| Wylie | e-texts produced with BDRC’s OCR application |
ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་བཞུགསོ།། ་ཎྜ་གར་སྐད་དུ། ཏི་ལ་ཀཱ་སཱཛ་ཏ་ནཱ~ཾ། ཐམས་དུ་ན་མ། བོད་སྐད་དུ། ཐིག་ལ་ཀུན་འདུས་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས ་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས།། རྣམ་དག་པད་མོའི་འཚལ།། རིན་པོ་ཆེའི་ཡེ་ཤེས ་ཀྱི་གཞལ་མེད་ཁང་ཆེན་པོ་ན། སངས་རྒྱས་རབ་བདུན་དང་། མཁའ་འགྲོ་མ་རྣམས་དང་། གཞན་ཡ་སོ་སོའི་འཁོར་རྣམས་དང་ཐབས་གཅིག་གོ།། དེའི་ཚེ་གསང་བའི་བདུག་པོས ་སྣ་གྲངས་ཏེ། བསྐོར་བ་ལན་དཔག་ཏུ་མེད་པ་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། ཀྱཻ་བཅོམ་ལྡན་རྡོ་རྗེ་འཆང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། ད་ལྟ་ཚོགས ་དང་མ་འོངས་རྗེས་འཇུག་ལ། མ་རིག་མུན་པ་སེལ་བའི་སྒྲོན་མེ་རུ།། ཚིག་གིས་རྒྱུད་རྣམས་ཐུགས་ཀྱི་ཀློང་ནས་སྒྲོལ།། དོན་གྱི་རྒྱུད་ཆེན་མ་ལུས་མཚོན ་པའི་སྒྲ།། ཤེས་རབ་ཀློང་གིས་བརྡའ་བསྐོར་བསྐྱོད།། ཕྱི་ནང་གསང་བའི་མན་ངག་རྒྱུད་དུ་བཤད།། ཐིག་ལེ་གསལ་བའི་ཡི་གེ་གསུམ་དུ་བསྟན།། དེའི་དོན་གྱི་དགོངས་པ་གསལ་བྱའི་ཕྱིར།། ་ཐིག་ལེ་ཀུན་འདུས་ཆེན་པོ་གསུང་དུ་གསོལ།། ཅེས་ཞུས་སོ།། དེའི་ཚེ་སྟོན་པས་བཀའ་སྩལ་པ། ཀྱེ་རྡོ་རྗེ་སེམས་དཔལ་འཁོར་དང་བཅས་པ་རྣམས།། གླེང་བླངས་པའི་ལེའུ་སྟེ་དང་པོར ་ཟག་ཏ་ཐཱ་ཡ་ཏནྟྲ་ཨ་ཏྲཀ་ལ་ང་སུ་ཨ།། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས།། འགྱུར་བ་མེད་པའི་ཆོས་ཀྱི་སྐུའི་ཏིང་འཛིན་ལས་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས ་ངེམ་པར་གམེད་ཅིག། རས་རྒྱུད་ཚང་ཀྱི་ཁོང་ངོམ། མིའི་མཚམ་དང་ལེའུ་བསྡུས་ཏེ། དོན་གྱི་སྙིང་པོ་ཤེམ་ལ་ཧཱུ~ཾ་དགོང་པ་པ་དོ།། ཅེས་གསུང་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། གླིང་གཞི་དང ་ཞུས་པ་ཀ། ཀྱཻ་བཅོམ་ལྡན་རྡོ་རྗེ་འཆང་།། འགྱུར་བ་མེད་པའི་སྐུ་ཡི་དོན་མཚོན་རྒྱུད་ཀྱི་དགོད་པ་གསུངས་ཅེས་ཞུས་སོ།། དེའི་ཚེ་ཏིང་ངེ་འཛིན་མི་འགྱུར་བའི་ངང་ནས། སྐུ་ཡི་རྒྱུད་བཀའ་སྩལ་པ།། རིགས་ཀྱི་བུ་ལེགས་པར་ཐུང་ཅིག། ་གཞི་འགྱུར་བ་མེད་པ་ཆོས་ཀྱི་སྐུལ། འབྲས་བུ་འགག་པ་མེད་པ་ཡེ་ཤེས་གཟུགས་ཀྱི་སྐུ་གཉིས། དོན་འདུ་འབྲལ་མེད་པ་ལྷུན་གྱི་གྲུབ་པ།། དེ་གཏན་ལ་དབབ་པའི་མཆོད་དུ།། ངས་པདྨ་འཁྱིལ་བའི་སྐུ་ཡི་རྒྱུད་འདི་བསྟན་ནོ།། ་རིག་པ་འཛིན་པ་ངོས་བཟུང་གཅིག། ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་།། དྲི་མ་དག་གསལ་མཚན་ཉིད་ལྔ།། ཡེ་ཤེས་འོད་ཀྱི་བུམ་པ་གསལ།། ཐུགས་རྗེ་འགག་མེད་སྙིང་པོའི་སྐུ།། དབྱེར་མེད་རིམ་པར་དང་ནས་གནས། ་ནང་གསལ་ཕྱི་མ་བསྒོས་པ་སྟེ། པདྨ་འཁྱིལ་ཞེས་བཤད་པ་ཡིན།། སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པ་ལས།། ཐུགས་རྗེ་མ་འགགས་སྐུ་ཉིད་ཕྱིར་ཤར་སྟེ། པདྨ་ལས་གྲུབ་སྦྲུལ་སྐུ་འོད་གསལ་བས།། ངེས་པའི་འཁོར ་ཚོགས་པ་ཡི་ཡུལ་དུ་སྣང་། དེ་དུས་ང་ཡི་སྐུ་ཡི་རྒྱུད་ཆེན་ནི།། དཔག་བསམ་ཤིང་ལྟར་ཡོངསུ་རྒྱས་པར་བཤད། དང་པོའི་གནས་ལུགས་བར་དུ་འཁྲུལ་ལུགས་དང་།། ཐ་མ་འཁྲུལ་པ་ལྡོགས་པའི་ཐབས།། ནང་མེད་ནང་ནས ་ཕྱི་རུ་ཤར་ལུགས་དང་། རྩལ་གྱི་རྩལ་སྣང་བ་མཚན་མ་སྣ་ཚོགས་རྣམས། རང་ལ་སྣང་ཞིང་རང་ལ་གཡོས་པ་མེད།། མཚམ་མ་སྣ་ཚོགས་རང་གི་ངང་དུ་དག། དྲི་མེད་སྐུ་དང་ཡེ་ཤེས་བཞི་ཡི་མོ་ཡི་ངང་དུ་ཐིམ།། ་རང་གསལ་འཛིན་པ་མེད་པར་བཤད།། དུས་གསུམ་སངས་རྒྱས་དགོངས་པ་རྒྱུད་པ་ཡི།། སངས་རྒྱས་ཞལ་ནས་གསུངས་པར་ངེས་ཤེས་བསྐྱེད། སོ་སོའི་ཕུན་སུམ་ཚོགས་པ་རྣམ་པ་སྔས། ས་ཕྱོན། ་ངེས་དང་ཆོས་ངེས་དང་། དབང་པོ་ངེས་པ་དུས་ངེས་དང་། རང་རིག་ངོ་བོ་མི་འགྱུར་བ།། ཡེ་ཤེས་ཟང་ཐལ་སྣང་བས་ཁྱད་།། ཐིག་ལེ་ཉ་ག་ཅིག་དང་དུ་རྫོགས།། དེ་ལྟར་བསྣོད་བཅུ་པ་རང་གྲོལ་བས།། དང་པོའི་འབྱུང་གནས་ཆེན་པོ་ཤེས ་བར་དུ་རྩ་ལ་གནས་པ་ཤེས།། ཐ་མ་གྲོལ་བ་ཉག་ཅིག་ཤེས།། དུས་མཉམ་བདུན་པ་རིམ་པས་སྣང་།། གཉིས་མེད་ཡེ་ཤེས་ཟང་ཐལ་བས།། ཆོས་སྐུའི་ངང་ལས་མི་འདའ་བར།། ལོང་སྐུའི་ཡིས་སྤྱན་དུ་སྣང་། མཚན་ཉིད་འོད ་ཀྱི་བུམ་པས་འཛིན།། སྦྲུལ་སྐུ་རིགས་ཀྱི་སྐུ་ལྔས་གསལ།། བུམ་པ་ནང་གི་མར་མེ་གསལ།། རྟོགས་མེད་གསལ་བའི་ངོ་བོ་གནས།། ཕྲ་དང་རིགས་པའི་བྱེ་བྲག་ལས།། སྐུ་གསུམ་རིམ་པ་ང་ཡིས་བཤད།། ཛ་ལོག་རྣམ་གསུ ་དགོད་པ་སྟེ།། སྐུ་གསུམ་ལྷུན་གྲུབ་དན་དུ་བསྟན།། དེ་འཆང་སྟོན་པའི་ལོ་རྒྱུས་ནི།། ང་ཡི་གཞི་དང་བྱུང་ཚུལ་དང་།། ང་ཡི་ཤེས་པས་རྫོགས་ཚུལ་དང་།། ང་ཡི་འཁྲུལ་པའི་རིགས་དྲུག་སྣང་བ་ལ།། ང་ཡི་འཁྲུལ་པ་ལོག་རྐྱེན་བྱས།། དེ་ཕྱིར ་རྐྱེན་རྒྱུད་དགོངས་པ་ཡིན།། སྟོན་པ་རྡོ་རྗེ་སེམས་དཔའ་ངས།། སངས་རྒྱས་ཡེ་ཤེས་ལུས་ཅན་དང་།། འགྲོ་དྲུག་བག་ཆགས་ལུས་ཅན་གཉིས།། རྟོགས་དང་མ་རྟོགས་བྱེ་བྲག་ལས།། ཡེ་ཤེས་འོད་ལས་སྣང་བར་བསྟན།། འབྱུང་བ ་དངས་མ་རྣམ་པ་ལྔ།། སངས་རྒྱས་སེམས་ཅན་ལུས་སུ་བསྟན།། གཉིས་ཀ་མ་ཡིན་འབྱུང་བ་རྣམ་པ་ལྔ།། ཤ་ཁྲག་ལུས་སུ་བསྟན་པ་ཡིན།། དེ་ལ་མུ་བཞི་ཕྱེ་སྟེ་བཤད།། བག་ཆགས་ལུས་ལ་གནས་པ་ནི།། ཙི་ཏྟ་རིན་ཆེན་གཞལ ་ཡས་ནི། འབྱུང་བའི་དངས་མ་རྩ་རླུང་དང་། རང་རིག་ཡིས་གནས་ལུགས་ནི།། མཚོམ་དཔེ་རྣམས་དང་སྦྱར་ཏེ་བསྟན།། ལུས་ཀྱི་ཀུན་གཞི་དགོངས་པ་ཡིན།། བག་ཆགས་ལུས་ལ་སྐུ་གསུམ་རྫོགས།། གཟུགསུ་སྣང་བ་རང་བཞིན ་མེད།། ཆོས་སྐུ་མི་སྣང་རང་བཞིན་ཡོད།། དོན་ནི་གཉིས་མེད་ཆོསྤྱི་སྐུ།། སྟོན་པ་ཡེ་ཤེས་སྙིང་པོ་ཅན།། སྐུ་གསུམ་བསྲེ་བའི་དགོངས་པ་ཡིན།། གོང་བཞིན་མཚན་ཉིད་རྒྱས་བཤད་པ།། རིག་པ་རིན་ཆེན་ལྷའི་རང་ནས་ཤར།། ཐད ་དེ་ཉིད་དང་དུ་གྲོལ།། དེ་གཞིན་ངེས་པར་རྟོགས་བྱའི་ཕྱིར།། སྐུ་གསུམ་རཕལ་ངོ་སྤྲད་ཅིང་།། སྐད་ཅིག་མ་ལས་ངེས་པར་བསྐྱེད།། ཕར་ལ་ངོ་བཟུང་དཔེ་གཉིས་ཀྱིས།། གཉིས་མེད་དགོངས་པའི་ངང་དུ་བསྐྱལ།། ཟ་མ་རྟོག་གི་དགོངས་པ ་ཡིན།། དེ་ཡི་མཚོན་ཐབས་རྣམ་པ་གཉིས།། གདམས་ངག་གཉིས་ཀྱི་བསྟན་ལ་ཕབ། རྟོགས་པ་རྒྱུད་ལས་སྐྱེས་པ་སྟེ།། སྒོམ་དུ་ཡོད་མེད་བྱེ་བྲག་གིས།། ཉམས་བླངས་མེད་པའི་ཉམས་བླངས་བྱས།། འཁོར་འདས་མ་ལུས་རིག་པར ་རྒྱལ།། རིག་པ་འདུ་འབྲལ་མེད་པར་རྒྱལ།། སྤྱི་བཅིང་དོན་གྱི་དགོངས་པ་ཡིན་།། དེ་ལྟར་རང་རིག་དོན་རྟོགས་ན།། དུས་གསུམ་སངས་རྒྱས་ཐ~ཾད་དང་།། དགོངས་པ་གཉིསུ་མེད་པས་ན།། ། ཕྱི་ནང་སྣོད་བཅུད་ཡེ་སངས་རྒྱས།། ཡེ་ནས་བ། ་ཉིད་སངས་རྒྱས་པ།། རེ་དོག་རྩོལ་གྲུབ་རྣམ་པར་དག། རང་རིག་ཡིས་རང་དངས་ལས།། འདུ་འབྲལ་མེད་པ་ལྷའི་དོན།། ལས་དང་ཐུག་རྗེ་རྣམ་པར་དག། དགེ་སྡིག་མི་གནས་བྱིས་པའི་ཆོས།། ཁ་འཇམ་དགོངས ་པ་ཡི་བཤད།། དེ་ལྟར་གདམས་ངག་རྣམ་གཉིས་ཀྱིས།། བློ་ཡི་ཐེ་ཙོམ་ཀུན་བྲལ་ཏེ།། ངེས་པའི་ཤེས་པ་སྐྱེས་པ་ནི།། ཚིག་ལ་ནེ་བ་ནུར་མི་མངའ་བར།། དོན་ལ་གོལ་འགྲུས་མེད་པ་ནི།། ལ་ཆོད་དོན་གྱིས་དགོངས་པ་ཡིས།། ་ངས་བསྟན་ངོན་གྱི་མན་ངག་གིས།། སེན་མ་རིག་མུན་པ་སེལ།། རང་རིག་གསལ་བའི་ངོ་ཡང་སྤང་།། མུན་པ་སེལ་བའི་དགོངས་པ་ཡིན།། སྟོན་པ་རྡོ་རྗེ་སེམས་དཔལངས།། རང་རིག་དག་པའི་ཆོས་སྐུ་ལས།། ཕྱོགས་མེ་སྙོན་འབྱུང ་བར་བཤར།། དེ་བཞིན་བདག་དང་ཡོངས་རྫོགས་ནས།། དུག་ལྔ་ཡེ་ཤེས་ལྔར་གྲོལ་རྫོག། འཁོར་རྣམ་ཀུན་ལ་འཆང་བ་ནི།། ནོར་བུ་རིན་ཆེན་དགོངས་པ་ཡིན།། དཔེར་ན་རིན་ཆེན་ཆེན་སྒྲོམ་བུ་ལས།། ཅི་འདོད་ཐམས་ཅད་འབྱུང ་བསྐུར། དེ་བཞིན་དངོས་མེད་རིག་པ་ལས།། འཁོར་འདས་ཡོན་ཏན་ཚུལ་དུ་ཤར།། རིག་ཡེ་ཤེས་ཆེན་པོཿ། བསྒོམས་པས་གཞན་ནས་རྙེད་པ་མེད།། མ་བསྒོམས་སྟོར་དང་ཤོར་བ་མེད།། ཐུགས་རྗེ་མཚམ་པར ་ཆུ་བོ་བཞིན།། རིན་ཆེན་སྒྲོལ་མའི་དགོངས་མ་ཡིན།། པདྨ་འདམ་ན་གནས་ན་ཡང་།། ཁ་དོག་མདངས་དང་ལྡན་པ་ཡང་།། འདམ་གྱི་སྐྱོན་གྱིས་གོས་པ་མེད།། འཁྲུལ་པ་རྣམ་གསུམ་སྣང་མོད་ཀྱང་། མ་འཁྲུལ་པའི ་སངས་རྒྱས་སུ།། ང་ཡི་ལུང་བསྟན་ངེས་པའི་དོན།། གསེར་བུར་དོན་གྱི་དགོངས་པ་ཡིན།། དེ་ལྟར་ང་ཡིས་གདམས་པ་ཡིས།། རང་རིག་ཡེ་ཤེས་བསྟན་པའི་ཚེ།། ཨ་ནུ་ཡོ་གའི་མན་ཆད་ནས།། མུ་སྟེགས་རྟག་ཆད་ཡན་ཆད་ཀྱིས། ་བློ་ཡི་གེ་འདོད་མི་གནས་པར།། རང་རིག་ཡེ་ཤེས་གཏན་ལ་ཕེབས།། བློ་དང་དངོས་པོའི་དོན་ཆད་པས།། སྤུ་མི་ལྟ་བུའི་དགོངས་པ་ཡིན།། རང་རེག་དག་པའི་ཆོས་སྐུ་ལ།། ཡེ་ཤེས་སྤྱན་གྱིས་མྱུ་གུ་ལྔ།། ཁ་དོག་ཡི་བདག ་ཉིད་ཅན།། མ་འགག་ཟླ་བའི་མྱུ་གུར་ཤར།། རྟོགས་དང་མ་རྟོགས་ཁྱད་པར་གྱིས།། འཁོར་དང་མྱ་ངན་འདས་པར་ཤར།། སྣ་ཚོགས་སྣང་བར་ཟད་མོད་ཀྱང་།། རང་གིས་ངོལ་རྣམ་པར་དག། ས་ལེ་ལྡང་པའི་དགོངས་པ་ཡིན།། ་ཆོས་སྐུའི་དོན་ལ་རྟོགས་པ་ལ།། གཟུང་འཛིན་རྟོགས་པ་སྣ་ཚོགས་ཤར།། དེ་ཡི་གཟུང་འཛིན་སྣང་བ་ཡིས།། དེ་ཡི་ཆོས་ཅན་སྣ་ཚོགས་ཤཱར།། དེ་ལ་ཐེག་པ་སྣ་ཚོགས་འཆར།། ལོག་པར་རྟོག་པ་ཕྱོགས་རེ་སེལ།། ངེས་པ་དོན ་གྱི་གདམས་པ་ཡིན།། གཞི་སྣང་ཆེན་པོའི་དོན་བརྗོད་པས།། གཞི་ཡི་ཡོན་ཏན་ཕྱོགས་རེ་ཡིས།། མི་འཐུན་ཕྱོགས་རེ་སེལ།། བློ་ཡིས་མཐའ་ལས་ངེས་གྲོལ་བ།། རྟོགས་པ་མཐའ་སེལ་དགོངས་པ་ཡིན།། ངས་བསྟན ་དོན་གྱི་དགོངས་པ་ལས།། ང་ཉིད་འཇིག་རྟེན་འདས་པའི་ཚེ།། ལོག་ལྟ་ཅན་རྣམས་བརྩོད་སྲིད་པས།། ཡང་དག་དོན་གྱི་མཐའ་ཐོབ་ལས།། དྲི་དང་ལན་དབབ་ལན་བྱུང་བས།། སེང་གེ་རྣམ་པ་འགྱིངས་པ་ཡིས།། གཅན་ལན ་ཕྲ་མོ་ཟིལ་གནོན་ལྟར།། ཆོས་ཉིད་དོན་གྱིས་རིག་པ་དང་། དེ་བཞིན་བསྒྲུབ་བྱེད་གཞན་སེལ་གྱིས།། ལོག་པར་ལྟ་བ་སུན་བྱུང་ནས།། སེ་གེ་འགྱིངས་པའི་དགོངས་པ་ཡིན།། དེ་བཞིན་འཆད་མཁན་ང་ཉིད་ཀྱང་།། ་སྐུ་གསུམ་འདུ་འབྲལ་མེད་པར་གནས།། དེ་ཡི་དོན་ཆེན་ཡང་དག་མཚན།། རྩོལ་བ་མེད་པར་རང་ལ་རྫོགས།། འཁོར་རྣམས་ལ་ཡང་དེ་བཞིན་ནོ།། མཚན་རྫོགས་དོན་གྱི་དགོངས་པ་ཡིན།། དེ་ཡི་དགོངས་པ་ཡོངས་རྫོགས་པ།། ཆོས་ཉིད ་ཀློགྲོང་ནས་ཆོས་སྐུ་གནས།། གཉིས་མེ་ཟང་ཐལ་སྟོང་པ་ཉིད།། དེ་ཡི་ངང་ནས་ཡེ་ཤེས་ལྔ།། དེ་ཡི་དཔལ་སྐུ་ལྔར་བཞུགས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག། སྟོང་འཐུན་མ་གཞི་དགོངས་པ་ཡིན།། དེ་ལ་ཡོན་ཏན་མི་འགག ་པས།། རིན་ཆེན་གཏེར་གྱིས་འབྱུང་གནས་སོ།། ང་ཡི་དེ་བཞིན་བསྟན་པ་ཡིན།། སྐུ་དང་ཡེ་ཤེས་མ་རིག་སེལ།། ཅེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། སྐུའི་རྒྱུད་ཀྱིས་དོན་བསྟན་པའི་ལེའུ་སྟེ་གཉིས ་པའོ།། །། བཱནྟ་ཏནྟྲ་ས་མ་ཏི་ཨ་ཏ་ཀ་ལ་སཱ་ཏུ་ན་ཨ། དེ་ནས་བཅོམ་ལྡན་འདས། གསུང་འགག་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པས། ཀྱཻ་བཅོམ་ལྡན་འདས ་གསུངས་གིས་གགོངས་པ་གསུང་དུ་གསོལ། ཅེས་པས་ཞུས་སོ།། སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོས་ངེས་པར་གཟུང་ཅིག། གཞི་ནི་འགྱུར་བ་མེད་པ་ལས།། ཡེ་ཤེས་འགག་པ་མེད་པར་འཆར་བ།། གསུང ་པ་ནི། གཞིའི་མཚན་ཉིད་སྟོང་ཞིང་བདག་མེད་ལ།། དོན་འགྱུར་བ་མེད་པས་ན་མཁའ་ལྟ་བུའི་ཆོས་ཉིད།། སྟོང་པ་རྡོ་རྗེའི་ཆོས་ཅན།། དེ་ཡང་དགོས་པ་ཅན་གྱི་ཆོས་མེན་ཏེ།། ཡོན་ཏན་གྱི་སྒོ་ཡངས་པས།། རང་འབྱུང་ཡེ་ཤེས་འགག་པ་མེད ་དོ།། དེ་ལ་ནུབ་པ་མེད་ཅིང་དོན་དངོས་པོ་མཚན་མ་འབིགས།། གཅོད་པ་གོང་ན་གཞན་མེད་པས་རྩེ་མོའོ།། དོན་ཐམས་ཅད་འདུས་པ་ནི།། ཐ~ཾད་ཀྱི་གཞི་རྩ་དང་། དགོངས་པ་ཞེས་བྱའོ།། གཞི་མཚོན་པའི་ཐབས་སུ་གསུང་བརྒྱུད་བསྟན་ཏེ། ་བཤད་པའི་རྒྱུད་བསྟན་ཏེ། བཤད་པའི་རྒྱུད་ཆེན་པོ་འདིས། རྒྱུད་རྣམས་ཀུན་གྱི་དོན་རྡོ་རྗེ་ལྟ་བུ་འདིས་གཅོད་ཅིང་འབིགས་ལ། རྒྱུད་རྣམས་ཀྱི་དགོངས་པ་དང་། བཤད་ཐབས་འདིར་འདུས་པར་ངས་བསྟན་པ་ནི། རྒྱུད་རྣམས་ཀྱིས ་ཚིག་དོན་ལ་སྦྱོར་བས།། མཚན་གྱི་དོན་གྱི་དགོངས་པའོ།། ཀྱིན་འཁོར་གྱི་ཏིང་ངེ་འཛིན་རྣམས།། འབྱུང་གཞིའི་རང་རིག་ཡེ་ཤེས་ནི།། དང་པོ་རྒྱུ་ལས་མ་བྱུང་ཞིང་།། བར་དུ་རྐྱེན་གྱིས་གྲོགས་མ་བྱས། ཐ་མ་གཉེན་པོས་མི་འཇིག ་པས། རྡོ་རྗེ་ལྟ་བུའི་ཆོས་སྐུ་ཏེ། རང་གིས་ངོ་བོ་དག་པ་ལས། རང་བཞིན་ཐུགས་རྗེ་མི་འགག་འབྱུང་།། ཡེ་ཤེས་རང་འབྱུང་དགོངས་པ་ཡིན།། ངས་བཤད་རྒྱུད་ལུང་ཐམས་ཅད་ལ།། ཁུངས་དང་ལོ་རྒྱུས་ཡོད་པའི་ཕྱིར། ་སྟོན་པས་གསུམ་ལ་བསྟན་པརེ་གསུམ།། འཁོར་གསུམ་གནས་དང་དུས་དང་གསུམ།། ལྔ་གསུམ་བཅཝོ་ལྔ་བསྟན་ལ་ཕབ་པའོ།། ངེས་པའི་རྒྱུད་ཆེན་རྣམ་པ་ལྔ། ཡོན་ཏན་སྣང་ཚུལ་རྣམ་པ་ལྔས།། ཀུན་ལས་མཆོག་ཏུ ་གསང་བར་གནས།། ཆེ་བའི་ཡོན་ཏན་དགོངས་པ་ཡིན།། ངས་བཤད་པདྨ་འཁྱིལ་བའི་རྒྱུད།། ཚིག་རྒྱུད་ཀུན་གྱི་རྩ་བ་སྟེ། དེ་སོགས་རྒྱུད་ཀྱི་ཤང་རྒྱུད་པས།། པདྨ་འཁྱིལ་པའི་མན་ངག་གིས།། གཞི་ཡིས ་མ་རིག་མུན་གསལ་ནས།། རྟོགས་པའི་རྡོ་རྗེ་རང་སྣང་བས།། མུན་པའི་སྒྲོན་མེའི་དགོངས་པ་ཡིན།། གཞི་དང་ཡོན་ཏན་མ་འགག་པས། འཁོར་འདས་གཉིས་སུ་འབྲེལ།། དངོས་པོའི་དོན་ལ་གཉིས་མེད་པར།། བྱིན་གྱིས་བརླབས་ཀྱིས ་སྣང་ཞིང་འཆར།། བཞུགས་ཤིང་འབྱུང་བས་གཞི་ཉིད་དེ།། རིན་ཆེན་ཕྲེང་བའི་དགོད་པ་ཡིན།། ཀྱེ་མ་རིགས་ཀྱི་བུ། ངོ་བོ་སྤྲོད་པ་ལས་འདས་ཅིང་།། ཉོན་མོངས་རྟོགས་པའི་ཟུག་རྔུ་ཞི།། ཐུགས་རྗེ་སྐུ་གཉིས་མི་འགག་པས།། རང ་རིག་ཡིས་ཆེན་པོར་འདུས།། འཁོར་འདས་སྤྱིའི་དོན་བསྟན་པ།། འཇམ་དཔལ་ཡེ་ཤེས་འདུས་པའི་དགོངས་པ་ཡིན།། ཀྱེ་མ་རིགས་ཀྱིས་བུ་ལེགས་པར་བཟུང་ཅིག། གཞི་སྣང་ཆེན་པོའི་འདུག་ཚུལ་ལས།། འཁོར་འདས་གཉིས་སུ ་ཤར་པ་ནི།། བསྐལ་པ་དང་པོ་ལས་སངས་རྒྱས་འོད་མི་འགྱུར་བ།། འཁོར་འདས་ཀྱི་ཆོས་ཐཾད་ས་བོན་དུ་གནས་པའོ།། བར་དུ་མ་འགག་པའི་ཡེ་ཤེས་འོད་དུ་ཤར་ཏེ། མྱུ་གུ་ལྟ་བུའོ།། ཐ་མ་འབྲས་བུ་མངོན་པར་སྣང་སྟེ། ་སངས་རྒྱས་སེམས་ཅན་གཉིསུ་སྣང་ཞིང་སྨིན་ཏེ། འཁྲུལ་པ་གསུམ་དུ་སྣང་ངོ་།། དེ་ཡི་ཚེ་དེ་ཡི་གཉེན་པོ་རྡོ་རྗེ་སེམས་དཔས་ཐོག་མ་སངས་རྒྱས་ངོ་སྤྲང་དེ།། འཁོར་བ་ཁང་བཟློག་གིས་མི་འགྱུར་དོན་གྱི་སྙིང་པོ་སྟེ། གདན། ་ངག་གཉིས་ཀྱིས་བཀྲོལ་སྟེ་བསྟན།། ཐུགས་ཀྱིས་སྙིང་པོའི་དགོངས་པ་ཡིན།། དེའི་དུས་བཞི་སྣང་བ་གཏན་ལ་འཕེབས།། མི་འགྱུར་དཔལ་སྐུ་གསུམ་གནས།། ཆོས་ཉིད་ཆོས་སྐུ་ཡེ་ཤེས་ནི།། སྐུ་དང་གསུང་དང་ཐུགསུ་གསལ། བསྒྲུབ ་པ་མཐར་ཕྱིན་འཁྲུལ་པ་མེད།། སྟོང་མཐུན་མ་བཞིའི་དགོངས་པ་ཡིན།། རིགས་ཀྱི་བུ་དོན་དེ་ཀུན་གྱི་མཐུན་མོངས་མ་ཡིན་ཏེ།། རིགས་ཀྱི་བུ་རྒྱུད་སོ་སོར་བཟུང་ཅིག། ཀུན་ལས་ཆེ་ལྔས་འཕགས་པ་ནི།། གདམས་པར་ངས་བསྟན་ནོ།། ་དེ་ལྟར་གདམས་པ་སྒྲོགས་སུ་བར་ཆད་སེལ་དང་ཚིག་རྫོགས་ལས། སྣོད་བཅུད་འགྱུར་མེད་མན་ངག་མཐར་ཕྱིན་ཕྱིར།། བླ་མ་སངས་རྒྱས་བཅས་པ་དང་། ཀྱང་སེམས་ཆོས་སྐྱོར་བསྲུང་མ་དང་། རིགས་འཛིན་རིམ་པ་ཚོགས་ཀྱི ་མཆོད།། རིག་པ་འཛིན་པ་ས་ལ་བསྐུལ།། བར་ཆད་སེལ་འགྱུར་ང་ཡིས་ལུང་བསྟན།། དགུ་པ་དོན་གྱི་དགོངས་པ་བསྟན།། མ་འོང་དོན་འཇུག་དོན་མཛད་པས།། མ་ནོར་དོན་གྱི་རྒྱུད་ཆེན་ལྔ།། དགའ་ར་བ་ལ་སོགས་འཁོར ་བཤད།། དེ་བཞིན་ཤོར་ཅིག་རྗེ་སུ་སྣང་། འཇུག་པའི་དགོངས་པ་ངས་བཤད་དོ།། ཅེས་གསུང་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། གསུངས་གིས་རྒྱུད་བསྟན་པ་སྟེ་ལེའུ་གསུམ་པའོ།། ། བྷོ་དྷི་ཙིཏྟ་ཏནྟྲ་མ་ཧཱ་ས་མ ་ཏི་ཨ་ཏ་ཀ། ལྷ་ས་ཏུ་ཨ། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ།། ཐུགས་འགྱུར་བ་མེད་པའི་དགོངས་པ་ལ་བཞུག་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པ། མྲྀ་བྷྲཱུཾ་བཅོམ་ལྡན་རྡོ་རྗེ་འཆང་།། ཐུགས་ཀྱི་རྒྱུད་ཆེན་དགོངས་པ ་གསུངས་ཅེས་ཞུས།། དེ་ནས་བསྟོན་པས་བཀའ་བསྩལ་པ།། ལག་ན་རྡོ་རྗེ་ལེགས་བཟུང་ཅིག། རང་རིག་ཡེ་ཤེས་རྣམ་དག་པས།། ཉོན་མོངས་པ་ཡིས་དྲི་མ་མེད།། ཡེ་ནས་རང་བྱུང་ཡེ་ཤེས་པས།། རྒྱུ་རྐྱེན་མེད་པ ་གཉེན་པོ་མེད།། ཡེ་ནས་གཉིས་མེད་ཆོས་སྐུ་བས།། འཁྲུལ་པའི་བག་ཆགས་བསླད་པ་མེད།། རྡོ་རྗེ་བཞིན་དུ་འགྱུར་བ་མེད། གཞི་ལ་ཡོན་ཏན་འགག་པ་མེད།། ཐམས་ཅད་མ་བཅལ་ལྷུན་གྱི་གྲུབ།། བྱ་བཙལ་འདས་པའི་ཆོས་ལ ་གནས།། འདུ་འབྲལ་མེད་པ་སྐུ་གསུམ་བརྒྱན།། ཚིག་དང་དོན་གྱིས་མཚོན་དགོངས་ཡིན།། ས་གཞི་ལྟ་བུའི་རང་རིག་ལས།། རྩེ་ཤིང་ལྟ་བུའི་འཁོར་འདས་སྣང་།། མི་འགྱུར་ཆོས་ཉིད་སྤྲོས་དང་བྲལ། རང་རིག་ཡེ་ཤེས་མན་ཤེལ་བཞིན།། ་འགྱུར་མེད་ཡེ་ཤེས་རྒྱ་མ་ཆད།། ལྷུན་གྲུབ་ཡེ་སངས་རྒྱས་པ་ལ།། ངོ་བོ་མི་འགྱུར་ཐུགས་རྗེ་འགག་པ་མེད།། དང་པོ་གནས་ལུགས་དགོངས་པ་ཡིན།། ཀྱེ་མ་རིགས་ཀྱི་བུ་ལེགས་པར་བཟུང་ཅིག། མི་གནས་ཡེ་ཤེས་ཆོས་ཀྱི་སྐུ།། ཡེས ་ལྔ་ཡི་མཚན་ཉིད་ཅན།། རང་བྱུང་ཡེ་ཤེས་འབྱུང་བ་ལྔ།། ཆོས་ཉིད་དག་པའི་ཀློང་ནས་ཤར།། ཐིག་ལེ་འོད་ཀྱི་ཁ་དོག་ལྔ།། མཐིབ་ཁ་ལ་སོགས་ཁ་དོག་ལྔ།། རིགས་ལྔའི་སངས་རྒྱས་ངོ་བོར་ཤེས།། སྐུ་ལྔ་ཡིས་ལུས་ཅན་རྫོགས།། བཞི་བ ་རྩ་གཉིས་འོད་དུ་གསལ།། རང་རང་ཡེ་ཤེས་གངས་ལ་བཞུགས།། གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ།། ཡིས་ལྔའི་གཞལ་མེད་ཁང་།། གསལ་དང་དྲོད་དང་བསིལ་བ་དང་།། ཡང་དང་ཡངས་ཤིང་ཁྱབ་པའི་བདག། ཀུན་འབྱུང་ཡིས ་ཕུང་པོར་འབར།། གདན་གསུམ་ང་ལ་མ་བསྐྱོད་རྫོགས།། སྦྱོར་བ་གསུམ་གྱི་སྤྲུལ་པ་འབྱིན།། འགྲོ་བའི་མ་རིགས་མུན་པ་སེལ།། ཐུགས་རྗེ་འབྱུང་བའི་དགོངས་པ་ཡིན།། ཧྲིཾ་མ་ཀྱེ་མ་རྡོ་རྗེ་འཛིན།། རིན་ཆེན་ཟུར་བརྒྱད་ཉི་ཟླའི་ཁང་པ་ན། ་སྐུ་དང་ཡེ་ཤེས་པའི་མར་མེ་ལྟར།། ལོག་ན་མི་གནས་རང་བཞིན་ལྷུན་གྱི་གྲུབ།། རྟོག་པས་འདུ་འབྲལ་མེད་པའི་དགོངས་པ་ཡིན།། ཡེ་ནས་སངས་རྒྱས་ཆེན་པོ་ལས།། ལུས་ངག་ཡིད་གསུམ་བྱ་བ་ཡིས།། ས་དང་ལམ་རྣམས་རིམ ་བསྐྱོད་དེ།། སངས་རྒྱས་ཡིས་རྩལ་དུ་མེད།། ཆུ་ཡིས་རང་བཞིན་གདང་བ་ལ།། རྙོགས་པས་དེ་བཞིན་མི་གསལ་བཞིན།། ཆོས་སྐུ་རང་བཞིན་སངས་རྒྱས་ལ།། སྐུ་གཉིས་མ་རྩ་ལ་ལྷུན་གྱིས་གྲུབ།། ལུས་དང་བརྩོ་ལས་གསལ་མི ་ནུས།། ང་ཡི་ངོ་བོ་དག་པ་ལས།། དགེ་དང་སྡིག་པ་གདོད་ནས་མེད།། མེད་པའི་ཆོས་ལ་ཕན་གནོད་མེད།། བྱས་པའི་ཆོས་ཀྱི་སངས་མི་རྒྱ།། མ་བཅོས་རང་གིས་དང་ལ་བཞག། བྱ་བརྩལ་འདས་པའི་དགོད་པ་ཡིན། མི་གནས་ཡེ་ཤེས་ད ་རྟོགས་མཐའ་དང་བྲལ།། སྨྲ་བསམ་བརྗོད་མེད་རང་བཞིན་རྣམ་པར་དག། མ་བཙལ་བཞག་པས་འདུ་འབྲལ་ཡོངས་ཀྱི་མེད།། རང་རིགས་ཟང་ཐལ་ཆེན་པོ་ལས།། བསྒྲིབ་མེད་རང་སྣང་རྩེ་གཅིག་གསལ།། བློས་བཞག་བསྒོམ་པས་གྲོལ་འདོ།། ་པ།། མ་ཚོར་ཡིད་ཀྱི་ཡུལ་གྱུར་པས།། རིན་ཆེན་གསེར་གྱི་སྒྲོགས་བཅུག་བཞིན། གཟུང་འཛིན་བརྩོལ་བས་བསྡམ་ཞིང་འཆིང་།། ལྔ་པ་དོན་གྱི་དགོངས་པ་ཡིན།། ཅེས་གསུངསོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས།། ཐུགས་ཀྱི་རྒྱུད་ཀྱིས ་དོན་དགོངས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། རཏྣ་ཀ་དྷ་མ་ཧཱ་ཀཾ་ལཾ་ས་ཏུ་ཨ། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ། ཡོ་མ་ཏན་འགག་པ་མེད་པ་དང་།། འཕྲིན་ལས་ཐོགས་པ་མེད་པའི་དགོངས། ་པ་ལ་བཞུག་སོ།། ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཡོན་ཏན་འཕྲིན་ལས་དགོངས་པ་གསུངས་དུ་གསོལ།། ཅེས་ཞུསོ།། སྟོན་པས་བཀའ་སྩལ་པ།། རང་རིག་ཆོས་སྐུ་དངོས་མེད་དག་པ་ལ།། ཡོན་ཏན་སྒོ་ཡང་སྣང་བ་སོ་སོར་ཤར།། ་ཆོས་ཉིད་ངང་ནས་མ་འདྲེས་སོ་སོར་གསལ།། ཆོས་སྐུ་ཐུགས་རྗེ་ལོང་སྐུ་ཡོངསུ་ཤར།། དེའི་ཐུགས་རྗེས་འགྲོ་བ་གནས་སུ་གྲོལ།། རྟོགས་པའི་མཐའ་སེལ་སྟོན་ཕྱོགས་རེ་བརྗོད།། ཨ་ཏའི་ངང་དུ་མ་འདྲེས་རྫོགས་པར་བསྐྱལ།། ཡོན་ཏན ་འགག་མེད་དོན་གྱིས་དགོངས་པ་བཤད།། སངས་རྒྱས་འཕྲིན་ལས་མ་བཙལ་ལྷུན་གྱི་གྲུབ།། ནམ་མཁའ་ལྟ་བུའི་ཆོས་ཉིད་དག་པ་ལས།། ཉི་མ་ལྟ་བུའི་སྐུ་གསུམ་འདུ་འབྲལ་མེད།། བྱ་བཙལ་མེད་པའི་ཐབས་ཆེན་གྱིས། མ་རིག་མུན ་པ་སེལ་བར་མཛད།། ན་མཁའ་ཉི་མ་ལྟ་བུའི་རྒྱུད་ཆེན་དགོངས་པ་ཡིན། ཅེས་གསུང་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས།། ཡོནྟ་འཕྲིན་ལས་རྒྱུད་བཤད་པའི་ལེའུ་སྟེ། ལྔ་པའོ།། །། ཨ་པ་དེ་ཤ་ཏནྡ་ཀ་ལ་ས་དུ་ཨ ་དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས།། མན་ངག་དོན་གྱི་དགོད་པ་ཆེན་པོ་བཞི་ལ་བཞུག་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པྲ། མན་ངག་རྒྱུད་ཆེན་རིམ་པ་གསུངས་དུ་གསོལ།། ཅེས་ཞུསོ།། སྟོམ་པས་བཀའ་སྩལ་པ། ལག་ན ་རྡོ་རྗེ་ལེགས་པ་བཟུང་ཅིག། ལྟ་བའི་ངོ་བོ་མན་དག་ནི།། འབྱེད་མེད་ཤེས་རབ་གསལ་ལ་རྟོག་པ་མེད།། ལོགས་ན་མི་གནས་རང་རིག་ཡེ་ཤེས་ཉིད།། ཐུགས་ཀྱིས་ཀློང་ན་འགྱུར་མེད་འགགས་པ་མེད།། མེ་ཧོག་ཆོས་སྲུ་འོགག་མེད་ཡོང་སྟེ། ་སྲུ། རྣམ་དག་དབྱིངས་ལ་ཡིས་མ་བསྒྲིབས་གསལ།། ཐུགས་རྗེ་སྤྲུལ་པ་ཡིས་ཟང་ཐལ་ཡིན།། དེ་ལ་གོང་འགྱུར་ཡེས་ལོག་ན་མེད།། དེ་ཉིད་མཆོག་འགྱུར་ཡེ་ཤེས་བླ་མ་ཉིད།། རྒྱུ་རྐྱེན་མེད་པར་རང་བྱུང་ཡིས་གསལ།། རང་རིག་ཡིས ་ཆོས་རྣམས་ཀུན་གཞི་ཉིད།། མ་ནོར་མ་བཅོས་དབྱེར་མེད་རྟོགས་པའི་མཆོག། སྐུ་གསུམ་ངོ་བོར་གྲོལ་བའི་རྒྱུད་ལ་སྦྱར།། རྟོགས་པའི་གང་ཟག་ཆོས་ཀྱིས་མཐའ་ལས་གྲོལ།། དེ་ལ་མི་གནས་རྣམ་པར་དག་པའི་དབྱིངས།། འགྱུར་མེ ་ཀློང་དུ་སྐུ་ལྔ་རྫོགས་སངས་རྒྱས།། དེ་ཉིད་རང་ཡིན་གཞན་ལས་འབྱུང་བ་མེད།། དེ་ཡི་དོན་རྟོགས་བྱ་བཙལ་ལས་འདས་ཏེ། སྐུ་གསུམ་རང་ཆས་རྫོགས་པར་གྲོལ་མིན་ཏེ། མི་འགྱུར་སྤྲོས་བྲལ་ཀློང་ན་ཟང་ཐལ་ཡེ་ཤེས་གསལ ་བླ་མེད་རྒྱུད་ཆེན་དོན་གྱི་དགོངས་པ་ཡིན།། ཀྱེ་ཀྱི་རྡོ་རྗེ་འཛིན་པ་ཉོན་ཅིག། བླ་མེད་ཡིས་ཟང་ཐལ་དོན་ཆེན་རྟོགས་པ་ཡིས།། ཆོས་ཉིད་རྡོ་རྗེ་ཆོས་སྐུ་དབྱེར་མེང་སྟོང་པའི་ཀློང་ཆེན་དུ།། ཕྱི་ནང་སྣོད་བཅུང་བག་ཆགས་མཚན ་མ་དག། གཟུང་འཛིན་མི་གནས་གཉིས་མེད་ཆོས་སྐུར་གནས།། སྟོང་ཉིད་དོན་རྟོགས་གཉིས་མེད་ཡིས་ཆོས།། འཛིན་པའི་སེམས་མེད་བཟུང་བའི་ཡུལ་དང་བྲལ། གཟུང་འཛིན་རྟོགས་མེད་ཡིས་མཁའ་ལ་གསལ། ་མ་རིག་བདག་སྣང་ཆོས་ཉིད་ངང་དུ་འཐིམ།། ཡེ་ཤེས་ཀློང་ནས་རིག་པ་རང་གསལ་བ།། ཐུགས་རྗེ་འོད་ཀྱི་མ་རིག་པ་རང་གསལ་བ།། ཐུགས་རྗེ་འོད་ཀྱི་མ་རིག་མུན་པ་སེལ།། རང་རིག་རྣམ་དག་ཤེས་རབ་ཀློང་དུ་འབྲིམ།། མཚོན་པའི ་ཐབས་ཆེན་མཚོན་ཆའི་དོན་ལ་སྦྱོར།། སྨྲ་བསམ་བརྗོད་ལས་འདས་པ་འབྲས་བུ་འཐུན་གཅིག་ནས།། སྐུ་དང་ཕྱག་རྒྱ་དབྱེར་མེད་དང་ལ་གསལ།། རང་སྣང་ཡེ་ཤེས་གཞན་སྣང་རྟོགས་དང་བྲལ།། རྟོགས་པའི་ཤེས་རབ་རིམ་པས་ཟིལ་ག་ནི། ་ཅིང་། འཁོར་བའི་ཆོས་མེད་རིག་པ་རང་ས་འཛིན།། ལྟ་བའི་གནད་གཅོད་དོན་གྱི་དགོངས་པ་ཡིན།། འཁོར་གྱིས་རིག་པ་འཛིན་པ་ཉོན་གཅིག། ངས་བསྟན་རང་རིག་ཡེ་ཤེས་ཏེ།། བསྒོམ་དུ་ཡོད་པ་མ་ཡིན་ཏེ། བསྒོམ་མེད་པ་ཡོད་པ་ཡིན། ་གཉིས་མེད་འདུ་འབྲལ་ཡོངས་ཀྱིས་བདེ།། ཆོས་ཉིད་ཀློང་ན་རང་རིག་ཆོས་སྐུ་གསལ།། མཚན་ཉིད་འཛིན་པའི་ཡེ་ཤེས་འགག་མེད་འོད་དུ་གསལ།། སྦྲུལ་སྐུ་མ་འགག་འོད་ཟེར་ཀུན་ཏུ་འཕྲོ།། མ་རིག་མུན་སེལ་ཐུགས་རྗེ་གནས་སུ ་སྒྲོལ།། དེ་ཡི་ཐབས་སུ་བསྒོམ་དུ་ཡོད་མེད་གཉིས།། གང་ཟང་ཟག་འབྲིང་ལ་གཞི་ལམ་འབྲས་བུར་བསྟན།། རང་གིས་བློ་ལ་འཚམས་ལ་འོས་པར་མཛེས།། གང་ཟག་རབ་ལ་བསྒོམ་དུ་མེད་པར་བསྟན། རང་གི་བློ་ལ་འཚམ་ལ ་འོས་པར་མཛེས།། ཡང་དག་དོན་ལ་ཡོད་ལ་མ་བཀག་པར།། འཛིན་པ་ཕྱོགས་རེ་ཞེན་པ་བཟློག་མཆེད་དུ།། མེད་པར་ཞེན་ལ་ཡོད་པའི་དོན་དུ་བསྟན།། དོན་དམ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ། འགྱུར་མེད་གཞི་རྟོགས་ཉམས་བླངས ་བློ་དངོས་འདྲེ།། མཚན་མའི་བསྒྲིབ་གཡོགས་སྤོང་མཆོད་པ།། འཁྲུལ་པའི་བློ་ལ་བསྒྲིབ་གཡོགས་མེད་པར་སྣང་།། ཡེ་ཤེས་རང་གིས་ངོ་བོ་སྒྲིབ་མེད་ཟང་ཐལ་ཏེ།། བློ་དངོས་སྲེ་ཚེ་འདི་ལྟར་ངེས་པར་བཟུང་།། ཡུལ་མེད་སེམས་གཉིས་མེ ་ཅེར་གྱིས་མཐོང་བར་འགྱུར།། དེའི་ཚེ་རིག་པ་ཡུལ་ལ་ཤར་བ་ཡིན།། ཚུར་ལ་མི་བསྡུ་མ་སྐྱོད་ཟད་ཐལ་བཞག། ཐབས་གསུམ་ཉོན་མོངས་མི་སྤོང་མི་རྟོག་མ་གཡོས་དང་དེ་ཉིད།། རང་གསལ་མི་འགག་རང་བཞིན་དོན།། གཉིས ་མེད་བདག་ཉིད་ཆེན་པོར་བཤད།། དེ་ཡི་རྟོགས་པ་མངོན་དུ་ངེས་པར་འགྱུར།། རྣམ་དག་སྤྱོད་པས་མཚན་མ་ཐིལ་གྱི་གནོན།། ཆོས་སྐུ་ངོ་བོར་བདག་ཉིད་མངོན་གྱུར་པས།། དེའི་ཡོན་ཏན་དོན་འགྲོ་ལ་ཐུགས་རྗེ་འཆར།། ཡོད་པར ་ཞེན་ལ་མེད་པར་དོན་བསྟན་པ།། གཞི་སྣང་ཡེ་ཤེས་རང་བཞིན་རྣམ་པར་དག། མི་གནས་ཡེ་ཤེས་ཆུ་བོ་ག་ག་བཞིན།། བསྒོམ་བསྒྲུབ་མ་བྱས་རང་བྱུང་ཡེ་ཤེས་སྐུ།། ཚོགས་གཉིས་མ་གསགས་སྒྲིབ་གཉིས་མ་སྦྱངས་པར།། གོང་མའི ་དོན་རྟོགས་བདག་ཉིད་མངོན་སངས་རྒྱས།། མ་འོང་ད་ལྟར་རྗེས་འཇུག་རྟོགས་སངས་རྒྱས།། ད་ལྟར་དེ་བཞིན་པ་ཡིས། ལུང་བསྟན་ཞིན།། ཡོན་ཏན་ཕྱོགས་རྗེ་སྐུ་དང་ཡེ་ཤེས་གས་ལ།། མཆེ་བ་སོ་སོའི་མཆོག་གྱུར་རྣམ་པར ་དཔགས།། མཛེས་པའི་དོན་ཆེན་རྒྱུད་ཀྱི་དགོངས་པ་ཡིན།། རང་རིག་ཆོས་སྐུ་ཐུགས་རྗེ་མ་འགགས་པར།། སྐྱོབ་པའི་སྐུ་མཆོག་ཡིས་གཟུགས་ཀྱིས་སྐུ།། ཤེས་པ་བདག་ཉིད་མ་འགག་པར་མཛེས་པའི་སྐུ། སྣང་བ་རང་བཞི ་མེད་ཅིང་སོ་སོར་འཕྲོ།། ངོ་བོ་རྣམ་དག་མཚན་ཉིད་ཡིས་ལྔ།། དེ་ཡི་རང་གདངས་ཡིས་འོད་དུ་འཆར།། དེ་ཉིད་རྣམ་དག་སྣང་ལ་རང་བཞིན་མེད།། ཡོད་མེད་གཉིས་མེད་ཡིས་རང་ཆས་རྟོགས།། བློ་ལས་འདས་ཏེ ་དཔག་མེད་ཡེ་ཤེས་སྐུ།། བློ་ཡི་ཡུལ་གྱུར་ཚད་བཟུང་མཚོན་པའི་རྟགས།། ཐུགས་ཞགས་པས་རྒྱུད་ཆེན་དགོངས་པ་ཡིན།། ཅེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལས།། མན་ངག་གིས་རྒྱུད་པ་སྟེ་ལེའུ་དྲུག་པའོ།། ་ཛྙ་ན་གུ་རུ་བཛྲ་རཀྵ་ཚེ་ཏི་ཀྲིང་ཀྲིང་ར་ཛཱ་ཨུ་མ་དེ་བ་ཛྙཱ་ན་ཀ་ལ་པྲ་ས་མ་ར་མ་ཨུ་ཏེ་ཤན་ཏནྶ་ཙ་རི་པྲ་ཏ་ཨ་ཏ་ཀ་ལ་ས་ཏུ་ཨ།། དེ་ནས་བཅོམ་ལྡན་འདས་དགོངས་པ་མི་འགྱུར་བའི་དོན་ལ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས ་པ།། ཀྱཻ་གྱི་བཅོམ་ལྡན་རྡོ་རྗེ་འཆང་།། རྒྱུད་ཀྱི་བུ་བཞི་སྤྱིའི་དགོངས་པ་བཤད་དུ་གསོལ།། ཅེས་ཞུསོ།། སྟོན་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ལེགས་གཟུང་ཅིག། དྲི་མེད་དག་པའི་ཆོས་སྐུ་ལ།། ཡོན་ཏན་སྣང་བ་མི་འགག་པ། ་འཁོར་དང་མྱ་ངན་འདས་པར་སྣང་།། རང་ཉིད་མ་གཡོས་གོས་པ་མེད།། དེ་ལ་སྐྱེ་འགག་འགྱུར་མེད་པ།། རྩ་བའི་རྒྱུད་ཆེན་ལྔ་ཡི་དོན།། དེ་མཚོན་ཚིགས་རྒྱུད་རྣམ་པ་ལྔ།། སྐུ་གསུང་རྒྱལ་པོ་བཤད་ལུགས་གསུམ།། སོ་སོའི་འཁོར ་ལ་གནས་སུ་གསུངས།། མཚོན་པའི་རྒྱུད་ལས་ངེས་ཤེས་བསྐྱེད།། རྒྱུད་ལྔ་དོན་གྱི་སྙིང་པོ་ནི།། སྐུ་གསུམ་འདྲ་འབྲལ་མེད་པར་བཤད།། སངས་རྒྱས་བདག་ཉིད་སྟོན་པ་ཡིན། སྐད་ཅིག་གསུམ་ལ་རྣམ་གྲོལ་བའི།། སོ་སོར་རྟོགས ་པའི་ཡེ་ཤེས་ཅན།། སངས་རྒྱས་དག་ཏུ་བསྡུ་བར་བསྟན།། ཤེས་རབ་ཏིང་ངེ་འཛིན་དབང་གྱུར་པས།། གཞི་ལ་གནས་ཏེ་ལྷག་མཐོང་མེད།། བྱང་སེམས་ཤེས་བྱའི་སྒྲིབ་པ་ཅན།། སེམས་ཅན་བདེ་ལུ་ང་ཡི་བཤད།། ཡེ་ཤེས་ཆེན་པོ་རྒྱུད་ལ ་བཤད།། བག་ཆགས་ལུས་ལ་ཐོགས་པ་ནི།། མཚན་ཉིད་ལྔ་ལྡན་གཉིས་མེད་པའི།། ཕུང་པོ་གསུམ་པའི་གནས་སྐབསུ།། བསྡུ་བའི་རིམ་པར་རྣམ་ཕྱེ་བའོ།། དྲི་མེད་རྒྱུད་ཀྱི་དགོངས་པ་ཡིན།། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ།། གོང་བསྟན་དོན ་གྱི་དགོངས་པ་ལ། ཤར་བ་མེད་པ་ནུབ་པ་མེད།། སྐྱེ་བ་མེད་ལ་འགག་པ་མེད།། འགྲོ་བ་མེད་ལ་འོང་བ་མེད།། གཟུང་འཛིན་རྣམ་རྟོག་རྒྱུད་གཅད་དེ།། འགྱུར་མེད་ཡེ་ཤེས་དོན་རྟོགས་མེད།། གཞི་ཡི་གནས་ལུགས་ཡིན་པར་བཤད།། དེ་དོན ་ཀུན་ཏུ་བཟང་པོ་ཡིས།། བཟང་ངན་ཕྱེ་ཆུང་དབྱེ་བ་མེད།། དེ་ཡི་གནས་ལུགས་ངེས་མཐོང་བ།། ངོ་སྦྱོང་རྣམ་གཞི་རྟོགས་པ་བསྐྱེད།། ཉོན་མོངས་ལྔ་དང་དོན་གནང་ལྔས།། མ་རྟོགས་བཅིངས་ཏེ་བདུད་བཞིན་བསྡམས་པས་རྟོགས་པས ་གྲོལ།། དེ་བཞིན་ཀུན་གྱི་མི་རྟོགས་པས།། བློ་དང་སྦྱར་ཏེ་སོ་སོར་བཤད།། ནུབ་མེད་རྒྱལ་མཚན་དགོངས་པ་ཡིན།། རིག་པའི་སྐུ་ལ་དབང་བཞི་རྫོགས།། རབ་སྣང་འཁོར་ལ་བྱིན་བརླབས་དབང་བསྐུར་དང་པོའི་བྱིན་གྱིས་བརླབས་ཀྱིས་ཤར། ་མཐའ་བྱིན་གྱིས་བརླབས་ཀྱི་བསྐུར།། རང་ལ་དབང་བསྐུར་རང་ལ་རང་དབང་ཐོབ།། དེ་ཉིད་མཆོག་འགྱུར་འཁོར་འདས་ཀུན་ལ་དབང་།། རྫས་ལ་མ་རྟེན་ཤེས་རབ་སྟོབས་ཀྱིས་བསྐུར།། རིག་པ་རྩལ་དབང་ཞེས་སུ་བསྟན་པ་ཡིན།། ་། རང་རིག་ཡེ་ཤེས་ངོ་བོ་སྟེ།། རང་རིག་ཐུགས་ཀྱི་ཀློང་ན་བཞུགས།། ཆོས་སྐུ་འགྱུར་མེད་ནུབ་པ་མེད།། སྐྱེ་འི་མེད་པའི་རྡོ་རྗེའི་ཚེ།། བློ་ཡི་ཡུལ་ལས་རབ་འདས་པས།། བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད།། གཟུགསྐུ ་གཉིས་དང་ཐབས་གཅིག་བཞུགས།། རྫས་དང་སྔགས་དང་ཆོ་ག་རྣམས།། ཕྱི་བསྟན་དེ་ཉིད་རྟོགས་པའི་ཐབས།། དེ་རྟོག་དེ་ལ་སྒྲུབ་དུ་མེད།། རིག་པའི་རང་གདངས་བུམ་པ་ལྡན།། ཡུམ་གྱི་རང་བཞིན་ཡེ་ཤེས་སྤྱན།། སྙིང་པོ་སྐུ་ལྔ་བཞུགས་། ་ཀློང་།། དེ་རྟོགས་བྱ་ཕྱིར་བུམ་པའི་དབང་།། ཕྱིར་བསྐུར་ནང་དུ་གདམས་པ་དབབ།། དེ་ནི་ལོངས་སྐུའི་ངོ་བོ་སྟེ།། དེ་ལས་སྤྲུལ་པའི་བསྐུར་སྣང་བ།། ཚོགས་དྲུག་དག་ལ་ཡེ་ཤེས་ཁྱབ།། མི་གསལ་གསལ་བའི་བདག་ཉིད་ཅན།། ལྷུན་གྲུབ ་མངོན་དུ་འགྱུར་བའི་ཕྱིར།། ཕྱག་རྒྱ་རྣམ་དྲུག་ཕྱིར་དབང་བསྐུར།། ནང་དུ་བསྐུར་མེད་ཐོབ་མེད་པས།། ཡེ་ནས་གནས་པའི་ཐབ་སུ་བསྟན།། དེ་རང་སྣང་ཞིང་རང་གིས་ཤེས།། རང་ཉིད་དང་ན་འདུ་འབྲལ་མེད།། རྫས་བཞི་དག་ལ་རྟེནས ་རྟོགས་པ་ཐོབ།། མཐུན་མོངས་གྱུར་དང་མ་གྱུར་པས།། སོ་སོའི་ཡུལ་དང་གང་ཟག་བསྟན།། ཚེ་དབང་དོན་གྱིས་དགོངས་པ་ཡིན།། ཆོས་སྐུ་འགྱུར་མེད་རྡོ་རྗེ་གསུམ།། ལོངས་སྐུ་སྲོག་མེད་སྐུ་ལྔ་གསུང་།། དེ་གདུང་སྡུག་སྐུས་ཡོངས ་བཟུང་སྟེ།། སེན་མ་རིག་མུན་པ་སེལ།། དེ་བཞིན་དེ་ཡི་རིམ་པས་གཟུང་།། དེ་ལ་དེ་བཞིན་གནས་དེ་ནས།། སྐུ་གདུང་དོན་གྱི་དགོངས་པ་ཡིན་ཅེས་གསུངསོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས།། གདམས་ངག་རྒྱུད་གཞིའི་དགོ། ་པ་སྟེ། བདུན་པའོ།། ། ཨ་པུ་ཨུ་ཌྷ་ཏྲེ་ཤ་པ་ན་ཙཱ་ཀ་ཧ་ཨ་ཧ་མ་ཏི་ཨ།། དེ་ཚེ་བཅོམ་ལྡན་འདས་མམངག་དོན་གྱི་དགོངས་པ་ལ་བཞུག་སོ།། དེ་ནས་ཡང་གསང་བའི་བདག་འོས་ཞུས་པ། གྱི་བཅོམ་ལྡན་རྡོ་རྗེ། ་འཆང་།། མན་ངག་ལུང་གིས་དགོངས་པ་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། སྟོན་པ་རྡོ་རྗེ་སེམས་དཔའ་ངས། རྒྱུད་དང་རྒྱུད་ཀྱི་མན་ངག་དང་། མན་ངག་ལུང་དང་བཅས་པར ་བསྟན།། མན་ངག་དོན་གྱིས་དགོངས་པ་ཡིན།། ཆོས་སྐུ་རིན་ཆེན་ལྟ་བུ་ལ།། ཡོན་ཏན་སྣང་བ་སྐུ་གཉིས་འཆར།། དབྱེར་མེད་འདུ་འབྲལ་མེད་པར་གནས།། ངོ་སྤོང་རྣམ་གཞི་གྲོལ་བར་བྱས།། ་ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་སྟེ།། སྐུ་གསུམ་རིན་ཆེན་གཏེར་མཛོད་བརྟོལ།། མི་འགྱུར་དགོངས་པ་རྣམ་བཞི་རྫོགས།། འགྱུར་མེད་གཅིག་གིས་པ་ལ་གནས།། ཞལ་ཆེམས་དོན ་གྱི་དགོངས་པ་ཡིན།། ཆོས་ཉིད་འགྱུར་བ་མེད་པ་དང་།། རིག་པ་འགག་པ་མེད་པ་ལས།། སྣང་བ་རང་བཞིན་མེད་པའི་ཡེ་ཤེས་གསལ།། སྙིང་པོ་སྐུ་ལྔ་ཕྱག་རྒྱ་མ་བསྐྱེད་ཚུལ།། ་ས་བོམདྷུ་རུ་བཤད་པ་དང་། རྒྱུ་ཉིད་མྱུ་གུའི་ཚུལ་དུ་བྱུང་།། རིག་དང་མ་རིག་བྱེ་བྲག་གིས།། འབྲས་བུ་སངས་རྒྱས་སེམས་ཅན་གཉིས།། ཆོས་སྐུ་གཅིག་ལ་ཐ་དད་པས།། ཟླ་བ ་ཉི་མ་ཇི་བཞིན་ནོ།། ཆོས་ཉིད་འགྱུར་བ་མེད་པ་དང་།། རང་རིག་བརྒྱན་དུ་འགྲོ་བའི་ལུས་སེམས་ཤར།། སྟོན་པའི་རྒྱན་དུ་ལུང་དང་མན་ངག་ཤར།། དེ་རྟོགས་སྐད་ཅིག་བཞིས་གྲོལ་ལ།། རིག་པ་མ་འགས། ་ཆུ་ལ་ཤར།། དེ་ཉིད་མ་འགགས་ཡུལ་ལ་ཤར།། གཉིས་མེད་གཉིས་སུ་མེད་པར་གནས།། གཉིས་མེད་གཟུང་འཛིན་མཐའ་ལས་འདས།། གཞི་ལྡན་དོན་གྱིས་དགོངས་པ་ཡིན།། མཱ་མ་ཀྱེ་མ་རྡོ་རྗེ་འཛིན།། དེ་ལྟར་རྟོགས ་པས་རྣལ་འབྱོར་ལ།། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།། མི་འགྱུར་བཞིའི་ངང་ལ་བཞུགས།། བག་ཆགས་ལུས་ཀྱི་སྒྲིབ་མོད་ཀྱང་།། མ་ཐུབ་སྒོ་ནང་ཟང་ཐལ་གསལ།། ཡང་ཞུན་དོན་གྱི་དགོངས་པ་ཡིན།། དེ་རྣམ ་ངས་བསྟན་ཡིད་ཆེས་བྱེད།། དེ་ཡི་དངོས་གཞི་གོང་བཞིན་བསྟན།། ངེས་པའི་མཚན་ཉིད་ཇི་བཞིན་ཤེས།། དེ་དང་དེ་རྣམས་མི་འགལ་བར།། གང་ཟག་བློ་ལ་ངེས་ཤེས་བསྐྱེད།། དབང་གསུམ་དོན་གྱི་དགོད་པ་ཡིན།། ཐིག ་ལེ་ཀུན་འདུས་ཆེན་པོ་ལས། མན་ངག་གིས་དགོངས་པ་བསྟན་པ་སྟེ་ལེའུ་བརྒྱད་པའོ།། ། ཐུགས་རྗེ་ཆོས་ཀྱི་འཁོར་ལོའི་སྐབས་དོན་ཀུན་ལ་ཁྱབ་པའི་ཐིག་ལེའོ།། ཨཱ་ཏཱ་ཀ་ཛྙཱ་ན་ཙཀྲ་། ཏནྟྲ་ཨུ་པ་དེ ་ཤ་སཱ་ཏཱ་ས་མ་ཏི་མ་ལ་ཨ། པུ་ཏ་ས་ཏ་སརྦ་བུ་ཏ། ཙ་ཀ་ཤུ་སིང་ཏེ་ཤི་མ་ཎ་ཛྙཱ་ན་ཨན། བཛྲ་པ་ནེ་ཨ་ཏ་མ་ཏི་ཙ་རི་ཀ་ལ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྟོགས་པའི་ཡེ་ཤེས་ཀྱི་དགོངས་པ་ལ་བཞུག་སྷོ།། ་དེ་ཡི་ཚེ་གསང་བའི་བདག་པོས་ཞུས་པ། རྟོགས་པའི་ཡེ་ཤེས་འཁོར་ལོ་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ་ཉོན་ཅིག། གཞི་གནས་ཀྱིས་ཡེ་ཤེས་ལ་མཚན་ཉིད་འཇིམ་པའི་ཡེ་ཤེས་ཀྱིས ་བསྐོར་ཏེ་རིག་པའི་སྟོང་པ་དང་དབྱེར་མེད་པ།། ཐོག་པ་དང་གཅོད་པ་བཞིས་བསྐོར་ཏེ། ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་འཁོར་ལོ་བཞིས་བསྐོར་བ་ན།། ཕྱོགས་ལྷུང་མེད་པའི་ཤེས་རབ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས ་གཅོད་པའོ།། རིགས་ཀྱི་བུ་དེའི་དོན་ནི་ཀུན་གྱིས་ཐུན་མོངས་མ་ཡིན་ཏེ། རབ་ཏུ་རྟོགས་པ་དཀའ་བའོ།། ཀྱཻ་ཀྵུཾ་གསང་བདག་ངེས་པར་ཟུང་།། སྟོན་པ་ལ་སོགས་རྣམ་པ་ལྔ།། གསང་བའི་དོན་ཆེན་གཏན་ལ་ཕབ།། མ་རྟོན་འཁྲུལ ་པར་ཤར་བར་བཤད།། གདམས་ངག་རྣམ་གཉིས་གཙོར་བསྟན་ཅིང་།། རྒྱུ་རྐྱེམ་རང་རིག་གཅིག་པུ་ཉིད།། བདག་རྐྱེན་རང་རིག་ཆོས་སྐུ་ལ།། རྟགས་ཀྱི་ཡེ་ཤེས་མ་འགག་སྣང་།། དམིགས་རྐྱེན་ཐུགས་ཀྱི་མེ་ལོང་བྱས།། མཚུངས ་རྐྱེན་བླ་མའི་གདམས་ངག་བྱས།། ཡེ་ཤེས་འཁོར་ལོས་རབ་གཅད་པས།། འཁྲུལ་གསུམ་བཞི་གསུམ་ངང་དུ་དག། རང་རིག་ཡིས་བྱ་བཙལ་འདས།། ལས་དང་ཐུགས་རྗེ་རྣམ་པར་དག། བསྒོམ་པས་གཞན་ནས་ཐོབ་པ་མེད།། ་པ་བསྒོམ་དོན་དང་བྲལ་བ་མེད།། འདུ་འབྲལ་མེད་པའི་དགོངས་པ་ནི།། ཆུ་བོ་ག་ག་ཇི་བཞིན་ནོ།། དེ་ལྟར་དོན་རིམ་པར་སྤྱོད།། མ་འགགས་ཤར་བས་རང་བཞིན་ཏེ།། རྟོགས་པ་མཚན་མ་ཟིལ་གྱི་གནོན།། མཚན་མ་ཟིལ་གྱིས་གནོན་པའི ་སྣང་བ་ཡང་།། རྟོགས་པས་ཡོན་ཏན་རང་གསལ་ཏེ།། རང་ལས་མ་རྟོགས་གཞན་མྱེད།། དེ་དོན་རྟོགས་པའི་རྣལ་འབྱོར་ལ།། རང་མ་ཡིན་པ་གཞན་མེད་ཅིང་།། རང་ཡང་དངོས་བཞི་རྗེས་གྲུབས་མེད།། ་དེ་བས་དེ་ལ་གཉིས་མེད་པས།། དོན་ལས་མི་མཉམས་བསྲུངས་མཚམས་མེད།། འབྲལ་ལ་བྱས་པ་མ་ཡིན་ཏེ།། ང་ཡི་རང་བཞིན་ཡེ་ནས་དེ་བཞིན་ཉིད།། ང་ཡི་དོན་གྱི་ཕྱོགས་རེ་ནས།། ཐེག་བརྒྱད་འདོད་པ་ཕྱོགས་རེ ་བརྗོད།། ཐམས་ཅད་ང་ཡི་དབང་དུ་རྫོགས།། ང་ཡི་དོན་ལ་འདའ་བ་མེད།། ང་ཡི་རང་བཞིན་རང་བྱུང་ཡེ་ཤེས་པས།། སྙུན་གྲུབ་བཞི་ཡི་སངས་རྒྱས་ལས།། བྱ་བཙལ་འབད་རྩོལ་རྣམ་པར་དག། ང་ཡི་དོན་ཆེན་མ་རྟོག་པར།། ་ལུས་ངག་འབད་བརྩོལ་ཅི་བྱས་ཀྱང་།། བྱས་ཀྱང་འཛིན་པ་ཆེན་པོར་འགྱུར།། གསང་བ་དོན་ཆེན་དགོངས་པ་ཡིན།། དྲི་མེད་རྣམ་དག་རང་རིག་ཆོས་ཀྱི་སྐུ།། ཡོན་ཏན་འགགས་མེད་སྐུ་དང་ཡེ་ཤེས་གསལ།། བྱ་བྱེད་འབད་བརྩོལ་མི་གནས་བདེ་ཆེན ་ལྷུན་གྱི་གྲུབ།། མ་རྟོགས་བློ་ལ་ཕྱི་ནང་འཁྲུལ་པར་བ་ཤ་ར།། རྟོགས་པའི་དོན་ལ་མི་གནས་རྣམ་པར་དག། ནཱདྷ་འབར་བའི་གཞལ་མེད་ཁང་།། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས།། སྣང་བ་ཆོས་སྐུའི་བར་ན་ཡེ་ཤེས་གསལ།། དེ་ཉིད་རང་གི ་ངོ་བོ་ནི།། མྱང་འདས་དོན་གྱི་དགོངས་པ་ཡིན།། གཉིས་མེད་ཆོས་སྐུ་དབྱེར་མེད་ཤེས་རབ་གསལ།། མ་འགགས་ཡེ་ཤེས་འབྲས་བུ་གཟུགས་སྐུར་སྨིན།། ཆོས་སྐུའི་འོད་དང་ལོང་སྐུའི་ཟེར།། འགྲོ་བ་རིག་དྲུག་གནས་སུ་ཤར།། ལས ་དང་གང་ཟག་ཐུགས་རྗེ་གནས་སུ་གྲོལ།། ཀུན་ཏུ་བཟང་པོ་བདེ་ཆེན་ནང་དུ་སྦྱོར།། དྲི་མེད་རྣམ་དག་འབྱེད་མེད་ཤེས་རབ་གསལ།། མཉམ་སྦྱོར་དོན་གྱི་དགོངས་པ་ཡིན།། རང་རིག་ཡེ་ཤེས་རང་བྱུང་གཉིས་མེད་པས།། མཐལ་བཞི་བདུད་བཞི ་གནས་རྣམ་པར་དག། མི་གནས་ཡེ་ཤེས་མཚན་ཉིད་ལྔ་དང་ལྡན།། དམ་པ་ཆོས་སྐུ་འབྲས་བུ་ཡེ་ཤེས་སྐུ།། བྱ་བཙལ་མི་མངའ་རང་བཞིན་ལྷུན་གྱི་གྲུབ།། ས་ལམ་མི་བསྐྱོད་འགྱུར་མེད་གཅིག་པ་ཉིད།། བྱ་བཙལ་མི་མངའ་རེ་དོགས་མཐའ་ལ། ་འདས།། རང་བཞིན་ལྷུན་གྲུབ་ཡེ་སངས་རྒྱས་པའི་སྐུ།། སྤྲོས་བྲལ་ཀློང་ན་འགྱུར་མེད་རིག་པ་གསལ།། ཐུགས་རྗེ་འགག་མེད་མི་འབྲལ་གཡོས་པ་མེད།། རེ་དོག་མི་མངའ་བརྩོལ་གྲུབ་རྣམ་པར་དག། ཤེས་རབ་ལ་རྩལ་རྫོགས ་འགྱུར་མེད་དབྱིངས་ན་གསལ།། ཆོས་རྣམས་ཐམས་ཅད་རང་བཞིན་རྣམ་དག་ཀློང་།། མི་རྟོགས་ཆོས་སྐུ་འགག་མེད་ཡེ་ཤེས་གསལ།། སྐུ་དང་ཡེ་ཤེས་རོལ་པ་མཛད་སྤྱོད་ལས།། ཕྱི་ནང་སྣོད་བཅུང་ཟུང་འཛིན་སྣང་བ་རྣམས ་སྤྲུལ་པའི་སྣང་བ་ཆོས་ཉིད་དང་དུ་དག། རང་གི་ངོ་བོ་མ་བསྒྲིབས་ཀུན་ཏུ་གསལ།། སྐྱོན་དང་ཡོན་ཏན་རེ་དོག་བབང་ངམ་རྣམས།། གཉིས་མེད་བདེ་ཆེམ་རྟོགས་པའི་མཐའ་ལས་འདས།། ཆོས་གཉིས་དག་པའི་མེ་ལོང་ལྟ་བུ་ལ།། ་ཆོས་སྐུ་དག་པ་མེ་ལོངས་ལྟ་བུ་ཤར།། གཉིས་མེད་ཆོས་སྐུ་ན་མཁའི་བདག་ཉིད་ཅན།། རང་གསལ་འཛིན་མེད་མ་བཅོས་བདེ་བའི་ངང་།། སྟོང་ཉིད་སྟོང་པ་མ་ཡིན་སྟོང་པའི་སྙིང་པོ་འབྱུང་།། ཤེས་རབ་འགྱུར་མེད་ཀློང་ནས་འག ་མེད་ཡེ་ཤེས་ཤར།། སྣང་ལ་རང་བཞིན་མེད་དེ་རྣམ་དག་ཆོས་ཀྱི་སྐུ།། ཡོན་ཏན་མི་འགག་དངོས་མེད་ངང་གིས་འབྱུང་།། དེ་ཡི་དཔ་ལས་མི་གཡོ་འགག་པ་མེད།། རྒྱུ་རྐྱེན་བྱེད་པ་མེད་པས་རང་རིག་ཡེ་ཤེས་གསལ། འཁོར་འདྲ།། ་ལ་སོགས་ཅིར་སྣང་འཕེལ་འགྲིབ་མེད།། ཕྱི་ནང་བསྣོད་བཅུད་སྣང་སྲིད་འཁོར་འདས་ཀུན།། གཉིས་མེད་ཆོས་སྐུ་རྣམ་དག་ཀློང་ཆེན་ན།། མ་འདྲེས་ཡོངས་རྫོགས་གསལ་རྟོགས་པ་མེད།། ཡོན་ཏན་རང་སྣང་ཐིག་ལེར་རང་སངས་རྒྱས ་སྣ་ཚོགས་སྣང་ལ་རང་བཞིན་ཡོངས་ཀྱི་མེད།། ཏིང་འཛིན་རྣམ་དྲུག་དོན་གྱི་དགོངས་པ་ཡིན།། མི་གནས་ཡེ་ཤེས་མ་འགག་ཀུན་ཏུ་གསལ།། ཐུགས་ཀྱི་མེ་ལོང་ཀུན་གཞི་གཏན་ལ་འབེབས།། ལུང་གི་ཤར་ལུགས་གནས་ལུགས་ཐིམ ་ལུགས་ཤེས།། ཐུགས་རྗེའི་སྟོབས་ཀྱིས་རིགས་དྲུག་གནས་སུ་ཤར།། རྟགས་ཀྱི་ཡེ་ཤེས་འགྱུར་མེད་དོན་དང་ཕྲད།། སྦུབས་དང་བྲལ་བས་བཟུང་འཛིན་རྣམ་པར་དག། གཉིས་མེད་ཀློང་ནུས་ཡེ་ཤེས་འོད་དུ་གསལ།། བདུད་གཞི ་རྒྱས་འདེབས་ཡེ་ཤེས་རྩེ་གཅིག་གསལ།། རྟོགས་མེད་ཤེས་རབ་འབྲས་བུ་མངོན་སངས་རྒྱས།། རྡོ་རྗེ་གདན་ལ་རིན་ཆེན་སྐུ་རུ་སྨིན།། དམིགས་སེལ་རྣམ་དྲུག་དོན་གྱི་དགོངས་པ་ཡིན།། ཐུགས་ནི་དཀྱིལ་འཁོར་གསལ་འགྲི ་ལས་འདས་པའི།། མི་འགྱུར་མ་བསླང་འགག་མེད་ཡེ་ཤེས་གསལ།། མ་ནོར་མ་བཅོས་དབྱེར་མེད་གྲོལ་བའི་ཆོས།། གནས་སྐབས་ཆོས་ལྔས་སྲིད་པའི་མཐའ་ལ་བསྐྱོལ།། ཡི་གེ་རྣམ་དྲུག་དོན་གྱི་གནས་གཏན་པས། ་སྒྲ་སྐད་འབྱུང་དང་ཐུགས་རྗེ་རང་བྱུང་ཞིང་།། མི་གནས་མྱ་ངན་འདས་དང་དགོངས་པ་རྫོགས།། ཆོས་ལྔ་དོན་གྱི་དགོངས་པ་ཆེན་པོ་ཡིན།། དྲི་མེད་ངང་དུ་ཐམས་ཅད་འདུས།། དེ་མཚོམ་ཕྱི་ནང་གསང་བས་བསྡུས་པ་རྣམས།། སྒྲ་དང ་བརྡའ་དང་གཉིས་མེད་དོན་དུ་འདུས།། དེ་ཡི་དོན་ལ་རྒྱུ་རྐྱེན་རྣམ་པར་དག། རང་བྱུང་སྐུ་གསུམ་འགྱུར་མེད་ཆོས་ཀྱི་སྐུ།། རྟོགས་དང་མ་རྟོགས་འཁོར་འདས་ཀུན་ཏུ་ཤར།། སྣ་ཚོགས་སྣང་ཡང་དྲི་མེད་རྣམ་པར་དག། ཚིག་གིས ་མཚོན་པས་ཚིག་ལས་འདས་པས་རྟོགས།། ཚིག་གིས་མཚོན་པས་བློ་ཡི་བྱེ་བྲག་གིས།། སྒོམ་དུ་ཡོད་དང་མེད་པ་གཉིས་ལ་སྣང་།། གཉིས་ལ་ཡོད་མེད་དོན་ལ་རྣམ་པར་དག། དེ་ལྟར་རྟོགས་པས་སྐད་ཅིག་གསུམ་ལས ་གྲོལ།། སངས་རྒྱས་སེམས་ཅན་ཐུགས་རྗེའི་ལྕགས་ཀྱུས་འཛིན།། རང་རིག་མི་རྟོགས་ཆོས་ལས་འདས།། དེ་ལྟར་རྟོགས་པ་ཐམས་ཅད་ཅིངས།། རང་རིག་ཡེ་ཤེས་གཉིས་ཀྱི་མཐའ་ལས་འདས།། རྟོགས་པའི ་སྟོབས་ཀྱིས་མ་རིག་རིག་པར་གྲོལ།། འཁོར་འདས་གཉིས་མེད་བདེ་ཆེན་གསལ་བའི་ངང་།། ཐུན་མོངས་མ་ཡིན་སྨྲ་བསམ་འདས་པའི་སྐུ།། དེ་ལྟར་རྟོགས་པས་བརྩོལ་བའི་མཐའ་དང་བྲལ།། དེ་ཡི་མཚོན་ཐབས་མན་ངག ་ཀུན་གྱི་གཞི།། སྐུ་གསུམ་ལྷུན་གྲུབ་རྟོགས་པའི་ཤེས་རབ་ཀྱིས། དོན་གྱི་བཀའ་བཞི་མ་ལུས་གཏན་ལ་ཕེདྲ།། དགོངས་པ་འདུས་པའི་དགོངས་པ་འདུས་པ་ཡིན།། གསང་བའི་དོན་ཆེན་བློ་ཡི་ཡུལ་ལས་འདས ་ཐུན་མོངས་མ་ཡིན་སྨྲ་བསམ་འདས་པའི་སྐུ།། ཐུགས་ཀྱི་གཏེར་མཛོད་དགོངས་པ་ཀུན་གྱི་ཐུགས།། ཀུན་བྱུང་ཀུན་མཁྱེན་ཡེ་ཤེས་དག་པའི་བཞི།། རིག་དང་མ་རིག་སངས་རྒྱས་སེམས་ཅན་སྣང་།། ངས་བཤད་དོན་གྱི་རྣམ ་དག་དབྱིངས་ཀྱི་ངང་།། ཡེ་ཤེས་མི་འགག་བཅོམ་ལྡན་རྡོ་རྗེ་འཆང་།། ཐུགས་ཀྱི་ཀློང་དུ་འགག་མེད་ཡེ་ཤེས་ཤ་ར།། བློ་བའི་ནང་དུ་དེ་ཡི་པ་ཙ་ལ་ཤར་བའི་ཀ། རླུང་དང་ཕྲད་དེ་དེ་ཡི་རྟོགས་པ་འགྱུས།། དེ་ཡི་སྐྱོན་གྱི་མགོས་མཚན་མ་སོ་སོར་འཛིན།། ་དེ་བཞིན་རིམ་གྲོང་རླུང་དང་བྲལ་ནས་གནས།། དེ་ནི་རང་ཤར་ཀུན་ནས་ཀུན་མཁྱེན་འགྱུར།། ལུས་ཀྱི་རྣམ་ཤེས་ཐིག་ལེ་ཀུན་རྫོགས་ཐིག་ལེ་གསུམ།། ཕྱིར་ཤར་རྩལ་དེ་སྤྲུལ་སྐུ་འབྱིན་པར་བྱེད།། སེམས་ལས་གྲོལ་བས་བཟུང་འཛིན་རྣམ་རྟོགས ་གྲོལ།། རྟོགས་མེད་ཡེ་ཤེས་ན་མཁའི་འཇའ་ལྟར་གསལ།། བདག་ཉིད་སངས་རྒྱས་ཐུགས་རྗེས་འགྲོ་བ་སྐྱོབ།། འགྱུར་མེད་ཀློང་དུ་ཡེ་ཤེས་རླུང་གིས་བསྐྱོད།། སྐུ་གསུམ་ནང་གསལ་བུམ་པའི་མར་མེ་བཞིན།། ཐུགས་ཀྱི་གཏེར་མཛོད ་དགོངས་པ་ཡིན།། ཡུལ་གྱི་མཛོད་དང་རིག་པ་སེམས་ཀྱིས་མཛོད།། ལུས་ཀྱི་མཛོད་དང་རིགས་ལྔའི་མཛོད།། ཡེ་ཤེས་མཛོད་ནས་སོ་སོའི་དོན་བཞུགས་དབྱེར་མེད་ཚུལ་གྱི་འཆང་།། རྟོགས་དང་མ་རྟོགས་སངས་རྒྱས་སེམས་ཅན་སྣང ་དེ་མ་གནས་དང་དེ་ཡི་དང་དུ་གྲོལ།། རྟོགས་པའི་ཡེ་ཤེས་རིག་པ་རབས་འཛིན།། འབྱེད་པའི་མུ་བཞི་སྐྱོན་སེལ་ཡོན་ཏན་སྒྲུབ།། འཁོར་ལོ་ལྔ་པོ་དོན་གྱི་དགོངས་པ་ཡིན།། ཀུན་གཞི་ཡེ་ཤེས་མེ་ལོངས་རིགས་ལྔའི་བདེ་བཤེགས ་གསལ།། མ་ལུས་རྫོགས་ཚེ་ལུས་ཀྱི་ཀློང་ན་གསལ།། དོན་གྱི་དབང་བཞི་མ་བསྐུར་ལྷུན་གྱི་གྲུབ།། ཡིད་ཀྱི་དབང་པོ་མ་འགག་ཤེས་རབ་སོ་སོར་མཁྱེན།། གཟིགས་པའི་སྤྱན་ལྔས་གདུལ་བྱ་དོན་ལ་འཛིན།། གསུང་གིས་སྒོ་མོ ་ལྗགས་ཀྱི་ལྡེ་མིག་གིས་ནི་འབྱེད་པར་བྱེད།། ཚིག་དང་དོན་སྦྱོར་འགྲོ་དོན་མ་ལུས་རྫོགས།། བཀའ་བཞིན་དོན་གྱི་དགོངས་པ་དམ་པ་ཡིན།། བྱ་བཙལ་ལྷུན་གྲུབ་རང་བྱུང་ཡེ་ཤེས་ལ།། ཡོན་ཏན་འགག་མེད་སྐུ་གཉིས་ལྷུན་གྱི་རྫོགས ་ནང་གསང་གསུམ་མན་ངག་རྣམ་གསུམ་གྱིས།། ཕྱི་རུ་སྣང་བ་ཡེ་ཤེས་གདང་སུ་གསལ།། ཟུང་བ་མི་གནས་རང་བཞིན་རྣམ་པར་དག། ནང་དུ་སྣང་བ་བདེ་གཤེགས་སྐུ་ལྔར་གྲོལ།། ལུས་སེམས་མི་གནས་འཛིན་པའི་མཐའ ་དང་བྲལ།། གཟུང་འཛིན་གཉིས་མེད་རང་རིག་ཆོས་ཀྱི་སྐུ།། གསལ་ལ་མི་རྟོགས་བུམ་པའི་མར་མེ་བཞིན།། མཚོན་ཆའི་ཚིག་གིས་སྒྲོན་མེས་ངེས་མཚོན་ནས།། དེ་ཡི་ཉམས་སུ་ཕྱི་ནང་གསུམ་གྱི་བླངས།། ཇི་བཞིན་ཉམས ་མྱོང་མི་འགྱུར་བར་རྙེདང་།། སྙིང་པོའི་དོན་ལ་འགྱུར་བར་གནས།། འགྱུར་མེད་དོན་གྱི་སྐད་ཅིག་གྲོལ།། རྟོགས་པའི་ཡེ་ཤེས་གསལ་ལ་འཛིན་པ་མེད།། མི་ལྡོག་དང་པའི་རབས་ཟིན་པར་འགྱུར།། དེ་ཡི་ཚེ་ན་གསལ་བ ་རྣམ་གསུམ་སྟེ།། ཆོས་སྐུ་ཕྱི་ནང་མེད་པ་མ་བསྒྲིབ་གསལ།། ཡེ་ཤེས་འོད་ལྔ་སྦྲུལ་སྐུ་ལོངས་སྐུགས་ལ།། རིགས་ལྔ་ལོང་སྐུ་ནང་ན་གསལ།། སྐུ་གསུམ་མ་ལོགས་དོན་གྱིས་དགོངས་པ་ཡིན།། དེ་ཡི་དོན་དུ་མྱ ་ངན་འདས་ཞེས་བླ་དེ་ཀ་མི་ལྡོག་གས་ས་པར་གནས་པ་ཡང་།། ས་ལམ་རིམ་པས་བཟོང་བ་མ་ཡིན་ཏེ། སྐད་ཅེག་གསུམ་གྱིས་རང་ས་ཟིན་པར་འགྱུར།། རྡེརྗེ་རྣལ་འབྱོར་ལྔ་ཡི་དགོངས་པ་ཡིན།། ཅེས་གསུང་ཤོན ་ཐིག་ལེ་ཀུན་འདུས་ཆེན་པོ་ལས།། རྟོགས་པ་ཡེ་ཤེས་འཁོར་ལོ་བསྟན་པའི་ལེའུ་སྟེ། དགྲ་པའོ།། ཡེ་ཤེས་རང་བྱུང་བའི་སྐབས་ཡེ་ཤེས་ཆེན་པོའི་ཐེག་ལའོ།། ཨ་ཧཱ་གྲ་ཡ་ཏན་རྫ ་ཐ་རེ་ཤ་ཀ་མ་ས་ཧཱུཾ་ཨ། བོ་ཧི་ཙིཏྟ་ཀོ་ཤ་ཙ་མུ་ཏི་ཨ་ཏི་ཀ་ལ།། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་གསང་བ་དོན་གྱི་དགོངས་པ་ལ་བཞུགས་སོ།། ཕྱེད་བཅོམ་ལྡན་འདས་རྡོ་རྗེ་འཆང་།། གསང་བའི་དོན་གྱི་དགོངས་པ་ཇི་ལྟར་ལགས། ་ཅེས་ཞུསས།། སྟོན་པས་བཀའ་སྩལ་པ། ཝཾ་བཅོམ་ལྡན་རྡོ་རྗེ་འཛིན་པ་ངེས་བཟུང་ཞིག། ཨེ་མ་ངོ་མཚར་སྨད་ཀྱིས་ཆོས།། དེའི་ཚིག་ལ་མི་གནས་པས། དོན་གྱི་དགོངས་པ་མ་ནོར་བཤད།། རང་རིག་ཡེ་ཤེས་མ་འགགས་པ ་འཁོར་དང་མྱ་ངན་འདས་པར་གནས།། དེ་ལ་རྒྱུ་རྐྱེན་བྱེད་པ་མེད།། འཁོར་འདས་ཀུན་ཡང་སྔར་བྱུང་།། ང་ཡི་གོང་ན་གཞན་མ་མེད།། ཐམས་ཅད་རང་རིག་ཀློང་ན་བཞུགས།། ཐམས་ཅད་རང་རིག་ཀློང་ན་འཆང་།། དེ་ཡི་དེ་བོ་མ ་འགྱུར་བར།། ཡེ་ཤེས་ཡོན་ཏན་ཀུན་ཏུ་གསལ།། དེ་ལ་རྒྱུ་མེད་གཉེན་པོ་མེད་།། དངོས་མེད་སྣོད་བཅུང་རྩལ་དུ་སྣང་འབྱུང་གནས་མ་འགགས་ཀུན་ཏུ་ཁྱར།། ཀུན་འབྱུང་སྙིང་པོ་འགྱུར་བ་མེད།། དཔེང་མ་ཡིད་བཞིན ་ནོར་བུ་རིམ་ཆེན་བཞིན།། འཁོར་དང་མྱ་ངན་འདས་པའི་ཆོས།། དངོས་མེད་བྱིན་གྱིས་བརླབས་ལས་བྱུང་།། མཚམ་ཉིད་དོན་གྱི་དགོངས་པ་ཡིན།། ང་ཉིད་མ་འོང་སྔོན་རོལ་ན།། སྟོན་པ་ཀུན་རིགས་ཆོས་ཀྱི་རྗེ། པདྨ་བདེ ་གསལ་གྲོང་ཁྱེར་དུ།། བསྟན་པའི་སྙིང་པོ་ཡིས་ལྔ།། རང་སྣང་རྟོགས་པའི་འཁོར་རྣམས་ལ།། རྟོགས་མེད་བྱིན་གྱིས་བརླབས་ལ་བཤད།། སོ་སོའི་རྒྱུད་ལྔ་བྱིན་གྱིས་སོ་སོར་རྟོགས།། སྟོན་པ་ཀུན་སྣང་ཡིས་ཀྱིས།། ཆོས་ཉིད ་གསལ་བའི་རང་གདངས་ལ།། ཡེ་ཤེས་འགག་མེད་དཀྱིལ་འཁོར་བྲིས།། རང་རིག་དབུས་ཀྱི་བརྩོར་གནས་ཏེ།། ཉིད་ལས་མི་ཞན་སྟོན་པ་བཞི།། རང་རང་རིགས་ཀྱི་འཁོར་རྣམས་ལ། གསུངས་གི་ཆོས་རྣམས་མི ་འཆང་པ།། བྱིན་བརླབས་རང་གིས་ངོ་བོའི་སྒོ་ནས་བསྟན།། བསྟན་པའི་སྙིང་པོ་གོང་མ་བཞིན།། ཨུ་དུམ་འབར་བའི་མེ་ཏོག་ལ།། པ་ཉིད་བརྫུས་ཏེ་འོང་བའི་ཚེ།། ང་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ།། རང་བྱུང་ཐུགས་ཀྱི་ཆུ་བོ ་བཞི་རྫོགས་པས།། དགོངས་པའི་ཡེ་ཤེས་རབ་དབང་ཐོབ།། བརྡའ་སྒྲ་ངེས་པའི་དོན་གསུམ་བཤད།། རྒྱུད་ཀྱི་སྙིང་པོ་སེམས་ཕྱོགས་ཆེན་པོའི་དོན།། ཡིད་འདྲེས་པའི་ཚོགས་ལ་བསྟན།། དེ་བཞིན་བྱོས་ཅི་གངས་ལུང་བསྟན།། ་ལོ་རྒྱུད་དོན་གྱི་དགོངས་པ་བསྟན།། སྲིད་པའི་མཛོད་གྱུར་ཆོས་ཉིད་ཐིག་ལེན།། རང་རིག་མི་འགག་འགྱུར་མེད་ཆོས་སྐུ་བཞུགས།། ཐ་དད་མི་གནས་འོ་མ་མར་གྱི་ཚུལ།། རང་བྱུང་ཡེ་ཤེས་མ་འགགས་འོ་མ་མར་གྱི་ཚུལ།། ་རང་བྱུང་ཡེ་ཤེས་མ་འགགས་འོད་ཀྱི་མྱུ་གུ་ལྔ།། སྲོག་མེད་སྙིང་པོ་སྐུ་ལྔ་བསྐྱེད་ཅིང་འདྲ་འབྲལ་མེད།། མི་འགྱུར་སྐུ་ཡི་བདག་ཉིད་ཆེ།། མི་གནས་གསུང་གི་བདག་ཉིད་ཆེ།། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ།། ་མ་བསྐྱེད་པ་ན་འཇིགས་པ་མེད།། མན་ངག་དོན་གྱི་དགོངས་པ་ཡིན་པར་བསྟན་པའོ།། ཐུན་མེད་ཐུན་ཆེན་དགོངས་པ་གཅིག་ཏུ་དྲིལ།། ཆོས་ཉིད་ཆོས་སྐུ་འབྱེད་མེད་སྟོང་པ་དང་།། སྙིང་པོ་ཀུ་ལྔ་བར་ན་ཡེ་ཤེས་གསལ།། ་ཆོས་ཉིད་ཆོས་སྐུའི་བར་ན་འོད་ལྔ་གསལ་བ་ལོངས་སྐུའི་དོན།། སྣང་བ་ཆོས་སྐུའི་བར་ན་ཡེ་ཤེས་གསལ་བ་སྤྲུལ་སྐུའི་དོན།། དངོས་གཞི་དང་སྦྱར་བའི་དགོངས་པ་ཡིན།། རྒྱུ་རྐྱེན་མེད་པར་འཁོར་འདས་རང་ལས་བྱུང་།། ཡོན ་ཏ་ན་མ་འགགས་སྟོབས་ཀྱི་ཤར་བ་ཡིན།། ཐུགས་རྗེ་མ་འགགས་སྐུ་ཉིད་སྣང་བ་ཤར།། སྣ་ཚོགས་ཤར་ཀྱང་གཉིས་མེད་ཆོས་སྐུའི་དང་།། དེ་ནས་བྱུང་དང་དེ་ནས་འདུག་ཅིང་ཐིམ།། ཐམས་ཅད་མ་འགགས་པའི་ཡིས ་ཆར་བྱུང་ཆོས།། རང་རང་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས།། དོན་གྱི་སྒོ་རྣམས་འབྱེད་ཅིང་གསལ་བར་བྱེད།། སྒོ་དང་ལྡེ་མིག་དོམ་གྱི་དགོངས་པ་ཡིན།། ཆོས་སྤུན་མཁའ་ལྟ་བུ་ཡེ་ནས་མཚན་མེད་སྟོང་།། དེ་ཡི་སྟོབས་ལས་སྨེ ་སྐུ་རུ་སྣང་།། སྐུ་དང་ཡིས་དངོས་པོ་མཚན་མའི་ཆོས།། དང་པོ་ཤར་ཀྱང་རང་གིས་སྟོབས་ལས་ཤར།། ཐ་མ་ཐིམ་ཡང་རང་གི་ངང་དུ་ཐིམ།། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བའི་ངང་།། སྐུ་གསུམ་དབྱེར་མེད་དོན་གྱི ་དགོངས་པར་བཞུགས།། ན་མཁའ་ལྟོ་སྦྱོར་དོན་གྱི་དགོངས་པ་བསྟན།། ཆོས་ཉིད་ཀློང་ན་ཆོས་སྐུ་གསལ་བ་ནི།། ན་མཁའི་ངང་ན་ཉི་མའི་སྙིང་པོ་གནས་པ་བཞིན།། མི་འགྱུར་ཡོངས་ལ་ཁྱབ་པའི་སྐུ།། དེ་ལ་ཡེ་ཤེས་སྣང་བ ་འཆར་བ་ནི།། སྤྲིན་མེད་མཁའ་ལ་ཉི་མ་སྣང་བ་བཞིན།། རིགས་ལྔའི་སངས་རྒྱས་མ་འདྲེས་རྫོགས་པ་ནི།། ན་མཁའི་ངང་ན་འཇའ་མཚོན་གསལ་བ་བཞིན།། ཐིག་ལེ་ཆེན་པོ་དོན་གྱི་དགོངས་པ་ཡིན།། མི་གཡོའོ ་འདུ་འབྲལ་མེད་པའི་ཡེ་ཤེས་གསལ།། མཚོན་པའི་ཐབས་ཀྱི་རིམ་པས་བློ་ལ་སྦྱར།། མ་འགྱུར་བ་ཅིག་རྟོགས་ཚུལ་རྒྱུད་ལས་སྐྱེས།། སྦུབས་དང་བྲལ་བས་བདག་ཉིད་མངོན་སངས་རྒྱས།། འགག་མེད་ཐུགས་རྗེས ་འགྲོ་དྲུག་གནས་སུ་འདྲེན།། མི་གནས་བདག་མེད་ཆོས་སྐུའི་ཀློང་ན་གནས།། རིམ་ཆེན་སྒྲོལ་མ་དོན་གྱི་དགོངས་པ་ཡིན།། མ་འགག་མི་གཡོའ་དང་དང་རང་བཞིན་གྱིས།། ཡེ་ཤེས་ཟང་ཐལ་སྒྲིབ་མེད་ཀུན་ཏུ་གསལ།། ་ཆོས་སྐུའི་ངཔལ་གཟུགས་སྐུ་རང་བཞིན་ཏེ།། ཡོད་པ་མེད་དང་མེད་པ་ཡོད་པའི་ས།། སྐུ་གསུམ་དབྱེར་མེད་རབ་བཞིན་ཡེ་ཤེས་བདག། མིག་གི་སྒྲོན་མ་དོན་གྱིས་དགོངས་པ་ཡིན།། ཡོན་ཏན་མི་འགྱུར་རང་རིག་ཡེ་ཤེས ་ཏེ། སྐུ་གསུམ་སྦུབ་སུ་དེའི་གནས་སྐབས་བརྟན།། དེ་མཚོན་ཕྱི་ནང་གསང་བ་འདུས་པ་བསྟན།། ངོ་མཚར་ཐབས་ཀྱི་སྙིང་པོ་དོན་དང་འཇལ།། འཕྲུལ་གྱི་ཡི་གེ་དོན་གྱི་དགོངས་པ་ཡིན།། མ་རིགས་ཡེ་ཤེས་མཐར་ཐུག ་ཡོངས་ལ་ཁྱབ།། གསང་བའི་ཤེས་རབ་བསྒྲིབ་པ་ཀུན་ལས་འདས།། ཀུན་ལ་མཆོག་གྱུར་ཁྱད་པར་ཆེ་བས་འཕགས།། ནམ་ཁའ་ཁྱབ་པ་དོན་གྱི་དགོད་པ་ཡིན།། ཅེས་གསུངསོ།། ཐིག་ལེ་ཀུན ་འདུས་ཆེན་པོ་ལས།། ཕྱོགས་འཛིན་གྱི་དགོངས་པ་བསྟན་པའི་ལེའུ་སྟེ། བཅུ་པའོ།། ། ཀོ་ཤ་དྷཱུ་ཏཱ་མ་ཧཱ་བཛྲ་དྷ་ཏི་ཏཱན་ཏྲ་ཙཀྲ་པ་ཙ་ཨུ་པ་དེ་ཤ་ཨུ་ཏ་ཀ་ལ་ས་ཏུ་ཨ།། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས ་གསང་བའི་སྙིང་པོ་བླ་ན་མེད་པའི་དགོངས་པ་ལ་སྙོམས་པར་བཞུགསོ།། དེའི་ཚེ་གསང་བའི་བདག་པོས་ཞུས་སོ།། ཀྱཻ་ཀྱཻ་བཅོམ་ལྡན་རྡོ་རྗེ་འཆང་།། གསང་བ་དོན་གྱི་སྙིང་པོའི་དགོངས་པ་གསུངས་དུ་གསོལ།། ཅེས་ཞུས་སོ།། ་སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཅིག། ཆོས་སྐུ་ཡུལ་མེད་ཡེ་ཤེས་རང་གདངས་བཅས།། དོན་ལ་འགྱུར་མེད་འབྱེད་མེད་ཤེས་རབ་བཅས། སྟོང་ཉིད་སྤྲོས་བྲལ་ཡོངས་ལ་ཁྱབ་པའི་སྐུ།། ཐུགས་རྗེའི ་འགག་སྤྲུལ་སྐུ་རྒྱུན་མི་ཆད།། མི་འགྱུར་ཀློང་ནས་ཡེ་ཤེས་སྤྱན་མ་འགགས།། རང་སྣང་ཡེ་ཤེས་གཞན་སྣང་རྟོགས་པ་མེད།། ཐམས་ཅད་ཡོངས་རྫོགས་སྐྱེ་འགག་འཆར་ནུབ་མེད།། དོན་གྱི་དབང་བཞི་མ་བསྐུར་ལྷུན་རྫོ ་པས།། མ་བསྒོམ་མ་སྒྲུབས་ཡིད་ཉིད་རྫོགས་སངས་རྒྱས།། དོན་གྱི་རྫས་གཞི་མ་བསགས་ལྷུན་གྲུབ་པས།། རྟོགས་པའི་ཤེས་རབ་རང་རིག་ཁོང་ནས་འཆར།། བཀོད་པ་གཞི་ལྡན་དོན་གྱི་དབང་ཆེན་རྫོགས།། རེང་བྱུང་ཡིས ་རྒྱ་རྐྱེན་རྣམ་པར་དག། གཉེན་པོས་མ་ཤིགས་གཞན་གྱི་དབང་གྱུར་མེད།། གཉིས་མེད་བདེ་ཆེན་ཆོས་སྐུ་རྣམ་དག་སྟེ། ལུང་དང་སྒྲ་ཡིས་ངེས་པར་གཏན་ལ་དབབ།། ཆོས་རྣམས་ཐམས་ཅད་དབྱེར་མེད་མཉམ་ཉིད་དང་།། དངོས་པོར ་རང་རྫོགས་དེ་བཞིན་ཉིད།། རང་རིག་ཆོས་སྐུ་ཡེ་ཤེས་རང་སྣང་ལ།། འབྱུང་བ་ན་མཁའ་དང་པོ་ཉིད་ནས་མེད།། རང་བྱུང་ཡེ་ཤེས་དོན་གྱིས་འབྱུང་བ་ལ།། མཚན་མའི་འབྱུང་བ་དངོས་པོ་གདོད་ནས་དག། གཉིས་མེད་ཆོས་སྐུ་ཡེ་ཤེས ་ཟད་ཐལ་ལ།། གཟུང་འཛིན་གནས་སུ་རང་གསལ་འཛིན་པ་མེད།། དང་པོའི་རྒྱུད་མེད་རྡོ་རྗེའི་དང་།། བར་དུ་རྐྱེན་མེད་རང་བྱུང་ཉིད།། ཐ་མ་མི་འགྱུར་ཡེ་ཤེས་ནི།། འཆར་ནུབ་མེད་པའི་ཟང་ཐལ་དེ།། ན་མཁའི་མཐའ་བཞིན་ཐུག་པ་མེད།། ་བློ་ཡི་ཡུལ་ལས་རབ་འདས་ཅིང་།། མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ།། ཕྱི་ནང་བདུན་རྒྱབ་སྟེང་འོག་མེད།། དག་པ་ཟད་སྤྲོས་དང་བྲལ།། ཆ་ཤས་བྲལ་བའི་ངང་ཉིད་དེ།། སྐུ་གཉིས་མི་འགག་འོད་དུ་གསལ།། རང་ལ་རང་སྣང་སྐུ་མི་འཇིགས ་མི་གནས་འདུ་འབྲལ་ཡོངས་ཀྱི་མེད།། རྡོ་རྗེ་མཁའ་འགྲོའི་དགོངས་པ་ཡིན་། སྤྲོས་བྲལ་དབྱིངས་ལ་འགྱུར་མེད་ཀློང་།། མི་འགྱུར་ཁོང་སྙོམས་གཡུའི་མཎྜ་ནས།། ཡོན་ཏན་མི་འགག་རང་རིག་ཡེ་ཤེས་ལས།། རྩཝ་ལ་དང་རོལ་པས ་འཁོར་འདས་རྣམ་གཉིས་ཟླ་འཁོར་འདས་ཀུན་ལ་ཁྱབ་འབྲེལ་གཉིསུ་མེད།། ཛད་དེ་ལས་ཤར་ཅིང་དེ་ཡི་ངང་དུ་འདུས།། བསྒོམ་མེད་སངས་རྒྱས་དགོངས་པ་ཡེ་སངས་རྒྱས།། དེ་ཉིད་མི་འགྱུར་ཡེ་སངས་རྒྱས་པའི་སྐུ། རང་རིག་ཡེ་ཤེས ་མམང་ཡེ་ཞེས་གྲངས་པང་། སྨྲབས་ཆུབ་འིས་ནས་རྒྱན་པན། མས་པའང་ན་པོ་དང་ནས། བདོ་གན་རྣས་ས་ཅོས་གྲུ་བང་དུལ་ས།། བར་ངོསང་མི་སྐྱེ་གམས་ལས་འདས ་རིམ་རྩོལ་མི་མངའ་ཡེ་ཤེས་ཟང་ཐལ་དང་།། སྦུབས་དང་བྲལ་བས་དེ་ཉིད་མཐར་ཕྱིན་པའོ།། གདམས་ངག་དོན་གྱི་ངེས་དོན་བསྡུས་པ་ཡིན།། ཅེས་གསུང་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས།། གསང་བ་དོན་གྱི་སྙིང་པོ་བསྟན་པའི་ལེའུ། ་བཅུ་གཅིག་པའོ།། །། དེ་ནས་ཡང་སྟོན་པས་རྒྱུད་ཀྱི་གདམས་པའདི་གསུང་སོ།། ཁྱིམ་གྱི་མ་འདུས་པའི་ཚོགས། རྒྱུད་ལུང་མ་ན་ངག་ཁོང་གི་སྙིང་།། ཀུན་ཏུ་དོན་གྱི་དགོངས་པ་ཡིན།། རྡོ་འཛིན་པ་ཁྱོད་ལ་གཏད།། དགའ་རབ་། ་ཁྱོད་ཀྱི་ཟུང་།། གཞན་ལ་དེ་བཞིན་དགོད་པས་ཚེད།། མང་དུ་གསུམ་ལ་མ་སྤེལ་གཅིག། ཉུང་ངུ་གཅིག་ལས་མ་སྒྲུབ་གཅིག། གལ་ཏེ་དེ་ལས་མངས་སམ་ཉུང་།། མི་འགྱུརརཀྵ་ཀ་རྟི་ཀས།། འདི་རུ་ཚེའི་འདུ་བྱེད་བྱེད།། བྱང་ཆུབ་མྱུ་གུ་གཏན་དུ་ཀླག ་དེདྭ་དེ་བཞིན་དེ་གཙེས་གཅིག། ཅེས་གསུང་སོ།། དེ་ནས་ལག་ན་རྡོ་རྗེས་སྣ་དྲངས་ནས།། ཕྱག་བྱས་བསྐོར་བ་ལན་བདུན་དུ་མཛད་དེ། ཨེ་མ་ཧོ།། ལེག་སོ་ལེག་སོ།། དཔལ་ལྡན་རྡོ་རྗེ་འཆང་མགོན་པོ།། མ་བྱུང་བར་མི་འགྱུར་བའི་ཐིག་ལེ་ཀུན ་འདུས་ཆེན་པོའི་རྒྱུད།། འདིར་འདུས་ཚོགས་ལ་བཀའ་སྩལ་པ།། རྒྱུད་ལུང་ཀུན་གྱི་སྙིང་པོའི་དོན།། མི་འགྱུར་དོན་གྱི་དགོངས་པ་ཕྱིན།། བློ་དང་ཚིག་ལས་ངེས་ཡིས་འདས།། བརྩོལ་བསྒྲུབ་མཐའ་ལས་དེ་ཡིས་གྲོལ།། དགོངས་པའི ་ན་དོན་རྗེ་ཡི་གནས།། ཁོང་དོན་དནངས་པ་སྨན་ལགས་ལ།། རྗེས་འཇུག་རྣམས་ཀྱང་དེ་བཞིན་པས།། རྣམ་མཁྱེན་ཀུན་ལ་ཕྱག་འཚལ་འདྲང་།། ད་མཁྱེན་ལ་རྗེ་ཡིད་རང་།། ཅེས་གསུང་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས།། རྒྱུད་ཡོངསུ་གཏད་གམ ་ཀྱང་རྗེ་སུ་ཡིད་རང་སྟེ། ལེའུ་གཉེས་པའོ།། །། ཐིག་ལེ་ཀུན་འདུས་ཆེན་པོ་ཞེས་བྱ་བ། ལེའུ་ཆེན་པོ་བཅུ་གཉིས་པའོ།། ལེ་ཕྲན་ཞི་བདུན་པའོ།། རྫོགསོ།། ་