| Wylie | e-texts produced with BDRC’s OCR application |
ཕྱ་གར་སྐད་དུ། བཛྲ་མོ་གི་ཌ་ཀི་ནི་ས་རུ་ཀྲོ་ཀྲོ་ཏནྡ་ན་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་རྒྱུད། མཁའ་འགྲོ་མ་འདྲེས་སྐད་ཅེས་བྱ་བ། དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་འཁོར་རྒྱལ་སྲས་སྤྲུལ་པའི་འཁོར་དང་། ཉིད་ལས་མི་ཞན་པའི་འཁོར་དང་། དབང་མེད་དད་པས་བསྡུས་པའི ་འཁོར་དང་ཐབས་ཅིག་ཏུ་བཞུགས་ཏེ། འོག་མིན་གྱི་ཞིང་ཁམས་པདྨ་ཅན་དང་། བདེ་བ་ཅན་ཞེས་བྱ་བ་ན་གནས་ཏེ། དུས་དེར་བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེས་སྟོན་པ་རྡོ་རྗེ་སེམས་དཔའ ་ལགས། བདག་ཅག་མཁའ་འགྲོ་མ་རྣམ་པ་ལྔ་འཁོར་དང་བཅས་པ་ལ་ཡང་དག་པའི་དོན་ཐེག་ལེའི་དགོངས་པ་བསྟན་དུ་གསོལ། ཞེས་ཞུས་སོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་བཀའ་སྩལ་པ། རྒྱུ་ཡི་བྱང་ཆུབ་སེམས་དཔའ་དཔའ་མོ་རྣམས་འབྲས་བུ་བྱང་ཆུབ་སེམས་དཔར་ལ་ཟླ་བར་བྱའོ།། དུས་ནམ་ཞིག་ན་དམ་པའི་ཆོས་ཉི་མ་ཤར་བ་དང་འདྲ་བ་འོང་སྟེ། དེ་ནས་དམ་པའི ་ཆོས་ཐང་ནུབ་སྟེ་སྣང་བར་གྱུར་ཏོ།། དེའི་དུས་སུ་མུན་སྣང་གི་བསྐལ་པ་བྱ་བ་འབྱུང་ངོ་།། དེ་ནས་ངའི་བསྟན་པ་རྒྱལ་ཐེབས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ཁ་རུ་དམ་པའི་རྒྱུད་དེ་དང་བར་འགྱུར།། གྱུར་ན་ཀྱང་འབྱོར་པའི་ལམ་དུ་གང་སྟེ་སྟོན་དུ ་འགྱུརརོ།། ཞེས་རྡོ་རྗེ་སེམས་དཔས་བཀའ་སྩལ་ལོ།། རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ལས་གླིང་གཞིའི་ལེའུ་སྟེ། དང་པའོ།། ། དེ་ནས་རོ་ལངས་བདེ་བས། རྡོ་རྗེ་སེམས་དཔའ་ལ་ཞུས་པ། ཐོག་མར་འཁྲུལ་པ་རྫི ་ལྟར་ལགས། ཤེས་ཞུས་པས་བཀའ་སྩལ་པ། ཐེག་ལེ་ལྷུན་གྲུབ་མི་འགོག་འོད་གསལ་བ། གཞི་ལ་འགག་མེད་ལྷུན་གྲུབ་རླུང་། རླུང་གཡོས་རང་སར་ལྡར་བ་དང་། འཕྲིག་དང་འགུལ་དང་འགྱུ་བ་འབྱུང་། དེ་ནས་མ་ཡིན། ་རླུང་ཞེས་གྲགས།། སྔར་འཕྲིག་འཁྲུལ་པ་ཡིད་དུ་གྲགས།། རང་ཉམས་སྟོང་པ་སྣང་བར་གྲགས།། དེ་ལས་མ་དམིགས་འགྱུ་བ་སྣ་ཚོགས་ཤར།། རང་སྣང་མ་མཐོང་གཞན་སྣང་མཐོང་།། རླུང་ཆེན་དེ་ནི་ལས་ཀྱི་རླུང་།། སྤུན་གྲུབ་ཡི་གེ་ཨ ་བྱུང་།། མགོ་དང་དཔུང་པ་ལག་པ་དང་། རྐང་པ་རྐང་རྟེན་ལྔ་རུ་སྣང་།། མཚོན་པ་ཙམ་དུ་བརྗོད་པ་ལས།། ཐེག་ལེ་ཆེན་པོ་ཡི་གེ་མེང།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། དེ ་ཡི་རྩལ་ལས་ཡི་གེ་ཧ།། རྩལ་གྱི་ཡི་གེ་ཞེས་སུ་གྲགས།། དེ་ཡི་གདང་ལས་ཡི་གེ་མ།། ཐམས་ཅད་བསྐྱེད་པར་བྱེད་པའོ།། དེ་ཡི་རོལ་པའི་ཡི་གེ་འ།། གཅོང་པར་བྱེད་པ་ཞེས་སུ་གྲགས།། གཅོད་པར་བྱེད་པ་དེ་ཉིད་འགྱུར་བ་མེད་པའི་ཕྱིར། ་མ་ནུ་ཞེསུ་རབ་ཏུ་གྲགས།། དེ་ལ་འོད་ལྔ་རབ་ཏུ་འབར།། མ་ནིང་འོད་ཟེར་དཀར་པོར་འཕྲོ།། ཨ་ནི་འོད་ཟེར་མཐིང་ཁར་འཕྲོ།། ཧ་ནི་འོད་ཟེར་ལྗང་ཁུར་འཕྲོ།། 2་ནི་འོད་ཟེར་དམར་པོར་འཕྲོ།། ས་ནི་འོད་ཟེར་སེར་པོ་འཕྲོ། ཁ་དོག་སྣ་ཚོགས ་འབར་བའི་འོད།། གཟི་བརྗིད་ཕུང་པོ་ལྟ་ན་སྡུག། ཅེས་གསུངསོ།། ལྷུན་གྲུབ་རང་སར་བསྟན་པའོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། གཞི་བསྟན་པའི་ལེའུ་སྟེ། གཉིས་པའོ།། ། དེ་ནས་ཡང་གསོལ་པ ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ།། ཐེག་ལེ་འཁྲུལ་པའི་འོད་གསལ་དེ།། མ་ནིང་རླུང་ལས་མ་ཤེས་རྨོངས་པ་སྟེ།། སེམས་ཅན་ཆགས་པ་ཇི་ལྟར་ལགས། ཤེས་ཞུས་པས། ཡང་གསུངས་པ། ལས་ཤེས་བྱ་བ་སྣ་ཚོགས་བྱེད ་དང་པོ་བསྐྱེད་པ་ཐ་མར་གྲོལ།། དཔེར་ན་དུག་སྦྲུལ་མདུད་གྲོལ་འདྲ།། སྣང་བ་ཆེན་པོ་གསལ་བ་ཆེ།། འོད་ཀྱི་སྐུ་དང་ཡིད་ཀྱི་ལུས།། མཉམ་བྱེད་མཚན་དང་དཔེའ་བྱང་རྫོགས།། ཐོག་མ་ཡིད་ཀྱི་སྐུ་ཡིན་སྙམ།། བྱེད་དོ་སྙན་པ་མཉན ་བྱེད་འཛིན།། དེ་ཡང་ཨ་ཡི་ངོ་བོར་གནས།། དེ་ལས་འཕྲོས་པས་འོད་དུ་སྣང་།། འོད་ཀྱི་ལུས་ལ་ཡིད་ཀྱི་འཛིན།། འོད་ཀྱི་གཟུགས་བརྙན་ཞེས་སུ་གྲགས།། དེ་ལས་རྟགས་པས་འོད་ཀྱི་སྐུ། མཚན་དང་དཔེ་ཀྱང་རང ་ཆས་ལ།། འཛིན་པ་བྲག་ཆའི་སྒྲ་ལྟར་འཁྲུག། འདོད་ཡོན་ལྔ་ལ་ལོངས་སྤྱོད་པས།། ལྷ་དང་ལྷ་མ་ཡིན་དུ་འཁྲུལ།། དེ་ལྟར་མ་ཤེས་ཆགས་པར་འཁྲུལ།། ཡི་དགས་དག་ཏུ་འཁྲུལ་པའོ།། དེ་ཡང་རང་ངོ་མ་ཤེས། ་སྤངས་པར་ཆགས།། དམྱལ་བ་དག་ཏུ་འཁྲུལ་པའོ།། ད་ལྟ་ང་རྒྱལ་ཆེན་པོ་སྐྱེས།། དེ་ནས་མི་རུང་འཁྲུལ་པའོ།། དེས་ནི་ཆགས་སྡང་རླུང་ཆེན་བྱུང་།། ཆགས་སྡང་ལྔ་ཡང་ཨ་ལས་བྱུང་།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ་ཅེས་གསུངསོ།། རྡོ་རྗེ་རྣལ་འབྱོར་མའི་རྒྱུད་ལས། འགྲོ་དྲུག་ཏུ་འཁྲུལ་པའི་ལེའུ་སྟེ། གསུམ་པའོ།། ། དེ་ནས་རོ་ལངས་བདེ་བས་ཡིས། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཀུན་ཏུ་བཟང་པོའི་རྟོག་ན ་དང་།། ཁམས་གསུམ་མ་ནུའི་དགོངས་པ་དེ།། གཅིག་གམ་ཐ་དད་ཇི་ལྟར་ལགས།། ཤེས་ཞུས་པས།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཀུན་བཟང་གཞི་ནས་འཁྲུལ་པ་ནི།། བློ་གྲོས་བཟང་སྟེ་གྲོལ་བ་དང་། ་རྡོ་རྗེ་སེམས་དཔའ་སྒྱུ་མ་ལྔ་མཁྱེན་པ། ཁམས་གསུམ་མ་ནུའི་འཁྲུལ་པ་གཉིས།། རྒྱུ་ལས་དབྱེར་མེད་ལྕགས་དང་འདྲ།། རྒྱུ་ལ་དབྱེར་མེད་གསེར་དང་འདྲ།། འབྲས་བུ་ཐ་དད་རང་ཤར་དེ།། ཀུན་ཏུ་བཟང་པོ ་རྣམས་གཉིས་ཡིན།། འབྲས་བུ་ཀུན་ཏུ་བཟང་པོ་དེ།། ཡིད་ཀྱི་གཟུགས་བརྙན་སྤྲུལ་སྐུར་ཤེས།། བོད་ཀྱི་གཟུགས་བརྙན་ལོང་སྐུར་ཤེས།། མཚན་དང་དཔེ་བྱད་ཆོས་སྐུར་ཤེས།། ཤེས་རིག་ཡུལ ་ལས་འདས་པ་ཡིན།། སྣང་ལ་རང་བཞིན་མེད་པས་ཡུལ་ལས་གྲོལ།། གསལ་ལ་རྟོག་པ་མེད་པ་ཡིད་ལས་གྲོལ།། མི་སྣང་རང་བཞིན་མེད་པ་ལམ་ལས་གྲོལ།། དབྱེར་མེད་རང་སར་གྲོལ་བས་ཐ་དད་དང་། ་དུ་གྲོལ།། ཡེ་ཤེས་སྐུ་དེ་རང་བྱུང་བས།། མཚན་མ་རང་སར་གྲོལ་བས་དབྱེ་བ་མེད།། རང་སར་གྲོལ་བ་ཐ་དང་ངང་དུ་གྲོལ།། ཞེས་དེ་ལ་བྱ།། རྟོག་པ་སྔོན་དུ་འགྱུར་ཞེས་དེ་ལ་བྱ།། འབྲས་བུ་ཀུན་ཏུ ་བཟང་པོ་ལ་ངོ་སྤྲད་པའི་ལེའུ་སྟེ། བཞི་པའོ།། ། དེ་ནས་ལོངས་སྐུའི་ངོ་སྦྲང་བསྟན་དུ་གསོལ། ཞེས་ཞུས་པས། ཡང་བཀའ་སྩལ་པ། མཚན་དང་དཔེ་བྱད་རྫོགས་པ་ལ། ་སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། སྐུ་ནི་སྒྱུ་མ་ལྟ་བུའོ།། སྣང་ལ་རང་བཞིན་མེད་པའི་སྐུ།། ཀུན་ཏུ་ཞལ་ནི་ཕྱོགས་བཅུར་གཟིགས།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། གསུང་ནི་བྲག་ཆ ་ལྟ་བུའི་གསུངས།། ཚངས་པའི་གསུང་འདྲ་སྙན་པར་སྒྲོགས།། ཐུགས་ནི་སྒྱུ་མ་སྤྲུལ་པར་གསལ།། སྒྱུ་མ་རང་གསལ་གཞན་ཡང་གསལ།། ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པ་ཡིན།། ཤིན ་དུ་འདུ་བ་རྣམ་པ་ཐམས་ཅད་མཁྱེན་པའོ།། ཡུལ་ནི་སྣང་ལ་རང་བཞིན་མེད་པ་སྟེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། སྒྱུ་མ་ལྟ་བུའི་ཞིང་ཁམས་གསལ།། སྟེག་ན་པར་ལ་གནན་མ་ནེམ། ་ལཙྪ་ན་རང་སྣང་རྟེན་པོ་སྐྱེ།། རྡོ་རྗེ་མྦྷི་དཟུངས་རྟོགས་སངས་རྒྱས།། ཤར་ཕྱོགས་ཞལ་ནི་མཐིང་ཁའི་རྣ་ལ།། རྡོ་རྗེ་སེམས་དཔའ་ལ་སོགས་པ།། ཐམས་ཅད ་མ་ལུས་མཐིང་ཁར་སྣང་།། ལྷོ་ཕྱོགས་ཞལ་ནི་སེར་པོའི་གདངས།། རིན་འབྱུང་ལ་སོགས་སེར་པོར་སྣང་།། ནུབ་ཕྱོགས་ཞལ་ནི་དམར་པོ་སྟེ།། སྣང་བ་མཐའ་ཡས་ལ་སོགས་པ།། ཐམས་ཅད་མ་ལུས ་དམར་པོར་སྣང་།། བྱང་དུ་ཞལ་ནི་ལྗང་ཁུར་གསལ།། ཀུན་ཏུ་ལྟ་བ་མཆོག་ཏུ་དགའ།། ཀུན་ཀྱང་འོད་ཀྱི་ཕུང་པོར་གནས།། ཁ་དོག་སྣ་ཚོགས་འབར་བའི་འོད།། ཉི་ལྟར་གསལ་ཞིང་མཁའ་ལྟར ་རངས།། ཤེས་གསུངས་སོ།། སྐུ་ཡི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་འཕྲོ།། ཞེས་གསུངས་སོ།། ལོངས་སྒྱུའི་ངོ་སྨད་པས། ཞིང་ཁམས་རྣམ་པར་དག་པ་རང་གྲོལ་དུ་བསྟན་པའོ།། ་བསྒོམས་ཐུགས་ཕྲད་ཀྱི་ཞིང་ཁམས། མ་བསྐྱེད་རང་འཁྲུངས་ཀྱི་སྐུ། སྐུ་རྒྱན་གྱི་འཁོར་ལོ།། གསུང་བརྒྱན་གྱི་འཁོར་ལོ།། ཐུགས་བརྒྱན་གྱི་འཁོར་ལོ།། ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་བཀའ་སྩལ་པ། རྒྱུ་ཡི་ཀུན་ཏུ་བཟང་པོ་ལ་ངོ་སྤྲད་བསྟན་པ་ནི། དཔེ་མ་ནོར་བ་དང་། དོན་མ་ནོར་བ་དང་། རྟགས་མ་ནོར་བར་ངོ་སྤྲད་པའོ།། དཔེ་མ་ནོར་བ་ནི་རྣམ་པ་གསུམ་སྟེ། ཁྱུང་དང་། ་སེང་གེ་རྣ་བའི་རྣལ་འབྱོར་རྒྱུའི་དཔེའ་གསུམ་ཡིན། ཁྱུང་ཕྲུག་སྒོ་ངའི་ནང་དུ་ནི། གཤོག་རུ་རྒྱས་ཏེ་ཕྱིར་མ་འཐོན། དཔེར་ན་རྣལ་འབྱོར་རྟོགས་ལྡན་དེ།། འགྱུར་བ་འགྱུར་ཏེ་འགྱུར་བ་མེད། ་དཔེར་ན་ཁྱུང་ཕྱིར་འཐོན་པས།། སྒོ་ང་བཅག་པས་མ་དང་མཉམ།། འོག་མ་རྣམས་ལ་ཉམ་མིང་།། འབད་རྩོལ་མེད་པར་མཁའ་ལ་ལྡིང་།། མ་དང་མཉམ་ཏེ་དབྱེ་བ་མེད།། རྣོང་ཞིང་གསོ་ཡི་ཁར་མ་ལུས།། ་དཔེར་ན་ནོར་པས་དོན་དང་མཇལ།། ཞེས་གསུངས་སོ།། དཔེར་ན་རྟོགས་པའི་རྣལ་འབྱོར་དེ།། རྟག་མ་ནོར་བ་འདི་ལྟ་སྟེ། འོག་མའི་ཆོས་རྣམས་དོན་ལ་རྫོགས།། ཡན་ལག་མཐའ་སྐེ་ཡི་གེ་མེད། ་མ་རིག་སྒོ་ངའི་སྦུབས་འབྱེད་པ།། རྟོགས་པ་ནང་ནས་རྒྱས་པ་ཡིས།། ཕུང་པོ་བོར་ནས་གཞི་དང་མཇལ།། ཞེས་གསུངས་སོ།། སེང་ཕྲུག་མངལ་ནས་མ་དང་མཉམ།། མཉམ་ཡང་སེང་གེར་མིང ་མ་ཐོགས།། རྟོགས་ལྡན་རིག་པ་ཁོང་ནས་གྲོལ།། གྲོལ་ཡང་མངལ་རྒྱས་མིང་མ་ཐོགས།། མངལ་སྒྲོར་མཐོན་ནས་སེང་གེར་རྟགས།། གཞི་ལ་སླེབ་པས་སངས་རྒྱས་གྲལ་དུ་ཐོག། ཅེས་གསུངས་སོ།། ་དཔེར་ན་རྗེ་དྲུག་མངལ་དུ་གནས།། དྲག་ལ་ཐར་པའི་སྒྲ་མ་ཞུགས།། ཐར་ཏ་ཐར་ཏེ་ཕྱིན་པ་མེད།། མ་ཡི་མངལ་ནས་འཐོན་པ་དང་།། མ་ཡིས་དྲག་ལ་ཕྱིན་པ་དང་།། བུས་ཀྱང་ཐེ་ཙོམ་མེད་པར་ཐར། ་དེས་ན་རྣལ་འབྱོར་ཆེན་པོ།། རིག་པ་དོན་གྱི་ཐོག་གྲོལ་བས།། སངས་རྒྱས་སེམས་ཅན་མིང་ཡང་མེད།། རྟོགས་པ་ཡོད་དེ་འགྱུར་བ་མེད།། སངས་རྒྱས་སེམས་ཅན་སྤྱི་སྔ་བ ་འཁོར་བ་མྱངས་ཕྱིས་པ།། མངོན་གྱུར་ལྷུན་གྲུབ་སྦྱིས་པ།། དེ་ཡི་མིང་ནི་མ་ནིང་ཡིན།། རླུང་གི་མིང་ནི་མ་ནིང་རླུང་།། སྣང་བ་མ་ནིང་འཛིན་པ་མ་ནིང་འཛིན་པ་མ་ནི་པང་ཡིན།། སྣང་བ་མ་ནིང་འཛིན་པ་སྤྱིས ་བ།། དགོངས་པ་སངས་རྒྱས་སམ་སླེབ།། ལྟར་སྣང་ཕུང་པོ་ན་ཚ་ཡོད།། ཐུགས་ཀྱི་རྩལ་གྱི་བདེ་སྡུག་འབྱུང་།། གྲོ་བའི་ཡུལ་ན་བདེ་བ་ཆེ།། འདི་ཉིད་འཇིག་རྟེན་རྣམ་དག་ཡིན།། གྲོལ་ན་གྲོལ ་བའི་ལམ་ཡང་སྟོན།། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས་རྒྱུའི་ཀུན་ཏུ་བཟང་པོ་ལ་ངོ་སྤྲད་པའི་ལེའུ་སྟེ། དྲུག་པའོ།། ། ་དེ་ནས་ཡང་རྡོ་རྗེ་སེམས་དཔས། རིག་པའི་ཁོང་གྲོལ་གྱི་དགོངས་པ་དང་། རིག་པ་གཞི་ཐོག་ཏུ་གྲོལ་བའི་དགོངས་པ་བསྟན་པ་ནི།། རིག་པ་ཁོང་དུ་གྲོལ་བའི་དགོངས་པ་བསྟན་པ་ནི།། ད་ལྟར་རང ་རིག་རང་གསལ་འདི།། ངོ་མ་ཤེས་པས་སངས་རྒྱས་དགྲར་ལངས།། རིག་པ་བདུད་དུ་བབས། ཆོས་སྐུ་རྒྱབ་ལོག་བྱས། སྦྲུལ་སྐུས་སླུས། ལོངས་སྨྲས་གོ་ལ་སར་ཆུད། ཨེ་མ་ཧོ་སེམས ་དེ་ཡ་ཐ་པ་ཅིང་བ་ས་སྐམས་པའི་བྲས་ལང་མཐུང་ལྕང་རྒྱལ།། འ་ལ་བྱས་པ་དྲག་དོག་དེས་སུ་ས་མེད་འདྲ། ་ཅན་སྙིང་རེ་རྗེ། དེ་ནི་རིག་པ་ཁོང་གསལ་དུ་གྲོལ།། རང་གསལ་མ་བཅོས་ཆོས་ཀྱི་སྐུ།། རང་ཤར་དེ་ནི་ཆོས་ཀྱི་སྐུ།། རང་གྲོལ་དེ་ནི་སྦྲུལ་སྐུ་ལ།། འདྲ་འབྲལ་མེད་པས་ཐེག་ལའོ།། རིག་པ་རང ་གསལ་ལྟ་བའི་མཆོག། ཅིར་སྣང་རང་འབྱུང་ཤེས་པས་སྤྱོད་པའི་མཆོག། རྒྱུན་ཆད་མེད་པ་འབྲས་བུའི་མཆོག། ཤུགས་འབྱུང་རང་ཤར་ཤེས་པས་རིག་པ་ཁོང་དུ་གྲོལ།། ཞེས་མཁའ་འགྲོ་མའི ་རྒྱུད་ལས། རེག་པ་ཁོང་གྲོལ་དུ་བསྟན་པའི་ལེའུ་སྟེ། བདུན་པའོ།། །། དེ་ནས་ཡང་རིག་པ་གཞི་ཐོག་ཏུ་གྲོལ་བ་ནི། ལུས་ཀྱི་མཐའ་དང་བྲལ་ཏེ་སྔོན་དུ་གྱུར ་པའི་དུས། རྣལ་འབྱོར་པ་ནི་རྣམ་གསུམ་སྟེ། ཕུང་པོ་ལྷག་མ་མེད་པ་རུ།། སྒྲ་དང་བཅས་ཏེ་སངས་རྒྱས་སོ།། འབྲིང་ནི་འདི་རུ་གྲོལ་བ་སྟེ།། དབུགས་ཆད་པས་ཡིས་གྲོལ་བའོ།། ཐ་མ་པར་དོར་ཞག ་གསུམ་གནས།། ཆོས་ལས་འདས་ནས་གྲོལ་བའོ།། འཝིབ་ནི་རྣམ་པ་གསུམ་ཡིན་ཏེ།། རབ་ནི་རྒྱས་གདབ་རྣམ་གསུམ་སྐྱེ།། ཆོས་ཉིང་བར་དོར་གྲོལ་བའོ།། འབྲིང་ནི་སྲིད་པའི་འཁོར་ལོ་ལ། ་སྣང་བ་འཁོར་ལོར་གྲོལ་བའོ།། ཐ་མ་འོད་གསལ་འཁོར་ལོ་ལ།། རང་དབང་མེད་པར་གྲོལ་བའོ།། ཐ་མའི་རབ་ནི་སྣང་བ་ཆེན་པོ་ལ།། འོད་གསལ་མཐོང་ནས་གྲོལ་བའོ།། འབྲིང་ནི་འོད ་གསལ་འཁོར་ལོ་ལ།། རང་དབང་མེད་པར་སངས་རྒྱས་པའོ།། ཐ་མ་ཚེ་གཅིག་སུམ་བཅུ་རྩ་ལྔ་ལ།། རིག་པ་རང་གྲོལ་རང་རྡོལ་བས།། དེ་ཉིད་དུ་ནི་གྲོལ་བར་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་མཁའ ་འགྲོ་བའི་རྒྱུད་ལས་རིག་པ་གཞི་ཐོག་ཏུ་གྲོལ་བའི་ལེའུ་སྟེ། བརྒྱད་པའོ།། ། དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སངས་རྒྱས་པའི་འབྲས་བུ་ནི།། ཉི་མའི་སྙིང་པོ་ལྟ་བུར་གནས། ་ཟེར་ལ་སྦྲུལ་སྐུ་འགག་མེད་འབྱུང་།། འོད་ལ་ལོངས་སྐུ་འགག་མེད་འབྱུང་།། དེ་བཞིན་ཐེག་ལེ་ཉགཅིག་སྟེ།། གདངས་གསལ་ལོངས་སྐུར་གསལ་བའོ།། འོད་ལ་འདུ་འབྲལ་མེད་པར་ཙལ།། སྦྲུལ་སྐུ་ཟམ་མ་ཆད་པར་འགྱུར། ་གཉིས་མེད་འདུ་བྲལ་མེད་པ་ལས།། ཆོས་སྐུ་རྒྱུན་ཆད་མེད་པར་འགྱུར།། ཐེག་ལེ་འདུ་འབྲལ་མེད་པ་ལས།། ཁམས་གསུམ་མ་ལུས་འཁྲུལ་པར་བཟུང་།། ཨེ་མ་སེམས་ཅན་ལས་དང་བག་ཆགས་དང་།། བདེ་གཤེགས ་སྐུ་དང་ཡེ་ཤེས་མཉམ།། རྟོགས་པའི་རྣལ་འབྱོར་རྩལ་དུ་སྣང་།། ཐུགས་རྗེའི་འོད་ཟེར་སྐུར་སྣང་།། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། སའི་འབྲུས་དང་བྱུང་ཚུལ་བསྟན་པའི་ལེའུ་སྟེ ་དགུ་པའོ།། ། དེ་ནས་རྗེ་བཙུན་རྣལ་འབྱོར་མས། རོ་ལངས་བདེ་བ་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་། ཐབས་གཅིག་པའི་བྱང་ཆུབ་སེམས་དཔའ་དང་། ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ། ཐེག་ལེ་བརྡའི་རྒྱུད་ཀྱི་ལེའུ་འདི་གསུངས་སོ།། ཐོད་པ་ཚར་གསུམ་ཕྲེང་བ་ལ།། རུ་ཏྲ་ཕོ་མོའི་དབྱུག་པ་བརྩུགས།། ཞག་གི་ཟོར་རིས་ཐིག་ལེར་བྲིས ་འཁོར་ལོ་འབར་བའི་རང་ནན་ཅན།། རལ་གྲི་ལྟ་བུའི་རྒྱན་ཆ་བཏགས།། ཁ་ཊྭཱ~ཾ་ཁ་ཡིས་མཚན་མར་བྱ།། ཤིང་ལོ་སྐམ་པོས་ན་མཁའ་གཡོགས།། དུང་གི་སེམས་ཅན་སྒྲོལ་བར་བྱེད།། ཉ་ཡིས་རྒྱ་མ ་ལམ་དུ་གཅོད།། མེ་ལོང་སྣང་སྲིད་གསལ་བར་བྱེད།། གདུགས་ཀྱི་མེ་ཏོག་གསལ་བའོ།། བུམ་པས་སེམས་ཅན་སྐོམ་པར་སེལ།། འཁོར་ལོས་ཐུགས་ཀྱི་དཔལ་བེའུ་གཅོད།། རྒྱལ་མཚན་གིས་ནི་བརྡའ ་སྟོན་ནོ།། གདན་གྱིས་ནི་སྐྱེལ་བར་བྱེད།། ཅེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས། བརྡའ་བསྟན་པའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ ་དགའ་ར་བ་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ། ངའི་རྒྱུད་འདི་ཐམས་ཅད་གསལ་བའི་རྒྱུད་དུ་ཟུང་སྣང་བཟང་ཐལ་འཛིན་པ་བྱང་ཆུབ་སེམས་དཔའི་དགོངས་པ་བསྟོན།། དགོངས་པ་འདུས་པའི་རྒྱུད་དུ་བཟུང་། ་བར་དོའི་གདམས་ངག་སྟོན་པ་ལ།། འདའ་ཀ་འཆི་བྲོད་རྒྱུད་དུ་བཟུང་།། སྣང་བ་ཟང་ཐལ་འཛིན་པ་རང་གྲོལ།། སེམས་རང་གྲོལ་ཡེ་ཤེས་རང་འབར།། སྐུ་གསུམ་ཐུག་འཕྲང་ཡེ་ཤེས་རང་སྣང་། མངལ ་ཁ་རྒྱལ་འདེབས། འཁོར་བ་དོང་སྤྲུགས། རིག་པ་ཡེ་དག། སྲིད་གསུམ་རྣམ་དག། ཁམས་གསུམ་ཡོངས་སྒྲོལ་གྱིས་རྒྱུད་གསུངས་པས། རྡོ་རྗེ་མཁའ་འགྲོ་མ་རྣམས་རྗེས་སུ་ཡིད་རང་ངོ་།། ་ལན་ཅིག་ཞུས་དག།། ་