| Wylie | e-texts produced with BDRC’s OCR application |
ནོར་བུ་དྲི་མེད་རྒྱུད་བཞུགས་སོ།། ་རྒྱ་གར་སྐད་དུ། མ་ཎི་བི་མ་ལ་ཏནྟ་ན་མ། བོད་སྐད་དུ། ནོར་བུ་དྲི་མ་མེད་པའི་རྒྱུད། དཔལ་ཡེ་ཤེས་གསང་བ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། གནས་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་གཞལ་མེད་ཁང་རྒྱ་ཡོངས་སུ་མ་ཆད་པ། ་ཕྱི་ནང་མེད་པར་ཡེ་ཤེས་ཀྱིས་གང་བའི་གནས་ན། སྟོན་པ་ཕུན་སུམ་ཚོགས་པ་འཇམ་དཔལ་གསང་བ་དང་། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་བདེ་བར་གཤེགས་པ། མཛད ་སྤྱོ་ཕུན་སུམ་ཆོག་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག། ཆོས་ཕུན་སུམ་ཚོགས་པ་གསང་བའི་རྒྱུད་ལྔའོ།། དེ་རྣམས་ཀྱི་སྙིང་པོ་སྡུས་པ་བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་ཞེས་བྱ་བ ་སངས་རྒྱས་ཀྱི་དགོངས་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་སྟོན་པ་འཇམ་དཔལ་གསང་བས། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་བཤད་པ་ཏིང་ངེ ་འཛིན་གྱི་བཤང་ཉན་ཀྱང་། ཏིང་ངེ་འཛིན་གྱིས་ཉན་ནོ།། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། བདེ་གཤེགས་རྣམས་ཀྱིས་རིགས་ཀྱིས་འདུལ་བའི་འཁོར་རྣམས་དང་ཏིང་ངེ་འཛིན་གྱིས་སྒོ་ནས་ཉན ་བཤད་དོ།། དེ་ནས་རྡོ་རྗེ་སེམས་དཔས་རྡོ་དབྱིངས་ཀྱི་དཀྱིལ་འཁོར་དུ། རྣམ་པར་སྣང་མཛད་ཀྱི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རིགས ་པའི་ཡེ་ཤེས་ཀྱིས་ཡང་ལྟས་པས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། རིགས་ལྔ་བདེ་བར་གཤེགས་པའི་ཞལ་མཐོང་། དེ་ནས་རིགས་ལྔའི་བདེ་བར་གཤེགས་པ་རྣམས་དང་། སྙོམས་པར ་ཞུགས་ནས་འཆི་མེད་རྡོ་རྗེའི་ལུང་ནོད་དོ།། མཉམ་པའི་རྒྱལ་པོ་ཀུན་རིག་ཆོས་ཀྱི་རྗེ།། འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་སེམས་དཔའ་རང་སེམས་རྟོགས་བྱའི་ཕྱིར།། བླ་མེད་ངོ་མཚར་ཆེ་བའི་སངས་རྒྱས་འདི།། རྨད་དང་རྩ་བ ་གཅད་པས་སངས་རྒྱས་སེམས་ལས་བྱུང་།། སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ།། ཞེས་ཞུསོ།། རང་བྱུང་དབྱིངས་ནས་རིག་པར་ཤར་བས།། འགྲོ་བ་རྣམས་ལ་སེམས་དང་སེམས་སུ་སྣང་།། རིག་པའི་རྩལ་ཆེན་ཛྙཱ་ན་པ་ཙམ་ཀ་ར ་ཨ། གང་ཞིག་སེམས་ཀྱི་དམ་པ་རྟོགས་འདོད་པ།། སེམས་དང་ཡིས་ཆུ་དང་རྙོག་མ་བཞིན།། མ་སྐུལ་བཞག་ནས་དངས་རྙིགས་འབྱེ་བ་བཞིན།། བདེ་བ་འདོད་ན་བསམ་གཏན་ཏིང་འཛིན་ཅེས།། སེམས་དང་ཡེ་ཤེས་ཆུ་དང་འོ་མ་བཞིན།། བརྟན ་པར་མི་བཞག་པས་ཕྱེད་དང་མོའི་མཆུ་བཞིན་དུ།། སེམ་དང་ཡིས་ཡོད་ཀྱང་བག་ཆགས་ཉིད་ཀྱིས་སླད།། འགྲོ་བ་རྣམས་ལ་ཡིས་སེམས་ཀྱིས་བརླད།། རྟེན་པའི་བྱང་ཆུབ་འདོད་ན་ཆུ་དང་རྙོག་པ་བཞིན།། རྟོགས་པའི་ཡེ་ཤེས་འདོད་ན་ཆུ་དང་འོ་མ ་བཞིན།། སེམས་དང་ཡིས་དབྱེ་བའི་མན་ངག་བསྟན།། ཅེས་ཡིས་དྲི་མ་མེད་པའི་རྒྱུད་ལས།། དུས་གསུམ་གྱི་སངས་རྒྱས་དགོངས་པ་རྒྱུད་པའི་ལེའུ་སྟེ་དང་པའོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས།། འོགས ་ལྗང་ལོ་ཅན་གྱི་ཕོ་བྲང་དུ་སེང་གེ་ལྟ་བུའི་སྒྲས་བཤད། ཞུ་བ་པོ་རྡོ་རྗེ་འཛིན་པས་གསང་ཆེན་རོལ་པའི་དུ་ཁྲོད་མེ་རི་འབར་བའི་ཞེས་བྱ་བ། ཉིན་ཞིང་དུ་བ་འཐུལ་བ་མཚན་མོ་མེ་འབར་བ། མ་མོ་དང་གཤིན་རྗེ་དང་གནོད་སྦྱིན་མང་པོ་འདུ་བཱི། ་གནས་དེ་ནས་ཉན་ནོ།། ཀྱེ་རྡོ་རྗེ་འཛིན་དཔའ་ཉོན་ཅིག། ངས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཀློང་རྟོལ་བ། ནོར་བུ་དྲི་མ་མེད་པའི་མན་ངག་གི་རྒྱུད་འདི་སྙན་པར་བྱའོ།། དེ་ཡང་དང་པོར ་ལུང་ལས་འདས་པའི་ཆོས། བཞིའི་འདུག་ཚུལ་ངོ་བསྟན་པ་དང་། གཉིས་པའི་ལུང་དང་མན་ངག་གིས་ཡིད་ཆེས་པར་བྱེད་པའི་ཆོས། སྐུ་གསུམ་གྱི་འདུག་ཚུལ་ངོ་བསྟན་པ་དང་། གསུམ་པ་སངས་རྒྱས་ཀྱི་རྒྱུད་ལྔས་བློའི་ཐེ་ཚོམ་དང་ཤེས་པའི ་ཐག་གཅད་པའི་དོན་དུ། རྒྱུད་ཀྱི་མན་ངག་གི་སྦྱོར་མཚམས་ཀྱི་དོན་བསྟན་པའོ།། ཆོས་ཀྱི་སྐུ་ངོ་སྤྲད་པ་ལ་བཞི་སྟེ། གཞི་ཤེས་པ་ཆོས་ཀྱི་སྐུ། འབྲས་བུ་ལོང་སྤྱོད་རྫོགས་པའི་སྐུ། རྫོག་སྐུ་ངོ་སྤྲད་པ་ལ་བཞི། སྤྲུལ་སྐུ་ངོ་སྤྲད་པ་ལ་གསུམ ་དེ་ཡི་མན་ངག་ལ་ཡི་གེ་དྲུག། ངོ་མ་ཤེས། ཡིད་མ་ཤེས། ཐག་མཆོད།། ངོ་མ་ཤེས། ཡིད་ཆེས་ཐག་ཆོད། ཡི་གེ་དྲུག་ལ་སྒྲ་འགྱུར་གཉིས། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཅན། དེ་ལས་འདས་ན་རྣམ་པར་གྲོལ། རྒྱུད་ཀློང་དུ་འདས། ལུང་ཀློང་དུ་འདྲ ་མན་ངག་ཀློང་དུ་འདས་སོ།། རིག་པ་མི་འགེགས། སྣང་བ་མི་སྒྲུབ། སེམས་ཅན་མི་འགེགས། སངས་རྒྱས་མི་སྒྲུབ། དུག་ལྔ་མི་འགེགས། ཡིས་མི་སྒྲུབ། འདོད་ཡོན་མི་སྤོང་། ཆོས་མི་སྒྲུབ། ཡོད་པ་མི་འགེགས། ཡོད་པ་ལ་མངོན་པར་མི་ཞེན། ་བྱས་པ་མི་འགོགས་བྱས་པ་ལ་སྐྱོན་དུ་མི་ལྟ། མེད་པ་མི་སླུའི། མེད་པ་ལ་ཞེ་འདོད་མི་བསྐྱེད། ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ་མོ།། རྟག་པ་ཐོབ་པ་དང་། ཆོས་བོར་བ་དུས་མཉམ་མོ།། དབུགས་ཆད་པ་དང་། སངས་རྒྱས་འདུས་མན། ་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉ་མོ།། ཅེས་ནོར་བུ་དྲི་མ་མེད་པའི་རྒྱུད་ལས།། སངས་རྒྱས་ཀྱི་གདམས་པར་བཞག་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བསྡད་པ་པོ་རྡོ་རྗེ་ཆོས་ཀྱི་དབུས་འགྱུར་འོད་མའི་འཚལ། སངས་རྒྱས ་འབྱུང་བའི་བྱང་ཆུབ་ཤིང་དྲུང་དུ་བསྡུ་བ་རྣམ་པ་བཞི་ཞུས་པ། ཀྱཻ་རྡོ་འཛིན་པ་ཆེན་པོ་བསྡུ་བའི་དངོས་པོ་བཞི་བཤད་དུ་གསོལ། ཅེས་ཞུས་པས། རིགས་ཀྱི་བུ་ཉོན་ཅིག། ཡང་དག་པའི་སངས་རྒྱས་ལ། སངས་རྒྱས་དང་སེམས་ཅན་གཉིས་མེད ་པས།། སངས་རྒྱས་འབའ་ཞིག་ཏུ་བསྡུའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་ཏེ། སྟོབས་དང་མི་འཇིགས་པ་དཔག་ཏུ་མེད་པ་ཡོད་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་མཁྱེན་པས། སེམས་ཅན་གྱི ་སྡེར་སྡུའོ།། སེམས་ཅན་རྣམས་ཀྱི་རྐྱེན་ཁྱད་པར་ཅན་དང་ཕྲད་ན་རྟོག་པ་སྐད་ཅིག་པ་མ་ལ་སྐྱེ་བའི་ཐབས་ཡོད་པས་སངས་རྒྱས་ཀྱི་བདེར་བསྡུའོ།། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པའི་རྒྱུད་འདི་ནི། སྟོན་པ་རྡོ་འཆང་གིས་བསྟན། ཞུ་བ ་རྡོརྗེ་འཛིན་པས་ཞུས་ཏེ། བསྡུས་པ་པོ་རྡོ་ཆོས་ཀྱིས་བསྡུས་པ། ཀྱཻ་ཀྱཻ་རྡོ་འཆང་ཐབས་མཆོག་ཏུ་གྱུར་པ་ལེག་སོ།། ལེག་སོ་ཞེས་བསྡུས་པའོ།། ཀྱཻ་བསྡུད་པ་པོ་རྡོ་ཆོས་ལེགས་པར་ཉོན་ཅིག། འཁོར་བའི་ཆོས་ནི་རྒྱ་མ་ཆད་པ་ཡི་ནོ།། ཆོས་ཀྱི་སྐུ ་བདེ་བ་ཆེན་པོ་ནི་རྒྱ་ཆད་པ་ཡིན་གྱི། ཅི་སྟེ་འཁོར་བ་རྒྱ་མ་ཆད་པ་མཐའ་ལ་ཐུག་པ་མེད། ཆོས་སྐུ་རྒྱ་ཆད་རྟོགས་ན་འགྱུར་བ་མེད། སངས་རྒྱས་ཡིས་རང་སྣང་རྟོག་འཛིན་མཐའ་ལས་འདས། འཁོར་འདས་གཉིས་མེད་སེམས་ཅན་དོན་མི ་གཟིགས། སེམས་ཅན་ཡུལ་ལས་སྣང་ནས་སངས་རྒྱས་ཟག་བཅས་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་ས་ནས་ས་རུ་བགྲོད་པས་རྩོལ་སྦྱོང་དོན་མི་སྤོང་། ས་ནས་ས་རུ་བགྲོད་ཀྱང་ཡིས་རང་སྣང་ཡིན།། བགྲོད་ཚེ ་སྒྲ་དངས་གཡོས་འབྱུང་། འགྲོ་བ་རྣམས་ཀྱི་ཡང་དག་སངས་རྒྱས་གཟིགས།། སངས་རྒྱས་མཚན་མའི་ཡུལ་ལས་རབ་འདས་ཀྱང་། རང་གི་ཤེས་རབ་བློ་ལ་སྣང་བས་བླ་མའི་ངག། དེ་འགྲོ་བ་རྣམས་ཀྱིས་ཡང་དག་སངས་རྒྱས་གཟིགས་ཅེས་བྱའོ།། ་བསྡུད་པ་པོ་རྡོ་རྗེ་ཆོས་གང་ཞིག་རྟོགས་པ་མངོན་དུ་གྱུར་པའི་དུས་སུ་རང་མངོན་དུ་གྱུར་པ་མཚན་མའི་བློ་ལ་སྣང་ན། སྣང་བའི་དུས་དེ་ཉིད་ཟག་པ་དང་བཅས་པའོ།། མངོན་དུ་གྱུར་པའི་དུས་ན་སྣང་བ་འཛིན་པ་མེད་ན། རང་བྱུང་དབྱིངས་རིག ་པའི་ཡེ་ཤེས་བརྡལ་བཅེས་གསུང་སོ།། ཐུགས་ཀྱི་རྒྱུད་དམ་པ་རིན་པོ་ཆེ་སྲུངས་པའི་རྒྱུད་ཀྱི་སྙིང་པོའི་བཅུད་བྱུང་བ།། བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་རྡོ་རྗེ་སེམས་དཔའ་གསང་བའི་ཐུགས་ཀྱི་གྲོང་ནས་བྱུང་བ་ལས ་ལེའུ་སྟེ་གསུམ་པའོ།། །། རྡོ་རྗེ་འཆང་ཆེན་པོས་ཐབས་མཆོག་ཏུ་གྱུར་པ་ལེགས་སོ་ལེགས་སོ་ཅེས་བསྡུས་པའོ།། ། ་རྫོགས་སོ།། ། དགེའོ།། བཀྲ་ཤིས།། མངྒ་ལཾ།། ཞུས་དག། ་