CLOSE WINDOW

Gbr006.15: sku gsum ja log bskal pa 'od ldan gyi rgyud
Wyliee-texts produced with BDRC’s OCR application

སྐུ་གསུམ་རྔ་ལོག་བསྐལ་པ་འོད་ལྡན་གྱི་རྒྱུད་བཞུག་སོ།། ་#རྒྱ་བ་སྐ་ས་ཏྲི་དེ་ཀ་ས་པྲཿ། བོད་སྐད་དུ། མུ་གསུམ་ཛ་ལོག་བསྐལ་པ་འོད་ལྡན་གྱི་རྒྱུད། བཅོམ་ལྡན་འདས་རངས ་དག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་བཤད་པའི་དུས་གཅིག་ན། མཁའ་འགྲོ་མཉེ་བར་ཞི་བ་དང་། གསང་བའི་བདག་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས ་བསྐོར་རོ།། རང་སྣང་རྣམ་དག་པདྨ་རྟེ་གུས་པའི་གདན་ལ་བཞུགས་ཏེ། སྣང་བ་ཐམས་ཅད་བྱུང་རྣམ་དག་རང་སྣང་གིས་མཁའ། ན་མཁའ་ལྟ་བུ་རྒྱུ་ཡོངསུ་མ་ཆད་པ། ཕྱི་ནང་མེད་པའི ་གནས་ཆེན་པོ།། པདྨ་བརྡལ་བའི་གཞལ་ཡས་ཁང་ཞེས་བྱ་བ་ན་བཞུགས་སོ།། དེའི་ཚེ་དེའི་དུས་ན། གཟིགས་སྣང་རྣམ་དག་གིས་ཚལ་ཅེས་བྱའོ།། དེ་ནས་གསང་བའི་བདག ་ཅོམ་ལྡས་དས་ལནས་པ། བླུགས་པ་གོས་པ་ལ་བ་འོད་ལྡ་རྣ་མ་བན ་ཛ་ལོག་བསྟན་པ་དང་། ལྷསྐོམ་རྔ་ལོག་བསྟན་པ་དང་། ཐེག་པ་ཛ་ལིག་བསྟན་པ་དང་། ལུས་སེམས་བྱེ་ལོག་བསྟན་པ་དང་། ཐུགས་རྗེའི་བྱིན་བརླབས་རྔ་ལོག་བསྟན་པར་བྱ། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད ་ལས། གླེང་གཞིའི་རྩ་བའི་ལེའུ་སྟེ། དང་པོའོ།། ། དེ་ནསུ་གསུམ་ཛ་ལོག་བསྟན་པར་བྱ། ཅེས་གསུངས་སོ།། སྟོན་པས་བཀའ་སྩལ་པ། སེམས་ལ་སྟེན་པའི་སྐུ་གསུམ་དང་། ཆོས་ལ ་སྤྲོས་པའི་སྐུ་གསུམ་དང་། རེག་པའི་ཡེ་ཤེས་སྐུ་གསུམ་མོ།། དེ་ལ་སེམས་ལ་རྟེན་པའི་ཆོས་སྤྱ་ནི། བརྗོད་པ་དང་ནི་སྤྲུལ་བ་ཡིས།། ངོ་བོ་ནམ་ལར་མྦྷ་བུའོ།། ལོངས་སྒྱུ་འཇུང་མཚོན་སྣ་བུ་ལ།། དྲོ་རྣམ་པར་སྣང་མང ་རོ།། སྤྲུལ་པའི་སྐུ་ནི་ངེས་མེད་མེད་ལ།། ངོ་བོ་ཐུབ་པ་དྲུག་ཏུ་འདོད།། སྐུ་གསུམ་འདུ་འབྲལ་མེད་པ་ལ།། སེམས་ཀྱི་གསུམ་པོ་རྒྱ་ཆད་པས།། ཕྱོགས་སུ་ལྷུང་བའི་གོལ་ས་ཡིན།། ཅེས་གསུངས་སོ།། བསྐལ་པ་འོད ་ལྡན་གྱིས་རྒྱུད་ལས།། སེམས་ཀྱི་སྐུ་གསུམ་འབྲེལ་པ་མེད་པའི་ལེའུ་སྟེ། གཉིས་པའོ།། ། ཡང་བཀའ་སྩལ་པ། ཆོས་ཀྱི་སྐུ་གསུམ་འབྲལ་མེད་གསུམ་པོ་ཛ་ལོག་དགོས་སྟེ། དེ་ཡང་ན་མཁའ་ལྟ་བུ ་དག་ལས་རྔ་ལོག་པས།། སྟ་བ་རང་བཞིན་མེད་པའི་དོན།། སྐྱེ་འགག་མེད་ཅིང་དབྲི་བཀོལ་མེད།། མཐའ་དང་དབུས་མེད་ཡེངས་པ་དེ།། དེ་ནི་ཆོས་ཀྱི་སཱུ་རུ་འདོད།། དེ་ནས་ཐབས་དང་ཤེས་རབ་ཀྱིས།། ཉམས་སུ་བླངས་པའི་སྒོམ་སྣང་། ་དྭེ། རྣམ་སྣང་རྔ་ལོག་དག་ཏུ་འདོད།། གཏན་ལ་འབབས་པའི་ཤེས་རིག་དེ།། ངོ་བོ་ཐུབ་གྲུབ་རྔ་ལོག་ཡིན།། གཉེན་པོ་རྟེན་པའི་ཆོས་ཡིན་པས།། དེ་ཡང་ཡིན་སྨོན་བློ་ཆེས་ཡིན།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར། ་ཅི་ལྟར་སྤྱད་པའི་འདུས་པར་འགྱུར།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱིས་རྒྱུད་ལས།། ཆོས་ལས་བྱས་པའི་སྐུ་གསུམ་ཡིད་སྨོན་འདུས་བྱས་སུ་བསྟན་པའི་ལེའུ་སྟེ། གསུམ་པའོ།། ་དེནས་བཀའ་སྩལ་པ། འདུས་བྱས་འདུས་མ་བྱས་སུ་རྔ་ལོག་སྟེ།། རིག་པའི་ངོ་བོ་ཆོས་གསུམ་ལ།། རྒྱུ་རྐྱེན་ཀ་ནས་མ་གྲུབ་པས།། ཆོས་སྐུ་རྔ་ལོག་ཆེན་པོ་ཡིན།། རིག་པའི་ཐེག་ལེ་ཆོས་མིན་སྐུ།། འགག་པ ་མེད་པར་རང་ཤར་བས།། སྦྲུལ་སྐུ་རྔ་ལོག་ཆེན་པོ་ཡིན།། རིག་པའི་ཐིག་ལེ་ཆོས་མེན་སྐུ།། བསམ་ངོའི་ཡུལ་ལས་འདས་པས་གདངས།། རང་སྣང་གྲོལ་བའི་མེ་ལོང་འདི།། ལོངས་སྐུ་རྔ་ལོག་ཆེན་པོ་ཡི།། ་ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རིགས་པའི་སྐུ་གསུམ་འདུས་མ་བྱས་སུ་ངོ་སྤང་བའི་ལེའུ་སྟེ། བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ ་ལམ་པཱི་སྐུ་གསུམ་བསྟན་པ་ནི།། རང་གྲོལ་སྐུ་གསུམ་རྔ་ལོག་ནི།། སྣང་བ་མི་འགག་ལོངས་སྐུར་ཤར།། འཛིན་པ་མི་འགག་སྦྲུལ་སྐུར་ཤར།། ཐིག་ལེ་མ་འགག་ཆོས་སྐུར་ཤར།། ཡེ་ནས་ཡིན་པའི་ཐིག་ལེ་ལ། ་སྐུ་གསུམ་རྩི་བ་ལམ་པའི་ཆོས།། གཞི་ལས་འདས་པའི་ཐིག་ལེ་ལ།། སྐུ་གསུམ་ཀ་ནས་མ་གྲུབ་པས།། སྒྱུ་ལམ་འབྲས་བུ་ང་ཡི་དུར།། རིག་པའི་སྐུ་གསུམ་ཆོས་ལས་གྲོལ།། ལྷ་བསྒོམ་སྤྱོད་པ་ང་ཡི་དུར།། ང་ཡི་སྒྲིབ་ཤིང་ལྷ ་སྒོམ་ཡིན།། ལྟ་བ་སྲོག་གི་ལྟ་བ་མཆོད་པས།། རིག་པའི་ཡེ་ཤེས་སྒྲིབ་པ་ཡིན།། སེམས་ཀྱི་སྐུ་གསུམ་མ་གནན་ན།། གོལ་སྒྲིབ་མ་ཤེས་སྐྱོན་དུ་འགྱུར།། ཆོས་ཀྱི་སྐུ་གསུམ་མ་བསྟན་ན།། གོལ་སྒྲིབ་འདུས་བྱས་སྐྱོན་ཏུ་འགྱུར། ་ཐིག་ལེའི་སྐུ་གསུམ་མ་བསྟན་ན།། འབྲས་བུ་རང་ཆས་མེད་པའི་སྐྱོན་དུ་འགྱུར།། སྐུ་གསུམ་སྣང་བར་མ་བསྒྱུར་ན།། ཐེག་པ་ཕྱི་ལ་འོག་མི་ཐོན།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། སྐུ་གསུམ་བསྟན་ལ་དབབ་པའི ་ལེའུ་སྟེ། ལྔ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྟ་བ་རྔ་ལོག་བསྟན་པ་ནི།། ལྟ་བ་ཀུན་ཀྱང་འཐུན་ཏེ་ཀུན་ཀ་མེན།། སོ་མ་རྣལ་མ་མ་བཅོས ་ག། ཕྱིའི་ལྟ་བ་ཡིན་པར་བཤད།། སྟོང་པ་ཁྱབ་པར་མི་འགྱུར་བ།། ནང་གི་ལྟ་བ་ཡིན་པར་བཤད།། རང་བཞིན་མི་འགྱུར་ངོ་བོར་གསལ།། རྒྱུ་རྐྱེན་མེད་པའི་དོན་དེ་ནི།། གསང་བའི་ལྟ་བ་རྔ་ལོག་ཡིན།། ཀུན་ཏུ་བཟང་པོའི་ལྟ ་བནྟེ། ཤེས་བྱ་བ་ཤེས་ཀྱི་འདུག་ཚུལ་ལ།། རྒྱ་ཆང་ཕྱོགས་ཞེན་རང་གྲོལ་ཏེ། ཐིག་ལེ་ཁྱབ་བརྡལ་ཆེན་པོ་ཡིན།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལྟ་བ་རྫ་ལོག་ཏུ་བསྟན་པའི་ལེའུ་སྟེ། དྲུག ་པའོ།། །། ཡང་བཀའ་སྩལ་པ།། བསྒོམ་པ་བྱ་ལོག་བསྟན་པ་ནི།། སེམས་ཀྱི་སེམས་ལ་ལྟ་བ་དང་།། གཉེན་པོས་ཆགས་སྡང་འགེགས་པ་དང་།། མི་གཙང་རུས་ཐིག་ལ་སོགས་པ།། གཉེན་པོ་རྟེན་ནས ་བསྒོམ་པ་ནི།། ཕྱིའི་བསྒོམ་པར་ཤེས་པར་བྱ།། རྩ་རླུང་ཐིག་ལེ་འབེབས་པར་བྱ།། རིག་མ་དངོས་དང་འོད་ཀྱི་རིག། རང་ལུས་ཐབས་སུ་བསྒོམ་པ་དང་།། གཏུམ་མོ་སྤོར་བ་རླུང་གི་ལས།། གསང་བའི་བསྒོམ་པར་ཤེས་པར་བྱན ་ལྷ་དང་ལྷ་མོ་བསྒོམ་པ་དང་།། ཡི་གེ་འཕྲོ་འདུག་བསྒོམ་པ་ནི།། ནང་གིས་བསྒོམ་པ་ཡིན་པར་བསྟན།། བསྒོམ་པ་རྔ་ལོག་འདི་ལྟ་སྟེ།། འགྱུར་བ་ཕྱོགས་མེད་འགྲོ་འོད་ལ།། ཐུགས་རྗེ་གཟུངས་ཀྱི་ཐག་པ་ཡི། ་རྟེན་མི་འཛིན་པའི་རྟེན་བསྒོམ་དང་།། རྩེན་དྷིར་བསྡུས་པའི་ལྷ་བསྒོམ་དང་། ཀོར་ཀོར་སྟོང་པའི་སྟོང་སྐེམ་ནི།། ཐམས་ཅད་ལམ་དུ་བྱས་གྱུར་ན།། བསྒོམ་པ་མ་ཡིན་ཡེ་ཤེས་ཡིན།། ཡཾས་བློ་ལས་འདས་པ་དེ། ་འཆར་རམ་མི་འཆར་ལྟས་པས་མཆོག། དེ་ཡང་དཔེར་ན་ཙན་དན་གྱི་ནག་ཚལ་མེས་སྦར་བས།། ཤིང་མ་ཟད་ཀྱི་བར་དུ་མེ་མ་ཤི་ཟེར་ཏེ། དཔེ་དེ་དང་འདྲ་བར། ཐུགས་རྗེ་གཟུངས་ཀྱི་ཐག་པ་མི་ལྟ་བུ་དེ ་སྒོམ་མཉམ་པའི་བློ་ལ་ཡར་བཏང་བས།། བློ་མ་ཟད་ཀྱི་བར་དུ་ཡེ་ཤེས་རྟག་ཏུ་འབར་ཏེ།། བློ་ཟད་པས་ཀྱང་ཡེ་ཤེས་ཀྱང་འབར་མ་ནུས་སོ།། ཆོས་རྣམས་རྔ་ལོག་དག་ཏུ་བསྟན་པས་ན ་དཔེ་ཡང་ཛ་ལོག་དག་ཏུ་བསྟན་པ་ནི།། དཔེར་ན་དམྱལ་བའི་གནས་ཆེན་ན།། ལྕགས་ཀྱི་ཁྲོ་ཆུ་ཆེན་པོ་ལ།། ཤིང་གི་གཞི་དག་ག་ལ་གྲུབ།། ཚུལ་མེ་འབར་ག་ལ་སྲིད།། ལྕགས་ཀྱི་ཁྲོ་ཆུ་མེ་རུ་འབར།། ཆུ་ཡིས་མེ ་ལ་བསྐོལ་བ་མེད།། མེ་སྲིད་དེ་སྲིད་པའི་རྔ་ལོག་ཡིན།། ཀུན་ཏུ་བཟང་པོ་རང་གྲོལ་ཤེས་རབ་སློབ་དཔོན་མེད།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱིས་རྒྱུད་ལས་ལྟ་སྒོམ་སྤྱོད་པ་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེ། ་བདུན་པའོ།། །། དེ་ནས་བཀའ་སྩལ་པ། ཐེག་པ་རྔ་ལོག་བསྟན་པ་ནི།། ཕྱི་ལྟར་བཤད་པ་སེམས་ཀྱི་ཆོས།། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་།། ནང་ཆོས་ལ་རྟེན་པའི་ཐེག་པ་དང་།། སྔགས ་ཕྱི་བ་ཐུབ་པའི་རྒྱུད། གསང་བ་ཟབ་པ་ལ་རྟེན།། མ་ཧཱ་ཨ་ནུ་བསྐྱེད་པ་དང་། རྫོགས་པའི་ཆོས་ཐམས་ཅད། ཛ་ལོག་དག་ཏུ་བསྟན་པ་ནི།། འཇུག་པའི་སྒོ་མེད་མཐོང་བའི་ཡུལ་ཀྱང་མེད།། སྒྲུབ་པའི་ཐབས་ལ་མ ་རྟེན་ཏེ། གྲུབ་པའི་རླུང་བྱུང་ཐ་དད་འདོད།། དུས་དང་གནས་སྐབས་དག་གི་འབྲས་བུར་འདོད།། ཡང་དག་དོན་ལ་གོལ་བ་ཡིས།། དེ་ལ་རྔ་ལོག་འདི་ལྟ་སྟེ།། འཇུག་པའི་སྒོ་མེང་ཡེ་ཤེས་ཁོང་ནས་ཤར།། བསྲུང་དང ་སྡོམ་པ་དམ་ཚིག་རྔ་ལྡོག་སྟེ། གཉིས་མེད་ཟང་ཐལ་མེད་པས་གང་ཅི་ཡིན་བསྲུང་དུ་མེད།། དམ་ཚིག་ཆེན་པོ་བསྲུང་བའི་ཁར་མི་འབབ།། རྟོགས་པར་བྱ་བའི་ཡུལ་མེད་ཐུབསེ་རེ་བལྟོས་ཁར་མི་སྣང་།། ཐབས་ཀྱི་རྒྱལ ་བོ་རང་གྲོལ་ཆེན་པོ་ཡིན།། འབྲས་བུ་རང་འབྱུང་ལྷུན་གྲུབ་ཡེ་གནས་ལ།། རྩལ་ཀྱང་སྒྲུབ་པའི་འབྲས་བུ་འཕེལ་འགྲིབ་འགྱུར།། ཐད་འདུག་ཚུགས་ཡེ་ནས་བཅོས་མེད་ཡིན།། རྟོགས་པ་ཤར་བའི་དུས་ན་ཡེ་ཤེས་ཐོག ་བབས་ཡིན།། རང་ཤར་གྲོལ་བའི་དུས་ན་ག་པུར་སྨན་འགྱུར་འདྲ། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཐེགས་པ་རིམ་པ་དགུ་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེཿབརྒྱད་པའོ།། ། ་དེ་ནས་ལུས་སེམས་རྔ་ལོག་བསྟན་པ་ནི།། ཐོག་མའི་ལུས་ནི་ཟད་མ་སྟོང་པ་ཡིན།། བར་གྱི་ལུས་ནི་འོད་དུ་གྱུར་པ་ཡིན།། འོད་ལུས་འགྱུར་བས་པ་ཁྲག་ལུས་སུ་ཆུད་།། འོད་ཀྱི་དུས་སུ་འོད་ཀྱི་འཛིན་པ་ནི། ་འོད་ཀྱི་ལུས་སུ་འཛིན་པའི་སེམསུ་སྣང་།། ཡིད་ཀྱི་སྣང་བ་འགྱུར་བས་ཤ་ཁྲག་འཛིན་པ་ལྟར། ཤ་ཁྲག་ལུས་དང་རྟེན་འབྲེལ་བ།། སེམས་ཀྱི་མཚན་མ་འདི་ལྟར་ཤེས་པར་བྱ།། རྒྱུ་ནཱི་པའི་སྐྱེད་པ་མའི་ལེན་པའི་རྐྱེན།། ་གཉིས་འདུས་སེམས་ཀྱི་སྲེད་པ་དེ་ལྟར་ཆགས།། ཆགས་པའི་རྐྱེན་གྱི་ཚོར་བ་མ་རིག་པ།། ཡིད་དང་རྣམ་ཤེས་དབུགས་དང་བག་ཆགས་ལྟས།། བག་ཆགས་འགྱུར་བས་སེམས་ཀྱི་རྔ་ལོག་ཡིན།། འོད་ལུས ་ཡིད་རང་ཤ་ཁྲག་ལུས།། བར་དོར་མ་ཚུད་པར་དུ་ཤ་ཁྲག་ལུས་ལ་གནས།། གནས་སྐབས་བག་ཆགས་ལུས་སེམས་བདེན་འདྲ་སྟེ།། བརྟན་དུ་མི་བདེན་བག་ཆགས་དཀར་ནག་རྗེ།། གཞན་ནས་རྗེ་རུ་མེད ་དེ་རང་གིས་རང་ལ་སྒོད།། སེམས་ཀྱི་རྔ་ལོག་འོད་གསལ་མ་ཤེས་ཤིང་།། ལུས་ཀྱི་རྔ་ལོག་ལྷུན་གྲུབ་མ་ཤེས་ན།། རྟག་ཏུ་ཆོས་སྤྱོད་བྱས་ཀྱང་འབྲས་བུ་གཏན་མི་བདེ།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས ་ལུས་སེམས་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེཿདགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཐུགས་རྗེའི་བྱིན་བརླབས་རྔ་ལོག་བསྟན་པ་ནི།། སྐུ་གསུམ་རང་སྣང་ཐུགས ་རྗེ་སྟེ།། སྤྲུལ་པའི་སྐུའི་ཐུགས་རྗེའི་བྱིན་བརླབས་ནི།། འཆར་ཚུལ་རྣམ་པ་གསུམ་དུ་འབྱུང་།། བདག་རིག་གཞན་རིག་ཐམས་ཅད་པ།། སྤྱི་རུ་སྤྲུལ་ནས་འགྲོ་བ་འདྲེན།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ་ནང་ལྟར་སྤྲུལ་ནས་འགྲོ་བ་འདྲེན།། དེ་ནི་མཐུན་མོངས་སྤྲུལ་སྐུ་ཡིན།། བྱིན་གྱི་བརླབས་སུ་སྣང་བའོ།། ཁྱད་པར་རང་སྣང་སྤྲུལ་སྐུ་ནི།། མཆོག་གིས་དང་པོ་སྐུ་གསུམ་འཆང་།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ་ལུས་མཐའ་དུས་མཐའ་སྲིད་མཐའ་རྟོགས།། ལུས་ཀྱི་མཐའ་ནི་རྟོགས་པའོ།། སྲིད་གསུམ་དག་པ་ཆེན་པོ་ལ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དེ་ནས་རང་གྲོལ་སྤྲུལ་སྐུའི་སྣོད་ལས་སྤྲུལ་པའི་སྐུ་བྱུང་པྲ། ་འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་།། གྲོལ་བ་རང་འབྱུང་འདི་ཉིད་ཡིན།། དོན་བྱེད་མ་འགག་སྤྲུལ་པའི་སྐུ།། འདི་ཉིད་ཡང་དག་སྤྲུལ་སྐུ་ཡིན།། ཅེས་གསུངས་སོ།། བསྐལ་པ་འོད ་ལྡན་གྱི་རྒྱུད་ལས་ཐུགས་རྗེ་སྦྲུལ་སྐུའི་བྱིན་བརླབས་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེ། བཅུ་པའོ།། ། དེ་ནས་བཀའ་སྩལ་པ། ལོངས་སྤྱོད་རྫོགས་སྐུའི་ཐུགས་རྗེ་ཡང ་རྣམ་པ་གསུམ་དུ་རེག་པར་བྱ།། ཐུན་མོངས་ཁྱད་པར་ལོངས་སྐུ་དང་།། བསྒྲུབ་པའི་ཡིད་ཀྱི་ལོངས་སྐུ་དང་།། ངོ་བོ་ཉིད་ཀྱི་ལོངས་སྐུ་གསུམ།། སངས་རྒྱས་རྣམ་པར་སྣང་མཛད ་ཆེ།། ཡེ་ཤེས་སྐར་མ་ལྷམ་མེ་བ།། གཞི་ལ་གནས་པའི་སྐུ་ལྔ་པོ།། འགྲོ་བ་རྒྱུད་ལ་ཆར་ལྟར་སྣང་།། ཡིག་འབྲུ་སྤྲོ་བསྡུའི་བྱིན་བརླབས་ཀྱིས།། ཐུགས་རྗེ་མི་བདེ་སེལ་བ་ནི།། བསྒྲུབ་པའི་ཡིད་ཀྱི་ལོངས་སྐུ ་xxx ་ལྔའི་བདག་པོར་སྣང་།། དེ་ནི་རང་སྣང་ལོངས་སྐུ་ཡིན།། ཅེས་གསུངསོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལོངས་སྐུ་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེ། བཅུ་གཅིག་པའོ།། ། ་ཆོས་སྐུ་རྔ་ལོག་ཏུ་བསྟན་པ་ནི། མཐུན་མོངས་ཆོས་སྐུ་རྣམ་པ་གསུམ།། དབྱིབས་མེད་ཁ་དོག་མེད་པ་དང་།། གཉིས་མེད་དབྱེ་བ་མེད་པ་དང་།། དབྱེར་མེད་ཆོས་སྐུ་རྣམ་གསུམ་ནི།། དཔེའ་ནི་ནམ་མཁའ་དང་འདྲ་སྟེ། ་སྤྲིན་དང་ཆར་གྱི་ཚུལ་གྱི་ནི།། སྐུ་གཉིས་བྱུང་ནས་དོན་བྱེད་པ།། ཕྱིའི་སྐུ་གསུམ་ཐུགས་རྗེ་ཡིན།། ཁྱད་པར་རང་སྣང་ཐུགས་རྗེའི་བྱིན་བརླབས་ནི།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། རིགས་པའི་ཡེ་ཤེས་རང་གདངས་ལ ་འགྱུ་བ་འགག་པ་མེད་པ་དེ།། བྱིན་བརླབས་འགག་པ་མེད་པ་ཡིན།། གཉིས་པ་རང་སྣང་རང་གྲོལ་ཏེ།། ཡེ་ཤེས་ཟང་ཐལ་ཡེ་ཡིན་པས།། ལོངས་སྐུ་འགག་པ་མེད་པ་ཡིན།། ཐུག་རྗེ་རྔ་ལོགས་མ་ཤེས་ན། ་ཐུགས་རྗེ་འོད་ཀྱི་རེ་བ་ནི།། དེ་ནི་ཕྱི་དུས་བཏབ་པ་ཡིན།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཤིན་ཏུ་ཟད་པས་སད་པའི་བདག་ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཆོས་སྐུ་རྔ་ལོག་ཏུ ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། ཡང་བཀའ་སྩལ་པ།། ཛ་ལོག་རྣམ་གསུམ་ལམ་དུ་ཁྱེར་བ་ནི།། ཐིག་ལེ་ཆོས་མེན་ཟང་ཐལ་ཆེན་པོ་ལས།། རང་བྱུང་ཡེ་ཤེས་རྒྱ ་མ་ཆད་པ་ཡིས།། སྣང་བ་འགག་པ་མེད་པར་ཤར་བ་དེ།། རང་འབྱུང་རང་སྣང་ཡིན་པར་ཡེ་ཤེས་ན།། ཡིན་པར་ཤེས་པས་རྒྱ་ཆང་ཕྱོགས་ལྷུང་མེད།། ཡིན་པར་མ་ཤེས་རྒྱ་ཆད་ཕྱོགས་སུ་ལྷུང་།། རང་སྣང་དག་པས་ལུས ་བཞིའི་ཁར་མི་འགྲོ། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས། རང་སྣང་ལམ་ཁྱེར་གྱི་ལེའུ་སྟེ། བཅུ་གསུམ་པའོ།། ། དེ་ནས་བཀའ་སྩལ་པ། རང་རིག་ཡེ་ཤེས་ལམ ་ཁྱེར་བ་ནི།། རང་གི་འགྱུར་བ་ཕྱོགས་མེད་འཆར་བ་སྟེ།། རེག་པ་ཁྱབ་བརྡལ་ཆེན་པོའི་རྩལ་དུ་ཤེས་པར་བྱ་བ་ནི།། འགྱུ་བ་སྐྱེས་ཚད་ཡེ་ཤེས་གྲོགས་སུ་འགྱུར།། འགྱུ་བ་རེག་པའི་རྩལ་དུ་མ་རྟོགས་ན།། ཞི་ནས་བསམ ་གཏན་ཡེ་ཤེས་ག་ལ་སྐྱེ།། བསམ་གཏན་ཡེ་ཤེས་འགྱུ་བ་རང་གྲོལ་ཡིན།། ཕྱོགས་ལྷུང་མེད་པའི་རང་རིག་རང་གིས་ལྟོས།། མ་ལྟས་མཐོང་ངོ་ཟེར་བ་གླེན་པའི་ང་རྒྱལ་ཡིན།། བལྟས་ནས་མ་མཐོང་ཟེར་ན་རྐུན་པོ་སྐྱོན་པོ་ལ ་ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རང་རིག་ལམ་ཁྱེར་གྱི་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ཆོས་སྐུ ་ཐུགས་རྗེ་རྔ་ལོག་བསྟན་པར་བྱ།། སྣང་དང་མཐོང་དང་འཛིན་མ་དག། འོག་མིག་སྲིན་བྱའི་མིག་དང་ནི།། ཐི་གུ་སྦྲུལ་དུ་མཐོང་བ་བཞིན།། ཆོས་སྐུའི་ཐིག་ལེ་ཚེ་གྲངས་ལ་སོགས་འགྲོ་དྲུག་གིས།། བདུད་དུ ་འཕྲུལ་པས་སེམས་ཅན་སྐྱོང་།། ཐུ་འཇུག་མཐོང་ཡང་ཆོས་ཀྱི་རྒྱལ་པོ་སོགས།། འདྲེན་དུ་འོང་པས་སླང་ལ་གསྲོག་གཅོད་མཐོང་།། རིགས་ལྔའི་ཕྱག་མཚན་མཐོང་བས་ནི།། སྐུ་གྲི་ལ་སོགས་ར ་ལུས་གཤེགས་ལ་སོགྲ། ཕྱག་འཚན་སྐུ་མདོག་སླར་ཡང་བདུད་དུ་ཆེ།། རབ་བདུན་དགོངས་པ་སྦགས་པས་ནི།། རྟོག་སོང་ཚེས་ལ་སོགས་པའི་སྒྲ་རུ་འགྱུར།། སྣང་འཛིན་མཐོང་བས་ལོག་པའི་འབྲས་བུ་ཡིན།། ད་ལྟར་སྣང ་འཛིན་རང་ལས་བདུད་དུ་ཆེ་བ་མེད།། མེད་པར་མ་ཤེས་སངས་རྒྱས་དགྲ་རུ་ལངས།། ཆོས་སྐུ་རྒྱབ་ལོག་བྱས་ཤིང་རིག་པ་བདུད་དུ་བབས།། འགྱུ་བ་ཕུང་མཁན་དབུགས་མེད་ཟད་ཐལ་ཏེ།། རང་སྲོག་རང་གིས་མི་མཆོད་ཅི་ལ་སྲིད། ་འགྲུབ་སྲོག་གཅོད་གདམ་ངག་མ་ཤེས་ན།། ངོ་སྤོང་ཁ་འཇམ་རང་གིས་བྱས་ཆོས་ཡིན།། རིག་པའི་ཆོས་ཉིད་ཡེ་ཤེས་སྐུ་མཁར་ནས།། ཤེས་རབ་འགག་པ་མེད་པའི་མི་བོ་ཡིས།། འགྱུ་བའི་མིག་ལ་མདའ ་གཅིག་མ་རྒྱབ་ན།། རྟག་ཏུ་ངོ་སྤོང་བྱས་ཀྱང་སངས་རྒྱས་དགྲ་རུ་ལྡངས།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས་ཐུགས་རྗེས་རྔ་ལོག་འགྱུ་བ་མདའ་བརྡེག་གི་ལེའུ་སྟེ། བཅཝོ་ལྔ་པའོ།། ་དེ་ནས་ཡང་བཀའ་སྩལ་པ། འགྲོ་བའི་བླ་མ་སྟོན་པ་ཡིན།། སྤྲུལ་པའི་སྐུ་ཏེ་སྐུའི་མཆོག། ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་ཅན།། ཆོས་སྐུའི་དངོས་སུ་སྟོན་པ་ཡིན།། བླ་མ་ཆེན་པོས་བསྟན་པ་ནི ་སྐུ་གསུམ་རང་ལུས་མཐའ་ཡང་རྟོགས།། སྤྲུལ་པའི་སྐུ་རུ་ཤེས་པར་བྱ།། དུས་ཀྱི་མཐའ་དང་གནས་སྐབས་མཐའ།། རབ་འབྲིང་ཐ་མ་ཡང་རབ་ཀྱིས། མཐའ་གསུམ་མཐའ་ནི་གཙང་བའི་ཕྱིར།། དུས་གསུམ ་དུས་མེད་རྟོགས་པའོ།། ངང་ལ་རང་ལུས་དུས་ཀྱི་མཐའ།། འགྱུ་བ་ཕྱོགས་མེད་འགྲོ་བ་དེ།། རང་རིག་ཡེ་ཤེས་ལྷག་མཐོང་གིས།། ལྷངས་ཀྱིས་ལྟོས་དང་སལ་གྱི་འབྱུང་།། ལུས་ནི་སྔར་ཞེན་སྒྲིབ་པ་ཡིན།། ཉོན ་མོངས་སྒྲིབ་པ་རང་གྲོལ་དུ།། ལྷངས་ཀྱི་ལྟས་ན་ལུས་མཐའ་རྟོགས།། རྟོགས་གེ་ཁ་འཇམ་ཤོར་བ་དང་།། མས་འཛེག་ཆོས་སྤྱོད་ལྷན་པ་ཅན།། ལུས་ཀྱི་མཐའ་ནི་མ་རྟོགས་སོ།། གནས་ཀྱི་མཐའ་ནི་བར་དོ་ལ།། ལས ་ཀྱི་སྒྲིབ་པ་རང་གྲོལ་བའི།། འགྱུ་བ་རྐང་པ་བྱ་སྒྲོ་འདྲ།། ལྷུན་གྲུབ་ལྷུང་པོ་གཡོས་ཙམ་ན།། ལུས་བཞི་སྒྲོག་སྒྲིབས་དབྱེ་བ་འདྲ།། བྱ་སྒོ་རླུང་གིས་ཁྱེར་ཙམ་ན།། གྲོག་པོའི་ནང་དུ་འགྲོ་བ་ལྟར།། དུས་ཀྱིས་མཐའ་ནི ་བར་རོ་རུ།། སངས་རྒྱས་ཀུན་ཏུ་བཟང་པོ་དེ།། ཐོག་མའི་འཁྲུལ་པ་རབ་ཏུ་བརྡའ།། ཐ་མ་འཇིག་རྟེན་ཤེས་ནས་ནི།། རང་གྲོལ་རང་སྣང་རང་ཤར་ནས།། གྱི་ལུགས་དག་ཏུ་སངས་རྒྱས་དང་།། འགྱུ་བ་རྐྱང་པ་འདི་གཉིས ་ལ།། བར་ན་ཅི་ཡང་མེད་པ་ཡིན།། ཐུགས་རྗེ་རྔ་ལོག་ཤེས་པར་གྱིས།། དུས་ཀྱི་མཐར་རུ་ཤེས་པར་གྱིས།། ཀུན་བཟང་དགོངས་པ་བསྟན་པ་ནི།། གནས་སྐབས་སྐད་ཅིག་མ་ཡེངས་ཡིན།། སྐད་ཅིག་ཐམས ་ཅད་བྱེ་བྲག་བྱེད།། སྐད་ཅིག་གཅིག་ལ་རྫོགས་བྱང་ཆུབ།། ཤེས་བྱའི་སྒྲིབ་པ་དེར་གྲོལ་ནས།། ཐིག་ལེ་ཆོས་མེན་ཡངས་པའི་ཀློང་།། སྣང་འཛིན་དག་པས་མངོན་སངས་རྒྱས།། ཅེས་གསུངས་སོ།། ་བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཛ་ལོག་བསྐོར་གསུམ་གྱི་ལེའུ་སྟེ། བཅུ་དྲུག་པའོ།། ། ཨཱིཾ་ཀྵིཾ་རིག་ཀྱི་བུ། གོ་བར་དཀའ་བའི་ཚིག་འདི་བཟུང་གཅིག། བྱ་ཟླ་བའི་ལས་འདི་གྱིས་ཤིག། ་ཐེག་ལེ་ཆོས་མེན་ཡངས་པ་ཆེན་པོའི་ཀློང་ན།། ང་རིག་པ་ཆོས་མེན་གྱི་སྐུ་ནི།། དུས་ཐམས་ཅད་དུ་ལྟར་མེད་པ་ཡིན་ནོ།། ལྷས་ན་བདུད་ལ་བསྒོམས་ན་ཀླག་གོ།། སྤྱད་ན་འཚལ་ལ་སྦུབས་གཏོར།། ཐམས་ཅད་སྒྲིབས་པའི ་ཡེ་ཤེས་ཏེ།། གནས་དག་པའི་ཡེ་ཤེས་ལ།། རྒྱུན་རྐྱེན་གྱི་འཁྲུལ་པའི་ཆོག་མི་འཇུབ། རྒྱུ་རྐྱེན་མེད་པར་རགས་ལུས།། གཉེན་པོས་ཆོམ་པའི་གནས་སྐབས་མེད།། གཞིའི་ཐིག་ལེ་ཆོས་མིན་གྱི་སྐུ་དེ།། བྲལ ་གཟོའི་ཁར་མ་གཏོང་ཅིག། ཡེ་ནས་གཞི་ལམ་དབྱེར་མེད་འདི།། འབད་རྩོལ་ཆུ་ལ་མ་བསྐུར་ཅིག། ཐམས་ཅད་ཡེ་ནས་གྲོལ་བ་འདི།། ཐུན་དུ་ཆུག་ལ་མ་སྒོམ་ཅིག། སྣང་བ་རང་གྲོལ་གྱིས་ཐིག་ལེ་ཡེ་བརྡལ་འདི ་གཉིས་སྣང་གི་ཁ་རུ་ཤོར་ཏེ་འཆིའོ།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱིས་རྒྱུད་ལས་གོ་བར་དཀའ་བ་བརྡའི་ལེའུ་སྟེ། བཅུ་བདུན་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ལེགས་པར་ཉོན་ཅིག། ཐེག་ལེ་ཡང་པའི་ཀློང་རུམ་ནས།། སྣོད་བཅུད་ཐམས་ཅད་ཡེ་ཤེས་སུ་དྲིལ་བས་ན། འབྱུང་བ་ལྔ་དུས་ཅིག་ལ་ཟད་པས།། གཙོ་སྲེག་ལ་སོ་ཀྲ། ་ཁར་འགྲོང་མེད་དོ།། དེའི་ཀློང་བྱ་བརྩལ་དང་བྲལ་བས།། ཡེ་ཤེས་ཀྱི་རང་ལུགས་ལ་ཕུང་པོ་མ་གྲུབ་པས།། ན་ཚ་བཀྲེས་སྐོམ་གྱི་སྡུག་བསྔལ་རང་གྲོལ་བས།། ཆོས་སྤྱོད་བཅུའི་ལས་བྱར་མེད་དོ།། ཆོས་ལས ་འདས་པ་ཡིན་པས།། ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱའོ།། རིག་པ་ཆོས་མིན་གྱི་ཡེ་ཤེས་ཀ་དག་པ་ལ།། སྐུ་གསུམ་ཀ་ནས་མ་གྲུབ་པས།། ཆོས་སྐུ་ན་མཁའ་ལྟ་བུ་ལ་རེ་ལྟོས་མེད་ན།། ཡེ་ཤེས་ཁོང་ཤར་གྱི ་རང་གྲོལ་ཡིན་ནོ།། འབྱུང་བ་ལྔ་ཟད་ཕུང་པོ་ལྔ་ལས་གྲོལ།། རང་རིག་པའི་ཡེ་ཤེས་ཁོང་ཤར་ནས།། འདི་ལ་བྱ་བརྩལ་རྩོལ་གྲུབ་ཅི་ཡང་མེད།། མེད་པས་ཐིག་ལེ་ཆོས་མེན་ཡིན།། ཅེས་གསུངས་སོ།། ་བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རང་གྲོལ་རང་ཤར་གྱི་ལེའུ་སྐབས་བཅཝོ་བརྒྱད་པའོ།། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། ཐིག་ལེ་ཆོས་ཀྱི་སྐུའི་སྣང ་པ་ལ།། རེ་ཞིང་སྒྲུབ་དང་འབྲས་བུ་འདོད།། དེ་ནི་ངའི་གོལས་ཏེ།། ངའི་བཞི་ལ་འཆོས་པ་དེས།། ཐིག་ལེ་ཆོས་མེད་དམ་ཚིག་འདས།། འགྱུ་བ་ཕྱོགས་མེད་འཆར་བ་ནི།། ཐིག་ལེ་ཆོས་མེད་ངའི་ལམ།། ་དེའི་དྲུང་དུ་ལྟ་བ་སྟེ།། དེ་ནི་ཐིག་ལེ་ཆོས་མེན་ལྟ་ལྒངས་ཡིན།། ཡེ་ཤེས་ཟང་ཐལ་རང་ཤར་ལ།། དུས་མེད་རྟག་ཏུ་ལྟ་བ་སྟེ།། དེ་ནི་ངའི་དམ་ཚིག་ཡིན།། རང་ལས་འགྱུས་པ་རང ་གྲོལ་བས།། དེ་ནི་ངའི་དགོད་པ་ཡིན།། ཡེ་ནས་ཡིན་པར་ཤེས་པ་དེ།། དེ་ནི་ངའི་མཁྱེན་ཚད་ཡིན།། རང་ལས་རང་གྲོལ་ར་སད་པ།། དེ་ནི་ངའི་འབྲས་བུ་ཡིན།། ལྷུན་གྲུབ་ཐིག་ལེ་ཆོས་མེན་ལ།། ་གཉེན་པོས་བཙུན་ལ་སྒོམ་དུ་མེད།། དེ་ནི་ངའི་གྲུབ་མཐའ་ཡིན།། དེ་ནི་ཀུན་གྱི་རང་གྲོལ་དུ།། ལྷངས་ཀྱི་རྟོགས་པའི་ངོ་བོ་ནི།། སྟོང་གསལ་ཀུན་ཁྱབ་སྣ་ཚོགས་འབྱུང་།། ཀུན་གྱི་གཞི་མར་གནས་པའོ།། ་ཐམས་ཅད་ཀྱི་བདག་ཉིད་དུ་འདུག་པའོ།། ཐུན་མོངས་མ་ཡིན་པའི་འདུག་ཚུལ། ཡིན་ཚུལ་དབྱེ་བ་མེད་པ། རྟོགས་ཚུལ་ཐིག་ལེ་ཆོས་མན་དུ་རྟོགས་པ།། ཤར་ཚུལ་རྣམ་རྟོགས་ཡེ་ཤེས་སུ་འཆར་བ། ་གྲོལ་ཚུལ་རེག་པ་ཆོས་མེན་གྱི་ཡིས།། རིག་པ་ཁོང་གྲོལ་དུ་རང་ཤར་བ།། ཐོབ་ཚུལ་ཐིག་ལེ་དང་ཡེ་ཤེས་མཁྱེན་ཚད་ཐོབ་པའོ།། ཅེས་གསུངསོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རིག་པ་ཡེ་ཤེས ་བཏན་ལ་དབབ་པའི་ལེའུ་སྟེ། བཅུ་དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཉོན་ཅིག། རང་རིག་པའི་ཡེ་ཤེས་ལ་དཔེས་བསྟན་གྱིས། ཅེས་གསུང ་ནས། རིག་པ་ཆོས་མིན་གྱི་ཡེ་ཤེས་དེ་ལ། བསྒྲིབ་གཡོག་གདོད་ནས་དག་པས།། དཔེ་ཤེལ་སྒོང་དག་པ་ལྟ་བུའོ།། མ་བཙལ་བར་གྲུབ་པས་ནོར་བུ་རིན་པོ་ཆེ་ལྟ་བུའོ།། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པས ་ཆུ་ཟླ་ལྟ་བུའོ།། དེའི་རྩ་ལ་མི་འགག་པས་རླུང་ལྟ་བུའོ།། རྒྱ་གར་ཀྱང་མ་ཆད་ཅིང་། ཕྱོགས་གར་ཡང་མ་ལྷུང་བས། ན་མཁའ་ལྟ་བུའོ།། འབད་རྩོལ་མེད་པས་ཁྱུང་ཆེན་ལྟ་བུའོ།། སྐད་ཅིག་ལ་རང ་ས་ནོན་པས་སེང་གེའི་འཕྱོད་པ་ལྟ་བུའོ།། སྣང་བ་ཐམས་ཅད་རང་གྲོལ་དུ་སྣང་བ་ནི་ཐག་པ་སྦྲུལ་ལྟ་བུའོ།། ཕྱོགས་རིས་མེད་པ་ཉིད་མ་ཕྱེད་ཀྱི་དཀྱིལ་ལྟ་བུའོ།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན ་གྱི་རྒྱུད་ལས། རང་རིག་པའི་ཡེ་ཤེས་ལ་དཔེ་ངོ་སྤྲད་པའི་ལེའུ་སྟེ། ཉི་ཤུ་པའོ།། ། ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག ་ལྟ་བ་ཁ་འརྔ་མ་ཤོར་བ་དང་། ཐིག་ལེ་ཆོས་མེན་ཀློང་པ་གཉིས།། འདྲ་འདྲ་ཏེ་ནོར་བར་འཆི།། སྒོམ་པ་སེམས་འཛིན་སྤྱོད་པ་དང་།། འགྱུ་བ་ལམ་དུ་གློང་བ་གཉིས།། འདྲ་འདྲ་ཏེ་ནོར་བར་འཆི།། ཡེ་ཤེས་ལྷའི་ལུང་སྟོན ་དང་། བར་ཆོད་བདུད་ཀྱི་ལུང་སྟོན་གཉིས།། འདྲ་འདྲ་ཏེ་ནོར་བར་འཆི།། ཚོགས་དྲུག་ལྷུག་པའི་རྣལ་འབྱོར་དང་།། ། རང་རྒྱུད་ལྷུག་པའི་རྣལ་འབྱོར་གཉིས།། འདྲ་འདྲ་སྟེ་ནོར་བར་འཆི།། སྣང་བ་ལམ་དུ་ཁྱེར་བ་དང་། ་ཞ་འདོད་ལམ་དུ་ཁྱེར་བ་གཉིས། ཁྲུ་འདྲ་འ་དྲ་སྟོ་ནོར་པར་འཆི།། གསང་སྤྱོངད་བྱེད་པའི་སྨོན་པ་དང་།། གདོན་གྱིས་བརླབས་པའི་སྐྱོན་པ་གཉིས། ཝ་དྲུ་འདྲ་ནོར་པར་འཆི།། སྣང་བ་ལམ་དུ་བྱང་བ་དང་། ་ཆོས་པ་འོག་རུལ་བྱེད་པ་གཉིས། འདྲ་འདྲ་འདྲ་ཏེ་ནོར་བར་མཆིའོ།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། འདྲ་མེན་ངོས་བཟུང་བའི་ལེའུ་སྟེ། རྗེ་གཅིག་པའོ།། ་དེནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུང་དྲི་མ་མེད་པའི་གསུང་།། ཐུགས་དྲི་མ་མེད་པའི་ཐུགས།། སྐུ་དྲིམ་མེད་པའི་གྲོང་ནས་བཤད་པ།། རྣམས་ཅད་རང་གྲོལ་དུ་བྱིན་མ་འདི།། ཐུགས་པ་འཇོད་མ ་ལསྒྲུབ་དང་། དུག་ཅན་དང་། ཞབས་རྡོལ་དང་། བཞོགས་རལ་དྲང་བཞི་ལ། ཤེས་རབ་བཞིས་སྒོ་བྷྱཱཾ། ཡེ་ཤེས་གསང་ཀྱི་སྒོ་སྟོན། ཐབས་ཀྱི་འདྲེར་སྒོར་བྱུང་། ངེས་པའི་གསང་སྒོ་བཏོལ།། རིག་པ་ཡེ་ཤེས ་གསང་ལམ་དུ་ཆུག། ཅེས་བཀའ་སྩམ་ཏོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལུང་བསྟན་པའི་ལེན་སྟེ། རྗེ་གཉིས་པའོ།། དེནས་བཀའ་སྦས་པ། རྣམ་པའི་ཆོག ་གཅོད་ལྟ་བའི་གཏོང་པུར་ཕྱུང་། སྤྱོད་པ་གཉིས་མེད་རང་གྲོལ་རང་དུ།། གཏན་ལ་འབེབས་པའི་ཡུལ་དུ་མ་གཏན་རང་གྲོལ་ཤེས་པར་གྱིས།། འབྲས་བུ་ཡེ་ནས་ཡིན་པས་ཐོབ་པའི་ས་མེད་དོ།། བྱིན་བརླབས ་ཐུགས་རྗེའི་ཕྱོགས་རིགས་མེད་པ་ལ།། རེ་སྐོས་མ་བྱེད་འཛིན་སྣང་དུན་སྨོས།། རིག་པ་ཡེ་ཤེས་རིག་མེ་ཆོས་ལས་མ་བྱས་པས།། དབྱམ་ཆས་ལས་མ་བྱས་པས།། དེ་ཕྱིར་ཆོས་ལས་འདས་པ་ཡིན།། ཕྱོགས་མེད ་ནི་མ་ཆད་པས།། དེ་ནི་ནམ་མཁའ་མེད་པ་ཡིན།། ཡེ་ཤེས་ཐེག་ལེ་ཡེ་ནས་རྣམ་དག་པས།། དེ་ནི་འབྱུང་ལྔ་རང་གྲོལ་ཡིན།། སྣང་སྲིད་སྐུ་གསུམ་ཐིག་ལེ་ཁོང་ནས་འབར།། དེ་ཕྱིར་སྲིད་གསུམ་རྣམ་དག ་ཡིན།། འགྲོ་དྲུག་སྤྲུལ་པའི་ཐུགས་རྗེ་ཤཀ། སེར་ལ་སོགས་པ་སྣང་བ་རྣམས།། ཡེ་ནས་ཐིག་ལེ་ཆོས་མེན་རང་རྩལ་ཡིན།། ཡེ་ནས་འགྲོ་དྲུག་ཡང་གཅད་དུ་མེད།། ཅེས་གསུངས་སོ།། བསྐལ ་བ་འོད་ལྡན་གྱི་རྒྱུད་ལས། རང་གྲོལ་གནས་ལུགས་ཀྱི་ལུང་བསྟན་པའི་ལེའུ་སྟེ། རྗེ་གསུམ་པའོ།། ། དེ་ནས་གསང་བའི་བདག་པོས་གཏན་ལས་ལངས་ཏེ། ་བསྐོར་བ་ལན་གསུམ་བྱས་ཏེ། ཨེ་མ་ཧོ། ཨེ་མའོ།། མགོན་པོ་བཅོམ་ལྡན་འདས། སྣ་ཚོགས་རང་གྲོལ་སྐུལ་ཕྱག་འཚལ་བསྟོད།། ཐིག་ལེ་ཆོས་མེན་སྐུ་ལ་ཕྱག་འཚལ་བསྟོད།། བསྐལ ་བ་འོད་ལྡན་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་རང་འབར་སྐུ་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དེ་ཕྱག་ལན་གསུམ་བཙལ་ནས། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་བཞུགས་ནས ་རྗེས་སུ་ཡིད་རང་ངོ་།། བསྟོམ་པ་རྡོ་རྗེ་སེམས་དཔས་ཞུས་ནས། ལག་ན་རྡོ་རྗེ་དང་། མཁའ་འགྲོ་མས་བསྡུས་པ། ་ལེའུ་སྡེ་བཞི་པའོ།། ། ་