེ་སེམས་དཔའི་ཐིག་ལེ་ནེ།། རིག་པ་ཡེ་ཤེས་ཞེས་སུ་བཤད།། ལྟ་བ་ཀུམ་ཏུ་བཟང་མོར་བསྟན།། ་སྒོམ་པ་ཀུན་ཏུ་བཟང་པོ་བསྟན།། སྤྱོད་པ་རྡོ་རྗེ་སེམས་དཔར་བསྟན།། འབྲས་བུ་ཐིག་ལེ་ཁ་སྦྱོར་བསྟན།། རིག་པ་རྡོ་རྗེ་སེམས་དཔའ་ཡིན།། ཡེ་ནི་ཀུན་ཏུ་བཟང་པོ་ཡིན།། ཤེས་ནི་ཀུན་ཏུ་བཟང་མོར་བཤད།། ་དེ་གསུམ་དཔལ་ཤར་ཙ་ན།། ལྷ་སྒོམ་སྤྱོད་པ་གང་འདོད་པ།། དེ་ནི་བསམ་པ་ཡིད་སྨོན་ཡིན།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། ཐིག་ལེ་རང་རྡོལ་བསྟན་པའི་ལེའུ་སྟེ། བདུན་པའོ།། ་ཡང་བཀའ་སྩལ་པ། ཟེར་གྱི་ཀུན་ཏུ་བཟང་མོ་ནི།། ཡེ་ཤེས་ལྔའི་ངོ་བོ་དེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཡིན།། ཡེ་ཤེས་ལྔ་དྲུག་གང་འདོད་པ།། དེ་ནི་གྲངས་ཀྱི་གོལ་ས་ཡིན།། ལྷག་མཐོང་སྤྲུལ་པའི་སྐུ་རུ་བཤད། ་རིག་པ་རྩེ་གཅིག་ཟང་ཐལ་ལོ།། ཡེ་ནི་ཡེ་ཤེས་ལྔར་མ་གྲུབ།། ཤེས་པ་རྩ་གཅིག་ཡིན་པས་ན།། གྲང་ཀྱི་གོལ་སའི་འཁྲུལ་པ་གྲོལ།། དཔེར་ན་དྲུག་སྦྲུལ་མདུད་པ་སྟེ། མདུད་པ་མང་ཡང་རང་གིས་ཤིགས ་རང་གི་མདུད་པ་གྲོལ་ཙམ་ན།། སྦྲུལ་གྱི་ངོ་བོ་ཟང་མར་སྣང་།། མདུད་པའི་གྲངས་ལས་གྲོལ་བའོ།། ཡེ་ཤེས་ལྔ་པོར་རིག་པས་བཏགས།། དུག་ལྔ་འདོགས་པ་མ་རིགས་པ།། གཉིས་མེད་ལྷག་མཐོང་རང་ཤར་བས།། ་ཟངས་ཀྱི་གོལ་སའི་རྟོགས་པ་མེད།། དེས་མ་ཟེར་གྱི་ཐིག་ལེ་དེ།། སྤྲུལ་པའི་སྐུ་རུ་བསྟན་པའོ།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཟེར་གྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། ་བརྒྱད་པའོ།། ། ཡང་བཀའ་སྩལ་པ། རྩལ་གྱི་ཐིག་ལེ་བསྟན་པ་ནི་རང་བྱུང་ཡེ་ཤེས་བསྟན་པ་ནི།། ཡབ་ཡུམ་ལ་སྦྱོར་རང་བྱུང་ཡིན།། ལོངས་སྐུའི་ངོ་སྤྲོད་བསྟན་པར ་བྱ།། རང་ནི་རྒྱལ་བ་ཡབ་ལྔའོ།། རྒྱལ་བ་ཡབ་ལྔ་རིག་ལྔར་ཤར།། ཡུམ་ལྔ་རང་ལས་བྱུང་བས་ན།། རང་བྱུང་ཅེས་ནི་དེ་ལ་བྱ།། ཡེ་ནི་གཉིས་སུ་མེད་པའོ།། ཤེས་པ་རང་དུ་གྲོལ་བས་ན།། རང་ནི་སྤྱོད་པའི་མཆོག་ཏུ ་བཤད།། བྱུང་ནི་སྒོམ་པ་ཆེན་པོ་ཡིན།། ཡེ་ནི་འབྲས་བུ་ཁོ་ན་ལ།། ཤེས་པ་ལྟ་བའི་དབྱིངས་སུ་བསྟན།། རང་བྱུང་ཡེ་ཤེས་གཉིས་མེད་པས།། ལྟ་སྒོམ་སྤྱོད་པ་འཆིང་བའི་རྒྱུ།། ཤེས་པ་རང་དུ་གྲོལས་པས་ན།། ་རིགས་ལྔ་ཡང་ཡུམ་གོལ་ས་གཅད།། དག་པ་འཇིག་རྟེམ་འཇིགས་པས་ན།། དག་པ་འཇིག་རྟེན་པ་ཞེས་བྱ།། སྐུ་ནི་ཡེ་ཤེས་སྒྱུ་མའི་སྒྲ།། ངག་དང་ཐུགས་དང་བྲག་ཆ་རླུང་།། ཡུལ་ནི་མ་བྲིས་དཀྱིལ་འཁོར་ལ ་རྟེན་ནས།། འཇིག་པ་ཞེས་བྱ་བའི་ཏིང་འཛིན་ནི།། མཁྱེན་པས་ཤེས་པ་རྒྱུ་རྐྱེན་མཚུངས།། རྒྱུ་རྐྱེན་འབྲས་བུ་འཇིགས་པས་ནཱ། དག་པ་འཇིག་རྟེན་ཞེས་སུ་བཤད།། དཔེར་ན་འབྱུང་བཞིས་བསྐྱེད་པ་ཡིས། ་དངོས་སུ་ས་གཞི་འདི་དང་འདྲ།། མ་དག་འགྲོ་བ་དྲུག་འཁོར་བས།། མ་དག་འཁྲུལ་ཅེས་དེ་ལ་བྱ།། ཡང་གཉིས་པོ་ཕམས་གྲོལ།། ཡང་དག་ཅེས་ཀྱི་དེངེ་ལ་བྱ།། ཐིག་ལེ་ཁ་སྦྱོར་མ་བཤད་ན།། འབྲས་བུ་མེད ་པའི་སྐྱོན་དུ་འགྱུར།། ཟེར་གྱི་ཐིག་མ་བཤད་ན།། བྱིན་བརླབས་མེད་པའི་སྐྱོན་དུ་འགྱུར།། རྩལ་གྱི་ཐིག་ལེམ་བཤད་ན།། ཡེ་ཤེས་འགག་པའི་སྐྱོན་དུ་འགྱུར།། ཟེར་དང་རྩལ་དུ་མ་བཤད་ན། ་ཡེ་ཤེས་ཐུགས་རྗེ་རྒྱུན་ཆང་འགྱུར།། དབྱེར་མེད་རང་གྲོལ་མ་བཤད་ན།། ཕྱིས་ཀྱང་འཁོར་བའི་སྐྱོན་དུ་འགྱུར།། དཔེའ་ཡང་བ་འདྲའི་ས་བོན་འདྲ།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས ་རྩལ་གྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། དགུ་པའོ།། ། ཡང་བཀའ་སྩལ་པ། ཉམས་ལེན་གདམས་པ་བསྟན་དུ་གསོལ།། ཅེས་ཞུས་པས།། བཀའ་སྩལ་པ། ཉམས་ཀྱི་མན ་ངག་བསྟན་པ་ནི།། ཟུང་གསུམ་ཡ་དྲུག་གདམས་པ་ནི།། གཉིད་དང་འཆི་ཀ་ཟུང་དུ་བསྟན།། རྨི་ལམ་པར་དོ་ཟུང་དུ་བསྟན།། ཡེ་ཤེས་དངོས་དང་འཁྲུལ་པ་གཉིས།། ཟུང་གསུམ་ཡ་དྲུག་ཅེས་སུ་བསྟན། ་པར་ལྟ་ཚུར་ལྟ་ཤེས་པར་གྱིས།། གཉིད་དང་དུས་མ་ཉམས་ཤེས་ཙམ་ན།། བར་དོ་གདོན་མི་ཟ་ཏེ་དབང་པོ་ཡིན།། ཐིག་ལེ་བསྟན་པར་བྱ།། ཅེས་གསུངས་སོ།། ཕྱི་བར་རོ་ནང་བར་དོ་གསང་བ་བར་ད།། ་འཁྲུལ་པའི་གཉིད་ལུང་མ་བསྟན་གྱི་གཉིད།། ཡེ་ཤེས་ཆེན་པོའི་གཉིད།། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་གདམས་ངག། རིག་པ་རང་སར་གྲོལ་བའི་གདམ་ངག། འཁྲུལ་པ་རང་གྲོལ་རྨི་ལམ་གྱི་སྣང་བའོ།། ་དཔེར་ན་ཉིན་མོ་དྲག་ཏུ་སྤྱད་པའི་ལམ་དང་འདྲའོ།། ཆོས་སྐུ་ལོང་སྐ་སྤྲུལ་པའི་སྐུ།། ཤེས་རབ་ཀྱི་སྤྱན་ཐབས་ཀྱི་སྤྱན་ཡེ་ཤེས་ཀྱི་སྤྱན།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།། མེ་ལོངས་ལྟ་བུའི་ཡེ་ཤེས། ཀུན ་རྟོགས་ཡེ་ཤེས།། ཕྱིའི་ཤེས་རབ་ནང་གི་ཤེས་རབ་གསང་བའི་ཤེས་རབ་དང་གསུམ་མོ།། ཡང་ཡ་དྲུག་ཟུང་གསུམ།། དག་ལ་འདུས་པར་བཤད་པ་ཤིན་ཏུ་ཅེས་པས་ན།། ཡ་དྲུག་ཟུང་གསུམ་ངག་གི་ཉམས་ཀྱི ་སྐྱེ་ཚུལ་བསྟན།། ཅེས་མཁའ་འགྲོ་མས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། ལྷུག་པ་ཉམས་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ། བཅུ་པའོ།། །། ་དེ་དག་མདོར་བསྡུས་བསྟན་པར་ཞུས་ཅེས་ཞུས་པས།། བཀའ་སྩལ་པ།། སྔམ་གྱི་ཐིག་ལེ་གསལ་བ་སྟེ།། གཉིད་ལོག་པའི་དུས་ཉིད་དུ།། གཉིད་ལས་གྲོང་ལྡེར་བཀག་ནས་ནི།། སེང་གེ་ལྟ་བུའི་ཉལ ་ཐབས་ཀྱིས།། འཛུག་མོ་གནང་དུ་གཙུག་ནས་ཀྱང་།། སེང་གི་རྣམ་པར་རྩེ་བའི་ཕྱག་རྒྱ་ཞེས་སུ་བསྟན་པ་ཡིན།། རྨི་ལམ་རྣམ་པ་གསུམ་ཡིན་ཏེ།། དྲན་པ་སྔ་བའི་རྨྱི་ལམ་དང་།། དེ་ཉིད་ཡེ་ཤེས་སྣང་བ ་དང་།། འཕྲུལ་པ་ཆོ་འཁྲུལ་སྣང་བའོ།། དེ་ཉིད་ལོག་པའི་དུས་སུ་ཡང་།། དྲན་པ་རྒྱ་ཆེན་བསྟན་པ་ན་མཁའ་འདྲ།། གསལ་བ་གང་ལ་ཉི་ཤར་འདྲ།། ཟབ་པ་རྒྱུན་མི་ཆད་པ་རྒྱ་མཚོ་དངས་པ་འདྲ། ་ཤེས་པ་ཡུལ་དུ་བཏང་ནས་ནི།། དྲན་པ་སྤྲེར་རྩེ་བཞག་ཙམ་ན།། ཚེགས་དང་སེམས་དང་འདར་བ་བྱུང་།། གཉིད་མི་འོང་བའི་རྟགས་ཡིན་པས།། སྙིང་ཁར་ཏིལ་ཆེན་སྐུ་མཉེ་བྱ།། དེས་ཀྱང་ཁུགས།། ་པར་མ་གྱུར་ན།། མཐིལ་གཞི་གཙུག་དང་ལྔ་རུ་བྱའོ།། དེ་ནི་ལོག་ནོན་ཅེས་སུ་བཤད།། དེ་ནས་ཡང་ནི་གོང་དང་འདྲ་བར་སྤྱོད་ལམ་བྱ།། དེ་ནས་གཉིད་ནི་ངེས་པར་འབྱུང་།། རིག་པའི་ཕོ་བ་ཤེས་པར་བྱ།། རིག་པ་འཕོས་པའི ་དུས་སུ་ནི།། སྲོག་དབུས་ལུས་སེམས་བཅས་པ་ཉིད།། བཟང་པོ་ཁྲི་ལ་ཉལ་བ་སྟེ།། སྤྲུལ་པའི་སྐུ་ཡིས་སྣང་བ་ཡིན།། རིག་པ་འོད་གསལ་ལམ་དུ་འགྲོ་བ་སྟེ།། ལོངས་སྐུ་སྒྱུ་མའི་སྣང་བ་ཡིན།། འོད་གསལ་དང་ལ་ཡིས། ་གསལ།། ཆོས་སྐུའི་སྣང་བ་ཡིན་པར་ངེས།། དོན་ཐག་གཅིག་ཏུ་གཅོད་པས་ནཱ།། རིག་པ་འོད་གསལ་ལྟ་བ་སྟེ།། སྦྲུལ་སྐུ་མངས་སུ་ཤར་བ་ཡིན།། འོད་ལ་ལྟས་པས་ཤར་བ་སྟེ།། ལོངས་སྐུ་དངོས་སུ་ཤར་ཡིན།། ངང་དུ་ཡེ ་ཤར་བ་སྟེ།། ཆོས་སྐུ་དངོས་སུ་ཤར་བ་ཡིན།། གཉིས་སྣང་མེད་པའི་ཡེ་ཤེས་ཏེ།། ཐིག་ལེ་ཀློང་ནས་རྡོལ་བ་ཡིན།། སྦྲུལ་སྐུ་དངོས་སུ་ཤར་བ་ན།། སྤྱོད་པའི་སྒོ་རྒྱ་བྲལ་བནི།། འོད་གསལ་དངོས་སུ་ཤར་ཙམ་ན ་སྒོམ་པའི་སྒོ་ང་རྒྱ་སྲོལ་བ་ཡིན།། ཆོས་སྐུ་དངོས་སུ་ཤར་ཙམ་ན།། ལྟ་བའི་སྒོ་རྒྱ་སྲོལ་བ་ཡིན།། ཐིག་ལེ་དངོས་སུ་ཤ་ར་ཙམ་ན།། འབྲས་བུའི་སྒོ་ང་རྒྱ་སྲོལ་བ་ཡིན།། ཡང་ན་གདམས་པ་འདི་ལ་བལྟོས ་སེམས་ལ་བལྟས་པས་རྙེད་པ་དཀའ།། ཅེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མ་ཟླ་བ་འོད་ཟེར་གྱི་དེ་སྐད་ཅེས་བཀའ་སྩལ་ནས།། རྡོ་རྗེ་མཁའ་འགྲོ་མ་ན་མཁའི་གློག་མ་སྤྲིན་གྱི་གམ་དུ། གནམ་སྟོང་གི་ཉིན་མོ།། ་ཟླ་བའི་ཉེའི་ཟེར་ལ་བཅིབས་ནས། རྡོ་རྗེ་མཁའ་འགྲོ་མ་གློག་འགྱུའི་གམ་དུ་གཤེགས་སོ།། རྡོ་རྗེ་མཁའ་འགྲོ་མ་དྲི་མ་མེད་པའི་རྗེས་སུ་ཡིད་རང་ངོ་།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། གདམས་པ་བསྟན་པའི ་ལེའུ་སྟེ། བཅུ་གཅིག་པའོ།། ། ཐེག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་སྤྲོས་པ་སྤྱོད་པ་ཞེས་བྱ་བ ་རྫོགས་སོ།། མངྒ་ལི ་