CLOSE WINDOW

Gbr006.21: ye shes 'khor lo gting rdzogs chen po'i rgyud
Wyliee-texts produced with BDRC’s OCR application

ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་བཞུགསོ།། ་རྒྱ་གར་མད་དུ།། ཛྙཱ་ན་ཙཐས་དི་མ་ཧཱ་ཏཊྚ། བོད་སྐད་དུ། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ ་མོ།། ཚིག་མང་རབ་ཏུ་བསྡུས་ནས་ནི་ཐེག་པའི་ཡང་རྩེ་མན་ངག་ཀུན་གྱི་བཅུད་བསྡུས་པ། རྒྱུད་རྣམས་ཀུན་གྱི་སྙིང་པོར་བཤད།། འཁྲུལ་པ་ཟློག་པའི་ཐབས་སུ་བདག་གི་བརྗོད། ་འདི་སྐད་བདག་གི་བཤད་པའི་དུས་གཅིག་ན། གསང་བདག་ཆེ་ལ་བཀའ་སྩལ་པ། འོག་མིན་ཆོས་དབྱིངས་པོ་བྲང་དུ།། རང་གྲོལ་མཁྱེན་པ་རིག་པའི་འཁོར།། བྱིན་བརླབས་འཇུག་པའི ་བསྟན་པ་ཡིན། ཅེས་གསུངས་སོ།། གསང་བའི་བདག་པོར་རབ་ཞུས་པ། ཐོག་མ་མེད་པའི་དོན་ཉིད་གང་།། དེ་ལས་འཁྲུལ་པ་ཇི་ལྟར་ལགས།། དགེ་སྡིག་སོ་མཚམས་ཅི་ཡིས་བཟུང་། ་སངས་རྒྱས་སེམས་ཅན་ཁྱད་པར་ཅི།། གཞི་དང་འཁྲུལ་པའི་སོ་འཚམས་གང་།། འཁྲུལ་པ་མ་རིགས་སོ་མཚམས་གང་།། ལུས་ཀྱི་སྒོང་བརྒྱ་ཇི་ལྟར་ཆགས། ལུས་དང་རྣམ་ཤེས་སོ་འཚམ ་ཅི། ལས་དང་བག་ཆགས་སོ་མཚམས་དང་། འགྲོ་དྲུག་མ་དག་འཁྲུལ་སྣང་དང་།། ལོངས་སྐུ་ངག་པ་འཇིག་རྟེན་དང་།། ཡང་དག་ཡེ་ཤེས་སྣང་བ་གསུམ།། གཅིག་ལགས་སམ་ཐ་དད་ལགས། ་ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ། དང་པོའོ།། ། ཀུན་བཟང་རྫོགས་པས་བཀའ་སྩལ་པ། ཐོག་མ་མེད་པའི་དུས་ཉིད་ན། སངས་རྒྱས་སེམས ་ཅན་མིང་མེད་པའི།། ཉི་ཟླ་གཉིས་སུ་ལུང་མ་བསྟན།། སྤྱིས་ཀུན་གཞི་ཆེན་པོ་ཡིན།། རྒྱ་ཆང་ཕྱོགས་ལྷུང་མེད་པའོ།། གཞི་ཉིད་ལྷུན་གྲུབ་དབྱེར་མེད་པས།། ནམ་མཁའ་ནོར་བུ་རིན་པོ་ཆེ།། ག་བུར་ཉི་མ་ལྟ་བུས་མཚོན།། ཅེས་གསུངས ་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། གཞི་མཚོན་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་འཁྲུལ་པ་ངས་བསྟན་ནོ།། ལེགས་པར་ཉོན་ཅིག་གསང་བདག་ཆེ།། སྙུན་གྲུབ་ཡོན་ཏན ་ཕྱོགས་མེད་པ།། ལྷུན་གྲུབ་རྩལ་ལས་ཕྱོགས་མེད་པའི།། འགག་པ་མེད་པའི་རླུང་ཆེན་གྲུབ།། ས་འཚམས་མ་ནི་རླུང་དུ་བྱུང་།། འཁོར་བ་འཇུག་ལྡོག་སྣང་བ་ཤར།། འགྱུ་ཡིག་འཇུག་ཡིན་སྤྱོད་པའི་ཡིད། ་འཁོར་ལོ་མཚོན་ཆ་མེ་དཔུང་འདྲ།། རང་སྣང་འོད་ལུས་གྲུབ་པར་ངེས།། ཁམས་གསུམ་རྩ་ཁ་དེ་རུ་སྨིན།། འགྱུ་བ་རླུང་གི་བཤོག་པ་ཅན། མཛེས་པའི་ལྷ་མོ་ཕྱོགས་མེད་གཟིགས།། ལྷ་མོ་འོད་ཆང་ཞེས་སུ་བཤད།། ལྷ་མོ་ནོར་བུ ་བུམ་པའི་སྐུ།། གཟིགས་སྣང་མེད་པར་མཁའ་ལ་ལྡིང་།། སྦྱོར་བ་གསུམ་གྱི་ཕ་རོལ་འགྲོ། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། གཞི་དང་འཁྲུལ་པ་སོ་མཚམས་མཚོན་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་ཡང་བཀའ་སྩལ་པ། རྩེ་གཅིག་ཉོན་གཅིག་གསང་བདག་ཁྱོད།། དགེ་སྡིག་སོ་མཚམས་མཚོན་པར་བྱ།། དགེ་སྡིག་གཉིས་ཀྱི་སྐྱེས་པ།། རྣམ་རྟོག་མེད་པའི་ལྷུན་གྲུབ་ཡིན།། དེ་ཡི་སོ་མཚམས་བསྟན་པ་ནི ་ཡིད་གསུམ་འཇུག་ལྡོག་ཡིན་པར་ཤེས།། ཀུན་ཏུ་བཟང་པོས་སྐྱེ་མེད་རྟོགས།། དང་པོ་སངས་རྒྱས་རྒྱུད་པ་མེད།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། ཁྱབ་བརྡལ་ཆེན་པོ་ཡེ་ཤེས་ཆེ།། ཆོ་འཕྲུལ་ཆེན་པོ་དཀའ་བ་མེད།། ་དགེ་ལས་མ་བྱུང་རང་བྱུང་སེལ།། གཞན་ལས་མ་བྱུང་ཡོན་ཏན་ཅིར་མི་གཟིགས།། གཉིས་མེད་རང་གྲོལ་མཚན་མ་བདེ་བར་ཤར།། རྣམ་རྟོག་སྐྱེས་ནས་སླར་ལ་ཡེ་ཤེས་གསལ།། ཕྱི་ནང་མེད་པས་ཆོས་ཉིད་རླན་གྱི་བཙས།། ་མ་རྙེད་རང་ལ་ཤར་བས་སྙིམ་སྟོང་པས་གསལ།། སྤུན་པོའི་རྩེ་ནས་གདུགས་འདྲ་བརྡལ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དགེ་བ་རང་སར་གྲོལ་བའི་ལེའུ་སྟེ། བཞི་པའོ།། ་དེ་ནས་ཡང་བཀའ་སྩལ་པ། སྡིག་པ་ལོག་ནས་གྲུབ་པ་མེད།། ལྷུན་གྲུབ་རྒྱ་ཆར་མེད་པའི་རྩལ་ཆེན་དེ།། རབ་ཏུ་འཇུག་པའི་ལུས་གསུམ་ཤར།། འགྱུ་བ་རླུང་གིས་བཤོག་པ་ཅན།། མཛེས་མར་ལྟས་པས་ཆགས་པ་སྐྱེ། ་གཞན་དུ་མཐོང་བས་ཞེ་སྡང་འབར།། རང་ངོ་མ་ཤེས་གཏི་མུག་འཐིབས།། ལྷ་མོར་མཐོང་བས་ང་རྒྱལ་སྐྱེས།། ང་རྒྱལ་ཁོང་ཁྲོ་ཁྲག་དོག་ལྔ།། རྣམ་རྟོག་མེད་པའི་ལམ་དུ་བྱུང་།། ཆགས་ཞེན་ལྔ་པོ་རང་ལ་ཤར། ་དགེ་སྡིག་གཉིས་པོ་དེ་ནས་སེལ།། སྲིད་པ་གསུམ་པོ་དགའ་བ་སྟེ།། འཁོར་བའི་རྒྱ་མཚོའི་ནང་དུ་བྱིད།། འདོད་ཆགས་མེ་ལྟར་འབར་བ་དང་།། ཞེ་སྡང་བྲག་ཆེན་གཏམས་པ་དང་།། གཏི་མུག་ལྟར་འཐིབས་པ་དང་།། ང་རྒྱལ་ཆུ་ལྟར ་འཁྲུག་པ་དང་།། ཕྲག་དོག་རླུང་ལྟར་འཚུབས་པ་ཡིས།། ངན་འགྲོ་བདེ་འགྲོའི་གནས་ན་འཁྱམ།། རང་རིག་རང་བདུད་གཅོད་པ་ཡིས།། ཐར་པའི་དུས་ནི་དཀའ་བར་མཆི།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན ་པོའི་རྒྱུད་ལས།། དགེ་སྡིག་རང་གྲོལ་དང་རང་བཅིང་སྤྱིས་བསྟན་པའི་ལེའུ་སྟེ། ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སངས་རྒྱས་སེམས་ཅན་ཁྱད་པར་བསྟན་པ་ནི། ་འགྱུ་བ་ལྷུན་གྲུབ་རླུང་གི་བཤོག་པ་ཙམ།། རླུང་གི་འཁོར་ལོ་རྟ་ཕོལ།། ཞོན་ནས་ཕྱོགས་སུ་འགྲོ་འདོད་པ།། དེ་ནི་ཆགས་སྡང་སྐྱེ་བའི་གཞི།། རིག་པ་རང་ས་མི་ཟིན་པས། མ་རིག་པའི་མུན་པས་འཐིབས།། ཉོན་མོངས་པའི། ་དབང་གི་སུ།། མ་ཤེས་འཁོར་བའི་འདམ་དུ་བྱིང་། འཁོར་བ་ལོག་ན་མེད་ན་རང་གིས་བསྒོད་།། སེམས་ནི་ཆགས་བསྡང་བསྐྱེད་པར་བྱེད།། དེས་ན་སེམས་ནི་རྟོགས་པས་འབྲས་བུ་འདུས་བྱས་འགྱུར།། སངས་རྒྱས་རིག ་པ་རང་གྲོས་ཡིན།། བར་སྣང་གཉིས་མེད་ཐིག་ལེ་འབར།། འབར་བ་ཆེན་པོ་འདི་ལ་དབྱེར་མེད་རངས་རིན་ཅེས་གསུངས།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། སངས་རྒྱས་སེམས་ཅན་ཁྱང་པར་མཚོན་པའི་ལེའུ ་སྟེ་དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། འཁྲུལ་པ་མ་རིག་སོ་མཚམས་བསྟན་པ་ནི།། འགྱུ་བ་ལས་ཀྱི་རླུང་ཆེན་དེས།། འོད་ཀྱི་སྣང་བས་གསལ་བ་མ་འདྲེས་པ།། རང་སྣང་ཡུལ་དུ་མཐོང་བས་བག། ་ཆགས་སུས་སུ་འཕྲུལ།། ལུས་ཀྱི་སྣང་བ་བདག་ལ་སྔ་བ་ནི། བག་ཆགས་ཡུས་ལི་དུག་རྫྫ་རྒྱས་པ་ཡིན།། དཀར་དམར་སྣང་བ་དག་ས་སྡེ་བསྲུང་།། ཐོག་མ་གཞིའི་རང་གདངས་སྣང་དུ་སྦྱིན།། དེ་ལ་ཆགས་ན་བག་ཆགས་སྒྲིབ ་པས་བསླང་བ་ཡིན།། དེ་དག་རང་སྣང་ཟང་ཐལ་ལ།། འོད་དུ་མཐོང་བས་འདི་ལུས་གྲུབ་པ་ཡིན།། འོད་ལ་གཟུགས་སྣང་དངོས་སུ་མ་ཐུབ་སྟེ། ཡིད་ལ་ཡོད་པ་སྙམ་དུ་མ་གྲུབ་པས།། དེ་ནི་ཡིད་ཀྱི་ལུས་སུ་འཁྲུལ་པ་ཡིན། ་འོད་ལུས་ཡིད་ལུས་སྲེད་ལེན་དུས་དང་མཚུངས།། སྐད་ཅིག་གཅིག་ལ་བྷེ་ཕྱེད།། ཤ་ཁྲག་ལུས་སུ་གྱུར་པ་ན།། ལུས་ཀྱི་སྣང་བ་རྒྱས་པའོ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིད་རྫོགས་ཆེན་པོའི་རྒྱུད་ལས། ་མ་རིག་འཁྲུལ་པ་ལུས་ཀྱི་སོ་མཚམས་མཚོན་པའི་ལེའུ་སྟེ། བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ལུས་ཀྱི་སྒོ་བརྒྱའི་ཆ་ལུགས་ནི། ་ཕའི་སྲེད་པ་མ་ལ་ལེནེ་ཡིས།། དཀར་པོ་དམར་པོ་མཐིང་ཁ་གསུམ།། སེར་པོ་དམར་པོ་ལྗང་ཁུ་ལྔ།། རྒྱ་དང་ཉའི་ཚུལ་དུ་གནས་པ་ལ།། ཉ་མོ་རྒྱ་ཡིས་ཟིན་པ་བཞིན།། འགྱུ་བ་ལྷུན་གྲུབ་རང་སྣང་ལས།། རང་སྣང ་མ་མཐོང་གཞན་སྣང་མཐོང་།། འགྱུ་བ་དུས་གསུམ་འོད་དང་ཐུག། འབྱུང་དུ་ཐབས་མེད་རི་དགས་རྒྱར་ཆུད་འདྲ།། མངལ་ཁའི་ནང་དུ་འགྱུ་བ་ཚུད།། དཀར་དམར་སྒོ་ང་གཅིག་ཏུ་འཁྲིལ།། དེ་ནི་མཛོད་དཔུར་ཆགས་པ་ཡིན།། དེ་ལ་ཐིག་ཕྲན ་གཉིས་སུ་ཆགས།། མིག་གཉིས་ཐིག་ལེའི་འོད་དུ་འབར།། དེ་ལ་རྩ་གཉིས་རྣམ་པར་ཆགས།། ཆོས་ཉིད་མེ་ལོང་དག་ཏུ་གནས།། དེ་ལ་རྩ་གཉིས་གྱེས་པ་ལས།། སྣ་གཉིས་དག་ཏུ་ཆགས་པ་ཡིན།། དེ་ལ་རྩ་གཉིས་གྱེས་པ་ལས།། ་མིང་ལ་ཨོལ་གོང་གཉིས་སུ་ཆགས་པ་ཡིན།། དེ་ལས་མིད་པ་ཨོལ་གོང་ལས།། སྙིང་དང་བློ་བར་སྲིད་པ་ནི།། ཤེལ་གྱིས་སྡུག་གུས་རབ་ཏུ་བསྒྲིལ།། གཞི་འདུས་པ་ནི་འབྲེལ་པར་ཆགས།། སྙིང་དང་སྲོག་པ་རྩ་རུ་འབྲེལ།། གློ་བ ་མིང་པ་ཨོལ་གོང་དག་ཏུ་འབྲེལ།། དབུགས་ཅན་དབུགས་མེད་དག་ཏུ་འབྲེལ།། སེམས་དང་སེམས་ལས་བྱུང་བར་འབྲེལ།། རིག་པ་ཐིག་ལེ་རག་ཏུ་འབྲེལ།། འཁོར་བ་མྱ་ངན་འདས་པར་འབྲེལ།། བློ་དང་དངོས་པོ་དག་ཏུ་འབྲེལ།། ་བྲེལ་པ་ཤ་དང་རྩ་དང་ནི།། རྐང་དང་གྲགས་པ་ཆུ་རྒྱས་དང་།། ཕྱི་ནང་གཟུག་སུ་འབྲེལ་བའོ།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། སྲས་ཀྱི་སྒོང་རྒྱལ་བ་སྤང་བའི་ལེའུ་སྟེ ་བརྒྱད་པའོ།། །། ཡང་བཀའ་སྩལ་པ། ཉོན་ཅིག་སེམས་ཅན་ཆེན་པོ་ཁྱོད།། ལུས་དང་རྣམ་ཤེས་སོ་མཚམས་ནི།། མཛོད་བུའི་སྣང་བ་འགྱུ་བའི་སོ་མཚམས་ཡིན།། དོན་གྱིས་གསང་ལམ ་ཆེན་པོས་ཐམས་ཅད་མཁྱེན། མིག་དང་རྣ་བ་རྣ་རྩེ་དང་། ཡིད་དང་ཀུན་གཞི་རྣམ་ཤེས་བརྒྱད།། སྒོ་ང་དྲུག་དང་བརྒྱད་དུ་འབྲེལ་བ་ལས།། བར་མ་ཐོགས་པ་མེད་པའི་རྣམ་ཤེས་འཆར།། རྣམ་ཤེས་འགག་པ་མེད་པའི་སོ་མཚམས ་ཡིན།། དེས་ན་རང་བྱུང་ཆོས་གོས་གོན།། དྲུག་རྗེ་རང་བྱུང་དགེ་འདུན་ཁ་རྟགས།། ཐུགས་ལ་རྟོག་པ་མེད་པར་སྤྱོད་།། བྱིན་གྱིས་བརླབས་ཀྱིས་དགེ་སློང་ཡིན།། ངོ་བོ་ཉིད་ནི་གཞི་རུ་ཤེས།། དེ་ནས་མའི་རུམ་ནས་བྱུང་།། རྟོག་མེད་ཤེས་རབ་རང ་གསལ་བས།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན།། འདོད་པའི་འདོད་ཆགས་ཆེན་པོང་།། བབང་ཐུགས་རྗེ་འབྱུང་མི་སྲིང་།། ཕྱི་དང་ནང་དང་གསང་བ་ཡི།། འདོད་ཆགས་པས་བརྒྱན་པའོ།། ཅེས་གསུངས་སོ།། སེ་གས ་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། སྦྲུལ་སྐུ་འབྱུང་བའི་ལེའུ་སྟེ། དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ལས་དང་བག་ཆགས་སོ ་མཚམས་བསྟན་པ་ནི།། ལས་ནི་རྣམ་རྟོག་དག་དང་སྡུག་པའི་ལས།། ལུང་མ་བསྟན་གྱི་ལས་ཞེས་བྱ།། བཟང་རྟོག་ངན་རྟོག་ལས་སུ་ཕྱེ་ཡང་དོན་ལ་འབྱེད་མེད་པར།། འགྱུ་བའི་རླུང་གིས་བྱེ་བ་ལས།། དངོས་སུ་ལས་ཞེས ་གྲུབ་པ་མེད།། དཀར་ནག་ལས་དང་ལས་ཀྱི་འབྲལ་བུ་ནི།། གནས་སྐབས་འབྲས་བུ་ཙམ་དུ་ཡོ་ལ་སྣང་།། གཏན་དུ་མི་བདེན་བློ་ཡིས་བྱས་པ་ཡིན། བག་ཆགས་བློ་ཆོས་འགྱུར་བས་ན། རྟག་ཏུ་བདེན་པར ་ངས་མ་གསུངས་པ་ཡིན།། འོད་ལུས་ཡིད་ལུས་ཤ་ཁྲག་ལུས།། བསྡུས་པ་འཁྲུལ་པ་བག་ཆགས་ལུས་སུ་འདུས།། བག་ཆགས་ལུས་མི་རྫུན་ཏེ་དཀར་ནག་རྗེ།། གཞན་གྱི་མ་ཡིན་རང་གི་བག་ཆགས་འགྱུར།། ཆགས་པ་རང་བྱུང་ཡེ ་ཤེས་ཡིན་པར་མ་ཤེས་ན། རྟག་ཏུ་བཟང་རྟོག་སྤྱོད་པ་རྩོད་པའི་ནད། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། ལས་དང་བག་ཆགས་ཤན་འབྱེད་པའི་ལེའུ་སྟེ། བཅུ་པའོ།། ་དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ངས་བསྟན་ནོ།། སྣང་བ་རྣམ་གསུམ་དག་པ་ནི། ཐ་དག་མཐོང་བས་འཁྲུལ་པ་ཡིན།། མ་དག་པའི་སྣང་བ་ལ།། ཡོན་ཏན་ཕྱོགས་མེད་ངོ་སྡུད་དེ།། གོང་གི་ཤ་ཁྲག ་ལུས་པོ་ལས།། ཕུང་པོ་ལྔ་དང་དུག་ལྔ་དང་། འབྱུང་ལྔ་སྒོ་ལྔ་ལ་སོགས་པ།། ཕུང་པོ་ལྔ་པོ་བསྟན་པ་ནི།། གཟུགས་ལ་སོགས་པ་ལྔ་མེད་ན།། སངས་རྒྱས་ཆད་པའི་སྐྱོན་དུ་འགྱུར།། གཏི་མུག་མུན་ནག་མེད་པ་ན།། ཆོས ་སྐུས་ཁྱབ་པའི་དོན་མི་རྙེད།། ཞེ་སྡང་རི་བོ་མེད་པ་ན།། ཆོས་སྐུ་མཁྱེན་ཚད་དུ་ཡིས་རྟོགས།། འདོད་ཆགས་ཆུ་བོ་མེད་པ་ན། ཐུགས་རྗེ་འགག་མེད་རྒྱུན་ཆད་འགྱུར།། བརྒྱལ་བྲག་ཆེན་མེད་པ་ན།། སངས་རྒྱས་ཆེ་བ་སུ་ཡིས ་མཚོན།། ཕྲག་དོག་རླུང་ཆེན་མེད་པས་ན།། ཐུགས་རྗེ་མཁྱེན་པའི་ཡེ་ཤེས་དང་།། ཡེ་ཤེས་སྤྱན་གྱིས་དངོས་གྲུབ་དང་།། ལྷག་མཐོང་ཡེ་ཤེས་འཆར་ས་མེད། འབྱུང་བ་ལྔ་པོ་མ་གྲུབ་ན།། ཞིང་ཁམས་རང་སྣང་སུ་ལ་འཆར།། ་སྒོ་བ་རྣམ་ཤེས་མ་གྲུབ་ན།། ཡེ་ཤེས་ལུས་སུ་སུ་ཁས་ལེན།། དག་པའི་ཕུང་པོ་རྣམ་ལྔར་འདུས།། ཆགས་མེད་སྤྱན་ལྔ་རང་ལ་འཆར།། ཡེ་ཤེས་ལྔ་པོས་ཡེ་ནས་ཁྱབ།། ཁྱབ་བརྡལ་ཆེན་པོ་རང་སྣང་ལ།། མ་ངག་འཁྲུལ ་བར་འཛིན་པ་འཁྲུལ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། མ་དག་པ་འཁྲུལ་པ་ཆེ་བའི་དོན་མཚོན་པའི་ལེའུ་སྟེ། བཅུ་གཅིག་པའོ།། ་དེ་ནས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དངོས་པོ་དག་དང་རང་གྲོལ་དང་།། དེ་ཉིད་རང་རྒྱུད་པ་དང་གསུམ།། རང་རྒྱུད་དུག་ལྔ་མཚན་མར་འཛིན།། དངོས་པོ་ཀུན་ལ་དགའ་བ་ནི།། ། ཕུང་པོ་ལྔ ་ལ་སྐུ་ལྔ་དང་།། དུག་ལྔ་ཡེ་ཤེས་ལྔ་དང་ལྡན།། འབྱུང་ལྔ་ཁ་དོག་འོད་ལྔ་དང་། སྒོ་ལྔ་སྤྱན་སྔར་འདོད་པ་ནི།། དོན་དམ་ཀུན་རྫོབ་སྒོ་ནས་སུ།། སེམས་དཔའ་སེམས་མ་ལ་སོགས་པ། རྡོ་རྗེ་ཕུང་པོ་སྐུ་རུ་སྣང་།། སྣང་སྲིང ་སངས་སྤྱོད་རྫོགས་པའི་སྐུ།། འབྱུང་བ་ཡུལ་གྱིས་གྲོང་དུ་རྒྱས།། ཕུང་པོ་རྣམ་ལྔ་སྐུ་སྔར་རྒྱས།། དུག་ལྔ་ཡེ་ཤེས་ལྔ་རུ་རྒྱས།། རྣམ་ཤེས་ལྔ་པོ་སྤྱན་སྔར་རྒྱས།། མཚན་མའི་དངོས་སུ་སངས་པ་དང་།། ཡོན་ཏམ་མཚན ་དང་དཔེ་བྱས་བརྒྱན།། གྲགས་ཆེན་སངས་རྒྱས་ཡིན་པར་བཤད།། ཤེས་རབ་དག་པའི་སངས་རྒྱས་མིན། ཤེས་རབ་གོལ་བ་སངས་རྒྱས་མེན།། ཕྱོགས་མ་རྟོགས་པ་དངོས་པོའི་མཐའ་ཅེས་གསུངས་སོ།། ཡེ་ཤེས་འཁོར།། ་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དག་པ་འཇིག་རྟེན་པའི་ངོ་སྤྲད་པའི་ལེའུ་སྟེ། བཅུ་གཉིས་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དག་པ་འཇིག་རྟེན་དག ་དང་ནི།། མ་དག་འཁྲུལ་པ་གཉིས་ཀྱིས་སུ།། ཡང་དག་ཡེ་ཤེས་སྣང་བ་ནི།། སུན་མཐའ་མེད་པར་མཁལ་སྐར་བསལ།། ཕྱོགས་རིས་མེད་པས་རྒྱ་མཆད་།། ཐིག་ལེ་ཡིན་པས་ཁྱབ་ཅིང་བརྡལ།། རང་སར་གྲོལ་བས་ལྷག་མ་མེད།། ་ཚོགས་ཐིག་ལེའི་རང་སྐོ་ལ།། ཕྱོགས་མེད་ནོར་བུ་རིན་ཆེན་འདྲ།། སྟོན་ཕྱོགས་མེད་རྒྱ་མ་ཆད།། ཉི་མའི་སྙིང་པོ་བཞིན་དུ་སྣང་།། སྟོང་པ་གསལ་དང་མི་འགག་པ།། ཕྱོགས་རིས་མེད་པར་བརྒྱ་མ་ཆང་།། དེ་དང་འདྲ་བའི་ཐིག་ལེ་ཡིན།། ་གསལ་བ་རང་ཤར་ཆད་པའི་མིང་མ་གྲུབ།། སྟོང་པར་གནས་པས་རྟག་པའི་གཞི་མ་གྲུབ།། འགག་པ་མེད་པས་ཕྱོགས་མེད་སྡང་།། དབྱེར་མེད་གཞིའི་རང་སྣང་ལྔ།། ཐ་དད་འདོད་པ་དོན་མི་མཐོང་།། ཅེས་གསུངས་སོ།། ཡེ་ཤེས་ཉི་མ ་རང་ཤར་བས།། གྲིབ་པའི་མཚན་མ་རང་སར་གྲོལ།། ཡེ་ཤེས་ཁྱབ་བརྡལ་ཐིག་ལེར་གྲོལ།། སྣ་ཚོགས་ཐིག་ལེ་རང་སར་གྲོལ།། ངོ་བོ་ཉིད་ཀྱི་ཐིག་ལེར་འབར།། ཁྱབ་བརྡལ་ཡེ་ཤེས་ཕྱོགས་རིས་མེད།། ཁྱབ་བརྡལ་ཡེ ་ཤེས་ཐིག་ལེ་ཡིན།། སངས་རྒྱས་ཡུལ་མེད་ང་ཡིན་པས། ངས་ཐིག་ལེ་ཉག་ཅིག་དགོད་པ་ཡིན།། རིག་པ་ཕྱི་ནང་མེད་པ་ཡིས།། ཡུལ་མེད་ཟང་ཐལ་ཡིན་པ་ལ།། ཕྱོགས་སུ་འཛིན་པ་སྙིང་རྗེའི་ཡུལ།། སྙིང་རྗེ་ཆེན་པོ་ཐབས་ཀྱི ་མཆོག། ཐིག་ལེ་ཀུན་ཁྱབ་ཀུན་འགྲོ་ཡིན།། ཐིག་ལེ་རང་གྲོལ་ཆེན་པོ་དང་།། ཐིག་ལེ་ཁ་སྦྱོར་ཆེན་པོ་གཉིས།། དབྱེར་མེད་རང་གྲོལ་ཤར་ཙམ་ན།། འབྲས་བུའི་ཞེན་པ་རང་སར་གྲོལ།། ཞེ་འདོད་མ་ཡིན་ཡེ་གཞི་གསལ།། རང་གྲོལ ་ཡེ་ཤེས་ཐིག་ལེར་འབར།། འབར་བ་ཆེན་པོ་སྣང་སྲིང་ཐིག་ལེར་འབར།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། ཡང་དག་པ་ཡེ་ཤེས་ཀྱིས་ཐིག་ལེ་རང་སྣང་རང་གྲོལ་གྱི་ལེའུ་སྟེ། ་བཅུ་གསུམ་པོའོ།། ། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། སྣང་བ་རྣམ་པ་གསུམ་པོ་སྟེ།། འབྲེལ་དང་མ་འབྲེལ་ངས་བསྟན་གྱིས ་རྒྱུད་དྲུག་ཁམས་གསུམ་སེམས་ཅན་ལ།། དུག་ལྔ་ཕུང་པོ་ལྔ་ལ་སོགས།། རང་རྒྱུད་བཟུང་བས་སེམས་ཅན་ལ།། ངོ་བོ་གཞིའི་ཡིན་ལུགས་ཀྱིས།། ཁྱབ་ཅིང་འབྲེལ་བར་ཡེ་ནས་སྣང་།། རྟོག་པ་རང་གྲོལ་རང ་ཤར་ལ།། དབྱེར་མེད་ཐིག་ལེ་རང་ཤར་འབར།། མ་རྟོགས་ལས་དང་བག་ཆགས་ཀྱང་།། ཡིན་ལུགས་རྩ་ལ་ལས་གཡོས་པ་མེད།། དེས་ན་རྩལ་དང་རོལ་པ་དང་།། བརྒྱན་གྱི་ཁམས་གསུམ་དག་ཏུ་འཁྲུལ།། ཡེ་ཤེས ་ངོ་སྤོང་ཆེན་པོ་འདིས།། གཟུང་འཛིན་ཡུལ་ལས་གྲོལ་བར་བྱེད།། གཏི་མུག་རང་གྲོལ་ཆོས་ཀྱི་སྐུ།། དབྱེར་མེད་ཐིག་ལེ་ཁྱབ་བརྡལ་ལོ།། ཆགས་པ་རང་གྲོལ་སྦྲུལ་སྐུའི་དོན།། སྣ་ཚོགས་རང་གྲོལ་ཐུག་རྗེས ་ཀྱབ།། ཁྱབ་བརྡལ་ཐིག་ལེ་དྲི་བཞོལ་མེད།། ཞེ་སྡང་མཚན་མ་ལོངས་སྐུ་ཡིན།། བརྒྱན་དང་སྣང་བ་ཐིག་ལེར་གསལ།། རང་སྣང་ཟང་ཐལ་ཡུལ་མེད་པས།། ཆོས་སྐུ་གཟིགས་སྣང་མཐའ་ལས་གྲོལ།། འབྱུང་ལྔ་འོད་ལྔ་རང་སར་གྲོལ། ་སངས་རྒྱས་ཡུལ་མེད་ཟང་ཐལ་ལ།། ཞིང་ཁམས་ཡུལ་དུ་འཛིན་པ་འཁྲུལ།། ལོངས་སྐུ་ཞིང་ཁམས་རང་སར་གྲོལ།། གྲོལ་བ་དབྱེར་མེད་རང་སྣང་ཐིག་ལེར་འབར།། འབར་བའི་རྒྱལ་པོ་འདི་ལ་དབྱེ་བ་ཡེ་ནས་མེད།། ཅེས་གསུངསོ།། ་ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། དབྱེར་མེད་ཐིག་ལེ་རང་སྣང་རང་གྲོལ་གྱིས་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་གསང་བའི་བདག་པོ་ཆེན་པོ་དེས།། བཅོམ་ལྡན ་འདས་ལ་ཞུས་པ། རྗེ་བཅོམ་ལྡན་འདས། ལྟ་བ་ཏིང་འཛིན་སྤྱོད་པ་དང་། དེའི་འབྲས་བུ་ཇི་ལྟར་ཐོབ།། གོལ་གཞིའི་གོལ་ས་ཤན་འབྱེད་དང་། ལོ་རྫ་ངོ་སྤོང་ཇི་ལྟར་གྱིས།། ཆུ་བོ་གཞི་ལ་ངོ་སྡོང་དང་།། ལམ་གྱི་གདམས་ངག་ཡེ་ཤེས ་པོ་བཟུང་དང་། རིག་པའི་མཆོག་འདི་གང་གིས་སྒྲུབ།། དེ་ལུང་ངེས་པ་གང་གིས་བཟུང་།། གག་ཐར་ཀློང་དུ་གང་གིས་སླེབས།། ཅེས་ཞུས་པས། ཀུན་ཏུ་བཟབ་པོས་བཀའ་སྩལ་ལ།། ལྟ་བ་ལྷུན་གྲུབ་ཕྱོགས་མེད་ལ། ་ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། དོན་དམ་ཀུན་རྫོབ་གཉིས་ནི་མུ།། རང་བཞིན་སྟོང་པ་གཅིག་གིས་ངོ་།། གཉིས་མེད་རང་གྲོལ་གཅིག་གིས་མཐའ། ཀུན་རྫོབ་དོན་དམ་དབྱེར་མེད་ལ།། གསུམ་གྱི་མཐའ་རུ་བརྗོད་པ་ཡིན།། ་ཕྱོགས་སུ་མ་སྦྱང་རྒྱ་མ་ཆད།། མཚན་མ་རང་སར་གྲོལ་བ་ཡིས།། ཤེས་བྱ་བ་ཤིས་ཀྱི་འདུག་ཚུལ་དེ།། ཆོས་ལས་འདས་པའི་ཟང་ཐལ་དང་།། རང་སྣང་དག་པའི་ཡེ་ཤེས་ཏེ། རྒྱ་མ་ཆད་པའི་ཡེ་ཤེས་ཡིན།། ཕྱོགས་ལྷུང ་མེད་པའི་ཐིག་ལེ་ལ།། སྤུན་གྲུབ་གཞིའི་གནས་ལུགས་ནི།། ཕྱོགས་མེད་རང་སར་གྲོལ་བ་སྟེ།། རྒྱམ་ཆད་ཀྱི་ཆོས་སྐུ་ཡིན།། ཡེ་ཤེས་ཟང་ཐལ་ཕྱོགས་མེད་གསུམ།། ཁྱབ་པའི་ཡེ་ཤེས་མི་འགག་པར། ་ཐོག་པ་མེད་པར་མཁའ་ལྟར་གསལ།། ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད།། དབྱེར་མེད་ཐིག་ལེའུབ་ཆུབ་སྟེ། སྐུ་དང་ཡེ་ཤེས་དབྱེར་མེད་པས།། ཡེ་ཤེས་ཉི་ལྟར་གསལ་བའོ།། ཆོས་སྐུ་མཁའ་ལྟར་ཁྱབ་ཅིང་བརྡལ། ་དཔེ་ཟླ་མེད་པའི་ཉག་གཅིག་པའོ།། ཡེ་ཤེས་ཆོས་སྐུའི་ངོ་སྤྲོད་ཡིན།། སྤྱི་དང་བྱེ་བྲག་ཁྱད་པར་ཆེ།། འདུག་ཚུལ་སྣང་ཚུལ་དབྱེར་མེད་པས།། མཚན་མ་རང་གྲོལ་ངོ་སྤྲོང་ཡིན།། ཐིག་ལེ་དེ་སྤྲོད་རང་གསལ་བས། ་བློ་ཡིས་ཞེན་པའི་ཡུལ་ལས་གྲོལ། སྣང་ཞེན་གྲོལ་བས་མངོན་ཞེན་གྲོལ།། སྐྱེ་རྒྱུད་ཆད་པས་འཆི་རྒྱུན་ཆོད།། འཁྲུལ་པ་བཟློག་ན་གཞི་ནས་བཟློག། མ་རིག་པས་ནི་འཁོར་བར་འཁྱམས།། མ་རིག་བཟློག ་ན་གཞི་ནས་བཟློག། གཞི་ནི་ལྷུན་གྲུབ་ཕྱོགས་མེད་ཡིན།། ཕྱོགས་མེད་གྲོལ་བས་ཐམས་ཅད་མཁྱེན།། ཕྱོགས་མེད་ཤར་ན་ཟང་ཐལ་ཡིན།། ཕྱོགས་མེད་གྲོལ་ན་ཆོས་མེད་སྐུ།། མཚན་མ་རང་སར་གྲོལ ་གྱི་དེ་ལ་བྱ།། ཅེས་གསུངས་སོ།། ལྟ་བ་རང་གི་མཚན་ཉིད་དབྱར་མེད་དུ་བསྟན་པ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། མཚན་མ་རང་གྲོལ་གྱི་ལེའུ་སྟེ། བཅཝོ་ལྔ་པའོ།། ་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། ཏིང་འཛིན་ཏིང་འཛིན་ཞེས་བྱ་བ།། སྤྱི་དང་བྱེ་བྲག་ཤེས་པ་ཅེས།། སྤྱི་ནི་ཐབས་ཀྱི་བྱེ་བྲག་གོ།། རང་གི་མཚན་ཉིད་འདི་ལྟ་སྟེ། ཏིང་འཛིན་རྩེ་གཅིག་དགོངས་པ་ནི།། དཔེར་ན ་བྱ་རྒྱལ་ཁྱུང་ཆེན་ལྟར།། རྩོལ་བ་མེད་པས་ཕྱོགས་མེད་སླེབས།། འབད་པ་མེད་པར་དགུང་མཐའ་ཡན།། འོག་མའི་གཡང་ལ་ཉམ་མི་ང་།། ཡེ་ཤེས་གཏིང་རྫོགས་ཟང་ཐལ་ཏེ།། ཁྱུང་ཆེན་བཤོག་རྫོགས་ཏིང་འཛིན་གྱིས།། ་ཆོས་མེན་ཡང་པའི་ཀློང་དུ་སླེབས།། རྣམ་རྟོགས་མ་སྦྱངས་རང་སར་གྲོལ།། འཁོར་བའི་སྣང་བ་རང་སར་གྲོལ།། ཡེ་ནས་ཕྱི་དང་ནད་མེད་པའི།། ཐིག་ལེ་ཡང་པའི་ཀློང་ཆེན་དེ།། རྟག་པར་རྒྱུན་གྱི་ཐུགས་རྗེ་ཡིན།། བྲི་བཀོལ ་མེད་པའི་ཏིང་འཛིན་ཤར།། རྟག་ཏུ་ཡེ་ཤེས་གཏིང་ནས་རྫོགས།། རང་རིག་ཐུགས་ཀྱི་ཉི་མ་བརྡལ།། བསམ་གཏན་ཉིད་ཀྱང་ཡེ་ཤེས་ཟང་ཀ་མ།། བར་ངོ་མེད་པའི་ཚིག་ཆོད་གསལ།། ཕྱི་ནང་དུས་གསུམ་མཉམ ་བར་གནས།། ཉག་གཅིག་རྟོག་གེའི་ཉམས་ལས་འདས།། ཐམས་ཅད་ངོ་བོ་ཉིད་དུ་བརྡལ།། བར་མཚམ་མེད་པས་ཉག་ཅིག་གོ།། བསམ་གཏན་ཆེམ་པོའི་ཏིང་འཇིམ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། རྩེ་གཅིག་བྱིང་རྒོད་རང་གྲོལ་སྒོམ་ཆགས་ནད་དང་བྲལ་བའི་ལེའུ་སྟེ་སྐབས་བཅུ་དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ་སེམས་དཔའ་ཆེན་པོ་ཉོན་ཅིག། སྤྱོད་པ་སྤྱོད་པ་ཞེས་བྱ་བ།། ལྷག་མཐོང་རིག་པའི་ཡེ་ཤེས་ཏེ། གཏན་ལ་འབེབས་པའི་ཐབས་ཆེན་གྱིས། སྣང་བ་མ་འགག་ཤེས་རབ་ཆེ།། འགྱུ་བ་མ་འགགས་ཤེས་རབ་ཆེ།། བྱེད ་སྤྱོད་ཚོགས་གཉིས་དུས་གཅིག་རྫོགས།། འདུ་འབྲལ་མེད་པར་ཚོགས་ཆེན་པོ།། བསགས་པ་མ་ཡིན་རང་ལ་རྫོགས།། ཐབས་དང་ཤེས་རབ་ཁྱེར་ཀ་ཡིན།། བཟུང་འཛིན་རིག་པའི་ཡུལ་ལས་གྲོལ།། འཛིན ་བ་གྲོལ་བ་རྒྱུའི་ཚོགས།། སྣང་བ་གྲོལ་བ་བསོང་ནམས་ཚོགས།། དབྱེར་མེད་གྲོལ་བ་འབྲས་བུའི་ཚོགས།། ཆོས་ལས་མ་བྱུང་ཡེ་ཤེས་ཚོགས།། འདུ་འབྲལ་མེད་པའི་ཟང་འཐལ་ཏེ།། སྐད་ཅིག་གཅིག་ལ་རྫོགས ་པས་ན།། ཚོགས་གཉིས་དུས་གཅིག་རྫོགས་པ་ཡིན།། དེ་དོན་ཁྱེར་ཀ་སུས་པ།། སྐུ་ལྔ་འདུ་འབྲལ་མེད་པར་གསལ།། དེ་ལྔ་ལམ་དུ་བསྤོང་བ་ནི།། ལམ་ལྔ་སྐད་ཅིག་མ་ལ་རྫོགས།། དེ་ན་དོན་ལ་ག ་གནས་པ། ས་རྣམས་མ་བགྲོད་རང་སར་ཕྱིན།། འདུ་འབྲལ་མེད་པའི་ཡེ་ཤེས་ཏེ།། འོད་གསལ་ཆེན་པོའི་དགོངས་པ་འདིས།། ཐམས་ཅད་རང་སར་གྲོལ་བས་ན།། དུམ་པའི་འཁྲུལ་པ་རང་སར་གྲོལ་ན། ་དུག་གསུམ་མ་རིག་རང་གྲོལ་བས།། རྒྱུན་གྱི་འཁྲུལ་པ་རང་སར་གྲོལ།། རྒྱུན་དང་དུམ་བུའི་འཁྲུལ་པ་གཉིས།། གཉིས་འཛིན་མཚན་མ་རང་གྲོལ་བས།། ཡེ་ཤེས་ཟང་ཐལ་འབའ་ཞིག་སྐུ།། རྩོལ་གྲུབ་མེད་པས་རང་གྲོལ་ཡིན།། ཅེས ་གསུང་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། སྤྱོད་པའི་གདམས་པ་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། སེམས ་དཔའ་ཆེན་པོ་ཉོན་ཅིག། འབྲས་བུའི་དགོངས་གཞི་དགོས་པའི་དོན།། སྤྱི་དང་བྲེ་བྲག་དབྱེ་བ་གཅེས།། མུ་སྟེགས་སྒེག་པ་དགྲ། སྐུ་གསུམ་རབ་སྣང་འབྲས་བུའོ།། སྐུ་གསུམ་འབྲས་བུ་བསྟན་པ་ཡང་།། སྤྱི་དང་བྱེ་ཟག ་དབྱེ་བ་གཅེས།། འདི་ནི་མཆོག་གིས་སྐུ་གསུམ་ཡིན།། ཐུན་མོངས་འབྲས་བུ་བསམ་མི་ཁྱབ།། རང་གི་མཚན་ཉིད་འདི་ལྟ་སྟེ།། ཐམས་ཅད་ཐིག་ལེ་རང་གྲོལ་བ།། འབྲས་བུའི་ས་དང་ཐོབ་བྱའི་དོན།། ངས་ནི་དེ་ལྟར ་མ་ཤེས་སོ།། ཐམས་ཅད་ཡེ་ཤེས་ཟང་ཐལ་ལ།། ཡུལ་མེད་པ་ལ་གནས་པ་མེད།། ཕྱི་ནང་མེད་པས། མེད།། བར་མཚམས་མེད་པས་ཐོབ་ཡུལ་མེད།། གཉིས་མེད་དབྱེར་མེད་ཐིག་ལེ་ལ།། འབྲས་བུ ་ཐོབ་པའི་ཡུལ་མེད་པས།། དུས་ལ་ལྟོས་པའི་ཆོས་མིན་པས།། དུས་གསུམ་ཡེ་ཤེས་ཕྱི་ནང་མེད།། དཔེར་ན་ནོར་བུ་རིན་ཆེན་ཏེ། ཡོན་ཏན་འཕྲལ་ལ་གྲུབ་པ་མེན།། ཡེ་ནཱ་གཞི་ལ་རྫོགས་པས་ན། ནོང་བུ་རྣམས ་ཀྱི་མཆོག་ཏུ་བཤད།། དོན་ནི་ཐིག་ལེ་ཉག་གཅིག་སྟེ།། ཡེ་ནས་འདུ་འབྲལ་མེད་པ་ན།། འབྲས་བུ་ཐོབ་སངས་མ་བཤད།། འདུས་བྱས་འབྲུས་ངས་མ་ཤད།། ཐིག་ལེ་ལྟོས་ཆོས་མ་ཡིན་པས།། སྣང་སྲིད་ཐམས་ཅད་ང་ཡིས ་ཡུལ།། ང་ཉིད་ཐིག་ལེ་ཡེ་བརྡལ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། འབྲས་བུ་རང་ཆས་འབྲལ་མེད་པའི་ལེའུ་སྟེ། བཅཝོ་བརྒྱད་པའོ།། ་དེ་ནས་ཡང་བཀའ་སྩལ་པ། སེམས་དཔལ་རྡོ་རྗེ་ཁྱོད་ཉོན་ཅིག། གོལ་གཞི་གོལས་བསྟན་པ་ནི། གཞི་ཉིད་རང་བཞིན་ཟང་ཐལ་ཏེ།། ངོ་མ་ཤེས་པས་བསྒྲིབ་པ་ཡིན།། སྟོང་པར་བསྒོམས་པས་གོལ་བ་ཡིན།། གཞི ་ཉིད་རང་གསལ་ཆེན་པོ་སྟེ།། ངོ་མ་ཤེས་པས་བསྒྲིབ་པ་ཡིན།། རང་གསལ་སྒོམ་པ་གོལ་ས་ཡིན།། གཞི་ཉིད་ཐུགས་རྗེ་ཆེན་པོ།། ངོ་མ་ཤེས་པས་སྒྲིབ་པ་ཡིན།། བདེ་གསལ་སྒོམ་པ་གོལ་ས་ཡིན།། གཞི་ཉིད ་ཐོག་པ་མེད་པ།། ངོ་མ་ཤེས་པས་སྒྲིབ་པ་ཡིན།། གཟུགས་ཅན་གཟུགས་ནི་ཉམས་སུ་ལེན།། དེ་ནི་གོལ་ས་རབ་ཏུ་ཆེ།། གོལ་སྒྲིབ་འབྲས་བུ་བསྟན་པ་ནི།། ཡིད་ལུས་འོད་ལུས་གཉིས་སུ་སྐྱེ།། དེ་ན་འབྲས ་བུའི་ལ་ཤན་དང་།། ཉམས་ཀྱི་ལ་ཤན་རབ་ཏུ་གཅེས།། ལ་ཟླའི་མཚན་ཉིད་བསྟན་པ་ནི།། ཐིག་ལེ་བློ་ལས་འདས་པ་ལ་ཡི།། མཚན་མ་རང་གྲོལ་ཕྱོགས་མེད་ལ།། ཕྱོགས་སུ་འཛིན་པ ་གོལ་ས་ཡིན།། དེ་ཉིད་མ་ཤེས་སྒྲིབ་པ་ཡིན།། ཡེ་ནས་ཟང་ཐལ་གཞི་མ་དེ།། རང་གྲོལ་མུན་མཐའ་ལས་འདས་པ།། དེ་ནི་ཡེ་ཤེས་ཕྱོགས་མེད་ཡིན།། སོལ་དང་སྒྲུབ་པ་རང་སར་གྲོལ།། དེ་ཉིད་སླར་ལ་གྲོགས་སུ་ཤར།། ཕྱི་ནང་མེད་པས ་མན་ཤེལ་འདྲ།། དཔེ་ཟླ་མེད་པས་ནོར་བུ་འདྲ།། ཕྱོགས་ལྷུང་མེད་པས་ན་མཁའ་འདྲ།། རྒྱ་མ་ཆད་པས་ཉི་མ་འདྲ།། ཉི་མཚན་མེད་པས་ལྕེ་སྦྱངས་འདྲ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི ་རྒྱུད་ལས།། གོལ་གཞི་གོལ་ས་ཤན་དབྱེ་ལ་ཟླ་བའི་ལེའུ་སྟེ། བཅུ་དགུ་པའོ།། །། དེ་ནས་ཡང་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག། དབང་གི་ཆུ་བོ་བཞི ་བོ་བསྟནཿ།། ག་ག་པགས་ཤུ་སི་ཏ་དང་། ནེ་རན་ཛར་ལྟ་བུ་ཡིས།། དཔེ་ཡི་དོན་ནི་རྔ་ལོག་ནས།། ཆུ་བོ་ཡེ་ཤེས་རྔ་ལོག་ནས།། ཆུ་བོ་ཡེ་ཤེས་ཟང་ཐལ་ལ་འགག་པ་མེད་པའི་ཐིག་ལེའི་རྩལ།། དབང་གི་ཆུ་བོ་རྔ་ལོག་ཡིན། ་ཡེ་ཤེས་ཆུ་བོ་ཆུན་ལྟར་འཆར།། བར་ཆད་མེད་པའི་དབང་སྐུར་ཡིན།། རིག་པ་རྩལ་གྱི་དབང་ཐོབ་པས།། རལ་གྲི་ཁ་མངས་ལྟ་བུའི་དཔེ། སྦྲུལ་སྤུ་ཐུགས་ཕྲད་དབང་ཡང་ཐོབ།། ཡེ་ཤེས་རྩལ་གྱི་དབང་བསྐུར་བས ་མཚན་མ་རང་སར་གྲོལ་བའི་ཕྱིར།། ཁྱུང་ཆེན་སྒོང་རྒྱ་ཐོགས་པ་འདྲ།། བརྩོལ་བ་མེད་པར་མཁའ་ལ་ལྡིང་།། རྒྱལ་ཐབས་སྤྱི་བླུག་དབང་སྐུར་བས།། མཚན་མ་རིག་པའི་ཡེ་ཤེས་ལ།། རྒྱས་འདེབས་ཕྱི་ནང་མེད་པའི་དབང ་ཐོབ་པས།། ཕྱི་ནང་དབང་བསྐུར་ཐམས་ཅད་འདུས།། ཡེ་ཤེས་ཐོག་བབས་དབང་སྐུར་བས།། རྣམ་རྟོག་སྐྱེས་པའི་དུས་ཉིད་ན། ཡེ་ཤེས་ཟང་ཐལ་ཕྱོགས་མེད་ཤར།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དབང་ཐམས་ཅད་ཡེ་ནས་གཞི་གྲུབ་པའི་ལེའུ་སྟེ། ཉི་ཤུ་པའོ།། ། དེ་ནས་ཡང་གསངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག ་ལམ་གྱི་གདམས་ངག་ཡེ་ཤེས་ངོ་བཟུང་བསྟན་པ་ནི།། འཁོར་བའི་རྩ་བ་མ་རིག་པ།། ཆགས་སྡང་ལྔ་ཡི་ལོ་མ་ཅན།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན།། ཐིག་ལེ་རྩ་བ་རང་སྒོ་རིག་པའི་མཆོག། ཡེ་ཤེས་ལྔའི ་ལོ་འདབ་རྒྱས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་སྟོང་སྤྲིན།། དེ་ཉིད་བར་ན་འབྲེལ་པ་ཟ་མ་ཆད།། བློ་དངོས་གཉིས་ཀྱི་བར་ན་གཅོད་བྱེད་གནས།། ཉམས་ཀྱི་རྒྱལ་པོའི་ཚོགས་དྲུག་ལྷུབ་པ་ཡིན།། ཡེ་ཤེས་རྒྱལ་པོ་ཟང ་ཐལ་ཡིན།། ཐེག་པའི་རྒྱལ་པོ་ཐིག་ལེ་ཡཾ་བརྡལ་ཡིན།། ལམ་གྱི་རྒྱལ་པོ་འགྱུ་བ་ལམ་ཁྱེར་ཡིན།། སྔགས་ཀྱི་རྒྱལ་པོ་ཐིག་ལེ། ཡིན།། རྩའི་རྒྱལ་པོ་ཤེལ་གྱི་སྐྲག་གུ་ཡིན། སྟེགས་ཀྱི་རྒྱལ་པོ་སྐུ་གསུམ་ཐུག ་ཕྲང་ཡིན། ཡིད་ཆེས་རྒྱལ་པོ་འགྱུ་བ་དངས་སངས་ཡིན།། འབྲས་བུའི་ཐིག་ལེ་ཆོས་མིན་ཡིན།། སངས་རྒྱས་རྒྱལ་པོ་སྐུ་གསུམ་རང་གྲོལ་ཡིན།། ཐུགས་རྗེ་རྒྱལ་པོ་སྐུ་གསུམ་རང་སྣང་ཡིན།། བྱིན ་བརླབས་རྒྱལ་པོ་ཕྱོགས་མེད་རང་ཤར་ཡིན།། གནད་ཀྱི་གདམས་པ་ཐིག་ལེ་གདུང་བ་ཡིན།། སྤྱན་གྱི་དམ་པ་བླ་མེད་འགྱུ་བའི་ཅན།། འགྱུ་བའི་སྤྱན་ལ་ངོ་སྤྲད་ན།། ལོང་སྐུའི་ནང་པ་དངོས་སུ་ཝ་ལེ་གསལ།། ཐིག་ལེ་ཉག ་ཅིག་རྒྱས་གདབས་གཅེས།། བར་མཚམས་མེད་ན་ཟང་ཐལ་ཡིན།། ཁྱེར་ཁ་སྟོན་ན་འགྱུ་བའི་ངོ་སྤྲོད་གཅེས།། གཅོད་པའི་ཡིད་དང་ཤེས་རབ་ཆེན་པོ་གཉིས།། བར་ན་ཁྱེར་ཁ་གཅིག་ལས་མེད།། མེད་པར ་ཤེས་ན་སངས་རྒྱས་ངོ་སྤྲོད་ཡིན།། བར་དོ་བྱ་བ་བློ་ཡིས་བླངས་པ་ཡིན།། བློ་ལས་གྲོལ་ན་བར་དེའི་མིང་ཡང་མེད།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས ་ལམ་ཨ་དཔའབྲས་བུ་ཐུགས་རྗེས་མཚོན་པའི་ལེའུ་སྟེ། སྡེ་གཅིག་པའོ།། ་དེ་ནས་ཡང་བཀའ་སྩལ་པ་སེམས་དཔའ་ཆེན་པོ་ཉོན་ཅིག། འགྱུལ་ཁོང་ནས་གྲོལ་ཙམ་ན། འགྱུ་བ་ཐུན་གྱི་སོང་བའི་དུས།། དེ་དུས་སྤྲུལ་སྐུའི་རིག་པ་ཡིན། ་འགྱུ་བ་འོད་གསལ་ཤར་བ་སྟེ།། ལོངས་སྤྱོད་རྫོགས་སྐུའི་རིག་པ་ཡིན།། འོད་ལས་འདས་པའི་ཟང་ཐལ་སྟེ།། ཆོས་ཀྱི་སྐུའི་རིག་པ་ཡིན།། ཐམས་ཅད་གཏན་ལ་འབེབས་པས་ན།། རིག་པའི ་མཆོག་ཏུ་དེ་བཤད་དོ།། དེ་དོན་ཐུགས་ལ་གང་གནས་པ།། ལུང་གིས་རྒྱལ་པོ་དེ་བཤད་དོ།། གླགས་ཀྱི་གདམས་ངག་བསྟན་པ་ནི།། ཡིན་ལུགས་མ་རྟོགས་སེམས་འཛིན་གེགས།། ་ཁྱེར་ཀ་མ་ཤེས་གོམ་པའི་གེགས།། ཟང་ཐར་མ་ཤར་ལྟ་བའི་གེགས།། ཆོས་མེན་མ་ཤར་འབྲས་བུའི་གེགས།། རང་བཞིན་གཅིག་ཏུ་གྲོལ་གྱུར་ན།། གགས་ཐར་ཡེ་ཤེས་ཀློང་དུ་གྲོལ ་ཐམས་ཅད་རང་སར་གྲོལ་ཙམ་ན།། ཐིག་ལེ་ཕྱི་ནང་མེད་པ་ཡིན།། ཐམས་ཅད་ལམ་དུ་ཀློང་ཙམ་ན།། ཡེ་ཤེས་ཁོང་ནས་ཤར་བ་ཡིན།། མཚན་མ་རང་གྲོལ་སྤྱོད་པ་མ་ཡིན་ཁྱེར་ཀ་ཡིན།། ་ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། རིག་པ་དང་ལུང་གགས་མཚོན་པའི་ལེའུ་སྟེ། ཉེ་གཉིས་པའོ།། ་དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། ངས་བཤད་པའི་རྒྱུད་ཆེན་འདི། ཡེ་ཤེས་གཏིང་རྫོགས་དག་གི་རྒྱུད། ཐམས་ཅད་རང་གྲོལ ་ཀྴརྩཝ་[।]་ན་སུན་ས་སྨྲ་། ་མཚན་མཚོན་ནས་བསྟན་པའི་ལེའུ་སྟེ། ཐེར་གསུམ་པར། ་