CLOSE WINDOW

Gbr006.19: srog gi chan pa/ yang ti nag po'i rgyud
Wyliee-texts produced with BDRC’s OCR application

གསང་རང་གྲོལ་གྱི་ལེའུ་སྟེ་དྲུག་པའོ།། ། བཛྲ་ས་ཏྭ་ཁྱོད་ཉོན་ཅིག། རྒྱས་པའི་རྩ་ལ་བསམ་མི་ཁྱབ།། བསྡུ་མ་རྣམ་པ་གཉིས་སུ་འདུས།། ཆོས་རྣམས་ཚིག་གི་རྩ་རྣམས་ནི།། ཡང་དག་ངམ་རྒྱུ ་རྩ་གཉིསོ།། འདི་ནི་ཡང་དག་དོན་གྱི་རྩ།། ཞེས་གསུངསོ།། ཀུན་ཏུ་བཟང་པོས་གསུངས་པ་ཡིས།། ཡིས་རྩ་རླུང་གི་རྒྱུད་ཆེན་འདི།། ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད།། རྡོ་སེམས་དང་སྲོག་གི་ཐིགས་པ།། དགའ་རབ་རྡོ་རྗེའི་སྲོག་གི ་འཁོར་ལོ།། སྲོག་གི་ཆན་པ། ཐུགས་ཀྱི་རེག་ཆོད། རིག་པ་སྲོག་གི་འཁོར་ལོ་ཞེས་གསུངསོ།། རྩ་ལུང་རྒྱུད་འཇམ་དཔལ་འདུས་པའི་རྒྱུད་ལས། བསྡུས་པ་རྫོགསོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ ་ཡིས། སྙུན་གྲུབ་སྐུ་ལ་ཕྱག་འཚལ་ནས།། ཐིག་ལེ་མཐོང་རྟོལ་རྒྱུད་གསུངས་པ།། སྟོན་པ་ཀུན་ཏུ་བཟང་མོ་ཡིས།། གནས་ནི་ཐིག་ལེ་མཁའ་ཁྱབ་ཏུ།། འཁོར་ནི་རང་བྱུང་ཡིས་ལ།། དུས་ནི་ཐང་རང་བྱུང་དུས།། བསྟན་པ་གཉིས་མེད་ཐིག་ལེ ་ཞེས་གསུངས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འཁོར་གྱི་རྡོ་རྗེ་སེམས་དཔའ་ཁྱོད།། ཐིག་ལེ་མཐོང་རྟོལ་རིག་པའི་འཁོར་མོ་སྐོར། ཕུང་མགོ་ཆེན་པས་ཐོབས་ལ་སྒྲོལ།། སྲིད་གསུམ་དབང་དུ་བསྡུས་ལ་སྦྱོར་སྒྲོལ་གྱིས།། ཞེས་གསུང་མ།། ་ཡང་བཀའ་སྩལ་པ། རིག་པ་འགག་པ་མེད་པ་ལ།། ཤེས་རབ་འགག་པ་མེད་པ་ཡིས།། སྣང་སྲིད་བྱུང་ཐོབ་སྲོག་གི་རྩ་བ་ཆོད།། ཐུགས་ཀྱི་རེག་ཆོད་སྤུ་གྲི་ཚོལ།། འཛིན་བྱེད་ཞགས་པ་ཆོད་ལ་ཐོང་།། ཞེས་གསུངས་སོ།། ཡང་བཀའ་སྩལ་པ ་ཐིག་ལེ་མཐོང་ནས་རྟོལ་བ་ནི།། ཙིཏྟ་ལི་ནང་དུ་རབརྟགས་པ།། རིག་པ་སྟོང་པར་གསལ་བ་ནི།། དེ་ནི་ནང་གི་ཐིག་ལེ་ཡིན།། སྣང་བར་རྟོང་པར་ཤེས་པ་ནི།། དེ་ནི་ཐིག་ལེ་མི་སྦྱི་ན་ལ་ཡིན།། ཉམས་མྱོང་འདྲེས་པའི་བདེགས་པ་ནི།། ཐིག་ལེ་བྱི་ནང་རྟོམ་པ་ཡིན ་ཞེས་གསུང་སོ།། ཡང་བཀའ་སྩས་པ། ཐིག་ལེ་ཐོག་ས་མཐོང་ནས་མརྒས་ན།། རིག་པའི་གནང་དུ་བརྡེག་པར་བྱ།། ཚོགས་དྲུག་རོལ་པ་ཤར་བ་ལ།། རིག་པ་བདེ་བར་རང་ཤར་ལྟོས།། དེ་ནི་ཐིག་ལེ་གྱི་རྟོམ་ཡིན།། དཀར་པོ་དུས་སུ་རབ་ཏུ་སྦྱངས། ་ཁོང་ནས་ཡིད་ཀྱི་འགྱུར་བ5།། འགྱུ་བས་འགྱུ་བའི་དུས་ཚད་དུ།། བདེ་གསལ་ཉིད་དུ་ལྷུང་ངེ་སྒྲ།། དེ་ནི་ཐོག་ལེ་ནང་ཆོས་ཡིན།། གཉི་སུ་མེད་པའི་ཡིས་ལ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས།། རང་ལན་ཉིད་དུ་ཤེས་པར་གསལ།། དེ་ནི་ཕྱི་རྣམ་དང ་རྟོལ་ཡིན།། ཞེས་གསུངསོ།། ཡང་བཀའ་སྩལ་པ། རིག་པ་ནང་སྐྱིལ་ངས་གསུངས་དང་།། བདེ་སྟོང་ཉིད་དུ་སྒུར་གྱིས་འབྱུང་།། བདེ་སྟོང་ཉིད་དུ་ལྟ་སྟངས་བྱ།། འོད་གསལ་ཉིད་དུ་ལྷངས་ཀྱིས་འབྱུང་།། ཞེས་གསུང་སོ།། ཐིག་ལེ་མཐོང་རྟོལ་གྱི་རྒྱུད། རིག ་པ་ལྷུར་འབྱུང་གི་བརྡའ། སྲོག་གི་ཆན་པ་ཡང་ཏི་ནག་པོའི་རྒྱུད་རྫོགསོ།། ། ཤུདྷྭཾ།། དགེའོ།། ས ་