| Wylie | e-texts produced with BDRC’s OCR application |
སྐུ་གསུང་ལེཤེས་ཀྱི་རྒྱུད་བཞུགས་སོ།། ་རྒྱ་གར་སྐད་དུ། ཏྲི་ཀ་ཡཱ་པཉྩ་ཛྙཱན་ཏནྟྲ། མན་ཛུ་ཤྲི་ཛྙཱ་ན་ཨཱ་ལཾ་ས་མ་ཏི་ན་མ། བོད་སྐད་དུ། སྐུ་གསུམ་ཡེ་ཤེས་ཀྱི་རྒྱུད་འཇམ་དཔལ་ཡེ་ཤེས་རྒྱུན་གྱི་དགོངས་པ ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ལྷུན་གྱི་གྲུབ་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ། ལྕང ་ལོ་ཅན་གྱི་གནས་རི་བོ་ཆེན་པོ་ན་རྡོ་རྗེ་རྣལ་འབྱོར་མ་ལྔ་དང་ཐབས་གཅིག་ཏུ་བཞུག་སོ།། དེའི་ཚེ་སེམས་དཔའ་ཆེན་པོ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྵིཾ་ཀྵུཾ། བཅོམ་ལྡན་འདས ་ཐུགས་རྗེ་དང་ཐབས་སུ་ལྡན་པ། བདག་བཅག་རྡོ་རྗེ་མཁའ་འགྲོ་མ་དང་བཅས་པ་ལ། སྐུ་གསུམ་ཡེ་ཤེས་ལྔའི་དོན་བཤངད་དུ་གསོལ། ཞེས་ཞུསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩ ་པ་གསང་བའི་བདག་པོ་ཉོན་གཅིག། སྐུ་གསུམ་ཡེ་ཤེས་ལྔའི་དགོངས་པ་དོན་ཕྱིན་ཅི་མ་ལོག་པ་འདི། མཁའགྲོ་མ་ལྔ་ལ་བཤད་པར་བྱའོ།། སྐུ་གསུམ་ཡིས་ལྔའི་རྒྱུད་འཇམ་དཔལ་ཡེ ་བརྒྱན་གྱིས་དགོངས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་གསང་བའི་པོས་འདི་སྐད་ཅེས་གསོལ་ཏོ།། ཀྵེ་ཐུགས་རྗེ་ཆེན་པོ་ཆོས་སྐུ་རིན་པོ་ཆེ་ལྟ་བུ་བཤད་དུ་གསོལ་ཞེས་ཞུས།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་ཀྱི་བུ་གོ་བར་དཀའ་བའི་ཚིག་འདི་ཡིད་ལ་བཟུང་ཤིག། དྷརྨ་ཀ་ཡ་རཏྟ་མ་ལ་ཨ། སྣང་བ་ཆེན་པོ་གསལ་བ་ཆེ། དག་པའི་ན་མཁའ་མཐའ་དང་བྲལ། སྤྲོས་བྲལ་ཆོས ་ཉིད་འགྱུར་བ་མེད། མཐའ་དང་དབུས་མེད་ཕྱོགས་ཆ་ཀུན་དང་བྲལ། རང་སྣང་ཆོས་དབྱིངས་དག་པའི་ཞིང་། དང་པོ་སངས་རྒྱས་རྒྱུ་མེད་པས། སངས་རྒྱས་ཐོག་མ་ཐ་མ་མེད། སྟོང་པ་ཡེ་ཤེས་སྙིང་པོ་ཅན། མཐའ ་ལས་མི་གནས་རྡོ་རྗེའི་སྐུ། ཡིས་མིག་གཅིག་དྲི་མ་མེད། ནོར་བུ་ཆེན་པོ་རིན་ཆེམ་རྟོག། སྤོས་དང་བྲལ་བའི་ཆོས་ཉིད་ལ།། གཟུང་འཛིན་བྲལ་བའི་རིག་པ་གསལ།། ངོ་བོ་རང་བཞིན་ཐུགས་རྗེའི་བདག། ཡེ་ནས་སྐུ ་གསུམ་འོད་དུ་གསལ།། རང་བཞིན་ལྷུན་གྲུབ་པའོ།། ཅེས་སྐུ་གསུང་ཡིས་ལྔའི་རྒྱུད།། འཇམ་དཔལ་ཡིས་རྒྱན་གྱི་དགོངས་པ་ལས། ཆོས་སྐུའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྵེཿབཅོམ་ལྡན་རྡོ་རྗེ་འཆང་། ལོངས་སྐུའི་སྣ་བ་ཇི་ལྟར་ཤར། བདག་ཅག་རྣམས་ལ་བཤད་དུ་གསོལ། ཅེས་ཞུསོ།། བཅོམ་ལྡན་འདས་ཀྱིས་བཀའ་བ་སྩལ་ལ། ཆོས་སྐུ། ་རྣམ་དག་དབྱེར་མེད་ཀྱང་ཡེ་ཤེས་སྐུ་སྟེ་རང་བྱུང་གི།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། མཚན་ཉིད་སོ་སོའི་ཚུལ་འཛིན་པ།། ཤེས་རབ་སྟོབས་བཅུ་ཡེ་ཤེས་སྐུ།། བཞི་བཅུ་རྩ་གཉིས་མཚན་འཚང་བ།། སྐུ་ཅོས ་ཏུ་ཁྱབ་པའི་སྐུ།། འབྱུང་བའི་ཐིག་ལེ་འོད་དུ་གསལ།། ཁ་དོག་ལྔའི་བདག་ཉིད་ཅན།། རིགས་ལྔའི་སངས་རྒྱས་ཡུམ་དང་བཅས།། མཚན་ཉིད་འཛིན་པའི་ཚོམ་བུ་ལྔ།། ཆོས་ཉིད་མཁའ་ལ་འོད་གསལ་བ།། གསལ ་འཚེར་ལྷུན་སྡུག་གཟིག་བརྗིད་འབར།། གསལ་དང་དྲོ་དང་གསིལ་བ་དང་།། ཡང་དག་ཁྱབ་པའི་བདག་ཉིད་ཅན།། རྣམ་རྟོག་མི་མངའ་བ་ཅིར་ཡང་ས་ལེ་མཁྱེན།། མངོན་ཤེས་དྲུག་ལྡན་ཆོས་ཀྱི་སྤྱན།། ཡི་གེ་དྲུག་པརྗེ ་རྗེའི་སྒྲ། ས་ཡི་སྙིང་པོ་འགྲོ་བ་འཛིན།། མཁའ་ལ་ཉི་ཤར་མུན་པ་སེལ།། བྱ་རྩལ་མེད་པའི་ངང་དུ་སྐྱེལ།། སརྦ་ཏ་ཐཱ་ག་ཏ། ཀུ་ལ་བཉྩ་མ་བྷ་ལ་ཀ་དྷ་ཧུ། ཞེས་སྐུ་གསུམ་ཡིས་ལྔའི་རྒྱུད། འཇམ་དཔལ་ཡིས་རྒྱན་གྱི ་དགོས་པ་ལ། ལོངས་སྐུའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་གསང་བའི་བདག་པོས་ཞུས་པ། ཀྵུཾ། བཅོམ་ལྡན་ཐུགས་རྗེ་ཅན། སྤྲུལ་སྐུ་སྣང་བ་ཇི་ལྟར་གྲུབ།། སྤྲུལ་པའི་སྐུ ་ཉིད་ཇི་ལྟར་ཤར།། བདག་བཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡིས་ལྔའི་མཚན་ཉིད་ལས།། འབྱུང་བའི་དངས་མ་འོད་དུ་གསལ། ་དེ་ཡི་སྣང་བ་སྣོད་དུ་གྲུབ།། རྙིག་མའི་འབྱུང་བ་ཞེས་སུ་གྲགས།། མཁའ་ལ་རླུང་རྟེན་དེ་ལ་ཆུའི་ཕུང་པོའི་རྟེན།། དེ་ལས་ས་ཆེན་འདི་རྟེན་སྲིད་པའི་གསང་སྒོ་གྲུབ།། རྐྱེན་རྣམས་ཚོགས་ནས་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་།། སྣ་ཚོགས ་གཟུགས་ཅན་ཡིད་ལས་སྐྱེས།། སྦྲུལ་སྐུའི་ཞིང་ཁམས་སོ་སོར་གསལ།། མ་རིག་འཁྲུལ་འཁོར་འདི་ལ་ཟད་ཅིང་འབྲི་བ་མེད།། སངས་རྒྱས་འགྲོ་བའི་ཚུལ་འཛིན་པ།། དཔ་ལྡན་སངས་རྒྱས་པདྨ་སྐྱེས།། སྤྲུལ་པའི་འཁོར་ལོ་སྣ།། ་ཚོགས་འཆང་།། བསོད་ནམས་ཚོགས་ཡིས་ལྔ་ལྡན་དྲུག། འདུལ་བའི་ཕྱག་མཚན་སོ་སོར་ཐ་དད་སྣང་།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། དངོས་པ་ཀུན་གྱི་རང་བཞིན་འཛིན།། རྣམ་གྲོལ་གསུམ་ལ་མཁས་པའོ།། སྐྱེ་མེད་། ་སྣ་ཚོགས་སྟོན།། མགོན་པོ་སེན་ཀུན་གྱིས་མཆོག། སེཾན་ཐཾད་རང་གྲོལ་བྱེད།། རྒྱ་མཚོ་ཆུ་བྲན་འདུ་བ་བཞིན།། ཐེ་རབ་སར་དབྱེར་མེད་ཐིམ། ཨ་ཧོ་ཧྲྀ་ཡ་ར་དྷ་དུ་མ་ལ་ཨ་སིང་།། ཞེས་སྐུ་གསུམ་ཡིས་ལྔའི་རྒྱུད།། འཛི་དཔལ ་བརྒྱན་གྱིས་དགོངས་པ་ལས། སྤྲུལ་སྐུའི་སྣང་བ་ཤར་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་མཁྱེན་བཞིན་དུ་ཞུས་པ། ཀྱཻ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན ་སྐུ་གསུམ་སྣང་བ་བཤད་པ་ལེགས། ཡིས་ལྔ་རྣམས་བཤད་དུ་གསོལ།། ཅེས་ཞུསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡེ་ཡིས་ཤེས་པ་གཅིག་ཡིན་ཀྱང་།། མཚན་ཉིད་རྣམ་པ་ལྔ་དང་ལྡན།། པ་ལ་རང་བཞིན་མེད་པས་ན། ་ཆོས་དབྱིངས་ཡིས་ལྷུན་གྱིས་གྲུབ།། ངལ་ཡོན་ཏན་མི་འགག་པས།། མེ་ལོང་ཡིས་ལྷུན་གྱིས་གྲུབ།། ང་ལ་སྐྱེ་འགག་མེད་པས་ན།། མཉམ་ཉིད་ཡིས་ལྷུན་གྱིས་གྲུབ།། ངའི་ཤེས་རབ་སྤྱོད་པས་ན།། སོ་སོར་རྟོགས་པའི་ཡིས་ཡིན།། ་པ་ལ་ཐོག་པ་མེད་པས་ན།། བྱ་བ་གྲུབ་པའི་ཡིས་ཡིན།། སྟོང་པ་ཡིས་རྩལ་སྣང་བ།། མཚན་ཉིད་འཛིན་པའི་ཡིས་ལྔ།། རིག་པའི་ཀློང་ནས་འོད་གསལ་བ།། དཀར་དང་དམར་དང་སེར་དང་ལྡང་།། མཐིང་ཀ་རྣམ་པར་ལྕེ་ནས་གྲུབ། ་སྣང་ལ་དངོས་མེད་མེ་ལོང་གཟུགས་བརྙན་འདྲ།། ནམ་མཁའ་མེ་ལོང་ཆུ་བོ་དང་། སྤུ་གྲི་སོ་དང་རླུང་བཞིན་ནོ།། སརྦ་ཛྙཱ་ན་པཉྩ་ཀ་ལ་བྷ་དུ་ཨཱ། ཞེས་སྐུ་གསུམ་ཡིས་ལྔའི་རྒྱུད། འཇམ་དཔལ་ཡིས་རྒྱན་གྱི་དགོངས་པ་ལས།། ཡིས་ལྔའི ་འདུག་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་མཁྱེན་བཞིན་དུ་ཞུས་པ། ཀྱཻ་ཥྱེཿབཅོམ་ལྡན་འདས་ཀུན་ཏུ་བཟང་། སྐུ་གསུམ་ཡིས་ལྔ་ཡི་བདག་པོ་དེ།། བག་ཆགས་སྦུབས་ན་ཇི་ལྟར་གནས། ་གདག་བཅག་རྣམས་ལ་ལེགས་པར་གསུངས།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོས་ཞུས་མ་ལེགས།། ཐུགས་རྗེ་རྩལ་གྱིས་འཆར་ལུགས་དང་། སྲིད་པའི་བཞི་ཡི་འཛིན་ལུག་དང་། སྡུད་བྱེད ་ལུས་ཀྱི་འཆག་ལུགས་དང་།། གསོ་བྱེད་བཅུད་ཀྱི་འཆག་ལུགས་བཞིས།། དངོས་པོ་གདོས་པ་ཅན་འདི་གྲུབ།། སྤྲུལ་པའི་སྐུ་རུ་སྣང་བའོ།། དེ་ལ་ཇི་ལྟར་གནས་ཞེ་ན།། ཟླ་བའི་གདན་ལ་ཉི་མའི་དབུ་རྒྱན་ཅན།། ་རིན་ཆེན་གུར་ཕུ་བཟུར་གསུམ་རེ་ཐག་བཞི།། རྟོག་མེད་རིག་པ་ཆོས་ཀྱི་སྐུ།། ཡིས་ལྔ་ཡིས་གཞལ་ཡས་ན།། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས།། ཐུགས་རྗེ་འོད་ཀྱི་ཀུན་ཏུ་ཁྱབ།། རྟགས་ཀྱི་སྒྲོན་མ་སྤྲུལ་པའི་སྐུ།། མཆོག་གི་དང་པོ ་སྐུ་གསུམ་འཆང་།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། བསམ་གཏན་ཆེན་པོ་ཏིང་འཛིན་གནས། ཡིས་བཞི་ཡིས་བདག་ཉིད་ཅན།། ཁྱུང་ཕྲག་སྒོ་ངའི་ཚུལ་དུ་གནས།། མ་རིག་སྒོ་ལྔའི་སྦུབས་འབྱེད་པ།། ངོ་གནས་དང ་སྒོ།། སྐྱོན་དང་ཡོན་ཏན་རྣམས་ཀྱི་དབྱེ།། དོན་གསུམ་ཐེ་ཚོམ་མེད་པའི་བློས།། རང་གི་མཚན་ཉིད་ཉམས་ལ་སྦྱར།། དུས་བཞི་མཉམ་སྦྱོར་དགོངས་པ་ནི།། ངང་དང་རང་བཞིན་བདག་ཉིད་ཆེན་པོའི་དོན་ལ་བཞག། ཅེས་སྐུ ་གསུམ་ལ་ཤེས་ལྔའི་རྒྱུད།། འཇམ་དཔལ་ཡིས་བརྒྱན་གྱི་དགོངས་པ་ལས།། བག་ཆགས་སྦུབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ་བཅོམ་ལྡན་མཁྱེན་གསལ་རིག། སྤྲུལ་པའི་སྐུ་ཡི་ཞིང་ཁམས་ནས།། ལོངས་སྐུའི་ཞིང་དུ་ཇི་སྔར་གྲོལ།། བདག་ཅག་རྣམས་ལ་གསུང་དུ་གསོལ།། ཅེས་ཞུསོ།། དེ་ནས་ཡང་གསུངས་པ།། སྲིད་པའི་མགོན་པ་ལས་རྒལ་པ། ་སྐད་གཅིག་ཐཾད་བྱེ་བྲག་ཕྱེད།། གྲོལ་བ་ཐར་པ་རྣམས་གྲོལ་ཡུས།། འཇུག་དང་སྣང་དང་ཤེས་རབ་གྲོས།། དོན་གྱི་ངོ་ལ་གནས་པ་དང་།། འགག་དང་སྐྱེ་དང་གནས་དང་ཤེས།། ཐུགས་རྗེ་འབྱུང་དང་རང་སར་གཤེགས།། ཡུལ།། ་གྱི་མཚན་མ་ཤེས་ཉིད་ལས་གྲོལ།། ཤེས་པ་ལྔའི་རྣམ་འོད་ཟེར་ལྔ་ལ་འདུ།། འོད་ཟེར་ལྔ་པོ་རིགས་ཀྱི་སྐུ་ལ་འདུ།། སྐུ་ལྔ་ཡིས་ལྔ་ཡི་ངང་དུ་གྲོལ།། ཡིས་ལྔ་ཉིད་མཚོན་གྱི་དྲུ་བུ་བཞིན།། བཞི་པོ་རིམས་བཞི་གཅིག་གིས ་སྤྱོད་པ་ཡིས། གནས་དང་ལམ་དུ་བྱུང་སྟེ་སྒོ་རུ་འཐོན།། དེའི་སྣང་བ་རིམས་མིན་གཅིག་ཅར་འཆར།། སྐྱེ་བ་རིམ་སྐྱེ་ཤེས་པ་ཟད་དཀར་ཆོད།། ལོང་སྐུ་འོད་གསུལྔ་སྤྲུལ་སྐུ་འབྱུང་།། སྐུ་ཡི་འོད་དང་གསུང་གི་ཟེར།། རྣམ་གྲོས ་ཞི་བ་ཞི་བ་ཉིད།། ཅེས་སྐུ་གསུམ་ཡིས་ལྔའི་རྒྱུད།། འཇམ་དཔལ་ཡིས་བརྒྱན་གྱིས་དགོངས་པ་ལས།། གྲོ་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་ཞུས་པ། ཀྵུཾ་ཀྵཱུཾཿ་བཅོམ་ལྡན་འདས ་མཐའ་ལས་འདས། ལོངས་སྤྱོད་ཞིང་ནས་ཆོས་སྐུར་ཇི་ལྟར་གྲོལ།། བདག་བཅག་རྣམས་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ན་མཁའ་ལས་བྱུང་རང་བྱུང་བ།། ཤེས་རབ་ཡིས་མེ་པོ་ཆེ།། གཟིག་བརྗིད་ཕུ་པོ་ལྟ ་ན་སྡུག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།། མྱ་ངན་འདས་པ་མྱ་ངན་འདས།། ལེགས་པར་མྱ་ངན་འདས་དང་ཉེ།། བདེ་སྡུག་གསལ་ནས་མཐར་འགྱུར་བ།། མི་མངོན་མི་སྣང་གསལ་བྱེད་མིན།། མི་འགྱུར་ཀུན་འགྲོ་ཁྱབ་པའོ།། ་གྷུ་སེམས་དཔའ་ཆེན་པོ་ཡིས་རླུང