| Wylie | e-texts produced with BDRC’s OCR application |
བརྡལ་འགྱུར་སྨྲ་འགྱུར་ངོ་དུ་བསྟན་པའོ།། ཚིས་གསུམ་རྒྱུད་པས་སངས་རྒྱས་ཀྱི་ཆོས་རྒྱུད་པ་བར་མཆོད་པ་རྫོགས། ཀུན་པར་རྫོགས་པའི་སངས་རྒྱས་ཀྱིས ་མིག་ལེ་ཉ་གཅིག་སྐུ་ལ་ཕྱག་འཚལ་ནས། རྩ་རླུང་ཐིག་ལེའི་རྒྱུད་བཤད་པ།། ཀྱཻ་ཐེག་པ་ལྷུན་གྱིས་གྲུབ་པའི་གནས།། སྟོན་པ་ཐིག་ལེ་ཉག་གཅིག་སྐུ།། འཁོར་ནི་རང་སྣང་ཆེན་པོ་ལ།། དུས་གསུམ་དབྱེ་བ་མེད་པ ་དུས།། བསྟན་པ་གཉིས་སྣང་མེད་པར་ཤར། ཅེས་གསུངསོ།། རྩ་རླུང་ཐིག་ལེའུ་སྟེ་དང་པོའོ།། ། ཀྱཻ་གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཉོན། རྩ་རླུང་ཐིག་ལེ་བཞིན་གནས་ནི།། ངོ་བོ་ཐ་དད་རང་བཞིན་གཅི ་ཐུགས་རྗེའི་རོལ་པ་རང་ཤར་རོ།། ཤར་ཚུལ་སྣང་ཚུལ་གཉིས་སུ་བསྟན།། ང་ནི་གཞི་ཡིས་རང་རྩལ་ལས།། འགག་པ་མེད་པའི་རང་བྱུང་དང་།། ཤར་བ་ཡིན་པས་ངེས་པ་མེད།། ཅེས་གསུང་སོ།། རྩ་རླུང་ཐིག་ལེའི་ལེའུ་སྟེ་གཉིས་པའོ།། ་རྡོ་རྗེ་སེམས་དཔའ་ཁྱོད་ཉོན་གཅིག། རང་ཤར་ཆེན་པོའི་རྩ་རླུང་ནི། ཕྱི་རུ་ཤར་བའི་རྩ་ལྔ་དང་།། ནང་དུ་ཤར་བའི་རྩ་ལྔ་དང་།། གསང་བར་ཤར་བའི་རྩ་ལྔ་དང་།། ཡང་གས་པ་ཡང་ཏིའི་རྩ་ལྔ་དང་།། གསང་བ་ཆེན་པོའི་རྩ་ལྔའོ།། ་ཕྱི་རུ་ཤར་བའི་རྩ་ལྔ་ནི།། དབྱིངས་ཀྱི་ཐིག་ལེ་ལྔ་ཡིན་ཏེ།། ཐིག་ལེ་ལྔ་ནི་སྟོང་གསལ་དུ།། སྣང་གསལ་ཆེན་པོའི་རྒྱས་གདབ་པོ།། རིག་གསལ་དང་དུ་ངོ་སྤྲད་པས།། ཐིག་ལེ་ལྔ་ཡང་གཅིག་ཏུ་འབྲེལ།། འབྱུང་བ་ལྔ་ནི་རིག་སྟོགས། ་འབྱུང་བ་ལྔ་ལ་པོ་སྤྲད་དེ།། ས་དང་མུ་དང་མེ་དང་རླུང་།། མཁའ་ཁྱབ་ནམཁའི་ངང་དུ་ནི།། ཚོགས་དྲུག་རོལ་པའི་ངོ་སྤྲད་པས།། འདོད་ཡོམ་ལྔ་དང་ཆགས་སྡང་ལྔ།། རང་བྱུང་རང་གྲོལ་རང་ཤར་གསམ།། བདེ་གསལ་དང་དུ་ངོ་སྤྲད་དོ།། 6 ་གསུངས་སོ།། རྩ་རླུང་གི་ལེའུ་ལས་ཕྱི་རང་གྲོལ་གྱི་ལེའུ་སྟེ་གསུམ་པའོ།། ། རྡོ་རྗེ་སེམས་དཔའ་ཁྱོད་ཉོད་ཅིག། ནང་དུ་བཤད་པའི་རྩ་ལྔ་ནི།། ཡིས་ཆེན་པོའི་རོལ་པའི་རྩ་ལྔ་སྟེ།། གསལ་བྱེད་ཤེས་རབ་རྒྱས ་གདག་པས།། ནང་གི་རྩ་ལྔ་གཅིག་ཏུ་འཁྱིལ།། ཤེས་རབ་ཆེན་པོ་ཅིག་ཏུ་གསལ།། ཡིས་ལྔ་པོ་གཅིག་ཏུ་གྲོལ།། དབྱིངས་ལྔ་རིག་པའི་ཀློང་དུ་གྲོལ།། རང་གྲོལ་རང་ཤར་ངོ་བོ་ཤེས་པས།། དེ་ནི་རྣལ་འབྱོར་མ་ཡིན་ཞེས་གསུངས།། ་རྩ་རླུང་ཐིག་ལེའི་ལེའུ་ལས། ནང་རང་གྲོལ་གྱི་ལེའུ་སྟེ་བཞི་པའོ།། ། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་གཅིག། གསང་བར་ཤར་བའི་རྩ་ལྔ་ནི།། ཐིག་ལེ་ཉག་གཅིག་རོལ་པ་ལྔ།། རང་བྱུང་ཡིན་པར་ངོ་ཤེས་པས། ་བསྒོམ་སྨྲ་བ་མེད་པའི་རང་ཤར་བ།། ད་ལྟར་སྒོམ་སྒྲུབ་བྱེད་པ་ནི།། ང་ཡི་གཞི་ལ་འཆོས་པ་སྟེ།། ཤེས་རབ་ཆུང་བའི་གོལ་ས་ཡིན།། ལྟ་བ་རང་ཤར་ཆེན་པོ་ལ།། སྒོམ་པ་རང་གྲོལ་ཆེན་པོ་ཡིན།། སྤྱོད་པ་ཚོགས་དྲུག་ལྷག་པ་ལ།། འབྲས ་བུཡུལ་སྣང་མེད་པ་ཡིན།། ཡིས་ཟང་ཐལ་ཆེན་པོ་ལ།། བར་དོ་མེད་པའི་རང་གྲོ་ལ་ཡིན།། ཞེས་གསུངས་སོ།། རྩ་རླུང་གི་ལེའུ་ལས་གསང་བར་འགྲོལ་གྱི་ལེའུ་སྟེ་ལྔ་པའོ།། ། བཛྲ་ས་ཏྭ་ཁྱོད་ཉོན་ཅིག། དེ་ཁོ་མ་ཏི ་ཀྱི་རྩ་ལྔ་ནིཿགཉིས་སྣང་མེད་པའི་ཤེས་རབ་ལ།། ཐོག་པ་མེད་པའི་ཤེས་རབ་ཀྱིས།། འགག་པ་མེད་པའི་རིག་པ་ལ།། རང་རིག་ཡཻས་ཐང་ཐལ་ལ།། སྦྱངས་ཀྱིས་ཤེས་པ་ཤེས་རབ་ཡིན།། ཞེས་གསུངསོ།། རྩ་རླུང་ཐིག་ལེའི་ལེའུ་ལས་ཡ ་གསང་རང་གྲོལ་གྱི་ལེའུ་སྟེ་དྲུག་པའོ།། ། བཛྲ་ས་ཏྭ་ཁྱོད་ཉོན་ཅིག། རྒྱས་པའི་རྩ་ལ་བསམ་མི་ཁྱབ།། བསྡུ་མ་རྣམ་པ་གཉིས་སུ་འདུས།། ཆོས་རྣམས་ཚིག་གི་རྩ་རྣམས་ནི།། ཡང་དག་ངམ་རྒྱུ ་རྩ་གཉིསོ།། འདི་ནི་ཡང་དག་དོན་གྱི་རྩ།། ཞེས་གསུངསོ།། ཀུན་ཏུ་བཟང་པོས་གསུངས་པ་ཡིས།། ཡིས་རྩ་རླུང་གི་རྒྱུད་ཆེན་འདི།། ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད།། རྡོ་སེམས་དང་སྲོག་གི་ཐིགས་པ།། དགའ་རབ་རྡོ་རྗེའི་སྲོག་གི ་འཁོར་ལོ།། སྲོག་གི་ཆན་པ། ཐུགས་ཀྱི་རེག་ཆོད། རིག་པ་སྲོག་གི་འཁོར་ལོ་ཞེས་གསུངསོ།། རྩ་ལུང་རྒྱུད་འཇམ་དཔལ་འདུས་པའི་རྒྱུད་ལས། བསྡུས་པ་རྫོགསོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ ་