| Wylie | e-texts produced with BDRC’s OCR application |
ཐིག་ལེ་སྤྲོས་གཅོད་པའི་རྒྱུར་བཞུགས་སོ།། ་རྒྱ་གར་སྐད་དུ། ཏི་ལ་ཏྲ་ས་ལར་དྷ་དུདྷ་ཧི་མགུ་ཧྱ་ཏནྟ། བོད་སྐད་དུ། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད།། གསང་བ་ཡང་གཏེར་གྱི་རྒྱུད་ཅེས ་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཐིག་ལེའི་ཀློང་དུ་གྱུར་པའི་དགོངས་པ་ལ་ཞུགས ་ཏེ།། ཐམས་ཅད་རང་ཐིག་ལེ་རང་གྲོལ་གྱི་བསྟན་ཅེས་བྱ་བ།། འོད་ཟེར་བྱེ་བ་ཕྲག་མང་པོ་སྤྲོས་ཏེ།། ཆོས་ཆད་པའི་དུས་དེ་རུ།། བཅོམ་ལྡན་འདས་སྙིང་སྐུ་རྡོ་རྗེ་སེམས་དཔའ་སྤྲུལ་ནས། ་སངས་རྒྱས་གང་གའི་རླུང་གི་བྱེ་མ་རྙེད་ལ་ཆོས་བསྟན་པས།། དེའི་ཚེ་དེའི་དུས་ན། ཞུ་བ་པོ་མིའི་བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེས་གསུམ་གྱི་མངའ་བདག་ཅེས་བྱ་བ་དེས།། བཅོམ ་ལྡན་འདས་བདག་ཅག་སངས་རྒྱས་ལ། གནས་པའི་བྱང་ཆུབ་སེམས་དཔའ་བསམ་མི་ཁྱབ་སྟེ། བདག་གི་ལ་འདི་ལ་ཤིན་ཏུ་ཟབ་པ་རྒྱ་ཆེ་གཅིག་གསུང་སོ།། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད་ལས། ་གླེང་གཞིའི་ལེའུ་སྟེ་དང་པའོ།། ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་གཞེངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག། ཟང་ཐལ་ལྡང ་གདངས་དབྱངས་ལྔ།། དབང་དང་དམ་ཚིག་བསྡོམ་པ་ལ་སོགས་ཏེ། བར་དོ་མེད་དམ་པར་དོ་ཡོད།། དབང་པོ་རབ་སོགས་དང་སྦྱར་ཏེ། རྒྱུན་དང་དུམ་བུ་ལ་སོགས་པ།། དེ་ནི་བདག་གི་བཤད་པར་བྱ། ཅེས་གསུངས་སོ།། ཐིག་ལེ་སྤྲོས་པ ་གཅོད་པའི་རྒྱུད་ལས། བསྡུས་ནས་བཀའ་སྩལ་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ལག་ན་རྡོ་རྗེས་ཞུས་པ། ཟང་ཐལ་ལྔ་པོ་བཤད་དུ་གསོལ།། ཅེས་ཞུས་པྲ། ཡང་བཀའ་སྩལ་པ།། ཀུན ་གཞིའི་སྙིང་པོ་ཡིད་།། སྒོ་ང་རང་ཐལ་ཟད་ཏྭེ། དེ་ནི་བདག་གི་བཤད་པར་བྱ། ཀུན་གཞི་ཟང་ཐལ་གྱི་དཔེ་ནི། དཔེ་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ།། རྒྱ་མཚོ་དེ་ལ་ནི་ཉིན་མོ་རྙོག་པ་མེད་པར་མདངས།། རྙོག་མའི་སྐྱོན་གྱི་མ་གོས་ཏེ ་མཚན་མོ་ཟླ་བ་དང་གཟའ་སྐར་ཐམས་ཅད་འཆར་ཏེ།། རྒྱ་མཚོ་དང་གཟའ་སྐར་དབྱེར་མི་ཕྱེད་དོ།། དཔེ་དེ་བཞིན་དུ་མཚན་མོ་དང་འདྲ་བའི་ཀུན་གཞིའི་དབུགས་དང་བཅས་ཀྱི་བར་དུ།། ཀུན་གཞི་རྒྱ་མཚོ་འདྲ་བ་དེ་ལ ་བག་ཆགས་གཟའ་སྐར་དང་འདྲ་བ་དེ་དབྱེ་བས་མི་ཕྱེད་དོ།། གཟའ་སྐར་དེས་ཀྱང་རྒྱ་མཚོ་ཟང་ཐལ་དུ་འདུག་པ་དེས། གཟའ་སྐར་གྱི་ཕན་ཡང་མ་ཐོགས་གནོད་ཡང་མ་བསྐྱལ་ལོ།། ཞུས་པས། བག་ཆགས་དང་ཀུན་ག ་དབྱེར་མི་བྱེད་ན།། ཁམས་གསུམ་དུ་འཁོར་བ་ལས་མི་ཐར་རོ།། ཞེས་ཞུས་པས། དཔེར་ན་ཉི་མ་མོ་ཉི་མ་ཤར་བའི་དུས་ན།། ཉི་མ་ཤར་བ་ཙམ་གྱིས་གཟའ་སྐར་ཨ་ཅང་ཡང་ཆེས་བཟླ་བའི་འོད་ཀྱང་ཤི་ནས།། རྒྱ་མཚོ་ཡང ་མི་སྣང་ལ་རྙོག་མ་དང་བྲལ་ཏེ།། དཔེའ་དེ་དང་འདྲ་བར།། ད་ལྟ་ཡེ་ཤེས་སྒྲིབ་པ་དང་།། དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐམས་ཅད་མཁྱེན་པ་ཟང་ཐལ་དུ་ཤར་བས།། དབུགས་ཆད་པའི་དུས་དཔེར་ན་ཉི་མ་ཤར ་བ་དང་འདྲ་སྟེ། རྣམ་རྟོགས་ཐམས་ཅད་སངས་ནས་སངས་རྒྱས་སོ།། ཅེས་གསུངས་སོ།། ཀུན་གཞི་ཟང་ཐལ་ལ་སྤྱད་པའི་ལེའུ་སྟེ། གསུམ་པའོ།། ། ཡང་བཀའ་སྩལ་པ། ་སྙིང་པོ་ཟང་ཐལ་གྱི་དཔེ་ནི། མན་ཤེལ་དང་འཐུན་ཏེ། མན་ཤེལ་དངས་པ་དེ་ལ་ཟླར་མ་འགག་པ་དང་། འོད་ཁ་དོག་ལྔ་མི་འགག་སྟེ། ཟེར་དུ་ཤར་ཀྱང་ནི་ཤེས་པར་མི་གནས་པ། ཡིད་དང་རྟོག་པར་མི་གན ་འོད་དུ་ཤར་ཀྱང་ནི་བཟུང་བའི་ཡུལ་དུ་མི་གནས་ཏེ།། ཤེས་པ་ཟང་ཐལ་ཟེར་ཀྱང་ཐལ།། འོད་ཟང་ཐལ་ལོ།། དཔེ་དེ་བཞིན་དུ་སྙིང་པོའི་ཡེ་ཤེས་དེ་ཡང་།། སྡེབ་གཡོགས་ཀྱིས་མ་གོས་པར་ཟང་ཐལ། ཟེར་དང་འདྲ་། ་ཡིན་དུ་ཤར་ཀྱང་རྟོག་པ་མེད་ན། རང་སྣང་མ་འགགས་གཟུང་བའི་ཡུལ་དུ་མི་འཛིན།། དེ་གང་ལ་ངོ་སྤང་བ་ཟེར་ཕུང་འཚེད་ཀྱི་མཁན་པོ་དེ་དཔེར་ན་དམིགས་པའི་མིག་དང་འདྲ་སྟེ། མ་རྟོགས་པའི་དུས་ན། ་ཟེར་སྟེ།། སྣང་འཛིན་ཐམས་ཅད་དུག་ལྔ་རུ་འཆར་རོ།། དམིགས་པའི་མིག་གིས་མུ་མཐོང་བ།། ངོམས་ཤིང་ཚིམ་པ་དང་འདྲ་སྟེ།། དཟེར་དེས་སྙིང་པོ་ལྷ་ཐབས་ཀྱིས་ལྟས་པས་མཐོང་སྟེ། མཐོང་བ་ཙམ་གྱི་གྲོལ་ལོ།། ཅེས་གསུངས ་སྙིང་པོ་ཐལ་ལྔ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། ། ཡང་བཀའ་སྩལ་པ། ཡིད་ཟང་ཐལ་ནི།། དཔེར་ན་རླུང་སྡིག་རྒྱུ་དང་འདྲ་སྟེ།། དཔེར་ན་རླུང་དེ་ཡང་མི་སྣང་སྟེ། དོན་བྱེད་ནུས་ཏེ་ཟད་བསྐྱོད་པའི་རླུང་ཡིན ་པ་དང་འདྲ་བར།། ཡིད་མ་གཡོས་ན་རྟོག་པ་མེད་དོ།། གཡོས་ན་ཕུང་འཚངས་ལ་སྤྱོད་དོ།། ཕུངས་ཚངས་དེ་ཟང་ཐལ་དུ་གནས་ཀྱང་ཐམས་ཅད་ལ་དབང་བསྒྱུར་ནུས་ཏེ།། ངན་པ་སྣ་ཚོགས་ཀུན་གཞི་ལ་སོགས་གོ།། ་གསགས་ཀྱང་ཟང་ཐལ་ལོ།། ཅི་དང་འདྲ་ན་སྨིག་རྒྱུ་དང་འདྲ་སྟེ།། སྨིག་རྒྱུ་དེ་ལྟ་དང་མི་དང་ཆུར་སྣང་ཡང་།། ངོ་བོ་ཤེས་ནས་འདུག་པའི་དུས་ཐམས་ཅད་ཟད་ཐལ་དུ་འཆར་རོ།། ཅེས་གསུངས་སོ།། ཡིད་ཟང་ཐལ་དུ་ངོ་སྤྲང ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། སྒོ་ལྔ་རང་དངས་ཟང་ཐལ་གྱི་དཔེལ།། མེ་ལོང་དུ་སྐྱེས་བུའི་བྱང་ལྟས་པ་དང་འདྲ་སྟེ། དཔེར་ན་མེ་ལོང་གི་ནང་། སྒོ་ལྔ་ཡུལ་མེ་ལོང་གཉིས ་ཝ་ལེ་སྣང་ཏེ་ཀ། ནང་སྟོང་དབྱེར་མེད་དུ་འདུག་པ་བཞིན་དུ།། དེ་རང་སྣང་དུ་ཤེས་པས།། སྒྲོ་ལྔ་ཟང་ཐལ་དུ་ཡུལ་མེ་ལོངས་དུ་སྣང་ཏེ། ཟང་ཐལ་ལོ།། དཔེ་དེ་དང་འདྲ་བར།། སྒོ་ལྔ་པང་ཐལ་རིག་པའི་ཡིས་རང་སྣང་ར་བྱུང་། ་ཡེ་ཤེས་གཉིས་དབྱེར་མེད་པར་ཤར་བས།། སྒོ་ལྔ་རང་ཐལ་ཟླལ་ཅེས་བྱའོ།། དེ་ཡང་ལྟས་པའི་དུས་ན་རང་འཆར་རོ།། ཅེས་གསུངསོ།། སྒོ་ལྔ་རང་སྣང་ཟད་ཐལ་ངོ་སྦྲང་བའི་ལེའུ་སྟེ་དྲུག་པའོ།། ་དེ་ནས་ཡང་བཀའ་སྩལ་པ། གདུང་ཞེས་བྱ་བའི་སྲེག་པ་ཡི།། དེ་ནི་བདག་གི་བཤད་པར་བྱ།། གདུངས་ཞེས་བྱ་བ་རོ་སྲེག་སྟེ།། ཀུན་གཞི་བག་ཆགས་ཀྱི་རོ་དང་།། འཁྲུལ་པ་རྣམ་རྟོག་གིས་རོ་དང་། བསྐྱེད་རིམས ་ཏིང་ངེ་འཛིན་གྱི་རོ་དང་།། རྫོགས་ཆེན་ལྷ་སྒྲོམ་སྤྱོད་པའི་རོ་དང་གཞིའོ།། དེ་ལ་ཀུན་གཞི་བག་ཆགས་ཀྱི་རོའི་དཔེ་ནི།། དཔེར་ན་གཉིད་ལོག་པའི་དུས་ན།། ནོར་བསམ་གྱི་མི་ཁྱབ་པ་རྙེད་ནས།། ལོངས་སྤྱད་པ་ལྟ་བུ ་སྟེ།། ཀུན་གཞི་དངོས་པོ་མེད་པའི་གཞི་དེ་དག་ལ།། རྟོག་པ་བཟང་ངན་སྣ་ཚོགས་ལ་ལོངས་སྤྱོད་དེ།། དེ་ཡང་ཆགས་ཞིང་ཞེན་པས། འཁོར་བ་ལས་ཐར་པའི་དུས་མེད་པ།། ཀུན་གཞི་བག་ཆགས་ཆགས་ཀྱི་རོ ་འདི།། ཐམས་ཅད་མཁྱེན་པའི་ཧོམ་ཁུང་དུ།། ཤེས་རབ་ཆེན་པོའི་མེ་སྦར་ཏེ།། བག་ཆགས་ཀྱི་ཡམ་ཤིང་ལ།། རིག་པ་ཡེ་ཤེས་ཀྱི་མེ་སྦར་ཏེ། ཐིག་ལེ་བརྡལ་ཁྱབ་ཏུ་སྦྱངས་ནས་གཏང་ངོ་།། དེ་ནས་འཁྲུལ་པ ་རྣམ་རྟོག་གིས་རོ་བསྲེག་པར་བྱས་ཏེ།། འཁྲུལ་པ་རྣམ་རྟོག་གི་རོ་བསྲེགས་པས།། འཁྲུལ་པའི་སྒྱུ་མ་རིག་པ་ཡེ་ཤེས་ཀྱི་ཧོམ་ཁུང་དུ།། ཤེས་རབ་ཆེན་པོས་བསྲེག་པར་བྱའོ།། རྣམ་པར་རྟོག་པས་འཁྲུལ ་པའི་རྐྱེན་རང་བྱུང་ཡེ་ཤེས་མེས་ཐིག་ལེའི་ཧོམ་ཁུང་དུ་བསྲེག་ཐིག་ལེའི་ངང་དུ་སྦྱངས་པར་བྱའོ།། བསྐྱེད་རིམ་གྱི་ལྷ་ལ་ཆགས་པ།། ས་བག་ཆགས་མཚན་མའི་རོ་ཡེ་ཤེས་ཁོང་གསལ་གྱི་ཧོམ་ཁུང་དུ།། ཐབས་འགག་པ་མེད ་པའི་རོ།། ཐིག་ལེ་ཀུན་ཁྱབ་ཏུ་སྲེག་བྱུང་བྱའོ།། ལྟ་བསྒོམ་སྤྱོད་པ་མཐའ་གསུམ་གྱི་རོ།། ལྟ་བ་རང་བཞིན་མེད་པར་ཆད་པའི་རོ།། བསྒོམ་པ་ཉམས་མྱོང་འདོད་པ་རྟག་པའི་རོ།། ཉམས་ལ་ཆགས་སྡང་སྐྱེས་པ་སྤྱོད་པ་དུག་ལྔའི ་རོ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས་ཧོམ་ཁུང་དུ།། རང་འབར་བ་ཐིག་ལེ་ཉ་གཅིག་གི་མེས་བསྲེག་པར་བྱའོ།། ཅེས་གསུང་སོ།། སྦྱངས་ས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ། ཡང་དབང་གིས་གདམས་དགྲ ་བཀའ་སྩས་པ།། བུམ་པ་ཐབས་དང་གསང་སྔགས་དང་།། ཚིག་དབང་རྣམ་པ་བཞི་རུ་བསྟན།། བུམ་པའི་དབང་ལ་རྣམ་པ་བཞི།། སེམས་ཉིད་འོད་གསལྔ་ཕྱིའི་བུམ་པ་ཡིན།། རིག་པ་འོད་གསལ་ནང་གི་བུམ་པ་ཡིན།། ཡེ་ཤེས་འོད ་གསལ་གསང་བའི་བུམ་པ་ཡིན།། ཐིག་ལེ་འོད་གསལ་དབྱེར་མེད་བུ་མ་ཡིན།། ཅེས་གསུངསོ།། ཐབས་དང་ཤེས་རབ་དབང་དུ་བསྟན་པ་ནི། རང་སྣང་ཐབ་སུ་ཤེས་ན་ཐབས་ཀྱི་དབང་།། ཅེས་གསུང་སོ།། གསང་བའི་དབང ་ལ་བཞི་སྟེ། རིག་མ་ལ་མ་རྟེན་དགའ་བ་བཞི།། དེ་ནི་ཕྱིའི་གསང་བའི་དབང་།། རང་སྣང་འོད་གསལ་སྐྱེས་པ་དགའ་བ་ཡིན།། རིག་པ་ཟང་ཐལ་སྐྱེས་པས་མཆོག་དགའ་ཡིན།། གཉིས་མེད་ཡེ་ཤེས་ཟང་ཐལ་ཤར་བ།། ། ལྷན་ཅིག ་སྐྱེས་པའི་དགའ་བ་ཡིན།། དབྱེར་མེད་ཐིག་ལེ་གྲོལ་བ་དགའ། བྲལ་ཆེན་པོ་ཡིན་ཅེས་གསུང་སོ།། ཚིག་གིས་དབང་ནི་རྣམ་བཞི་སྟེ།། འབྱུང་བ་ལྔ་ཡིས་ངོ་སྤྲད་པས།། རང་བྱུང་ཡིས་ཚིག་གི་མཆོག། དུག་ལྔ་དག་གི་ངོ་སྤྲད་པྲ། ་རིག་པ་ཡིས་ཚིག་གི་མཆོག་ཏུ་བརྗོད།། འགྱུ་བ་མི་འགག་ཐོལ་ཐོལ་སྐྱེ་བ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲོད་ཤེས་ངོ་སྤྱོད་མཚོན།། ཚིག་གི་དབང་པོ་ཆོས་ཀྱི་སྤྱན་པ་སྤྱད།། བུམ་པའི་དབང་ནི་རང་སྣང་འོད་ལ་སྤྲད།། ་ཐབས་དང་ཤེས་རབ་དབང་ནི་ཙཻཏྟའི་ནང་དུ་སྤྱད།། ཡེ་ཤེས་ཆེན་པོའི་དབང་ནི་ཡེ་ཤེས་སྤྱན་ལ་སྤྲང་།། ཐམས་ཅད་རང་ལ་ཡོད་པས་དབང་ཅེས་བྱ།། དེ་རྣམས་བླ་མས་སྟོན་པའི་ཚིག་ཐོབ་ནས།། རབ་ཏུ་གཅེས་པས་དབང་ཅེས་བྱ་ཅེས ་གསུངས་སོ།། དབང་རང་ལ་སྤྱད་པའི་ལེའུ་སྟེ། བརྒྱད་པའོ།། ། ཡང་བཀའ་སྩལ་པ། དམ་ཚིག་བསྲུང་བ་ཞེས་བྱ་བ་མ་ནོར་མ་བཅོས་དམ་ཚིག་ཡིན།། ཤེ་རབ་ཆེན་པོ་མ་ནོར་བས།། ཐིག་ལེ་མ ་བཅོས་རང་སར་གྲོལ།། དེ་ནི་དམ་ཚིག་མཉམ་མེད་ཡིན།། སྲུང་བྱ་བྱུང་ན་མཉམ་སྟེ་མཆི།། བདེ་ཆེན་ཐིག་ལེ་རྣམ་པར་དག། དེ་ནི་བསྡོམ་པ་རང་དག་ཡིན།། གཟུང་རྒྱུ་བྱུང་ན་འཆོར་བར་མཆི།། ཅེས་གསུངས་སོ།། ་དམ་ཚིག་སྡོམ་པ་ལ་བཟླས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། འདུས་བྱས་འདུས་མ་བྱས་ཀྱི་བར།། བར་ན་རྟོགས་མེད་ཆོས་སྐུ་གནས།། རྟོག་མེད་རྟོགས ་ནས་པར་དོ་མེད།། སྒྱུ་མ་འཇའ་མཚོན་གཉིས་ཀྱི་བར།། བར་ན་ཐིག་ལེ་ཉ་ག་ཅིག་གནས།། ཉག་ཅིག་རྟོགས་ན་བར་དོ་མེད།། འགྲོ་དྲུག་པར་ན་རང་བྱུང་སྐུ།། སྤྲུལ་སྐུ་རྟོགས་ན་བར་དོ་མེད།། སེམས་དང་ཆོས་དང་རྣམ་རྟོགས་ཆགས ་སྡང་ལ་སོགས་པའི།། གཟུང་འཛིན་ཐམས་ཅད་སེམས་ཡིན་པས།། དེ་སོལ་ཡིན་པས་རྟོགས་པའོ།། སེམས་ལས་འབྱུང་བར་ཀྱང་ནི་རྟོགས།། སེམས་དེ་མི་རྒྱུ་དགུ་ལ་རྒྱུ།། མི་བསམ་རྐུལ་བསམས།། དབྱིབས་གཟུགས ་ཁ་དོག་སྣང་བ་ཡང་སེམས།། ཐམས་ཅད་སེམས་སུ་ཤེས་ཀྱང་སངས་མི་རྒྱས་ཅེས་ཏེ། གཟུགས་འཛིན་མི་འཆད་པའི་ཕྱིར།། ཅེས་ཏེ་སྲིད་སེམས་ཡོད་སེམས་ལ་སྤྱོད་ན་གཟུང་འཛིན་ལ་སྤྱོད་པའི་ཕྱིར།། སངས་རྒྱས་གང་ལ་ཟེར་ཅེས་ཞུས ་པས།། ཐིག་ལེ་ཉག་ཅིག་པོ་དེ་ལ་གོང་མ་རྣམས་ལས་ལོག་པ་སྟེ། སྣང་བའི་ཡུལ་མེད་པས། འཛིན་པའི་ཤེས་པས་ཟུང་དུ་མི་གཏུབ།། འཛིན་པའི་ཤེས་པ་རང་བྱུང་བས།། ཤེས་རིག་བློ་ལས་འདས་པས་ཐིག་ལེ་ཕྱིན་པ ་དབྱེ་བ་མེད་པས། ཉག་ཅིག། ཐིག་ལེའི་དགོངས་པ་རང་གནས་སོ།། སངས་རྒྱས་མེད་པ་རང་ཡིན་པས།། ཆགས་སྡང་སྐྱེ་མེད་དུག་ལྔ་རང་གི་ལམ་དུ་ཁྱེར། མ་རིག་པ་དང་དངས་སང་མ་རིག་པ་མེད་པས། ་རིག་པ་བཞི་ལ་འགྲོས་མེད།། གཞི་རང་ཡིན་པས་རྣམ་རྟོག་ལ་རྒྱུན་དུ་སོང་།། ཆངས་མེད། རྣམ་རྟོག་མི་མངའ་བས་སོ།། ཅེས་གསུངས་སོ།། བར་དོ་མཉམ་སྦྱོར་ངོ་སྤྲང་པའི་ལེའུ་སྟེ་བཅུ་པའོ།། ། ་བར་དོའི་དོན་བཤད་ཀྱང་།། རྒྱུན་དང་དུམ་བུ་བཤད་དུ་གསོལ། ཞེས་ཞུས་པས་བཀའ་སྩལ་པ། དུམ་བུས་རྒྱུན་མཐོང་དུམ་བུར་རྒྱུན་དུ་སོང་།། རྒྱུ་ནི་དུག་ལྔ་ར་མ་འགག་པས། དུག་ལྔ་རྒྱུན་ཏུ་སྣང་བའོ།། འགྱུ་བ་ཕྱོགས་མེད ་གཅོད་པ་དུམ་བུའོ།། དུམ་བུས་སངས་པ་མེད་པས་རྒྱུན་དུ་སོང་།། དུམ་བུ་སྤྱད་པས་རྒྱུན་ཏུ་འཁོར་བ་ལ་གནས1། དེ་ནས་དུམ་བུ་འབྲས་བུ་རྒྱུན་དུ་གྲུབ།། རྒྱུན་དེང་དུམ་བུ་ལམ་དུ་ཁྱེར་བ་བསྟམ་པ་ནི།། འགྱུ་བ་ཕྱོགས་མེད་འགྱུ ་པའི་དུམ་བུ་སྟེ། འཕགས་པ་འཇམ་དཔལ་ལྟ་སྟང་དང་། ཐུགས་རྗེ་ཆེན་པོའི་ལྷ་སྟངས་དེས།། རྡོ་རྗེ་འཆང་གི་ལྟ་སྟད་ཀྱིས།། ལྟ་སྟངས་ཕྱོགས་མེད་བྱས་པ་ཡི།། དུམ་དུ་ཕྱོགས་མེད་རྒྱུམ་དུ་སོང་།། རྒྱུན་ནི་ཐིག་ལེ་ཁོང་ནས ་འབར།། དབྱེར་མེད་དུ་འཆར་ནང་དུ་འཆར་རོ།། འབར་བ་གསུམ་ལ་རེ་ལན་གསུམ་གསུམ་མཉམ་དུས་མཉམ་དུ་འཆར་རོ།། འབར་བ་ཆེན་པོའི་ཀློང་དང་། དུག་ལྔ་འགྱུ་བ་སྤང་སོ།། ཐིག་ལ་སྤྲོད་པ་སྤྱོད་པའི་རྒྱུད།། ཁོང་གསལ ་དུ་སངས་རྒྱས་སོ།། ཙམ་དུ་བསྟན་པའོ།། དེ་ནས་བཅོམ་ལྡན་འདས། ཐིག་ལེའི་ངང་དུ་ཉིད་སངས་རྒྱས་ནས་མི་སྣང་བར་གྱུར་ཏོ།། ལག་མ་རྡོ་རྗེ་ལ་སོགས་ཐ~ཾང་རྗེས་སུ་ཡིད་རང་ངོ་།། ཐིག་ལེ་སྤྲོད་པ་སྤྱོང་པོའི་རྒྱུད ་གསང་བ་གང་གཉེར་ཞེས་ཀྱབ་ཟབ་པོ་དེ་རྗེ་སེམས་དཔས་སྲས་འགྲུས་པ་པོ་རྫགས་དེ་རྗེས་བསླུས། ཐམས་ཅད་རང་གིས་འདུག་ཚུལ་བསྟན་ནོ།། རྫོག་སོ།། ་