་གི་ཤེས་རབ་མཁའ་ལ་འདེགས། སྙིགས་མ་ལྔ་པོ་དངས་མའི་ངང་དུ་གྲོལ།། དངས་མ་ལྔ་པོ་རང་རང་མ་ལ་གནས།། ཤེས་སྤྱན་གསུམ་རྣམ་པར་དག། ས་མུག། ་གསལ་བའི་རྟོག་མཐའ་བྲལ།། རང་རིག་ཡིས་ཡིན་པ་ལ།། བག་ཆག་ལུས་ཀྱི་རྟོགས་པ་མེད།། རྡོ་རྗེ་ཟླ་བ་དྲི་མེད་འོད།། འབྱེད་པ་མེད་པའི་ཤེས་རབ་གསལ།། རྣམ་པར་དག་མེད་ཆོས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། ་ཡང་དག་མཐའ་ལ་རྣམ་པར་གནས།། ཆོས་སྐུ་ཆོས་ཉིད་དབྱེར་མེད་པ།། ཡིས་སྤྱན་ནི་ལོངས་བསྐུར་གི་ནི་སོཞི་བོ་དབྱེར་མེད་ཤེས་རབ་དཔལ་གསལ།། ཅེས་སྐུ་གསུམ་ཡིས་སྔའི་རྒྱུད།། འཇམ་དཔལ་ཡིས་བརྒྱན་གྱི་དགོངས་པ་ལས།། ། ་ཆོས་སྐུའི་ངང་དུ་གཟུགས་སྐུ་གཉིས་གྲོལ་བའི་ལེའུ་སྟེ་བརྒྱད་པའོ།། ། གསང་བའི་བདག་པོས་ཡང་ཞུས་པ། བཅོམ་ལྡན་མགོན་པོ་འདུ་འབྲལ་མེད།། ཡུལ་སྦུབས་གཟིགས་ཅན་གྲོལ་བ་བཞི།། གཅིག ་ལས་གཅིག་རྫོགས་བདག་བཅག་རྣམས་ལ་གོད།། ཅེས་ཞུསོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། མ་རྟོགས་འཁྲུལ་པའི་སྣང་བ་ཡིན།། སྙིགས་མ་འབྱུང་བ་ལྔའི་ངོ་བློ་སྟོང་།། དངས་མ་ལྔ་པོ་འོད་གསལ་བ།། ཆོས་ཉིད ་སྣང་བ་དེ་ལས་མེད།། རང་ལས་སྣང་ཞིང་རང་བཞིན་མེད།། རང་སྣང་རྣམ་པར་དག་པ་ཡིན།། ཉོན་མོངས་ལས་གྲུབ་གདོས་པ་ཅན།། མ་རྟོགས་བག་ཆགས་སྦུབས་སུ་བཤད།། དེ་ཉིད་སྟོང་ཞིང་ཡིས་གསལ།། བཞི་བཅུ་རྩ་གཉིས་ལྡུམ ་བུམ་པ་ནང་གི་མར་མེ་བཞིན།། འོད་ཀྱི་སྦུབ་སུ་ང་ལྡི་བཤད།། བྱུང་ཡང་རིག་པའང་རབ་ལས་བྱུང་།། ཐི་མ་ཡང་རིག་པའི་ངང་དུ་ཐིམ།། གནས་ཀྱང་རིག་པའི་ངང་དུ་གནས།། ཆོས་སྐུ་ཕྱི་ནང་བདུན་རྒྱབ་མེད།། རིན་ཆེན་སྦུབས་སུ་པ་ཡིས་བཤད། ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། གཅོད་པས་ཤེས་རབ་སྤྱན་ཞེས་བྱ།། ཕྱི་ནང་ཆོས་ཀྱི་དོན་རྟོགས་པ།། ཆོས་ཀྱི་སྤྱན་ནི་སོ་སོར་གསལ།། དེ་དག་སྟོང་ཞིང་ཡེ་ཤེས་གསལ།། འགྱུར་བ་མེད་པའི་ངང་ལ་གནས།། ཡེ་ཤེས་སྤྱན་དུ་ང་ཡིས ་བཤད།། སེམས་ཀྱི་རྟོགས་པ་ཆོད་པ་ནི།། བློ་ཡིས་མཐའ་ལས་གྲོལ་བ་ཡིན།། འཁྲུལ་པའི་སྣང་བ་ངོ་བོས་སྟོང་།། མ་གྲུབ་མི་གནས་དག་པས་ན།། འཁོར་བའི་མཐའ་ལས་གྲོལ་བ་ཡིས།། གཟུང་འཛིན་མི་གནས་གཉིས་མེད་མྱ་ངན་འདས།། ་ཆོས་ཀྱི་མཐའ་ལས་གྲོལ་བ་ཡིན།། ཞེས་སྐུ་གསུམ་ཡིས་ལྔའི་རྒྱུད།། འཇམ་དཔལ་ཡིས་རྒྱན་གྱི་དགོངས་པ་ལས།། ཡུལ་སྦུབས་གཟིགས་ཅན་གྲོལ་བ་བཞི་ཉིད་དུ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། ་དེ་ནས་ཁྲོ་མོ་ཞེས་སྡང་རྡོ་རྗེ་མ་དང་།། ང་རྒྱལ་རྡོ་རྗེ་མ་དང་།། འདོད་ཆགས་རྡོ་རྗེ་མ་དང་། ཕྲག་དོག་རྡོ་རྗེ་མ་དང་། གཏི་མུག་རྡོ་རྗེ་མ་དང་། ལྔ་བགྱེས་ནས། འདི་སྐད་ཅེས་བརྗོད་དོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། ་སྙིང་པོ་དོན་གྱི་རྒྱུད་གསུངས་པ།། སྣོད་ཀྱི་འཇིག་རྟེན་དབྱིངས་སུ་གྲོལ།། སེམས་ཀྱི་རྟོག་པ་ཆོས་སྐུར་གྲོལ།། དུས་གསུམ་སྐུ་གསུམ་ངང་དུ་གྲོལ།། དུག་ལྔའི་ངོ་བོ་ཡིས་ལྔ་རུ་གྲོལ།། བདག་བཅག་མཁའ་གྲོ་བ་རྣམས་ཀྱང་།། ་མི་གནས་པའི་ཡེ་ཤེས་ཀྱི་ངང་དུ་མཆིའོ།། ཨེ་མ་ཧོ་གསང་བ་རྨད་དུ་བྱུང་བའི་ཆོས།། མ་སྤངས་མ་སྤངས་མ་སྦྱར་བར།། བདེ་ཆེན་དཔལ་གནས་པ་ངོ་མཚར་ཆེ།། ཐབས་མཁས་ཐུག་རྗེའི་བདག ་པོཔོ་ཁྱོད་ལ་འདུད།། ཅེས་བརྗོད་ནས་མཁའ་གྲོ་མ་མི་རྟོགས་པའི་ངང་དུ་གཤེག་སོ།། སྟོན་པ་རྡོ་རྗེ་སེམས་དཔས་བསྟན། ཞུ་བ་པོ་ཕྱག་ན་རྡོ་རྗེས་ཞུས། ཉན་པ་པོ་མཁའགྲོ་མ་ལྔས་མཉན། སྦེད་པ་པོ་མེ་རི་འབར་བའི་ཁ་ལ་སྦས་སོ།། ་དེ་བཞིན་གཤེགས་པ་གསེར་འོད་དམ་པས་རོ་ལངས་བདེ་བ་ལ་ལུང་བསྟན་ཏེ། འཇུག་བསྡུས་སོ།། སྐུ་གསུམ་ཡེ་ཤེས་ལྔའི་རྒྱུད། འཇམ་དཔལ་ཡེས་རྒྱན་གྱི་དགོངས་པ་ལས། རྗེསུ་ཡིད་རང་བའི་ལེའུ་སྟེ་བཅུ་པའོ།། ་སྐུ་གསུམ་ཡིས་ལྔ་ལྡན་གྱི་རྒྱུད་འཇམ་དཔལ་ཡེ་ཤེས་རྒྱན་གྱི་དགོད་ས་པ་ཞེས་བྱ་བ་རྫོགས་སོ།། བཀྲ་ཤིས་སོ།། ་