CLOSE WINDOW

Gbr006.1: rgyud thams cad kyi snying po 'khor ba dong dkrug gi rgyud
Wyliee-texts produced with BDRC’s OCR application

རྒྱུད་ཟད་ཀྱི་སྙིང་པོ་འཁོར་བ་དོང་དཀྲུག་གི་རྒྱུད་བཞུགས་སོ།། ་རྒྱ་གར་སྐད་དུ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད་ཞེས་བྱ་བ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་བ་དོང་དཀྲུག་ཆེན་པོའི་རྒྱུད། ཧེ་རུ་ཀ་ནག་པོ ་འཐོར་ཚུགས་གཅིག་པ་ལ་ཕྱག་འཚལོ།། རྡོ་རྗེ་སེམས་དཔའི་ཞལ་ཚེམས་སངས་རྒྱས་འོད་དཔག་མེད་པའི་སྐུ་རྟེན་དུ་བཞག་པ། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། རིན་པོ་ཆེ་གསེར་གྱི་གླེ། ་བམ་ལ། བཻ་ཌཱུརྱའི་ཞུན་མར་རང་ནན་དུ་བྲིས་ཏེ། མདུན་གྱི་ནམ་མཁའ་ལ་བབ་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མི་གཡོ་བ་འོད་ཀྱི་ཕུང་པོ་ལ། ་བརྐྱང་ཕྱག་ཕུལ་ཏེ། ཡན་ལག་ལྔ་ས་ལ་རྨུགས་ཏེ། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་སྟེ་གཟིགས་པསརྒྱུད་ཐེད་ཀྱི་སྙིང་པོ་ཡང་གསང་རྨད་དུ་བྱུང་བའི་རྒྱུད། སྨན་གྱི་རྒྱལ་པོ ་དུར་བྱིང་ལྟ་བུ། ཆོས་ཆེན་པོ་གསང་བ་རྨད་དུ་བྱུང་བ། ཆོས་ཐཾད་ལ་ཟུག་རྔུ་རབ་ཏུ་ཆེ་བ། རྡོ་རྗེ་སྲིན་པོ་འབྲུག་གི་སྒྲ་སྒྲོགས་པ། གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་ཚིག་གི ་ལེའུ་བདུན་གྱིས་རྡོ་རྗེ་གི་གྲལ་ཐོབ་པར་བྱེད་པ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ། དྷརྨ་རཏྣ་སརྦ་པ་བྷཾ་མ་ཡ་ཨ་སི་ཨཱ་ཨཱ། དེ་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཚིག་ལེའུ་དང་པོས་རྒྱལ་པོའི་ཕོ་བྲང་མེས་བསྲེག་པར་བསྟན་པ། ་གཉིས་པས་འཛམ་བུ་གླིང་གི་གྲོང་ཁྱེར་ཆེན་པོ་ཞིག་གཞོམ་པར་བསྟན།། གསུམ་པས་འགྲོ་བ་རིག་དྲུག་གི་སེན་ཐ~ཾད་ཀྱི་སྲོག་གཅད་པར་བསྟན། བཞི་པ་རི་བོ་ཐང་ཁྱུར་མིག་ཏུ་བཟའ་བར་བསྟན། ལྔ་པ་ཉི་ཟླ་གོས་སུ ་གྱོན་པར་བསྟན།། དྲུག་པ་དམ་པའི་ཆོས་ཐད་ཆུ་བོ་ཆེན་པོ་ལ་བོར་བར་བསྟན། བདུན་པ་སངས་རྒྱས་ཐེང་དུར་དུ་བཞུགས་པར་བསྟན་ནོ།། ཨ་ཨཱ། གདོང་གཅིག་གསང་བའི་བདག་པོ་ངས། ཁྱོད་ལ་ལེགས་པ ་བསྟན་པར་བྱ། བཛྲ་སྭ་ཏཱ་གྷུ་རུ་པ་ལ། པྲ་པེ་ཤ་ཡ། མ་རིག་མུན་པའི་ཁ་འབྱེད་ཉི་མའི་འོད་པོ་ཆེ། ཀུན་ལ་སྙོམས་པའི་ཟེར་ལྡན་བྱམས་ཐུགས་ཅན།། དཔག་བསམ་ཤིང་བཞིན་ཟད་མེད་ཡིད་བཞིན་གཏེར།། ་དགོས་དགུ་ཕུན་སུམ་ཚོགས་པའི་སྲིད་གསུམ་གཉེན།། ཐུགས་རྗེ་ཞགས་པས་རིག་དྲུག་སེན་འཆིང་།། འགྲོ་བ་འདམ་ནས་འདྲེན་མཛད་ལྕགས་ཀྱུ་ཅན།། སེམས་ཀྱི་མུན་པ་ཁ་འབྱེད་རྩེགས་མངའ་བ།། སྒོ་གསུམ་དག ་བས་ཕྱག་བཙལ་སེམས་དང་ཡེ་ཤེས་དབྱེ།། སེམས་དང་ཡེ་ཤེས་གཉིས་ཀྱི་ཁྱད་པར་བསྟན།། སེམས་ནི་ཆུ་དང་འདྲ་སྟེ་ཐད་སྡུད།། ཡེ་ཤེས་མེ་དང་འདྲ་སྟེ་ཐ~ཾད་བསྲེག། ཆུ་ཡིས་ལྡན་ལྗིན་ལེན་བྱེད་བསྲེག་པ་མིན།། ་མེ་ཡིས་ལྡན་ལྗིན་བསྲེག་བྱེད་སྡུད་པ་ཡིན།། མེ་ཡིས་སྐུར་སྲེགས་ཆགས་པར་བྱེད་མི་སྲིད།། ཆུ་ཡིས་སྦུར་བསྡུད་སྲེག་པར་བྱེད་མི་སྲིད།། དེ་བཞིན་སེམས་ཀྱི་བག་ཆགས་དགེ་སྡིག་སྡུད།། ཡིས་མེ་ཡིས་རྣམ་རྟོག་པ ་ཆགས་བསྲེག། སེམས་ཀྱི་བག་ཆ་ཊ་རྣམ་འཕེལ་བསྲེག་མི་ནུས།། ཡིས་བག་ཆ་རྔ་བསྲེགས་ནས་སླར་མི་སྐྱེ།། ཆུ་ཡིས་སྤུར་སྡུད་གཞན་དང་འགྲོགས་གལ་མེད།། མེ་ནི་མེ་ཉིད་སྲེག་བྱེད་འགྲོགས་པ་མེད།། དེ་བཞིན ་སེམས་ནི་རྣམ་རྟོག་བག་ཆགས་འགྲོགས།། ཡིས་བག་ཆག་བསྲེགས་ནས་སླར་མི་འགྲོགས།། ཇི་ལྟར་མེ་ཡི་རྩེ་མོ་ལ།། སྦྲང་བུ་འདུ་རུ་ག་ལ་རུང་།། དེ་བཞི་སངས་རྒྱས་ཡིས་སྒྲིབ་མེད་ལ།། ཉོན་མོངས་བག་ཆགས་འདུ་རུ་ག ་རུང་།། དེ་ན་སེམས་ནི་ཡེ་ཤེས་བག་ཆག་བྲལ་བའི་རིག་པའོ།། སེམས་དང་ཡེ་ཤེས་དབྱེ་བའི་ཐབས་བསྟན་པའོ།། ལག་ན་རྡོ་རྗེ་ཁྱོད་ཉོན་གཅིག། རྣལ་འབྱོར་སྟོང་པའི་ངང་གནས་པས།། མུ་ཏེགས་འཁྲུལ་པའི་ལམ ་དཔའང་།། སངས་རྒྱས་ཀུན་གྱི་རྒྱན་བཟང་བ།། ཡེ་ཤེས་ལུས་ཅན་དྲི་མ་མེད།། བལ་བཏུད་ནས་ཡེ་སངས་རྒྱས།། ཡ་ཏ་རྒྱལ་བའི་འཇིག་རྟེན་ནས།། ཐ་མ་དམྱལ་བའི་གནས་ཡན་ཆད།། རིག་པའི་ཡེ་ཤེས་རང་ངོ་།། ་ཉིད་ཀྱི་སྣབས་ཡང་། མི་གརྦྷ་ཡིས་ཐོང་དུ་འ ་མ་བཅོས་ལྷུན་གྱིས་གྲུབ་པ་རྩལ་དུ་ཡེ་ནས་མེད།། ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས།། འཁོར་བའི་ཁྲག་ཞག་འཐུང་བའོ།། ཉོན་མོངས་བསྐྱེད་པའི་ཆོས་རྣམས་ནི།། རང་བྱུང་ཡེ་ཤེས ་བདག་མེད་སྐུ།། མི་གནས་ཤེས་རབ་ཕ་རོལ་ཕྱིན།། ཐུགས་རྗེ་སྤྲུལ་པ་སྐུའི་ཞིང་ཁམས་ཀྱང་།། སྐྱེ་མེད་དག་པའི་ཀློང་དུ་འདས།། ཇི་ལྟར་གླིང་བཞིའི་རྒྱལ་པོ་ཡང་།། བསོད་ནམས་ལོངས་སྤྱོད་མཐའ་ཀླགས་ཀྱང་།། བྲམ་ཟེ ་གདུག་པའི་དམོད་པ་ཡིས།། ཇི་ལྟར་བརླག་པར་འགྱུར་བ་བཞིན།། འཁོར་བའི་བག་ཆགས་སྦྱང་དཀའ་བ།། སྙིང་པོ་དོན་གྱི་བཅུད་མཐོང་ན།། སྐད་ཅིག་གསུམ་ལ་གྲོལ་བར་འགྱུར།། ཅེས་འཁོར་བ་དོང་དཀྲུགས་ཆེན ་ཆེན་པོའི་རྒྱུད་ལས།། རྒྱལ་པོའི་ཕོ་བྲང་མེ་ཡིས་སྲེག་པའི་ལེའུ་སྟེ་དང་པོའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས།། བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཞུག་སོ།། དེ་ནས ་གསང་བའི་བདག་པོས་ཞུས་པ།། ཀྱཻ། བཅོམ་ལྡན་འདས་རྡོ་རྗེ་འཆང་།། བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་བཞེངས་ལ།། བཤིག་པར་དཀའ་བའི་གྲོང་ཁྱེར་ཆེན་པོ་བཞི།། ཐབས་མཁས་ཐུགས་རྗེ་རྫུ་འཕྲུལ་སྟོ། ་ལྡན་པས།། སངས་རྒྱས་ཞིང་དུ་ཡང་དག་འགྲལ་བའི་ཕྱིར།། ལག་ན་རྡོ་རྗེས་བདག་ལ་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ཏེ།། གསང་བའི་བདག་པོ་ཁྱོད་ཉོན་གཅིག། ་བཛྲ་ན་ནི། ཥོ་བས་གྷ་ཎ་བྷ། སིནྡྷུ་རི། ཁེ་རྒ་ཙ་དྷ་རི། བིང་གྷ་མཱ། ཀུན་བཟང་ཞལ་ནི་ཕྱོགས་བཅུར་ཀུན་ཏུ་གཟིགས།། ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ།། གཉིས་མེད་བདེ་བ་ཐཾད་ཡོངསུ་ཁྱབས།། དེ་ཉིད ་ལས་བྱུང་སྐུ་གསུམ་སེམས་ཀྱི་ངང་།། དུག་ལྔ་མ་བསྐྱེད་ཆོས་ཀྱི་དབྱིངསུ་བཀོད།། ཉོན་མོངས་མ་སྤངས་འདམ་གྱི་ཕུར་པ་འདྲ།། པདྨའི་སྤྱན་ལྡམ་སྐྱོན་མེད་དག་པའི་སྐུ།། དེ་དབང་གྱུར་ན་སངས་རྒྱས་ས།། རྫོགས་པའི་བདེ་ཆེན ་ངོ་བོ་ལ་ཀ་དང་དུ་ཉོན་མོངས་གཅོད་པའོ།། མ་ལཅོས་མཁའ་འདྲ་ལྷུན་རྫོགས་ཏེ།། ནམཁའི་ངང་ལས་གཡོས་པ་མེད།། ཀྱཻ། གསང་བའི་བདག་པོ་མཁྱེན་པས་གཟིགས་པ།། འཛམ་བུ་གླིང་བཞི་ནི་ཀུན་ཏུ་བཟང་ཞལ་སོ་སོར ་གཟིགས་པ་སྟེ། ཚད་མེད་པ་ལ་གཟིགས་པའོ།། རང་རིག་པའི་ཡིས་ལ་གཟིགས་སྣང་རྣམ་པར་དག་པས། འདུས་བྱས་ནི་ཞིང་ཁམས་ཁོ་ནའོ།། ལག་ན་རྡོ་རྗེ་ཁྱོད་ཉོན་གཅིག། མ་འོངས་པའི་སེཾན་གྱི་དོན་དུ་འདི་སྐད་སྤྲོས ་གིག་སེམས་ཀྱི་ལོན་བྱ། དྲན་རྟོག་སྣང་བཞི་ལ། དབང་པོ་སྔོན་གཅད། སྣང་བའི་ངོ་སྤྲང་། ཡིས་ངོས་བཟུང་རྟོག་པའི་རྗེས་གཅད།། འཁོར་གཞི་བཟློག། འགྲོ་ལ་རང་ལུགསུ་བཞགོ།། སྲིད་པ་གསུམ་ནི་བདེ་བའི་གཞ ་ཡས་ཁང་། རང་བྱུང་ཡིས་མི་རྟོག་ཉོན་མོངས་བྲལ།། ཉོན་མོངས་ཞིང་དག་སྐུ་གསུམ་ལྷུན་གྱིས་གྲུབ།། དབང་བསྐུར་རྒྱས་བཏབ་སྐུ་གསུམ་མིང་གིས་མཚོན།། ཆ་ལུགས་ཕྱག་རྒྱ་མ་ལུས་སྐུ་ལ་རྫོགས།། སྐུ་བསྟན་ཡིག་འབྲུ་འོད ་ཟེར་ཕྱོགས་བཅུར་འཕྲོས།། གསལ་བའི་འཇིག་རྟེན་གྲགས་དབང་དུ་བདུས།། ཤིན་ཏུ་དཀོན་པའི་ཆོས་ཉིད་ཟབ་མོ་ཡུལ་ཤེས་ཤིང་།། མྱ་ངན་འདས་ལ་མི་གནས་འཁོར་ལ་མི་གནས་ན།། བྱང་ཆུབ ་སེམས་དཔའ་དེ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར།། ཅེས་འཁོར་བ་དོང་དཀྲུགས་ཆེན་པོའི་རྒྱུད་ལས། འཛམ་བུ་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་གཞོམ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་ཡིས་ཀྱི་མགོན་པོ་ཆེན་པོ་ཉིད་སྙིང་རྗེ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ།། དེའི་དྲུང་ན་གསང་བའི་བདག་པོ་ཉིད་ཕྱག་སྤྱི་བོར་ཐལ་མོ་སྦྱར་ནས།། ཞབས་ཀྱི་སྤུས་མོ་ས་ལ་རྨུགས་ཏེ་གསོལ།། བཅོམ་ལྡན་འདས་མགོན་པོ ་འོད་དཔག་མེད། སྙིང་རྗེ་རབ་ཏུ་མི་གནས་པའི་ཏིང་ངེ་འཛིན་ལ་བཞེངས་ཤིག། ཁམས་གསུམ་གྱི་སེཾན་ནི་ནད་པ་ལྟ་བུ་སྟེ། སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་བགྲལ་བའི་ཐབས་སྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས ་ཀྱི་བཀའ་སྩལ་བ།། གསང་བའི་གདག་པོ་སྟོན་ཅིག། སྨྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན།། སཱི་འགྱུར་བ་རྡོ་རྗེ་སྒྲ་ལོང་ཤིག། མ་ནུ་སརྦ་ཙིཏྟ་ཨེ་ཀ། མ་དཱན་དྷཱ་སྱ། ལག་ན་རྡོ་རྗེས་ཞུས་པ་ལེགས་སོ།། ཐོག་མ་རང་བཞིན་ལྷུན་གྱིས ་གྲུབ་པའི་མགོན་པོ་འོད་དཔག་འགྱུར་བ་མེད། སྡིག་པའི་འགྲོན་འདའ་མེད་པར་འཁོར་བར་ལྷུང་བ་དེ་ཉིད་རང་གི་རང་ངམ་ཤེས་པ། ལྷན་གཅིག་གནས་པའི་མ་རིག་པའོ།། ལྷན་གཅིག་གནས་པའི་མ་རིག་པ་རང་གཟུགས་ཀྱི་སྐུ་མི་སྡང་བ ་མཐོང་པའི་ཡུལ་ལ། ཤེས་པའི་རིག་པ་མ་ཤར་རོ།། དེ་ལ་ཀུན་ཏུ་རྟག་པའི་མ་རིག་པ་བྱུང་ངོ་།། རིགས་ཀྱི་དེའི་ཚེ་དེའི་དུས་ན། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེངས། དགེ་བའི་གྲོགས་མེད་པ་མཐོང་བའི་ཡུལ་ལ།། ་ཤེས་པའི་རིག་པ་སྐད་ཅིག་མ་ཤེས་སོ།། བ.རང་བྱུང་གི་གཞི་ལ་འཁྲུལ་པ་མེད་པའི་ཕྱིར་རོ།། དེའི་ཚེ་དེའི་དུས་ན་རྟོགས་པ་ཁྱད་པར་དུ་གྱུར་པའོ།། རིགས་ཀྱི་བུ་དེ་བཞིན་དུ་རྟོགས་པའི་དོན་ཐུག་སུ་ཆུད་པར།། རྩོལ་བའི་བསམ་པས་སང ་རྒྱས་ན་རང་བྱུང་གི་ཡིས་རྫུན་པར་འགྱུརརོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་བདེན་པ་ནི་གར་སྦྱིན་ལ།། སྦྲང་འདབ་ཆགས་པ་ལྟ་བུ་མི་གཏོང་ན།། སེམས་ཀྱི་བསམ་པས་ཅི་སྟེ་བཟུང་།། དེ་ལྟ་བས་ན་བྱང་ཆུབ་ཀྱི་སེམས།། མུན་སེལ་བདེ་བའི ་སྐུ་ལ། རིག་པའི་ངོ་སྤྲད་པས། སྣང་སྲིད་གསལ་བར་ཤར་རོ།། དོན་གྱི་ངོ་སྤྲད་པས།། ཚིག་དང་ཡི་གེར་འབྲིའོ།། ཡུལ་ཆོས་ཉིད་ལ་ངོ་སྤྲད་པས། སྣང་ལ་རང་བཞིན་མེད་དོ།། མེ་ལོང་ལྟ་བུའི་ལས་སོ།། ཀྱཻ་གསང་བའི་གདག་པོ་བྱང་ཆུབ ་ཀྱི་སེམས་རབ་འཇམས་རིག་པའི་ཀློང་ལ་ཁྱབ་བརྡལ།། འུག་ཆུབ། སྤྱི་སྤུ་དོན་ཀློད། ཕུག་གཏུག་འབྱམ་ཡས། ཉག་གཅིག། ཅེས་འཁོར་བ་དོང་དཀྲུགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་གྱི་སེཾན་གསང་བར་བསྟན་པའི་ལེའུ་སྟེ་གསུམ་པས ་དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་མཁས་པ་མེད་བཞིན་དུ་སྣང་བ། ནང་ཟད་སེལ་བར་བྱེད་པ་ཁྲོ་བོ་ཆེན་པོ་འདུལ་རྩི་འཁྱིམ་པ་ཉིད་ཆོས་ཉིད་རྣམ་པར་དག་པའི་ཏི་ངེ་འཛིན་ལ་སྙོམ་པར་ཞུག་སོ།། ་དེའི་ཚེ་དེའི་དུས་སུ་གསང་བའི་བདག་པོ་ལག་ན་རྡོ་རྗེས། ཞབས་གཉིས་ཀྱི་ཉི་མ་དང་ཟླ་བ་རྫིས་ཏེ། རྡོ་རྗེ་འབར་བ་ཚངས་པའི་འཇིག་རྟེན་ལ་ཐུགས་པར་བསོར་ཞིང་།། ཞལ་བགྲང་མཆེ་བ་རྩིག་སྨིན་མ་དཔྲལ་བར་བསྡུས་ཏེ། ་བཀའ་ཐུགས་རྗེ་ཆེན་པོས་ཆོས་ལམ་རྣལ་བར་བཞེངས་ཤིང་ཁམས་གསུམ་གྱི་སེཾན་ཐ~ཾད་ནི་བགྲལ་བར་མི་ནུས་ན། འཇིག་རྟེན་གྱི་ཁམས་སྟོངས་ཤིང་ཟད་པར་ཅི་སྟེ་མིན། བདག་གི་མ་ཤེས་མ་འཚལ་ཏོ།། འཇིག་རྟེན་གྱི་ཁམས་ཟད་ཅིང་མ་སྟོངས་ན ་སངས་རྒྱས་ཀྱི་བདེན་པ་ཡང་ནུབ་པར་འགྱུར་རོ།། ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཧ་ཅང་ཁྲོ་བའི་སེམས་དང་མ་ལྡན་པར་དྲུང་དུ་འཁོད་ཅེས་བཀའ་སྩལ་ཏོ།། ཡུལ་མ་དག་པའི་འཇིག་རྟེན་དང་། དག་པའི་འཇིག་རྟེན ་གཉིས་འདས་པ་ན། རང་བཞིན་རྣམ་པར་དག་པ་རྒྱན་མ་བཀོད་པ་སྣང་བ་ཞེས་བྱ་བ་ཡོད་ཀྱིས། དེར་ཁྱོད་ཀྱིས་སེང་གེའི་འགྲོ་སྟངས་ཀྱིས་སོང་བ་གླང་པོ་ཆེའི་ལྷ་སྟངས་ཀྱི་ལྟོས་ཤིག། འཇིག་རྟེན་ཁམས་ཟད་བཅིང་སྟོངས་པ་ལྟ་ཅི་དམོས་ཀྱི་ལག་ན་རྗེ ་ཉིད་ཚིག་བླ་དག་སོ།། དེ་ནས་ལག་ན་རྡོ་རྗེས་སེངའི་ལྟ་ལྟངས་ཀྱིས་བལྟས་པས། དེ་མ་ཐག་ཏུ་ཡིས་ཀྱི་བརྒྱན་མ་བཀོད་པར་སྣང་བ་མཐོང་ངོ་།། གླང་པོ་ཆེའི་ལྷ་ལྟངས་ཀྱིས་བལྟས་པས། འཁོར་བ་ཟང་ཟད་སྟོངས་སོ།། བཀའ་ཧ་ལག་ན་རྡོ་རྗེ་ཁྱོ ་ཉོན་གཅིག། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས། འཇིག་རྟེན་ཁམས་ནི་གཏུབ་པར་བྱའོ།། ཨ་ཧང་ཀ་དྷ། ཤྭ་པཱ་རི། སཾཉྩ་གྷ། ཨ་པར་སྠ་བྷཱུ། བྱང་ཆུབ་ཀྱི་སེམས་རང་བྱུང་གི་རྫོག་མ་ཆགས་བདེ་འགྲོ་གཅོད་བྱེད་སྟ་རི། དང་སྲོང་ཁ་ལ་མེ་འབར། ་སྣང་སྲིད་རྒྱས་བཏབ། གནམ་ལ་ལྟོ་སྦྱར། རི་བོ་ཏིལ་འབྲུར་བཙུད་། རྒྱ་མཚོ་རྒྱལ་མཚན་གྱི་རྩེ་ལ་བཏགས། བྱང་ཆུབ་སེམས་དཔའ་བྲན་ཁོལ་དུ་བཙུད་དཔེར་ན་བྲན་གྱི་རྒྱལ་པོ་མཆོད་པར་ལྟར། བདེ་གཤེགས་ཀུན་གྱིས་བདག་མཆོད་བླ། ་ཆུ་བྲན་རྒྱ་མཚོར་འདུས་པའི་ཚུལ། རིགས་ཀྱི་བུ་ཁྱོད་སྡུག་བསྔལ་བར་མ་བྱེད་གཅིག། སྣོད་བཅུད་ཨ་ཏིར་འདུས་པས་སྣང་སྲིད་ཆགས་མས་བཏབ་མཉམ་ཉིད་དོན་རྟོགས་ཟད་བདེ་ལ་བཀོད། སྣང་བ་སྟོང་ཐིམ་རི་བོ་ཁྱུར་མིག་བྱས།། ་སྟོང་ལ་མ་ཆགས་འཁོར་བའི་གདོས་ཐག་གཅད།། ཉོན་མོངས་ཞིང་དག་རྒྱ་མཚོ་ཧུབ་ཀྱིས་བཏབ།། སྡུག་བསྔལ་རྩད་གཅད་བདེ་བ་ཆེན་པོའི་སྐུ།། ཐ~ཾང་ཡོངསུ་རྫོགས་ཅིག་ཉག་ཅིག་མ།། དུག་གསུམ་དུག་ལྔ་སྐུ་གསུམ་ཡིས་ལྡན ་ལྔ་ཉིད་བདེ་ཆེན་ཐིག་ལེ་ཆེན་པོར་ཅིག། གཅིག་ལ་ཀུན་རྫོགས་ཐ་རྙད་རྣམ་པར་དག། ཐིག་ལེ་ཉགཅིག་རང་བྱུང་ཡིས་སྐུ།། རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ན།། འདུ་འབྲལ་མེད་པར་གསལ་བའི་མཁའ་ལ་སྙོམས།། བྱ་རྩལ་མེད་པའི ་བདེ་བ་ཆེན་པོའི་སྐུ།། གང་གྱར་ཐོགས་མེད་འབྲུག་གི་སྒྲ་ལྟར་སྒྲོག། གླང་ཆེན་འགྲོས་ལྟར་འགྱུ་མེད་ཅིག་པུ་ལ།། རུ་སྦལ་གབ་པའི་ཚུལ་དུ་རྟ་གནས་པ།། རྩལ་མེད་བྱ་བྲལ་ཟིན་པའི་ཡུལ་ལ་གནས།། ཟིན་པའི་རྩོལ་བའི་སྡུག་བསྔལ་ནང ་སེལ་བ།། རྒྱ་མཚོའི་ཏིང་ལ་གསེར་གྱི་ཕ་འོད་འདྲ།། བདེ་དང་སྡུག་བསྔལ་རྒྱུ་འཐུན་བདེ་གནས་པ།། རིན་ཆེན་གསེར་ལ་ནོར་བུ་ཕྱག་རྒྱའི་ཚུལ།། སྒོམ་དང་སྒོམ་བྱ་གཉིས་མེད་དོན་རྟོགས་ན།། སོ་མངས་རལ་གྲི་ཏིལ་མ་རང་བཏབ་འ ་དགེ་སྡིག་གཉིས་མེད་དོན་རྟོགས་ན།། མལ་ཤེལ་སྐུ་ལྟར་རང་གི་རྒྱུད་དག་པས།། དཔེ་དོན་རྟགས་དང་གསུམ་གྱི་ཚད་ལྡན་པ།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པ་ཡིན།། ལུང་གིས་རྒྱལ་པོ་རིག་པའི་ཁྭ། ་བྱུག་ལྟོས།། ཟིན་པས་རྩོལ་བའི་ནད་སྤངས་ཏེ།། ཧུན་གྱིས་གནས་པར་བཞག་པ་ཡི་ནི།། ཨ་ཏི་རང་སར་གནས་པའི་ལུང་།། རྒྱལ་བས་རྩལ་ཆེན་བདེན་པའི་བཀའ།། སྒྲུབ་མེད་རྩལ་དཀྲུག་སྨིན་པ་ཡིས།། བྱ་མེད་ལྷུན་རྫོགས་སྔ ་མ་དེ་བཞིན་ཉིད།། རྟོག་སྤྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ།། ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་སྐུ།། སངས་རྒྱས་དགོངས་པ་ཡེ་ནས་གནས་པ་ལ།། དེ་ལྟར་ང་ལ་གནས་པར་བྱར་མེད་ཏེ།། བྱང་སེམས་བསྒོམས་པས ་ཆུ་བོའི་རླུང་འབྱམ་ནས།། སྒོམ་དང་སྒོམ་པར་བྱ་བ་གཉིས་མེད་ན།། དོན་དམ་དངཔལ་བདེ་བར་བཞག་པ་ནི།། ཆུ་བོ་ཀླུང་འབྱམ་དགོངས་པས་ཟིན་པ་ཡིན།། རྒྱུན་གྱི་ཏིང་འཛིན་ཡེ་འབྲེལ་མེད་པར་མ་ཤེས་ན།། ཁྱུང་ཆེན་བཤོག་རྫ ་བཀའ་འདི་དང་དུ་ལོང་།། མི་གཡོ་རང་བཞིན་གནས་པས་སྨན་ཅེ་ན་མ་བྱས་ན།། མཐོ་རིགས་བགྲོད་པའི་ལམ་དེས་ཉོན་མོངས་ཟིན་པར་འགྱུར།། ལམ་མེད་ལཾ་དུ་འཇུག་པ་རྣམས་ཀྱི་ནད་ཆེ་བ།། ཕྱིན་པར་མི་འགྱུར་རི་དགས ་མིག་སྒྱུ་རེག་པ་འདྲ།། རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་ཡོངས་མི་འབྱུང་།། ཆོས་ལས་འདས་པའི་སྐུ་ངོ་མ་ཤེས་ན།། ནམ་མཁའ་ཆེ་ཆུང་ངེས་པ་ལས།། རང་གི་མཐུ་ཡི་རིག་པ་ལས།། ཆོས་འདི་གཞན་ལས་འབྱུང་མི ་འགྱུར།། ཅིས་རྒྱུད་ཟད་ཀྱི་སྙིང་པོ་ཡིན་པའི་ཕྱིརརོ།། འཁོར་བ་དོང་དཀྲུགས་ཀྱི་རྒྱུད་ཅེས་བྱ།། ལུང་ཐ~ཾང་དང་མི་འགལ་བའི་ཕྱིར།། ལུས་གི་ཆེ་བས་ཡིད་ཆེས་པའོ།། ཅེས་འཁོར་བ་དོང་དཀྲུག་ཆེན་པོའི་རྒྱུད་ལས།། སྣང་སྲིད ་ཁྱུར་མིག་ཏུ་བཟའ་བའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ།། འོད་ཕུང་ལྷུག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགསོ།། ཡང་གསང་བའི་བདག་པོས ་ཞུས་པ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འོད་ཟེར་དཔག་ཏུ་མེད་པ་འབྱུང་བ་འདི་ཅིའི་རྒྱུ་ཅིའི་རྐྱེན། ངས་ཁམས་གསུམ་གྱི་སེཾན་ལ་འོད་ཟེར ་གྱི་ཕུང་པོ་འབྱུང་བར་བསྟན་པར་བྱ། ཅེས་འབྱུང་བར་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་འོད་དཔུང་གི་ཏིང་ངེ་འཛིན་ལས་བཞེངས་ཏེ་ཞལ་འཛུམ་པར་མཛད་ནས།། གསང་བའི་བདག་པོ་ཁྱོད་ཀྱིས་དྲི་བ་དྲིས ་པ་ལེགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡས་ལྔའི་རྩལ་མ་འགགས་པས་འོད་ཟེར་གྱི་ཕུང་པོར་གནསོ།། འབྱུང་བ་ཆེན་པོ་ལྔ་མ་བཙལ་བར་གྲུབ་པས་ཡོངས་ལ་གནས།། རིགས་ཀྱི་བུ་གང་གིས་མངོན་པར་སངས་རྒྱས ་པའི་ཚེ། ཕྱིའི་འབྱུང་བ་ལྔ་སྣང་བྱེད་ཀྱི་སྒྲོན་མ་ལ་འདུསོ།། རང་གི་འབྱུང་བ་ལྔ་རིག་པའི་སྒྲོལ་མ་ལ་འདུས་སོ།། སྣང་བྱེད་ཀྱི་སྒྲོལ་མ་རིག་པ་ལ་འདུས། ཡིས་ཀྱི་ཉི་མ་རང་ལ་སྣང་སྟེ།། དུས་རྟག་ཏུ་ལྷང་ལྷན་ཉིན་མོ་དང་མཚན་མོ ་མ་ཡིན་ནོ།། དེ་བཞིན་དུ་བདེ་བར་གཤེགས་པ་ཟདེ་ལྷ་དང་ལྷ་མོ་དང་།། ནམཁའི་རི་མོ་ལ་སོགས་ཏེ། འོད་ཟེང་དང་པོ་བྱུང་ཡང་རང་རིག་པ་ལས་བྱུང་།། ཐ་མ་ཡང་རིག་པ་ལས་འདུསོ།། ན་མཁའ་ཆེ་ཆུང ་ངེས་པ་ལས་ཀྱང་། དེ་ལ་ཕྱོགས་ཀྱི་འོད་འདུས་པ། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། མ་ངེས་ཁ་དོག་སྣ་ཚོགས་ལས།། རིགས་ཀྱི་ཁྱད་པར་མངོན་པར་སྣང་ཅེས་གསུང་སོ།། ཀྱཻ་གསང་བའི་བདག་པོ་གོ་བར་དཀའ་བའི་ཚིག ་ཡིད་ལ་བཟུང་ཤིག། མ་ཧཱ་དྷ། སརྦ་རུ་ལྷ་ཨཱ་ཏ་དཉྫ། ཨཱ་ཡུ་དྷ་ཊི། བཛྲ་དྷ་རུ།། དེ་ནས་བཅོམ་ལྡན་དགེས་ཆེན་པོ།། ལག་ན་རྡོ་རྗེ་རྡོ་རྗེ་ཆེ།། སྟོབས་ཀྱི་ཕ་རོལ་དཔུང་འཇོམས་པ།། སྐུ་མདོག་ནག་ཅིང་འཇིགས་པ་ནེ། ་གཟུགས་ཆེ་ཡན་ལག་ར་རྫ་མ་ཆེ།། ཁྲོ་གཉེར་བཞིན་མི་སྡུག་པའོ།། ཕྱག་མཚན་རྡོ་རྗེ་འབར་བ་ཡིས།། འཇིག་རྟེན་ཁམས་ཀུན་འཇོམས་པར་བྱེད།། ཡིས་མེ་དཔུང་ཆེན་པོ་ཡིས།། སྲིད་པ་གསུམ་ཡང་སྲེག་པར་བྱེད།། ཧཱུཾ ་དང་ཕཊ་གྱི་སྒྲ་སྒྲོག་པ།། གདུག་པ་ཐེད་དཔའ་ཡང་སྐོང་།། བདུད་དང་མུ་སྟེག་དབང་དུ་སྡུང་།། འགྲོ་བའི་མགོན་པོ་དེ་བཞིན་གཤེགས།། བཀའི་ཉོན་ཅིག་རྡོ་རྗེ་འཆང་།། ཁམས་གསུམ་དཔའ་སྐོངས་མ་གྱུར་ན།། ལག་མཛྲ ་རྗེས་དོན་མེང་དམ།། ངའི་བཀའ་འདི་རྫུན་པ་ནི།། ཉོན་གཅིག་ལྟོས་གཅིག་རྡོ་རྗེ་འཆང་།། འཇིག་རྟེན་ཁམས་ནི་འཁྲུག་པར་བྱེད།། རྡོ་ལན་གཅིག་གསོར་བ་ཡིས།། བདུད་དང་སྲིན་པོ་ཁྲག་ཏུ་སྐྱུག། རྡོ་ལན་གསུམ་གསོར་བ་ཡི ་རྡོ་རྗེ་འཆང་ཆ་ན་གན་བུབ་སྒྲེ།། སྙིང་ལྔར་ལུས་ཞུམ་པས་སྤུ་ཟིང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིག་གསེར་འཕྲེང་།། སྟོབས་བཅུ་ཕ་རོལ་དཔུང་འཇོམས་པ།། པ་ལ་ཁྲོ་བའི་སེམས་ཀྱི་གྱིས།། བདུད ་རདང་སྲིན་པོ་མི་མ་ཡིན།། སྙིང་རྗེ་མེད་པར་ཚར་གཅོད་ཅིག། ལག་ན་རྡོ་རྗེ་ཁྲོས་པ་ཡིས།། ལན་ཅིག་རྡོ་རྗེ་གསོར་བ་ཡིས།། བདུད་དང་སྲིན་པོ་མི་མ་ཡིན།། གན་བུག་སྙིང་ལྔར་ཁྲག་སྐྱུག་ཅིང་།། ཅི་བགྱི་བཀའ་ཉན་གསུང་སྡོད་དོ།། ་འབངས་སུ་མཆིས་ན་ལག་ན་རྡོ་རྗེས་མི་ཟད་པ་ཤིན་ཏུ་འཇིག་སྐྲག་ནས།། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ།། བདག་བཅག་སྐྱབསུ་གསོལ།། བདག་བཅག་གི་སྲོག་མི་གཞོམ་དུ་གསོལ།། ལག་ན་རྡོ་རྗེས་སྨྲས་པ ་བཞིན་རྗེསུ་བགྱིད།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཧ་ཅང་ཁྲོ་བར་མ་གྱུར་ཅིག། ངས་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་ཐཾད་བདེ་བ་སྐད་ཅིག་མ་ལ་དགོད་པར་ནུས་ཀྱི།། བདུད་དང་སྲིན་པོ ་བདེ་བ་ལ་དགོད་པར་བྱའོ།། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་སྡུས་པ་ཡང་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པར་བྱིན་གྱིས་བརླབས་ཟིན་གྱིས།། ནང་བཅུད་ཀྱི་སྡུས་པ་འགྲོ་བ་རིག་དྲུག་གི་སེཾན་ཐཾད་ཀྱང་ངས་བྱིན་གྱིས་བརླབས།། ཁྱོད ་སྡུག་བསྔལ་བར་མ་བྱེད་ཅིག། ཅེས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་མ་ཉཾ་པའི་ཏིངེ་འཛིན་ལ་སྙོམས་པར་ཞུགསོ།། ཅེས་འཁོར་པོ་དོང་དྲཀྲུག་ཆེན་པོའི་རྒྱུད་ལས། ཉི་ཟླ་གོསུ་གྱོན་པ་དང་ལག་ན་རྡོ་རྗེས་བདུད་བརྟུལ་བའི ་ལེའུ་བསྟན་པ་སྟེ་ལྔ་པའོ།། ། ཨཱམྦས།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་།། ཐོག་མ་རང་བཞིན་ལྷུན་གྱིས་གྲུབ།། རྒྱུ་རྐྱེན་མེད་པས་མྱ་ངན་འདས།། ཆས་མེད་ཤེས་རབ་རང ་བྱུང་བས།། མི་གནས་རྡོ་རྗེ་སྙིང་པོའི་སྐུ།། བྱ་རྩལ་མེད་པར་བདེ་གནས་པ།། ང་ནི་རང་བྱུང་ཡིས་ཡིན།། ཆོ་ག་དང་ཡི་གེ་ང་མ་བསྐྱེད།། ན་མཁའི་ཀློང་ནས་རང་བྱུང་བས།། མི་གནས་བདེ་ལྡན་ཕུན་སུམ་ཚོགས།། ཆོས་ཀྱི་ཡང ་དག་དོན་བརྗོད་དུ། སྙིང་པོ་ཡང་དག་ཀློང་ནས་ཤར།། ཀྱཻ་གསང་བའི་བདག་པོ་རང་བྱུང་གི་ཡིས་ཤེས་བྱ་བབས་ཀྱི་གྲུབ་པ་ལ།། བྱས་པའི་ཆོས་ཀནས་མེད་དོ།། པྲ་ཉ་བ་རཱ་མི། མི་ཏྲཱ་སརྦ་སྭ་ཧ་ར་ནི་ཨ་པ་ར། གུཥྚ་ཡོ། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཆང་།། རྩོལ་བའི་སྡུག་བསྔལ་ཆོས་ཡིན་གྱིས།། ཆོས་ལ་གནས་པར་མི་བྱའོ།། བདེ་བ་ཆེན་པོའི་སྐུ་ལྔ་པས།། མ་རྩལ་བཞག་ན་རྡོ་རྗེའི་སྐུ།། འགྱུར་བ་མེད་པའི་སྐུ་མངའ་བས།། བྱ་སྩལ་མེད་ནི་ཡེ་ཤེས་སྐུ། ་སྣ་ཚོགས་དག་པའི་སྐུ་མངའ་བས།། མ་སླད་བཞག་ན་ཡིས་སྐུ།། སྣ་ཚོགས་འབྱུང་བའི་སྐུ་མངའ་བས།། མ་བཀག་བཞག་ནས་རང་བྱུང་སྐུ།། སྙིང་པོ་གདོད་ནས་དག་པ་ལ།། ཆོས་སྤྱོད་བཅུ་ཡིས་སངས་མི་རྒྱས།། མ་རྩལ་ལྷུན་གྱིས ་གྲུབ་པ་ལ། སྟོན་བཅུའི་གསལ་དུ་མེད།། བཀའ་ལུང་ཕྱི་མས་རང་ཤར་བས།། ཆོས་ཀྱི་ཤེས་རབ་བསྐྱེད་དུ་གསོལ།། སངས་རྒྱས་ཆོས་ལ་མ་བྱུང་བས།། རྒྱུད་ལུང་མན་ངག་ང་ཡི་དུག། ཀྱཻ། གསང་བའི་བདག་པོ་ཆོས་ལས་འདས་པའི ་ན་སྐུ་ངོ་མ་ཤེས་ན། རང་གི་རིག་པ་ལ་དྲིས་ཤིག་དེ་མཚོན་པའི་དཔེའི་ངོ་མ་ཤེས་ན། རྡོ་རྗེ་སེམས་དཔའི་མེ་ལོང་ལ་དྲིས་ཤིག། སངས་རྒྱས་ཀྱི་སྐུ་རང་ལ་གནས་པའི་རྟགས་ངོ་མ་ཤེས་ན། བྱང་ཆུབ་སེམས་ཀྱི་སྒྲོན་མ་ལ་ལྟོས་ཤིག། ཀྱེ། ་སེམས་ཀྱི་སྒྲོན་མ་ལྟོས་ཤིག། ཀྱེ་སེམས་དཔའ་ཆེན་པོ་མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང་། རྟོགས་པའི་ལྟ་བ་རང་རིག་པའི་ཡིས་ཁོ་ནའོ།། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐ~ཾད་ཀྱང་། ཆོས་ལས་འདས་པའི་སྐུ་སྙིང་པོ་བྱང ་ཆུབ་ལ་འདུ་འབྲལ་མེད་པར་དག་པར་གནས་སོ།། རིགས་ཀྱི་བུ་ཆོས་ཟིང་ཆོས་ཉིད་རྒྱ་མཚོ་དང་འདྲ་བའི་ངང་དུ་བྱ་རྩལ་མེད་པར་སྟིམས་ཤིག། ཅེས་རྡོ་རྗེ་འཆང་གིས་བཀའ་སྩལ་ཏོ།། འཁོར་བ་དོང་དྲཀྲུགས་ཆེན་པོའི་རྒྱུད་ལས ་དམ་པའི་ཆོས་རྒྱ་མཚོ་ཆེན་པོར་དབབ་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱི་གསང་བ་བླ་ན་མེད་པའི་ཏིང་འཇིམ་ལ་སྙོམས་པར་ཞུག་སོ།། དེའི་ཚེ་དེའི་དུས་ན་གསང་བའི་བདག་པོ་ལག་ན་རྗེ ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གསང་བ་བླ་ན་མེད་པའི་ཏིང་འཛིན་ལ་བཞེངས་ཤིག། ངས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐ~ཾད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བླ་མ་ཆེན་པོ་མཐལ་གང་ལ་སྒྱུས། ་སངས་རྒྱས་ཐ~ཾད་ཀྱི་དགོངས་པའི་མཐའ་གར་གཏུགས། ཁམས་གསུམ་སེན་ཐཾད་འཁོར་བ་རུ་ལོག་པའི་དུས་སུ་རང་རེའི་ཞིང་ཁམས་ཅིག་གཾ་ཐ་དད་རྒྱུད་ལུང་མན་ངག་གི་མཐའ་གར་སྐྱལ། ཁམས་གསུམ་འཁོར་བའི་སེན ་འདས་རྫབ་ཞིང་གང་ལ་སྦྱར། སོན་གྱི་སྡུག་བསྔལ་བྱེ་བྲག་གང་།། ཐུགས་རྗེ་ཆེན་པོ་རྩལ་གང་ལ་སྦྱར། སངས་རྒྱས་མྱ་ངན་ལས་མ་འདས་ཀྱི་བར་དུ། དགོངས་པའི་མཐའ་ཇི་ཙམ་ལ་བཞག། མྱ་ངན་ལས ་འདས་ནས་མཐའ་ཐུག་པའི་ས་གང་དུ་བཞག། ཅེས་ཞུས་ཏེ། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག། སྐུ་གསུང་ཐུག་རྡོ་རྗེ་བླ་མ་ཆེན་པོའི་མཐའ། སངས་རྒྱས་ཐ~ཾད་ཀྱི་མེས་པོ་སངས་རྒྱས་ཉག་ཅིག་ཏུ་སྐྱེའོ།། སངས་རྒྱས་ཉག་ཅིག ་གི་དགོངས་པ་ནི། རང་རིག་པའི་ཡེ་ཤེ་སུ་བཏུ་གོ། འཁོར་བ་རུ་ལོག་པའི་དུ་སུ། མར་མེའི་གདོང་བུ་ལ་མར་མེ་སྟོང་དུ་བསྣུན་པའི་ཚུལ་དུ་ཞིང་ཁམས་གཅིག་གོ།། རྒྱུད་ལུང་མན་ངག་གི་མཐའ་ནི་བརྗོད་བྱ་རྗོད་བྱེད་མེད་པར་སྐྱའོ།། ་འཁོར་བའི་འདམ་རྫ་བ་ནི་རྣམ་པར་དག་པའི་ཞིང་བདེ་བ་ཆེན་པོ་མ་བཀོད་པར་སྣང་བར་སྦྱ་རོ།། སེཾན་ཀྱི་སྡུག་བསྔལ་ནི། རིག་པའི་རྩལ་མ་འགག་པར་སྦྱར་རོ།། སངས་རྒྱས་མྱ་ངན་མ་འདས་ཀྱི་བར་དུ། སྒྱུ་མ་ལྟ་བུའི་སྐུ་འཇའ ་ཚོན་ལྟ་བུ་ལ་མཐོང་བའི་ཡུལ་ཉམ་སུ་མྱོང་བར་བྱའོ།། མྱ་ངན་ལས་འདས་ནས་མི་གནས་པའི་ཡེ་ཤེས་ཆེན་པོར་བཞག་གོ།། ཅེས་འཁོར་བ་དོང་དཀྲུགྲ་ཆེན་པོའི་རྒྱུད་ལས། སངས་རྒྱས་དུར་དུ་བཞུགས་པའི་ལེའུ་སྟེ་བདུན་པ ་རྫོགསོ།། །། མཁས་པའི་མཁས་པ་སྨོན་བྷི་མ་ལས།། དཀའ་གདོས་ནས་དོན་གྱི་མ་མངག་བཙལ།། རྡོ་རྗེ་གརན་ནས་ཤྲི་རི་སིང་ཧ་ས་གནང་།། རང་གི་རྒྱུད་སྦྱངས་འགྲོ་བའི་དོན་བྱས་ནས།། སངས་རྒྱས་ཐུགས་ཀྱི་དགོངས་པ་མ་ནོར་རྒྱུར ་ཐུགས་རྗེ་སྤྲོས་ནས་བཅུ་གསུམ་སྤྲོས་པ་ནི།། བྱང་ཆུབ་སེམས་དཔའ་རེ་རེའི་རྒྱུད་དུ་བཞག། རྒྱུད་ཀྱི་སྙིང་པོ་མན་ངས་རྒྱུད་བཞི་པོ།། སྡེ་དང་ཚོམ་སུ་གཅད་ནས་རྒྱ་ཡིས་བཏབས།། འཆི་མེད་བདུད་རྩི་ཐིག་ལེ་ཉག་གཅིག་པོ།། རྗེ ་གདན་གྱི་འོག་ཏུ་བཞེངས་པ་འདི།། སྤུ་རྒྱལ་བཙན་པོའི་དོན་དུ་ཤྲི་རི་སིང་ཧ་ས་གནང་བ་སྐུ་དྲིན་ཆེ།། བོད་ཀྱི་རྒྱལ་ཁམས་ཆོས་ལུགས་ངན་པར་སླར་ཡར་གཏེར་དུ་སྤོས་ཅེས་གསུངས། བྷི་མ་ལས་གདས་སོ།། ་དགེའོ།། ་