CLOSE WINDOW

Gbr006.16: byang chub gyi sems rgyal mtshan rtse mo'i rgyud
Wyliee-texts produced with BDRC’s OCR application

བྱང་ཆུབ་ཀྱི་སེམས་རྒྱལ་མཚམ་རྩེ་མོའི་རྒྱུད་བཞུག་སོ།། ་རྒྱ་གར་སྐད་དུ། བོ་དྷི་ས་ཏྭདྷཱ་ཛ་ཨ་གྲ་ཏནྟྲ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ཅེས་བྱ་བ། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག ་ཕུད་རིན་པོ་ཆེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མི་གཡོ་བའི་སྐལ་པ་དང་པོ་ལ། ཡངས་པ་ཆེན་པོ་གྲོང་ཁྱེར་མ་བཀོད་པར་སྣང་བ་ཞེས་བྱ་བ་ན། ་དེ་བཞིན་གཤེག་པ་འོད་ཀྱི་ཕུང་པོ་ཞེས་བྱ་བ་མངོན་པར་འདུས་མི་བྱེད་པ། ཆོས་ཉིད་རང་སྣང་གི་ནམ་མཁའ་དང་མཉམ་པར་ཞུགས་པ། སྙིང་པོ་བྱང་ཆུབ་ལམ་མངོན་པར་བྱང་ཆུབ་ལ། ཆོས ་ཟང་སྤྲོས་པ་མེད་པར་རང་གི་རྒྱུན་དུ། བཀོད་པ་ཤེས་བྱ་ལ་མཚངས་པ་མངོན་པར་འདུས་མི་བྱེད་པ། ཀུན་ཏུ་བཟང་པོ་ཐང་རྒྱ་མཚོ་དང་། ཆུ་བྲན་གྱི་ཚུལ་དུ་བྱུང་ཞིང་འདུ་བ། ལས་ཐཾད་ལམ་རྩ ་བར་གྲུབ་པ། བྱེད་པ་པོ་མེད་པར་ཀློང་ཅིག་ཏུ་འཁྱིལ་བ། སྐུའི་རིང་སྲེལ་ཆེན་པོ་སྣང་བ་འོད་ཀྱི་ཕུང་པོར་ཞུགས་པ། གསུང་གི་རིང་བསྲེལ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པར་སྒྲོག་པ། ་ཐུགས་ཀྱི་རིང་བསྲེལ་ཆེན་པོ་རྡོ་རྗེ་ལྟ་བུར་འགྱུར་བ་མེད་པའོ།། ཅེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། དང་པོར་བྱུང་ཚུལ་བསྟན་པ་དང་། རང་གི་འདུས་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐཾད་མི་མཉམ་པ་དང་མཉམ་པར་བསྟན་པའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཀྱཻ་གསང་བའི་བདག་པོ་ལག་ན་རྫོ་གསང་བ་རྨད་དུ་བྱུང་བ་འདི་ནི། སྟོབས་མི་མཉ་མོ་རྫུ་འཕྲུལ་མི་མཉ ་ཐུགས་རྗེའི་བྱེ་བྲག་མི་མཉམ་མོ།། བཞུགས་པའི་ཀློང་མི་མཉམ་མོ།། ལགས་ན་རྡོ་རྗེ་ལེག་པཱ་ཡིད་ལ་བཟུང་ཤིག། དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡོན་ནོ།། ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་མཉ་མོ།། ཅི་སྟེ་བཞི་རང་གི་ངོ་བོ་གཅིག་པའི་ཕྱིརརོ།། ་ཙལ་མཉམ་མོ།། ཅི་སྟེ་བྱེད་པའི་ཐ་དད་མེད་པའི་ཕྱིར་རོ།། ཐུགས་རྗེ་མཉམོ།། ཅི་སྟེ་ཡིས་ལྔ་མི་འགག་པའི་ཕྱིརརོ།། བཞུགས་པའི་ཀློང་མཉམ་མོ།། ཅི་སྟེ་ཆོས་ཉིད་ལེ་ཐ་དད་མེད་པའི་ཕྱིར་རོ།། ཅིའི་ཕྱིར་ངའི་ཤེས་རབ་ཟབ་མོ་ནི། རྒྱལ ་མཚན་གྱི་རྩེ་མོ་དང་འདྲ་སྟེ་ནུབ་པ་མེད་དོ།། ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་ཟང་མི་ཤེས་སོ།། ན་མཁའ་དང་འདྲ་སྟེ་མཐར་ཐུག་པ་མེད་དོ།། རི་བོ་དང་འདྲ་སྟེ་འགྱུར་བ་མེད་དོ།། པདྨ་དང་འདྲ་སྟེ་སྐྱོན་མེད་དོ།། ས་བཞི་དང་འདྲ་སྟེ་ཐང་འབྱུང ་ཤིང་གི་རྒྱལ་པོ་ཡོངས་སུ་ས་རྟོལ་དང་འདྲ་སྟེ། སྲིད་པ་གསུམ་དུ་ནུས་པ་མེད་ཅིང་དང་ཤིང་རྒྱས་པ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུ་དྲུང་། མ་བསླད་པའི་ཡེས། རྒྱུན་གྱི་རྟག་པའི་ཤེས་རབ། ་མཚོན་པ་མེད་པའི་མྱ་ངན་ལས་འདས་སོ།། རིགས་ཀྱི་བུ་ཆོས་ཉིད་རྡོ་རྗེ་རྒྱ་གྲམ་ནི་དགོད་ལེགས། ཆོས་སྐུ་རྡོ་རྗེ་རྩེ་མོ་ནི་རྩེ་རྩ་ལེགས། ཐེག་ལེ་མི་འགྱུར་བའི་རྒྱལ་མཚན་ནི་དཔངས་མཐོ།། ཐུགས་རྗེ་སྤྲིན་གྱི་ཆར་ཁབ་ནི་ཁོང་སྙོམས ་ཏིང་ངེ་འཛིན་མི་གཡོ་བའི་དར་ཕྱང་ནི་གཉེན་འཁྱིལ། ཡེས་ཆེན་པོ་བཞིའི་མེ་ལོང་ནི་འོད་གསལ། ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དྲིལ་བུ་ནི་སྙན་ཟག་པ་མེད་པའི་ཆོས་ཀྱི་འཁོར་ལོ་ནི་བསྐོར་མཁས། བྱང་ཆུབ་ཀྱི་སྲོག་ཤིང་ནི། ་འགྱུར་བ་མེད། ཞི་གནས་དང་ལྷག་མཐོང་གི་བྲེ་ཕུལ་ནི་རྩེག་ལེགས། སངས་རྒྱས་ཀྱི་མཛད་སྤྱོད་ནི། ཚུལ་ཤེས་སངས་རྒྱས་ཀྱི་ཆེ་བའི་ཡོན་དཔག་ཏུ་མེད་པའི་རབ་གནས་ཀྱིས་མངའ་ཕུལ་ཏེ། དམ་པའི་ཆོས་མཐའ་ནས་རྒྱས་པ་ནི ་རང་བྱུང་ལྷུན་རྫོགས་ཀྱི་དགོངས་པའོ།། ཅེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། ཆོས་ཐ~ཾད་མི་མཉམ་པ་དང་མཉཾ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་རྡོ་འཆང ་བྲུཊ་རྗེ་མགོན་པོ་འོད་དཔག་མེད།། ང་ལ་དང་པོ་རྒྱུ་མེད་པས།། ཐ་མ་རྐྱེན་གྱིས་བཤིག་དུ་མེད།། པ་ལ་སྒྲུབ་པའི་ཆོས་མེད་པས།། དངོས་གྲུབ་གཞན་ལ་རེ་བ་མེད།། པ་ལ་རྟེན་པའི་ཚིག་མེད་པས།། སྨྲ་བསཾ་ཡུལ་ལ་འདས་པ་ཡིན། ་བལ་བླ་ན་རྗེས་མེད་པས།། ཡིས་ཁྱད་པར་འཕགས་པ་ཡིན།། ངལ་འོག་ན་གཞན་མེད་པས།། སྙིང་རྗེ་ཆེན་པོ་ཅིར་ཅི་མི་ཛད།། ང་ཉིད་འོད་ཀྱི་རང་བཞིན་པས།། ཐབས་ཀྱི་ཡིས་དབྱིངས་ན། ་གསལ།། ཉི་མའི་སྙིང་པོར་རང་ཤར་བས།། འབྱུང་བ་ལྔས་པས་གཙོ་ཆེན་ཡིན།། ན་མཁའ་ལྟ་བུར་དངོས་མེད་པས།། བག་ཆ་ཌ་སྐྱོན་གྱིས་སྒྲིབ་ཏུ་མེད།། མ་ན་ཤེལ་ལྟ་བུར་རང་དག་པས།། སྐུ་གཉིས་མ་རྩལ་དབྱིངས་ན ་གསལ།། ནང་མེད་ནང་ན་འོད་གསལ་བ།། ཤེས་རབ་སྤྱན་གསུམ་རྣམ་པར་དག། རི་རབ་ལྟ་བུར་གཟུགས་ཆེ་བས།། གཽ་པ་གཅིག་གིས་ཕ་རོལ་ཕྱིན།། ཀུན་གཞི་ཁ་དང་ཞབས་མེད་པས།། སྣང་སྲིད་ལྷོ་རུ་ཟོས་ཀྱང་ངམ་འབྲ ་ནམཁའ་གོས་སུ་གྱོན་ཀྱང་ངམ་གཡོགས།། ས་གཞི་བསྟན་དུ་བཏིང་ཡང་ངམ་འདུས།། ཉིན་ཟླ་བང་དུ་བླངས་ཀྱང་ངམ་དྲོས།། ཀྱཻ་གསང་བའི་བདག་པོ་ཡིས་རྒྱལ་པོ་ཚིག་ལས་འདས་པ་ལ།། ལུང་དང་རིག་པ་ངལ་ཅི་ཕྱིར ་ཡིན། ཆོས་ཉིད་ཡེ་ནས་ངོས་དང་བྲལ་བ་ལ།། རྟགས་པའི་ཐ་སྙད་ང་ཡི་ཆོས་མ་ཡིན།། རང་ལྕེས་འགག་པ་མེད་པ་ལ།། འཆོས་པའི་སྐྱོན་གྱིས་ཡེ་ནས་གོས་པ་མེད།། གོལ་དང་མ་གོལ་ཚིག་གི་ཐ་སྙད་ཡིན།། རིག་པའི་རྒྱས ་པོ་གཞི་ནས་དག་པ་ལ།། སྒྲིབ་དང་མི་སྒྲིབ་པ་ལ་དོག་པ་མེད།། སྙིང་པོ་གདོང་ནས་རྫོགས་སངས་རྒྱས་པ་ལ།། བསཾ་གཏན་ངལ་གནས་པས་བདེན་པའི་ཚིག་དང་བྲལ།། ལུང་དུ་མ་བསྟན་པའི་སྒྲིབ་པའོ།། རིགས་ཀྱི་དུ་སངས་མ། ་རྒྱས་ཀྱི་བར་དུ་བླ་མ་དམ་པ་ལ་དྲི་བར་བྱའོ།། བདེན་པ་མ་མཐོང་གི་བར་དུ་བསྒོམས་པས་མཐོང་བར་