| Wylie | e-texts produced with BDRC’s OCR application |
ནོར་བུ་རིན་པོ་ཆེ་འབར་བའི་རྒྱུད་བཞུག་སོ།། ་#རྒྱ་གར་སྐད་དུ། མཎི་རཏྣ་ས་དུ་མ་ལེ་ཏནྟ། བོད་སྐད་དུ། ནོར་བུ་རིན་པོ་ཆེ་འོད་འབར་བའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། སྟོན་པ་རྡོ་རྗེ་སེམས ་དཔའ་ཡིས་ཆོས་ཉིད་སྐྱེ་མེད་པོ་བྲང་དུ།། འཁོར་གྱི་རོ་ལང་བདེ་བ་ལ།། དུས་མཉམ་ཐིག་ལེ་དབྱེར་མེད་དུ།། ཆོས་ཉིད་འོད་གསལ་སྙན་པའོ།། ནོར་བུ་འོད་འབར་བའི་རྒྱུད་ལས། ཕུན་སུ་ཚོགས ་པའི་ལེའུ་སྟེ་དང་པོའོ།། །། ཀྱཻ་ཧོ་གསང་བའི་མངའ་བདག་ཁྱོད།། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་སྟེ།། ཡིས་དབྱེ་བ་མཛད་དུ་གསོལ།། ཅེས་གསུངསོ།། གསང་བའི་མངའ ་བདག་ཆེན་པོ་དེས།། ཚིག་བཤད་འདི་རྣམས་ཞལ་ནས་འཐོན།། གྷོ་ཧོངས་གསུང་བ་ལ་སེམས་དཔའ་ཉོན།། སྤྱིའི་ཡིས་རང་གི་མཚན་ཉིད་དང་།། ཏིང་འཛིན་དྲུག་དང་མེ་ལོང་དྲུག། ཀུན་གཞི་དྲུག ་དང་ཕུང་པོ་དྲུག། བར་དོ་དྲུག་དང་པོ་སྤྲོད་དྲུག། སྣང་བ་དྲུག་དང་སྲིད་པ་དྲུག། སེམས་དང་ཡིས་དབྱེ་བ་དྲུག། ཡི་གེ་དྲུག་དང་སྒྲ་འགྱུར་དང་།། བརྡའ་འགྱུར་དྲུག་དང་སྦྱར་ལ་བཤད།། ཅེས་གསུང་སོ།། ཞུས་པ་དཔལ་མ། ་གྱི་ལེའུ་སྟེ་གཉིས་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། མིའི་བྱང་ཆུབ་སེམས་དཔའ་ཉོན།། ཡིས་དབྱེ་བ་འདི་ལྟ་སྟེ། ཆོས་དབྱིངས་མེ་ལོང་ཡིས་དང་།། མཉམ་ཉིད་ཀུན་རྟོག་ཡིས་དང་། བྱ་བ་ནན་ཏན་ངོ་བོ་ཉིད་དང ་དྲུག། དེ་ནི་སྤྱི་ཡི་བྱེ་བྲག་གོ།། སྤྱི་ཡི་གཏན་ལ་ཕེབས་མི་སྲིད།། རང་གི་མཚན་ཉིད་འདི་ལྟ་སྟེ།། སྙིང་པོ་ཉིད་དང་རང་བྱུང་ཡིས་དང་།། རིག་པའི་ཡིས་རང་གིས་རང་རིག་དང་།། རྣམ་མཁྱེན་ཐ~ཾད་མཁྱེན་པའི་ཡིས་དང་།། དེས་ནི་ཐིག་ལེས ་གཏན་ལ་དཔག། གསབ་པའི་ཡོས་དེ་ལས་གྲོལ།། བབ་ཐལ་ཆེན་པོ་མི་ཡིས་སོ།། ཡིས་ཟང་ཐལ་ཉག་གཅིག་ལ།། དྲུག་དུ་འདོད་པས་དོན་མི་མཐོང་།། ཡིས་མིག་གཅིག་དྲི་མེད་དུ།། མགོན་པོ་ང་ཡིས་བཤད་པ་ཡིན།། ཅེས་གསུངས་སོ།། ་རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཡིས་ལ་བཟླས་པའི་ལེའུ་སྟེ་གསུམ་པའོ།། ། འགྲོ་བའི་མགོན་པོས་བཀའ་སྩལ་པ།། མིའི་བོ་དྷི་ས་ཏྭ་ཉོན།། ཏིང་འཛིན་དྲུག་པོའི་དོན་བསྟན་པ།། ཀུན་ཏུ་མི་འགག་སྣང་བ་ལ།། ངོ་སྤྲོད་ཆེས ་པོའི་ཏིང་འཛིན་དང་།། སྒོམ་པ་ཡེངས་ས་མེད་པ་ཡིན།། ཁྱུང་ཆེན་ལྟ་བུའི་ཏིང་འཛིན་དང་།། ཤེས་རབ་ཐོགས་པ་མེད་པ་ཡིན།། སེང་གེ་ལྟ་བུའི་ཏིང་འཛིན་དང་།། ཆོས་སྐུ་ཞེ་ལ་འདོད་མེད་པའི།། རིན་ཆེན་རང་འབར་ཏིང་འཛིན་དང་།། ཡིས་རྣ ་མཁ་རབ་གནས་པས།། ཡེས་རབ་འབར་ཏི་འཛིན་ནོ།། མགོན་པོ་ང་ཡིས་ཏིང་འཛིན་ཡིན།། ཅེས་གསུངསོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས། ཏིང་ངེ་འཛིན་རབ་ལ་ངོ་སྤྲོད་པའི་ལེའུ་སྟེ་བཞི་པའོ།། ། ཅང་ཤེས་མགོན། ་པོས་བཀའ་སྩལ་པ།། མིའི་ཡི་སྒྱུ་མའི་སྤྲུལ་པ་ཉོན།། མེ་ལོངས་དྲུག་གི་དོན་བསྟན་ནོ།། ཆོས་ཉིད་གསལ་བའི་མེ་ལོང་དུ།། འགྲོ་དྲུག་སྤྲུལ་པའི་ངོ་སྤྲོད་བསྟན།། ཆོས་དབྱིངས་རྣམ་དག་མེ་ལོང་དུ།། ལོང་སྤྱོད་རྫོ་ཊ་སྐུའི་ངོ་སྤྲོད་བསྟན།། ཡིས་གསལ ་བའི་མེ་ལོང་དུ།། ཆོས་ཀྱི་སྐུ་ཨི་ངོ་སྤྲོད་བསྟན།། ཐཾད་གསལ་བའི་མེ་ལོང་དུ།། དུས་བཞི་མཉམ་སྦྱོར་ངོ་སྤྱོད་བསྟན།། སྤུན་གྲུབ་ཆོས་སྐུའི་མེ་ལོང་དུ།། ཡིས་རང་རྐྱེན་ངོ་སྤྲོད་བསྟན།། ཡིས་རང་གནས་མེ་ལོང་དུ།། སྣ་ཚོགས་རོལ་པའི ་ངོ་སྤྲོད་བསྟན།། ཅང་ཤེས་མགོན་པོའི་མ་ལོང་ཡིན།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས། མེ་ལོང་དྲུག་པ་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།། ། མཁྱེན་པའི་རྒྱལ་པོ་བཀའ་སྩལ་པ།། མིའི་སྐྱེས་བུ་ཁྱོད་ཉོན་གཅིག། ཀུན་གཞི་དྲུག་གི ་བསྐྲུན་ན། གདོད་ནས་སྒྲུབ་པའི་ཀུན་གཞི་ནི།། ཆོས་ཉིད་ཐིག་ལེར་ངོ་སྤྱོད་དོ།། འཁྲུལ་པ་ལཾ་གྱི་ཀུན་གཞི་ནི།། དབྱིངས་ཀྱི་ཐིག་ལེ་དེ་སྤྱད་དོ།། འཁྲུལ་པ་རང་སྣང་ཀུན་གྱི་གཞི་ནི།། དབྱིངས་ཉིད་རྣམ་དག་ངོ་སྤྲང་ངོ་།། འཁྲུལ་པ་རྩད་གཅོད་ཀུན ་གཞི་ནི། ཡིས་ཐིག་ལེ་ངོ་སྤྲད་དོ།། ཡིས་ལྷུན་གྲུབ་ཀུན་གཞི་དེ།། ལྷུན་གྲུབ་ཐིག་ལེ་ངོ་སྤྲད་དོ།། མཁྱེན་པའི་རྒྱལ་པོ་ཀུན་གཞི་ཡིན།། ཅེས་གསུངས།། རིམ་པོ་ཆེ་འོད་འབར་བའི་རྒྱུད་ལས། ཀུན་གཞི་དྲུག་ལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།། ་ད་ལོངས་སྐུ་སྐྱེས་བུས་བཀའ་སྩལ་པ། འདོད་པ་མེད་པའི་སེམས་དཔའ་ཉོན།། ཕུང་པོ་དྲུག་གི་དོན་བསྟན་ནོ།། བག་ཆགས་གཟུགས་ཀྱི་ཕུང་པོ་ལས།། ཚོགས་བརྒྱད་ལྷག་པའི་ངོ་སྤྲོད་གྱིས།། རྨི་ལཾ་སྒྱུ་ལུས་ཕུང་།། ་ལ་འགྱུར་བ་ཡིས་ངོ་སྤྲོད་གྱིས།། ཏིང་འཛིན་ཉམས་མྱོངས་ཕུང་པོ་ལ།། འཛིན་པའི་ངང་ལ་ངོ་སྤྲད་གྱིས།། ཕྱི་ནས་ཡིས་ཕུང་པོ་ལ།། ཡཻས་རླུང་ཆེན་ངོ་སྤྲོད་གྱིས།། ཆོས་ཉིད་འོད་གསལ་སྒྱུ་ལུས་ཕུང་པོ་ལ།། རྒྱས་གདབ་ཨའི་ངོ་སྤྲོད་གྱི ་སྲིད་པ་སྔོན་བླངས་ཡིད་ཀྱི་ཕུང་པོ་ལ།། འགག་མེད་རླུང་གི་ངོ་སྤྲོད་གྱིས།། སྐྱེས་བུ་ང་ཡིས་ཕུང་པོ་ཡིན།། ཅེས་གསུང་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཕུང་པོ་དྲུག་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། །། ་སྐྱེས་བུ་དམ་པས་བཀའ་སྩལ་པ།། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག། བར་དོ་དྲུག་གི་དོན་བསྟ་ནོ།། རང་བཞིན་པར་དོ་ཞེས་བྱ་བ།། སྣང་བ་གཟུགས་ལ་རྟེན་པ་འདི།། ཐིག་ལེ་གཅིག་ཏུ་ངོ་སྤྱད་དོ།། ཏིང་འཛིན་པར་དོ་ཞེས་བྱ་བ།། ་ཡོངས་པ་མེད་པར་ངོ་སྤྲད་དོ།། སྐྱེ་ཤི་བར་ངོ་ཞེས་བྱ་བ།། གཉིས་སྣང་མེད་པར་ངོ་སྤྲད་དོ།། སྐད་ཅིག་བར་དོ་ཞེས་བྱ་བ།། ཟང་ཐལ་ཆེན་པོར་ངོ་སྤྲང་ངོ་།། ཆོས་ཉིད་བར་ངོ་ཞེས་བྱ་བ།། རང་སྣང་ཆེན་པོར་ངོ་སྤྲད་དོ།། སྲིད་པའི་བར་དོ་ཞེས་བྱ་བ། ་རྒྱུ་རྐྱེན་མེད་པར་ངོ་སྤང་ངོ་།། གཉེན་པོ་མེད་པར་ངོ་སྤྲོ་།། སྐྱེས་བུ་ང་ཡི་བར་དོ་ཡིན།། ཅེས་གསུང་སོ།། བར་རོ་དྲུག་ལ་ངོ་སྤྲོད་དྲུག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། ཆོས་ཀྱི་བདག་ཡོས་བཀའ་སྩལ་པ།། འགྲོ་བ་འདུལ་བྱེད་མེ ་ནཔར་ཉོན་སྣང་བ་དྲུག་གི་དོན་བསྟན་ནོ།། སེམས་ཀྱི་སྣང་བ་རྣམས་གཉིས་ཏེ།། བཟང་སྣང་ངན་སྣང་གཉིས་སུ་སྣང་།། སྣང་བ་མེད་པར་ངོ་སྤྲད་དོ།། ཤེས་རབ་སྣང་བ་གཉིས་ཡིན་ཏེ།། ཕྱི་སྤྱོད་སྣང་དང་ནང་སྤྱོད་སྣང་།། རིག་པའི་སྣང་བ་གཉིས་ཉིད་སྟེ།། ་བདག་རིག་སྣང་དང་གཞན་རིག་སྣང་།། ལྟ་སྒོམ་སྤྱོད་པ་འབྲས་བུ་ནི།། ཡིས་ཆེན་པོའི་སྣང་བའོ།། ཆོས་ཀྱི་སྐུ་དང་ལོང་སྐུ་ནི།། རིག་པའི་ཡིས་སྣང་བ་ཡིན།། སྣང་བ་མེད་པར་ངོ་སྤྲད་དོ།། དང་པོ་སྲིད་པ་ལྷུམ་གྲུབ་སྲིད།། སྟོང་ར་ཆེན་པོར་ངོ་སྤྱ། ་བར་དུ་སྲིད་པར་རང་རྩལ་སྲིད།། སྐྱེ་མེད་སྟོང་པར་ངོ་སྤྲད་དོ།། འགྲོ་དྲུག་སྲིད་པ་འགག་མི་སྲིད།། རོལ་པ་ཆེན་པོར་ངོ་སྤྲད་དོ།། དྲང་དོན་ངེས་དོན་གཉིས་སུ་སྲིད།། ཐིག་ལེ་གཅིག་ཏུ་ངོ་སྤྲད་དོ།། འཁོར་བ་མྱང་འདས་གཉི་སུ་སྲིད།། གཉི ་སྣང་མེད་པར་ངོ་སྤྲདདོ།། ཐ་མ་འབྲས་བུའི་ཐོབ་འདོད་སྲིད།། ཟང་བྲལ་ཆེན་པོར་ངོ་སྤྲ་།། ཆོས་ཀྱི་བདག་པོའི་སྣང་སྲིད་ཡིན།། ཅེས་གསུངསོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། སྣང་སྲིད་ངོ་སྤྲོད་ཀྱི་ལེའུ་སྟེ་དགུ་པའོ།། ་སེམས་ཉིད་བདག་པོས་བཀའ་སྩལ་པ།། ཉོན་གཅིག་སེམས་དག་སྐྱེས་བུ་ཁྱོད།། སེམས་ཀྱི་ངོ་བོ་མ་རིག་པ། རྩལ་ནི་གཉིས་འཛིན་མི་འགག་ལ།། ལས་ནི་དགའ་མི་དགའ་ལ་སྤྱོད།། རིག་པའི་ངོ་བོ་ཟང་ཐལ་ལོ།། རྩལ་ནི་ཤེས་རབ ་ཆེན་པོ་ཡིན།། ལས་ནི་གཉིས་སུ་མེད་པར་སྤྱོད།། འདུས་མ་བྱསུ་ངོ་སྤྲད་ངོ་དོ།། རྒྱུས་མ་སྐྱེ་བར་ངོ་སྨྲ་འོ།། སེམས་ཉིད་བདག་པོར་ངོ་སྤྲོད།། ཅེས་གསུང་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། སེམས་དང་རིག་པ་ངོ་སྤྲད་པའི་ལེའུ་སྟེ་བཅུ་པའོ།། ་མནན་པོ་སེམས་དཔས་བཀའ་སྩལ་པ།། རིག་པའི་སྤྲུལ་པ་ང་ལ་ཉོན།། ཡི་གེ་དྲུག་དང་སྐུ་འགྱུར་ནི།། མ་ནི་ཡིས་ཡི་གེ་ལ།། བསྐྱེད་བྱེད་ཆེན་པོར་ངོ་སྤང་ངོ་།། ཨ་མི་དབྱིངས་ཀྱི་ཡི་གེ་ལ།། རོལ་པ་ཆེན་པོར ་སཱད་དོང་ཧ་ནི་གཉིས་མེད་ཡི་གེ་ལ།། སྣང་བ་ཆེན་པོར་ངོ་སྥུ་དོ།། ཤ་ནི་དབྱེར་མེ་ད་ཡི་གེ་ལ།། གཅོད་བྱེད་ཆེན་པོར་པོ་སྤྲད་དོ།། ལ་ནི་རང་སྣང་ཡི་གེ་ལ།། འགག་མེད་ཆེན་པོར་ངོ་སྨ་དོ།། ས་ནི་འགྱུར་མེད་ཡི་གེ་ལ།། འགྲོ་དྲུག་འགྱུར་མེད ་ངོ་སྤུའོ།། གསལ་བའི་སྒྲ་དང་སྟོང་པའི་སྒྲ། འགག་མེད་སྒྲ་དང་འགྱུར་མེད་སྒྲ།། རང་གདངས་སྒྲ་དང་གཉིས་མེད་སྒྲ།། མགོན་པོ་སེམས་དཔའི་སྒྲ་འགྱུར་ཡིན།། ཅེས་གསུངསོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཡི་གེ་སྒྲ་འགྱུར ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། ། བཛྲ་སཏྭ་བོ་དྷི་ས་ཏཱ་ཡ།། བརྡའ་འགྱུར་དྲུག་གི་དོན་བསྟན་པ།། ཆོས་ཉིད་བརྡའ་དང་རང་གདངས་བརྡའ།། རོལ་པའི་གདའ་དང་གཅོད་པའི་བརྡལ།། ཐིག་ལེའི་བརྡའ་དང་སྣང་བའི་འཇའ། ་བརྡའ་འགྱུར་དྲུག་ལ་ཨའི་ངོ་སྤྲད་བསྟན།། ཅེས་གསུངསོ།། བྱང་ཆུབ་སེམས་དཔའ་མིའི་དགའ་རབ་རྡོ་རྗེ་ས།། བཛྲ་ས་ཏྭ་ལ་རིན་པོ་ཆེ་འོད་འབར་བའི་རྒྱུད་ཞུས་པ། རྫོཊ་པར་གསུངས་པྲ་བོ་དྷི་སཏྭ་རྗེ་སུ་ཡིད་རང་།། སྟོན་པ་རྡོ་རྗེ་སེམས་དཔ ་ལ། ཞུ་བ་པོ་མིའི་བྱང་ཆུབ་སེམས་དཔས་ཞུས་པ། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས། ལེའུ་སྟེ་བཅུ་གཉིས་པའོ།། ། རྫོགས་སོ།། དགེའོ།། མངྒ་ལཾ། ་