| Wylie | e-texts produced with BDRC’s OCR application |
དམ་ཚིག་བཀོད་པ་བཞིའི་རྒྱུད་བཞུགས ་རྒྱ་གར་སྐད་དུ། ས་མ་ཡཱ་ཨ་གྲ་ཛཱ་ཏནྟྲ། བོད་སྐད་དུ། དམ་ཚིག་བཀོད་པས་གཞིའི་རྒྱུད་རིན་པོ་ཆེའི་བརྒྱན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་མཆོག་ཆེན་པོ་ན་བཞུགས་པའི་ཚེ། དཔལ་རྡོ་རྗེ་སེམས་དཔས་ཡང་ཏིའི་ཆོས་ཞུས་པས། ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། སྙན་རྒྱུད་གྱི་གདམས་ངག་རྣམ་པ་གསུམ་སྟེ། སངས་རྒྱས་ཉག་གཅིག་དང་། དམ་ཚིག་ཐུན་གཅིག་དང་། དཔེ་བདའ་གཅིག་གོ། སངས་རྒྱས་རྔའི་ལེའུ་སྟེ། ་དང་པོའོ།། །། རྡོ་རྗེ་སེམས་དཔས་ཞུས་པ། སངས་རྒྱས་ཉག་གཅིག་ནི། རིག་པ་དངོས་མེད་ཡིས་ལ། སྐུ་གསུམ་བཀའ་ནས་མ་གྲུབ་པོ།། ཅི་སྟེ་ལོག་སྣང་མེད་པའི་ཕྱིར། བརྡའ ་ནི་མིག་གི་རྣམ་པར་ཤེས་པའོ།། དོན་ནི་ཡིས་རང་ལ་སྙུན་གྱིས་གྲུབ་པའོ།། སྒྲ་ནི་ཛྙཱ་ན་ཀཱ་ཡའི་ཨའོ།། སངས་རྒྱས་ཉ་གཅིག་ནི། དགོངས་པ་ལ་ཐུན་མེད་པ་དང་། ཆོས་ཉིད་ལ་བར་དེ་མེད་པ་དང ་ཡིས་ལ་སྐྱེལ་བུ་མེད་པ་དང་། ཆོས་སྐུ་ལ་སྐད་ཅིག་མ་མེད་པ་དང་། སྐུ་གསུམ་ལ་འདུ་འབྲལ་མེད་པ་དང་། སྙིང་པོ་ལ་པོ་འགྱུར་མེད་པ་དང་། ཤེས་རབ་ལ་དགག་སྒྲུབ་མེད་པ་དང་། ཐིགས་ལེ་ཉག་ཅིག་ལ་གཉིས་སྣང་མེད་པའོ།། ལུང་ལས ་ཀྱང་གཉིས་མེད་གཉིས་སུ་མེད་པར་བསྟོན་ཅེས་བྱ་བ་དང་། སངས་རྒྱས་སེན་གཉིས་མེད་དེ། ཅེས་པས་གསལ་སོ།། བརྡའ་དོན་གྱི་ལེའུ་སྟེ་གཉིས་པའོ།། ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། དམ་ཚིག་ཐུན་ཅིག་ནི། ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་ས། དཔེར་ན་རིན་ཆེན་གསེར་གྱི་རྡོབ་ལ། བྱ་དང་ཁྱིད་ང་སྐུ་གཟུགས་རྣམས། བྱས་ཀྱང་གསེར་ལས་འགྱུར་བ་མེད། བཟང་དུ་ལ་སོང་ངན་དུ་མི་འགྲོ་སྟེ། གཟུགས་ཀྱི་རྣམ་པ་ཐ་དང་ཀྱང་། ཛ་བོ་གསེར་ལས་འགྱུར ་རྙེད། དེ་བཞིན་དམ་ཆིས་སྤུན་གཅིག་ནི། ཚིག་ས་རྟག་ཅིག་ངྒཱ་ནགསན། ཟུང་དྲུ་གཉིས་སྣ་མི་པའི་ཁྱིམ། བཟུང་རྨ་ན་པ་སས་བཟུང་བརྒྱ་གགཅིག་སན། ས་དྷཱ་བྷྱ་གཱཉིས་བྱིམ་མན།། ཝ་བའི་སྒྲའི་རྣ་མ ་གིས་བྱི་ནི་འི་མཆོག་དན། དེ་ཡང་ལུང་ལ་ས་མ་ཀྱི་ཟིན་པ་དེ་ཉིད་མི་བྱེན། དང་འི་ཐབསས་པར་བྱེད་པཆག་གིས། བར་འ་དྲུག་ཏུ་གྲོལ་དག་འོ།། འཛིན་ལ་མིམ་ཀས།། མ ་གྱི་ལེའུ་སྟེ་གསུམ་པའོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ། དཔེ་བརྡའ་གཅིག་ནི། རྒྱ་མཚོ་ཆེན་པོ་སྐུ་གསུམ་བརྡལ། ན་མཁའ་ཆེན་པོ་ཐུགས་རྗེའི་བརྡའ།། སྨན་གྱི་རྒྱལ་པོ་ག་བུར་ནི། སྨན་དང་དུག་དང་ཁ་ཟས་བརྡའ། ་དེ་ནི་ཕྱིའི་བརྡའ་གསུམ་ཡིན།། ངོ་བོ་རང་བཞིན་ཐུན་རྗེའི་བརྡའ། དེ་ནི་འཁྲུལ་པ་གཞི་ཡི་བརྡའ།། མ་ནིང་རྣམ་གསུམ་སེན་བརྡའ།། སྣང་བ་རྣམ་གསུཾ་འཁྲུལ་པའི་བརྡའ།། དེ་ནི་ནང་གི་བརྡའ་བཞི་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་ནི།། དེ་ནི་ཐིག ་ལེ་ཉ་གཅིག་བརྡའ།། དུག་ལྔ་ཡིས་ལྔ་ཡིས་བརྡའ།། འགྲོ་དྲུག་རང་བྱུང་ཡིས་བརྡའ།། གཟུང་འཛིན་རིག་པ་ཡིས་བརྡའ།། དེ་ནི་གསང་བའི་བརྡའ་བཞི་ཡིན།། སྒྲ་ཡི་དོན་ནི་འདི་ལྟ་སྟེ།། ཡཾས་སྒྲ་ལ་ཡི་གེ་ག། དབྱིངས་ཀྱི་སྒྲ་ལ་ཡི་གེ་མ།། ་རོལ་པའི་སྒྲ་ལ་ཡི་གེ་ལ།། དེ་ནི་སྒྲ་ཡི་ཆོས་ཉིད་དོ།། དོན་ཉིད་རྟོགས་པའི་རྣལ་འབྱོར་ལ། རབ་དང་འབྲིང་དང་ཐ་མ་བསྟན།། དབང་པོ་ཡང་རབ་རོལ་པ་ལ།། སངས་རྒྱས་ཆོས་དང་མྱ་ངན་འདས།། དངོས་པོའི་ཆོས་དང་གནས་ལུགས་ཏེ།། བར་རོ ་མེད་པར་རང་གྲོལ་ལོ།། འབྲིང་དང་ཐ་མའི་ཆོས་ཉིད་ནི།། ད་ལྟ་པོ་སྤྲོད་པར་དོ་སངས་རྒྱས་ཏེ།། རྫོགས་ཆེམ་ལ་པའི་ཆོས་ཉིད་དོ།། སོམ་འཁོར་བའི་བློའི་སྣང་ལུགས་ཏེ།། འབྲིང་དང་ཐམ་པར་ངོར་གྲོལ་ཅེས་འབྱུང་ངོ་།། ཡང་ཏི་དྲང་དོན་དུ་བཤད་པའོ།། ་བརྡལ་འགྱུར་སྨྲ་འགྱུར་ངོ་དུ་བསྟན་པའོ།། ཚིས་གསུམ་རྒྱུད་པས་སངས་རྒྱས་ཀྱི་ཆོས་རྒྱུད་པ་བར་མཆོད་པ་རྫོགས། ཀུན་པར་རྫོགས་པའི་སངས་རྒྱས་ཀྱིས ་