མི་འགྱུ་རོ།། ཅེས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་རྩེ་མོའི་རྒྱུད་ལས།། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།། སྤྱི་དོན་ལྔ་དགྲོལ་བའི་གདམ་ངག་བསྟན་པ། དབང་པོ་བཞི་བསྡུ། ཆོས་ཉིད་དོ་སྤྲད། རིག་པའི་གོས་གྱོན། ཡིས་མ་བུ་སྤྱད། ནོར་བུ་རྒྱསས་བཟུང་།། དབང་པོ་བཞི་བསྐུ ་བ་ལ་ལྔ་སྟེ། བདག་སྲིད་པའི་རྩེ་མོ་རྒལ་ནས།། དབང་པོ་ཚོགས་དྲུག་འགཊ་པའི་དུས་སུ། བྱང་ཆུབ་སེམས་དཔའ་ཁྱེའུ་སྔ་མ་ལ་བཞི་སྟེ། ཁྱེའུ་སའི་སྙིང་པོ་རིགས་རྡོ་རྗེའི་རིགས། འབྱུང་བ་སའི་རང་བཞིན། སྐུ་མི་བསྐྱོད་པའི ་སྤྲུལ་པ། རང་བཞིན་སངས་རྒྱས་པར་རྒྱུན་གྱི་རྟག་པས། དེའི་ཕྱིར་ནི་སྟོང་པ་ཡིས་ཀྱི་སྙིང་པོ་ཅན་ཞེས་བྱ་སྟེ། ངའི་རང་བཞིན་ནི་མཛེས་པའི་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཡིན་ཏེ། སེན་རྣམས་ལ་ཚད་མེད་པ་གཞི་འགག་པ་མེད་པར ་སྐྱོབ་པའི་ཕྱིར། ལྷ་མོ་ཡིན་ལ་རང་བཞིན་དག་པའི་ཕྱི་ནས་འོད་ཟེར་འབྱུང་བས་ངའི་སྤྲུལ་པའི་སྐུ་འོད་ཟེར་དུ་སྣང་ངོ་།། དེའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་སྣང་བར་ནུས་པའོ།། དེའི་རྩལ་སྣང ་ན་མཁའ་ལ་སྤྲིན་གྱི་ཁ་དོག་དཀར་དམར་དུ་སྣང་བ་དང་། ས་གཞི་ལ་རིམ་པོ་ཆེ་དང་། སའི་ཁ་དོག་དང་། རྩི་ཤིང་དང་། མེ་ཏོག་གི་ཁ་དོག་དཀར་དམར་ལྔ་སྣང་བ་ཐཾད་དང་། ངའི་སྐུའི་རོལ་པ་ལ་བྱུང་བ་ཡིན་ནོ།། ཅེས་དྲི་བ་དང ་པོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ནི་རང་བཞིན་གྱི་རྣམ་པར་དག་ནས་བརྗོད་པའི་མཐའ་ལས་འདས་ཀྱང་། ཚིག་དང་དབང་པོའི་སྤྱོད་ཡུལ་མིན་ཀྱན ་ངའི་རང་བཞིན་ཆེན་པོ་ཡེ་ནས་སངས་རྒྱས་པས། གཟུགས་ཀྱི་སྐུའི་འོད་ཟེར་ལྔར་སྣང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ངའི་སྐུ་ཡིས་སྒྱུ་མའི་ལུས་སུ་མ་བསྟན་ན། ང་ངོ་བོ་དང་རང་བཞིན་དེ་བཞིན་གཤེགས་པས་མི་གཟི་ཊ་མི་མཁྱེན་ནོ།། ་ངའི་ཐུགས་རྗེ་སྤྲུལ་པའི་འོད་དུ་བསྟན་པས་སེནི་རྣམས་ཀྱི་ཤེས་པར་བྱ་བའི་ཆེད་དུ། དབུའི་ཐོར་གཙུག་དང་མཛོད་པུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་དང་། ལྗགས་ཀྱི་པདྨོ་དང་། ཐུགས་ཀྱི་དཔལ་བེའུ་དང་ཁ་སྤུའི་བུ་ག་ཡ་ན ་ཆོད་ནས་འོད་ཟེར་ལྔ་བྱེ་བ་དྲུག་ཏུ་འགྱེད་པའོ།། འོད་ཟེར་དེ་ཡང་དཔག་ཏུ་མེད་པ་གྲངས་ཏུ་མེད་དོ།། ཅེས་དྲི་བ་གཉིས་པའོ།། དེ་ནས་ཡང་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱི་དྲི་བ་དེ་ལེགས ་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཟུག་རྗེ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་དེ་དག་ཀྱང་ཁྱོད་ལ་འབྱུང་བར་འགྱུརརོ།། ཅི་སྟེ་སངས་རྒྱས་ཉིད་ཀྱི་སྤྲུལ་པའི་སྐུ་ཡིན་པའི་ཕྱིར། དེའི ་ཕྱིར་ཁྱོད་ཀྱིས་ཆེན་པོ་ལྔས་སངས་རྒྱས་པས། སངས་རྒྱས་ཡིས་ཀྱི་ལུས་ཅན་ཞེས་བྱ་སྟེ། ཁྱོད་ཀྱི་ངོ་བོ་དང་རང་བཞིན་ནི་བསམ་པའི་མཐའ་ལས་འདསོ།། ཁྱོད་ཀྱི་ཐུགས་རྗེ་ནི་སྤྲུལ་པོའི་སྐུར་བསྟན་ཀྱང་། དོན་ལྷ་མོ་ལྔན་སྣང་སྟེ ་གཞལ་ཡས་ན། མི་སྤྱོད་རྡོ་འཆང་བའི་སྐུ།། སྙིང་པོ་བྱང་ཆུབ་ཉིད་ལ་གནས།། སེཾན་ཀུན་གྱི་དོན་གྱི་ཕྱིར།། གསལ་བའི་ལྷ་མོ་ཆེམ་མོ་མ་མོང་འཛིན།། རྟགས་ཀྱི་ཕྱག་རྒྱ་དཀར་ལ་འཚེར།། མཉ་པའི་ལྷ་མོ་མི་སྐྱོང་སྐུ།། རྟ་གྱི། ་ཕྱག་རྒྱ་སེར་ལ་འཚེར་པདྨའི་ལྷ་མོ་དྲིལ་བུ་འཛིན།། རྟགས་ཀྱི་ཕྱག་རྒྱ་དམར་ལ་འཚེར།། ལས་ཀྱི་ལྷ་མོ་ཤུགས་འཆང་མ། རྟགས་ཀྱི་ཕྱག་རྒྱ་སྔོ་ལ་འཚེར།། དབྱིངས་ཀྱི་ལྷ་མོ་རྣམ་དག་སྐ།། རྟགས་ཀྱི་ཕྱ་རྒྱ་མཐིང་ལ་འཚེར ་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ།། ཆོས་ཀྱི་དཔྱིད་ཀྱི་ཕོ་བྲང་དུ།། སྒྲིབ་མེད་གསལ་བའི་ངོ་བོར་ཤར།། དཀར་དམར་འོད་ཟེར་སྣ་ལྔ་ཡང་།། ། མ་འདྲེས་ཡོངསུ་གསལ་བའི་ཕྱིར།། གསལ་བ་དང་། དྲོ་བ་དང་། བསིལ་དང་། ཡང ་དང་ཡངས་ཤིང་ཁྱབ་པར་སངས་རྒྱས་ཀྱི་སྤྱན།། མཐར་ཕྱིན་པ་མེ་ལོང་གི་ཡིས། མཆོད་པ་གཟུར་གྱི་མཆོད་པ་ལ་སྤྱོད་དོ།། དེ་རྣམས་ས་སར་མཐིམ་མོ།། ཀུན་ལ་དེ་འདྲི། ཁྱེའུ་ཕྱག་ན་རྡོ། ལས་ཀྱི་རིགས། རླུང་གི་རང་བཞིན་སྐུ ་སངས་རྒྱས་དོན་གྲུབ་ཀྱིས་སྤྲུལ་པ། རང་བཞིན་ལས་ཀྱི་སྒྲོན་མ། མཐར་ཕྱིན་པ་བྱ་བ་གྲུབ་པའི་ཡིས། མཆོད་པ་སྒྲའི་མཆོད་པའོ།། ཁྱེའུ་ན་མཁའི་སྙིང་པོ།། དེ་བཞིན་གཤེགས་པའི་རིཊ།། ན་མཁའི་རང་བཞིན། སྐུ་སྣང་མཛད ་ཀྱི་སྤྲུལ་པ། རང་བཞིན་སྐྱེ་མེད།། མཐར་ཕྱིན་པ་རྣཾ་པར་དག་པའི་ཡིས། མཆོད་པའི་དྲིའི་མཆོད་པའོ།། ཁྱེའུ་སྤྱས་རས་གཟིཊ། རིན་པོ་ཆེའི་རིགས་ཆུའི་རང་བཞིན། སྐུ་སངས་རྒྱས་འབྱུང་གནས་ཀྱི་སྤྲུལ་པ། རང་བཞིན་མཱ་མ་ཀུན་བྱ ་མཐར་ཕྱིན་པ་མཉམ་པ་ཉིད་འབྱེད་པ་མེད་པའི་ཡིས། མཆོད་པ་རོའི་མཆོད་པའོ།། ཁྱེའུ་སྒྲིབ་པ་རྣམ་པར་སེལ། པདྨའི་རིཿ། མེའི་རང་བཞིན། སྐུ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ། རང་བཞིན་ནམ་བ ་དཀར་མོ།། མཐར་ཕྱིན་པ་སོ་སོ་སྨིན་པའི་ཡིས། མཆོད་པ་རེག་བྱའི་མཆོད་པའོ།། བྱང་ཆུབ་སེམས་དཔའ་ཁྱེའུ་ལྔ་པོ་དེའི་ཁྱེའུ་སྣང་བ་རིག་བྱེད་ལ་སོ་སོ་ག་གོན་གནས་སུ་ཐིམ་ནས་གནསོ།། དེ་ནས་ཁྱེའུ་སྣང་བ་རིག་བྱེད། རིགས ་མེད་པའི་རིགས་ཨའི་རང་བཞིན། སྐུ་འོད་དཔག་ཏུ་མེད་པའི་རང་བཞིན། མ་བཅོས་པས་མཐར་ཕྱིན་པ་མི་གནས་པའི་ཡིས། མཆོད་པ་བྱ་བ་མེད་པའི་མཆོད་པའོ།། ཆོས་ཉིད་ངོ་སྤྲད་པ་ལ་གཉིས་ཏེ། དབྱིངས་དང་ཡིས་ཁ ་སྦྱོརརོ།། རིག་པ་གོས་གོན་ལ་གཉིས་ཏེ། རིག་པའི་འོད་ཀྱིས་ལུས་ལ་འཇུག་པ་དང་། འོད་རིག་པ་ལ་འཇུག་པའོ།། ཡེས་མ་བུ་ཕྲད་པ་ལ་གཉིས་ཏེ། སྔོན་བྱུང་གི་སངས་རྒྱས་ལ། རྗེས་འཇུག་གི་སངས་རྒྱས་འཇུག་པའོ།། ནོང་བུག ་རྒྱལ་ས་ཟིན་པ་ནི། སེཾན་སངས་རྒྱས་པའོ།། དབང་པོ་བཞི་སྡུས་པས་འགྲོ་དྲུག་མ་དང་འཕྲད། ཆོས་ཉིད་ངོ་སྤྲད་པས། ཀ་དག་པའི་ཡེས་རང་སྣང་། རོག་པའི་གོས་གོན་པས། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ། ཡེ་ས་མ་བུ་སྤྱད་པ ་ཐུགས་རྗེ་འབྱུང་བའི་སྒོམ་འགགས། ནོར་བུས་རྒྱལ་ས་ཟིན་པས་སངས་རྒྱས་མྱ་ངན་ལས་འདའོ།། ཅེས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་རྩེ་མོའི་རྒྱུད་ལས། ངོ་སྤྲོད་བཞི་ལ་སྤྱི་འདུད་ལྔ་དགྲོལ་བའི་ལེའུ་སྟེ་བཞི་པའོ།། ་རྫི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་མྱ་ངན་ལས་འདས་པའི་འོག་ཏུ། འཁོར་གྱི་མི་པོ་བཞི་། ཀླུང་འདུལ་བའི་ཆོས་བཞིས་སྟོན་ལ་མངོན་པར་མཐོང་བ་བཞིན་སྟོན་ཅིག། གསང་བ་བླ་ན་མེད་པའི ་ལ། བྱ་རྩལ་མེད་པ་ན་མཁའ་ལྟ་བུའི་ཆོས་བསྟན། མཚན་ཡོངས་སུ་རྫོགས་པར་བྱེད་པའི་འཁོར་ལ། ཆུ་ཟླའི་དཀྱོར་ལྟ་བུའི་ཆོས་བསྟན། མོས་པ་སྤྱོད་པའི་འཁོར་ལ། གདུང་ཤ་རི་རཾ་རིན་པོ་ཆེའི་ཆོས་བསྟན། ཚད་མེད་པ ་བཞི་དང་ལྡན་པའི་འཁོར་ལ། སྨན་གྱི་ལྷ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་བསྟན་ནོ།། རིགས་ཀྱི་བུ་ངས་འཇིག་རྟེན་གྱི་ཁམསུ་རང་ལོ་ཉི་ཤུ་རྩ་བཞི་ལོན་ནོ།། སེཾན་གྱི་ལོ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བཞི་སྤྲུལ་པའི་སྐུར་བཞུ་རྩས ་ཅེས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་གྱི་རྩེ་མོའི་རྒྱུད་ལས། སངས་རྒྱས་ཀྱི་རིང་བསྲེལ་གང་ཟག་གདམས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། བྱང་ཆུབ་ཀྱི་སེམས་རྒྱལ་མཚོན་རྩེ་མོའི ་རྒྱུད་རྫོགསོ།། ། པ་རིམས་རྒྱ་ཡིས་བཏབ་པ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡིས། འཁོར་གྱིས་རྡོ་སེམས་དཔའ་ལ། ཕྱི་ནང་མེད་པའི་ཆོས་དབྱིངས་སུ།། འབྲས་བུ་ཐོབ་ས་མེད་པའི་དུས ་ཐོད་ཡེ་གྲོལ་བསྟན་པ་ལ། ཡང་ཏི་ནག་པོ་འབྲུ་གཅིག་ཤར།། བྱིན་གྱིས་བརླབས་ཀྱིས་བྱུང་བ་ཡིས།། འབྲས་ཡེ་གྲོལ་ཆེན་པོའི་རྒྱུད།། དཔལ་ཤུགས་ཀྱི་ཤར་བའོ།། འབྲས་བུ་ལ་ཡང་རྣམ་བཞི་སྟེ།། སྤྱི་ཡི་འབྲས་བུ ་བསྟན་པ་དང་།། ནང་གི་འབྲས་བུ་བསྟན་པ་དང་།། གསང་བའི་འབྲས་བུ་བསྟན་པའོ།། ཕྱི་ཡི་འབྲས་བུ་བསྟན་པ་ནི།། ཕྱིའི་འབྱུང་བ་ལྔ་པོ་ཡིས་ལྔ།། ནང་གི་འབྲས་བུ་བསྟན་པ་ནི།། རྟན་ཀྱི། ་ཡིས་ཚོན་གང་ལ།། ཡང་གསང་འབྲས་བུ་གཉིས་ཡིན་ཏེ།། ངོ་བོ་རང་བཞིན་ཐུགས་རྗེ་དང་།། རིག་པའི་ཡིས་ཁོ་ནའོ།། རེ་རེ་ལ་ཡང་བཞི་བཞི་སྒོར།། མཚན་ཉིད་འཛིན་པ་དབུས་གནས་ཏེ།། ཐེང་ཡིས་ཆེན་པོར་ཤ ་ཐད་མཁྱེན་པའི་ཡིས་ལས།། ཐདྲྀ་བྱུང་ཡང་རང་བྱུང་ལ།། ཐཾད་འགག་ཀྱང་རང་འགག་ལ།། ཐང་གྲོལ་ཡང་རང་གྲོལ་བས།། འབྲས་བུ་ཐོབ་པའི་ས་མེད་དེ།། དཔེར་ན་རྒྱ་མཚོའི་ཉ་མོ་བཞིན།། གར་ཕྱིན་རྒྱ་མཚོའི ་ངང་དུ་གནས། ལྷུན་གྱི་གྲུབ་པས་ཐོབ་ས་མེད།། པདྨ་ནོར་བུ་རིན་པོ་ཆེ།། ཐཾད་གཅིག་ལས་རང་བྱུང་ལས་དེ་ནི་ལྷུན་གྲུབ་ཆོས་སྐུའོ།། དབང་པོ་རབ་གི་ཆོས་ཡིན་ཏེ།། འབྲིང་དང་ཐ་མ་འཁྱམས་པར་མཆིའོ།། རྫོགས ་ཆེན་གནང་དུ་མ་ཐབས་པར།། ཆོས་སྤྱོད་གང་དགར་གཏོང་བ་ནི།། དེ་ནི་རྫོགས་ཆེན་རྒྱུད་ཆད་ཡིན།། རྫོགས་ཆེན་རྟག་ཅིང་མ་ཆད་པར།། དགེ་སྡིག་ཚོལ་བར་སྤྱོད་པ་ནི།། དེ་ནི་རྡོརྗེ་ཆེན་དྲང་ཐང་ཡིན།། རྫོན་ཆེན་རྒྱུད་ལ་མ་ཐེབས ་ཐོས་བསམ་སྒོམ་སྒྲུབ་མི་བྱེད་པ།། དེ་ནི་རྡོརྗེ་ཆེན་ཕྱལ་པ་ཡིན།། ཡིས་གནང་དུ་མི་འཛིན་པར།། སེམས་འཛིན་ཕྲ་མོའི་རྩོམ་པ་ནི་ཀ། དེ་ནི་སྤྲིན་མོའི་ཡིང་སྨོན་ཡིན།། སེམས་འཛིན་གཅིག་ལ་ཡིད་འཆའ་བ།། དེ་ནི་ལོང་པོའི་ལཾ་སྣ་ཡིན།། ་ནགདམས་ངག་ཕྱོགས་དེམ་རྫོགས་པར།། རྒན་མོ་འཛུབ་རྨུ་སྡོམ་པ་ནི།། དམ་པ་ཞན་པའི་སྒོམ་པ་ཡིན།། ཞེས་འདོད་ཅིག་ལ་རྟེན་འཆབ་བ།། རྒང་པོ་མཁར་ཐོག་སྒོམ་པ་ནི།། དེ་མི་ལོང་བའི་ལམ་རྒྱུས་ཡིན།། བདེ་བའི་ཉམས་རྩོང ་རྟེན་ནས། གཞོན་པ་བདེ་བསྒོམ་པ་ནི།། དེ་ནི་གཞོན་པའི་རྨི་ལཾ་ཡིན།། ཞེས་གསུང་སོ།། ཀུན་ཏུ་བཟང་པོ་སྲོག་ཐིགས་པ།། འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་རྫོགསོ།། ་དགེའོ།། ཤུ ་