| Wylie | e-texts produced with BDRC’s OCR application |
བྱང་ཆུབ་སེམས་བསྒོམ་པ་བཞུགས་སོ།། ་བྱང་ཆུབ་ཀྱི་སེམས་སྒོམ་པ། དོན་བཅུ་གཉིས་ཀྱིས་སྟོན་ཏེ། ཕྱག་འཚུལ་བ་དང་། ཅིའི་ཕྱིར་རྟོགས་པར་བྱ་བ་དང་། ཅི་ཞིག་རྟོགས་པར་བྱ་བ་དང་། གང་གིས ་རྟོགས་པར་བྱ་བ་དང་། གང་ལ་བརྟགས་ཏེ་རྟོགས་པར་བྱ་བ་དང་། བརྟགས་ནས་ངེས་པའི་དོན་བསྟན་པ་དང་། ངེས་པའི་དོན་ལ་བསྒོམ་པ་དང་།། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན ་རྟོགས་པར་བྱ་བ་དང་།། བྱང་ཆུབ་སེམས་ཀྱིས་མ་ཟིན་ནོ་རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་དང་།། མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པ་དང་། ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་དང་།། དགེ་བའི་རྩ་བ་བསྔོ་བ་རྣམས་སོ།། །། དེ་ལཾ་ཕྱག་བརྩལ་བ་ལ་ཡང་རྣམ་པ་གོ་སུམ་སྟེ། སངས་རྒྱས་དང་། ཆོས་དང་། ་དགེ་འདུན་གསུམ་ལ་ཕྱག་འཚལ་བ་ནི།། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བརྩམས་པ་ལ་དགོགས་མི་འཇུག་ཅིང་མཐར་ཕྱིན་པར་བྱ་བའི་ཕྱིར་ཚོགས་བཅད་པ་ཅིག་གིས་བསྟན ་པ་ཡིན་ཏེ། དེ་ལ་སངས་རྒྱས་ལ་ཕྱག་འཚལ་བ་ནི། བདག་མེད་གཉིས་ཉིད་བདེ་གཤེགས་མེ་ཏོག་ཡེ་ཤེས་དབྱིངས་སྐུ་རྙེད་པ་ཞེས་བྱ་བས་བསྟན་ཏེ། གང་ཟག་དང་། ཆོས་ལ་བདག ་མེད་གཉིས་ཉིད་མ་ནོར་བར་རྟོགས་པ་ནི། བདེ་བར་གཤེགས་པའི་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་ཐོབ་པས་དེའི་ཤེས་བྱ་ཆོས་ཀྱི་དབྱིངས་དང་།། ཐ་མི་དད་པའི་སྐུ་ཡང་བརྙེས་པའོ།། ་ཆོས་ཕྱག་བཙལ་བ་ནི།། ཀུན་གྱི་རང་བཞིན་ཞི་བ་ནི་ལ་གསལ་ཞིང་བླང་མེད་ལྷམ་མཆོག་སྟེ། ཞེས་སྨོས་པ་སྟེ།། ཀུན་ནས་ཉོན་མོངས་པོ་མེད་པ་དང་། རྣམ་པར་བྱང་བ་ཀུན་གྱི་རང་བཞིན་ནི། སྤྲོས ་པའི་མཚན་ཉིད་ཐམས་ཅད་ཞི་བ་དང་། འདི་ལ་སྐྱོན་གསལ་ཞིང་ཡོན་ཏན་བླང་དུ་མེད་དེ། བླང་དོར་མེད་པ་ནི་ཐར་པའི་ལམ་གྱི་ནང་ན་མཆོག་ཡིན་ནོ།། དགེ་འདུན་ཕྱག་འཚལ་བ་ནི། མི་ལྡོག་ས ་ལ་སྩོགས་པ་དབང་བཅུ་རྒྱལ་བ་ཀུན་དང་ཅིག་བརྙེས་པ་ཞེས་སྨོས་པ་ཡིན་ཏེ། ས་དང་པོ་འཁོར་བར་མི་ལྡོག། ས་བརྒྱད་པ་ནི་མཚན་མར་མི་ལྡོག་པ་ལ་སྩོགས་ཏེ། ས་བཅུ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ནི།། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་ལ་སྩོགས་ཏེ། དབང་བཅུ་ཐོབ་པས་རྒྱལ་བ་ཀུན་དང་ཆོས་ཀྱི་དབྱིངས་རྟོག་པར་ཅིག་པས་ཅིག་བརྙེས་པའོ།། གནས་གསུམ་མཉམ་ཉིད། ་དེ་ལ་མཚན་ཉིད་ཡིས་ཀྱིས་རབ་ཏུ་དད་པས་མོས་ཞེས་སྨོས་པ་ལ། ཕྱག་གི་གནས་ནི་དཀོན་མཆོག་གསུམ་མོ།། ཆོད་ཉིད་མ་ནོར་བའི་ལམ་ནི།། ཤེས་པར་བྱ་བ་ཡིད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི།། དེ་ཤེས་པར ་བྱེད་པ་ཡིན། ཤེས་པ་ཤེས་བྱ་ཁྱད་པར་མེད་ཅེས་འབྱུང་བས་མཉམ་པ་དང་། དོན་དམ་པར་གཉིས་སུ་མེད་པས་མཉམ་པ་དེ་ལ་མཚན་མར་མི་འཛིན་པའི་ཡིད་ཀྱིས་དང་བའི་དད་པ་དང་། དོན་ཇི་ལྟ་བ་བཞིན་དུ་ངེས་པར་གཟུང་བའི་མོས ་པས་ཕྱག་འཚལ་བ་ཡིན་ནོ།། དོན་གཉིས་པ་སྟོན་ཏེ། ཅི་ཕྱིར་རྟོགས་པར་བྱ་ཞེས་ན། ཕན་ཡོན་ཆེ་བའི་ཕྱིར་ཏེ། ཕན་ཡོན་ལ་རྣམ་པ་གསུམ་སྟེ། རྒྱུར་གནས་པའི་ཕན་ཡོན་དང་། མངོན་དུ་གྱུར་པ་འབྲས་བུ་ཁྱད་པར་གྱི་ཕན་ཡོན་དང་། ་རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་གཞི། ལམ་གྱི་མཆོག་ཏུ་བསྟན་པའོ།། དེ་ལ་རྒྱུར་གནས་ཕན་ཡོན་ནི།། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ལྷ་དང ་མི་ལ་སྩོགས་པའི་སྟོན་པ། འཇིག་རྟེན་ཕྱི་ནང་གི་མུན་སེལ་བའི་ཡིས་ཀྱི་སྒྲོན་མར་གྱུར་པ་ཀུན་གྱིས་ཀྱང་འདྲ་ཞིང་མཚུངས་པར་བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་ཆེ་བར་བསྔགས་ཏེ། ཅི་སྐད་དུ་སྔགས་ཞེ་ན། ཆོས་ལ་ཆོས་ཀྱི་སྙིང་པོར ་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད།། དེ་ལ་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ཡེ་ནས་གནས་པ། ཆོས་ཀུན་གྱི་སྙིང་པོར་གྱུར་པ་ནི་འཇམ་དཔལ་གཞོན་ནུ་ཞེས་བྱ་སྟེ། ་ཅིའི་ཕྱིར་ཞེ་ན། ཟུག་རྔུ་མེད་པའི་ཕྱིར་འཇམ་དཔལ་དང་། དེ་རྟོགས་ན་སེམས་ཅན་ཀུན་གྱི་དཔལ་དུ་གྱུར་པ་དང་། གཞོན་པ་ནི་གཙང་བའི་དོན་ཏེ། སྐྱོན་དང་དྲི་མས་མ་གོས་པའི་ཕྱིར་རོ།། སྙིང་པོ་ནི་གོང་དུ་བསྟན་པ་ཉིད་ཆོས་རྣམས་ཀྱི་སྙིང་པོ ་ཡིན་པའི་ཕྱིར་རོ།། འཇམ་དཔལ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། མ་ནོར་རྟོགས་པ་ནི། སངས་རྒྱས་སམ་མ་ལུས་པའི་འབྱུང་གནས་ཡིན་པའི་ཕྱིར། བདེར་གཤེགས་མ་ལུས་ཡུམ་དུ་གྱུར་པ་རྒྱལ་བ་ཀུན་གྱི་ལམ་གཅིག་གོ་ཞེས་སྨོས་ཏེ། ་ལམ་འདིར་མ་རྟོགས་པར་ལམ་གཞན་གྱི་འཆང་མི་རྒྱ་བའི་ཕྱིར་རོ།། ཚུལ་ཁྲིམས་ལ་སྩོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཆོ་གཞིར་གྱུར་པ། ཚུལ་ཁྲིམས་ལ་སྩོགས་པ་ཕ་རོལ་ཕྱིན་པ་བཅུ་དང་། དགེ་བའི་ཆོས་ཐ~ཾད་ཀྱང་བྱང་ཆུབ་སེམས་ཀྱི་མ་ཟིན་ན། ་སངས་རྒྱས་སུ་འགྲུབ་པའི་ཆོ་ག་སུ་མི་འགྱུར་བས། སངས་རྒྱས་སུ་འགྲུབ་པའི་བསོད་ནམས་ཀྱི་ཚོགས་ཐ~ཾད་ཀྱི་གཞི་ཡིན་པར་ཡང་བསྟན་ཏོ།། མངོན་དུ་གྱུར་ཏེ་འབྲས་བུའི་དུས་སུ་ཡང་ཁྱད་པར་འཕགས་པར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངང ་ཚུལ་བསྒོམས་དང་ཡོན་ཏམ་ཁྱད་པར་ནི་ཞེས་བྱ་བ་ལ་སྩོགས་པ་སྟོན་ཏེ། སྤྲོས་པ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱི་རིང་བཞིན་ནམ་ཡང་ཚུལ་མ་ནོར་བསྒོམས་ཏེ། མངན་དུ་གྱུར་པའི་ཚེ། ཡོན་ཏན་གྱི་ཁྱང་པར་ཇི་ལྟ་བུ་ཐོབ་ཅེ་ན། རྡོ་ལྡན་ནམ་ཞིག ་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས་ཤེས་རབ་ཀྱི་བློ་དང་ལྡན་པས་བྱང་ཆུབ་སེམས་མངོན་དུ་གྱུར་པ་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྩོགས་ཏེ། སྐུ་གསུམ་གྱི་ནང་ན་མཆོག་ཏུ་གྱུར་པ་ཆོས ་ཀྱི་སྐུ་ཞེས་བྱང་ཆུབ་ཀྱི་སེམས་དེ་ལ་བྱ་སྟེ། ཡོན་ཏན་དང་ལེགས་པ་ཐ~ཾད་ཀྱི་གཞི་ནི་ཆོས་ཀྱི་སྐུ་ཡིན་པས་མཆོག་ཏུ་གྱུར་པ་ཡིན་ནོ།། ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། ཤེས་བྱ་ཐ~ཾད་ཤེས་པར་བྱེད་པའི་ནང་ན། དམ་པ་མི་ཤེས ་རབ་ཀྱི་སྤྱན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤེས་བྱ་ཀུན་གྱི་ནང་ན། ཆོས་ཐ~ཾད་ཀྱི་སྙིང་པོར་གྱུར་པའི་ཆོས་ཉིད་ནི་དམ་པ་ཡིན་པར། དེ་རྟོགས་པའི་ཤེས་བྱེད་ཀྱང་དམ་པ་ཞེས་བྱ་སྟེ། ཤའི་སྤྱན་དང་། ལྷའི་སྤྱན་ལ་སྩོགས་ཏེ། སྤྱན་ལྔའི་ནང་ན ་ཡང་བྱང་ཆུབ་སེམས་མངོན་གསུམ་གྱུར་པའི་མཚན་ཉིད་ཤེས་རབ་ཀྱི་མཚན་ནི། མཆོག་ཏུ་གྱུར་པ་ཡིན་ནོ།། རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོགས་ཡིས་དེ་ཡང་དེ་ཉིད་དོ།། རྡོ་རྗེ་ནི་སྲབ་དང་གཅོད་པ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་མི་ཤིག་པའི་ཕྱིར་སྲ་བ ་དང་། སྒྲིང་པ་ཐམས་ཅད་གཅོད་ཅིང་སྤོང་བ་ཡིན་པས། ཡོས་ལ་བྱ་སྟེ། སོ་སོར་ཀུན་ཏུ་རྟོག་པ་དང་། བྱ་བ་ནན་ཏན་ལ་སྩོགས་ཏེ། ཡིས་བཞི་ཡི་ནང་ན་ཡང་མཆོག་གམ་རྩེ་མོར་གྱུར་པ་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཡིན་ཏེ། དེ ་ཡང་བྱང་ཆུབ་སེམས་མངོན་དུ་གྱུར་པ་དེ་ཉིད་ཡིན་ནོ།། རྣམ་པར་གྲོལ་བའི་འབྲས་བུ་ཐ~ཾད་ཀྱི་གཞི། ལམ་གྱི་མཆོག་ཏུ་བརྟན་པ་ནི། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་པ་དག་ཐམས་ཅད་ཀྱང་ཤེས་བྱ་ལ་སྩོགས་པས་སྟོན་ཏེ། ་ཇི་རྙེང་དུ་ཉན་ཐོས་དང་རང་སངས་རྒྱས་ལ་སྩོགས་ཏེ། ཁམས་གསུམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཡོན་ཏན་གྱི་ཆོས་སུ་བསྟན་ཅིང་སྙད་པ་དེ་དག་ཐཾད་ཀྱང་། བྱང་ཆུབ་སེམས་ཉིད་རྫོགས་ལམ་དེའི་ཡོན་ཏན་དེ་དག་དེ་ལས ་བྱུང་། བྱང་ཆུབ་སེམས་རྫོགས་ཤིང་མཐར་ཕྱིན་པར་རྟོགས་པ་ལ་ཡོན་ཏན་རྫོགས་པར་འབྱུང་ལ། བྱང་ཆུབ་སེམས་འབྲིང་དང་ཆུང་ངུ་རྟོགས་ན་ཡོན་ཏན་ཡང་དེ་བཞིན་དུ་འབྱུང་ཞིང་འཐོབ། བྱང་ཆུབ་ཀྱི་སེམས་རྟོགས་པ་རྣམས་ལ་ནི། གྲོལ་ཐར་པ་ཆུ ་ཙམ་ཡང་མི་ཐོབ་ཏེ། དེ་བས་ན་འདི་ནི་གྲོལ་ཐར་པ་ཐ~ཾད་ཀྱང་གཞི་ཡང་ང་ཡིན་ལ། འབྲས་བུའི་མཆོག་གྲུབ་པའི་ལམ་ཡང་ཡིན་པས་ཐར་པའི་ལེམ་ཡང་ཡ་ནི་པས་ཐར་པའི་ལམ་གྱི་ནང་རྭ་ཡང་མ་ཆོག་ཡིན་ནོ།། དེ་ཅིའི་ཕྱིར ་འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དང་དེ་དག་ཐད་ཀྱང་། ཉན་ཐོས་ལ་སྩོགས་པའི་རིགས་ཀུན་གྱི་ནང་ན། འབྲས་བུ་ཕྱེ་བའི་ཕྱིར། ཐེག་པ་ཆེན་པོ་རིགི་ཆེ་ན་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཚོན ་དེ་ལ་སེམས་དཔས། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་དག་ཐ~ཾང་ཀྱང་། དེ་མེད་མོ་འབྱུང་དེ་ནི་རྣམ་པར་གྲོལ་བ་མཆོག་གི་ལམ་ཉིད་དོ།། བྱང་ཆུབ་ཀྱི་སེམས་དེ་མེད་ན། བྱང་ཆུབ་སེམས་དཔའ་དེ་དག་མི་འབྱུང་བ། ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པར་གྲོལ་བའི་ལམ་ཀུན་གྱི་ནང་ན་མཆོག་ཡིན་ནོ།། ། དོན་གསུམ་པ་སྟོན་ཏེ། ཅི་ཞིག་རྟོགས་པར་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་སོ།། དེ་ཡང་བསམ་པ་དང་། བརྗོད་པ ་ལས་འདས་པས་བརྟགས་པའི་ཡུལ་མ་ཡིན་པར་བསྟན་ཏེ། དེ་ན་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ནི་འདྲར་བསྒོམ་པར་བྱ་བར་འགྱུར།། གོང་དུ་བསྟན་པ་དེ་ལྟར་ཕན་ཡོན་ཆན། དུས་གང་གནས་ཀུན་ཏུ་ཅིས་ཀྱང་མི་ཤིགས་ལ། ་དེ་རྟོགས་ན་སྒྲིབ་པའི་དྲ་བ་གཅོད་པས་རྡོ་རྗེ་སྟེ། སེམས་ཀྱི་ཆོས་ཉིད་མི་ནོར་བ་ལ་སྔོ་སེམས་དཔའ་ཀྱང་བྱ། བྱང་ཆུབ་སེམས་ཞེས་ཀྱང་བྱ་སྟེ། སེམས་ཀྱི་མཚན་ཉིད་མ་རིག་པའི་བློ་ཐབས་ཀྱི་བགོས་ན། ཀུན་ནས་ཉོན ་མོངས་པའི་ཆོས་ཐམས་ཅད་དུ་ཡང་སྣང་ལ། སེམས་ཀྱི་རང་བཞིན་མ་ནོར་བའི་རྡོ་རྗེ་ལ་སེམས་དཔའ་དེའི་ཚེ། རྣམ་པར་གྲོལ་བའི་འབྲས་བུ་ཕུན་སུམ་ཚོགས་པར་རྣམསུ་ཡང་སྣང་བས། བསྒོམ་པའི་བྱ་བ་གང་གིས་མ་ནོར་བར ་བསྒོམ་པར་འགྱུར་ཞེས་དྲིས་པའི་ལན་དུ། ཕྲ་ཞིང་ཤེས་བཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོགས་རྟོག་ལས་འདས། བློ་རྩིང་ཞིང་ཤེས་རབ་ཞན་པས་མི་རྟོགས་པས་ཕྲ་ཞིང་ཤེས་པར་བཀའ་སྟེ། བདག་དང་གཞན་དྲང་པོ་ལ ་དུ་འཛུད་ཅིང་ཞུགས་པའི་དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་ལམ་འདི་ནི། རྟོག་པའི་ཡུལ་ཡང་མ་ཡིན་ལ། མི་རྟོག་པའི་ཡུལ་ཡང་མ་ཡིན་པས། རྟོགས་པ་དང་མི་རྟོགས་པ་འདས་པ་སྟེ། དེ་ཕྱིར་རྟགས་པར་དཀའ་ཞིང་བསྟན་པར ་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། སེམས་ཀྱི་རྟགས་པར་བཀའ་ཞིང་ཚིག་གི་བརྟན་པར་ཡང་དཀའ་ལ། ཚིག་གི་དོན་སྟོན་ཡང་། ཚིག་དེ་དོན་མ་ཡིན་པས། བརྗོད་པའི་ཐ་སྙད་རྣམས་དང་བྲལ་བའི་ཕྱིར ་ཚིག་གི་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། དོན་ནི་ཐ་སྙད་ལས་འདས་པ་ཡིན་པས། ཚིག་གི་མི་ཕེབས་ཤིང་ཐེག་པ་ཆེན་པོ་ལས་གཞན་པ་ཉན་ཐོས་ལ་སྩོགས་པ་དང་། ་སོ་སོ་སྐྱེ་བོ་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཡོང་།། ཤེས་ཤིང་རྟོག་པར་བྱ་བའི་ཐབས་ནི་ཡོད་དོ།། །། དོན་བཞི་སྟོན་ཏེ། དེ་ལྟར་རྟོགས་པར་བྱ་བའི་ཐབས་ཡོད་ན་གང་གིས་རྟོགས་པར་བྱ་ཞེ་ན། འཁྱུ ་པའི་རྟོག་པོ་ནི་ཚིང་མ་མ་ཡིན་པོའོ།། འཕགས་པ་དང་མཁས་པའི་ལུང་དང་། དངོས་པོ་རྣམས་ཀྱི་དོན་ཇི་ལྟ་བུ་ཡིན་པ། ལོ་རྒྱུས་ཀྱིས་བརྟགོས་པས་རྟོགས་པར་བྱ་བར་བསྟན་ཏེ། སྟོན་པས་ངེས་པའི ་དོན་དང་། བླ་མ་རྣམས་ཀྱི་མན་ངག་དེ་ཉིད་དོན་འདིར་བལྟ། རྟོན་པར་བཀྲི་བ་དོན་དུ་མ་ཡིན་གྱི་ངེས་པའི་དོན་དུ་བསྟན་པའི་ལུང་དང་། བླ་མ་མཁས་པ་རྣམས་ཀྱིས་མ་ནོར་བར་རྟོགས་པའི་ཉམས་ཀྱིས་མན་ངག་དེ་དག་ཉིད ་མ་ནོར་བའི་དོན་དུ་བྱང་ཆུབ་སེམས་བསྒོམ་པའི་སྐབས་འདིར་བལྟའོ།། འཁྲུལ་པའི་རྟོགས་ཚད་མ་ཡིན་པར་རྟོགས་ཏེ། མངོན་གསུམ་ལ་སྩོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པ། མངོན ་གསུམ་དང་རྗེས་སུ་དཔག་པ་ལ་སྩོགས་པ་གཏན་ཚིགས་ཀྱི་རྒྱུས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་རྣམས་ལ་འཇིག་ཅིང་སྤྱོད་དེ། ཐ་མ་ལ་ཡོད་པ་ཞིག་ཏུ་གྲུབ་བམ། མེད་པ་ཞིག ་ཏུ་གྲུབ་མཐའ་ཇི་ལྟ་བུ་ཞིག་ཏུ་གྲུབ་ཅེས་སྤྱོད་པ་ནི། དེ་ཉིད་རྟོགས་པའི་རྒྱུད་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡི་འཇིག་བྱེད་དེ། གོང་མ་ལྟར་སྤྱོད་པ་འདི་ཉིད་ཕྱིན་ཅི་ལོག་ཏུ་རྟོག་པའི་རྒྱུན་གྱི་རྗེ་སུ་འབྲངས། ་ནས། ནོར་པའི་རྟོག་པས་ལོག་པར་མཐོང་བའི་སྤྱོད་ཡུལ་ཚད་མར་བཟུང་ནས། ལོག་པའི་བློ་ཡིས་འཇིག་ཅིང་སྤྱོད་དེ། དཔེར་ཐག་པ་ལ་སྦྲུལ་དུ་མཐོང་བའི་ཚེ། བདག་གི་མངོན་གསུམ་མཐོང་བས ་ཅིའི་ཕྱིར་སྦྲུལ་མེད་ཅེས་རང་གི་འཁྲུལ་པ་མངོན་གོསུམ་ཚད་མར་བཟུང་བ་ན་ཚད་མར་མི་རུང་བ་དང་འདྲའོ།། ཅིའི་ཕྱིར་ཞེ་ན། རྟོག་མཐའ་མེད་ཕྱིར་སྤྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། ་རྟོགས་པའི་སེམས་ཉིད་ཡང་དག་པའི་མཐར་ན་ཇི་ལྟ་བུར་ཡང་མ་གྲུབ་པའི་ཕྱིར། དེས་སྤྱོད་པ་ལྟ་ག་ལེ་མོས་པས་སྤྱོད་མཐའ་མེད་ཅིང་སྙིང་པོར་བྱ་བ་ཅི་ཡང་མྱོང་ན་ཚོང་མར་གླང་ཞིག་བཞག། དེ་ཕྱིར་འཇིག་རྟེན ་རྟགས་པ་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོངས།། ཚད་མོར་མ་རིང་བ་དེའི་ཕྱིར། ཀུན་རྫོབ་འཁྲིལ་པ་སྣང་བ་དབང་དུ་བྱས་ཤི་བའི་ཚེ་ནི། འཇིག་རྟེན་གྱིས་བརྟགས་པ་དེའི་ཚད ་ཀྱང་ཚད་མར་འཇིག་པ་ཀྱང་ཡོང་མོད་ཀྱིས་ཡང་དག་པའི་དོན་ལ་རྣལ་འབྱོར་པའི་ལོམ་གྱི་སྐབས་འདིར་ནི། འཇིག་རྟེན་འཁྲུལ་པོའི་ཐ་སྙད་དག་མི་དགོས་སོ།། དོན་ལྔ་པ་དངོས་པོ་གང་ལ་བས ་ཏེ་རྟོགས་པར་བྱ་ཞེས་ན།། རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣ་བར་བྱང་བའི་དངས་པོ་བརྟགས་པར་བྱའོ།། ཀུན་ནས་ཉོན་མོངས་པ་བརྟགས་པ་ལས་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན ་མོངས་པའི་མཚན་ཉིད་ཡིན་པར་བརྟགས་པ་དང་། འཁྲུལ་བ་སྣང་བར་བརྟག་པའོ།། ཀུན་ནས་ཉོན་མོངས་པ་བརྟག་པ་ནི། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱས་དག་ལས་ལམ་འདིར་བརྟག་པར་བྱ་ཞེས་བྱ་བ་ལ་སྩོགས་པ ་སྟོན་ཏེ། དངོས་པོ་རྣམས་ཀྱི་གྲུབ་པའི་མཐའ་བརྟགས་པའི་རྒྱུནི་དངོས་པོ་ཉིད་ཀྱི་ལོ་རྒྱུས་ཇི་ལྟར་གནས་པ་བརྟག་པས། མ་ནོར་བའི་ལམ་གཏན་ལ་ཕེབ་པར་འགྱུར་བས། བླ་ན་མེད་པའི་ལམ་འཆོལ་བའི་སྐབས་འདིར ་དེ་ལྟར་བརྟགས་པར་བྱ་ཏེ། དཔེར་ན་ཆུ་གཤེར་བའི་མཚན་ཉིད་ཡིན་པར་ནི།། ཆུ་རང་གི་མཚན་ཉིད་ཀྱི་ལོ་རྒྱུས་ཀྱིས་སྟོན་ཏེ། ལུང་ལས་ཀྱང་། རྟོགས་པའི་བློ་དང་ལྡན་པ་རྣམས་ལ། དངོས་པོ་རྣམས་ཆོས་སྟོན་ཏེ་ཞེས་འབྱུང་བ ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱ་བའི་དངོས་པོ་ཇི་ལྟ་བ་བཞིན་དུ་རླིག་ཅིང་རྟོགས་པ་ཉིད་མ་ནོར་བུའི་ལམ་ཡིན་པ་དངོས་པོ་ཉིད་ཀྱི་ལོ་རྒྱུས་བརྟགས་པའི་སྒོ་ནས་ལམ་བཙལ་བར་དགོངས་སོ།། སྐྱེ་བོ་ཀུན་གྱི་སེམས་ལ་མངོན ་སྡང་ཕྱིནང་གྲགས་པའི་ཆོས་བདི་ནི། སོན་རྣཾས་ཀྱི་སེམས་ཀྱིས་རང་རིག་ཅིང་ཡུལ་དུ་སྣང་བའི་ནང་གི་དབང་པོ་དྲུག་དང་། ཕྱིའི་ཡུལ་དྲུག་ཡོད་པའི་གྲགས་པའི་ཆོས་འདི་ན། འཛིན་པ་དྲུག་གི་ཅི་ལྟོར་མཐོང་ཞིང་བརྟ་ཁ་དེ་ལྟམ ་ཡིན་འཁྲུལ་འཇུག་པའི་རྣམ་པར་ཤེས་པ་དྲུག་གིས་མཐོང་ཞིང་ཐོས་པ་ལ་སྩོགས་པ། དམིག་པའི་ཡུལ་དུ་བརྟག་པ་སྟེ། ཇི་ལྟར་སྣང་བའི་རྣམ་དེ་བཞིན་གཤེགས། འཁྲུལ་པའི་ཕྱིར་རོ།། རང་གི་རྟོགས་པས་མོས་ཤིང་དེ་བཞིན།། ་བཟུང་བ་བདེར་འགྱུར་ན། མ་རིག་པའི་རྟོག་པས་མོས་པར་ལོག་པར་མཐོང་བའི་རྣམས། དེ་བཞིན་བདེན་པར་གྱུར་ན་ནི། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། སྐྱེ་བོ་དེ་དག་དང་དགྲ་བཅོམ་པ་གལགས ་བདེན་པ་མཐོང་བར་བྱེ་བྲག་མེད་པས་འདྲ་བར་རྣ་བར་གྲོལ་བའི་འབྲས་བུ་ཐོབ་པོར་འགྱུར་བར་རགས་ན། དེ་དག་དུས་སྒྲས་འཇོམས་ཤིང་སྡུག་བསྔལ་ཉེལ་ལས་དེས་འཁྲུལ་མངོན་པར་གྱུར། སེཾན་དེ་དག་ནི་ནི་བ་དང་འཆི་བ་ལ་སྩོགས་པའི་དུས་ཀྱི ་དགྲ་བཙོ་ཞིང་སྡུག་བསྔལ་གསུཾ་དང་བརྒྱད་ཀྱི་ཉེས་པ་དེ་ན། སེན་གྱི་མཐོང་བ་རྣམས་ནི་འཁྲུལ་པ་ཡིན་པར་མངོན་ནོ།། གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་འགྱུར་ན་ནི། འཁྲུལ་པ་ལས་གཞན་དུ་གལ་ཏེ་མ་འཁྲུལ་ཏེ། སེམས་ཀྱི་སྐྱེ་མཆེ ་བཅུ་གཉིས་ཀྱི་སྒོ་ནས་རིག་པ་དེ་དག་ཚད་མ་ཡིན་ན་ནི། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་རུ་དགོས་མི་འགྱུར། སོ་ན་རྣཾས་ལ་འཕཊ་པའི་ལམ་རང་ཆ་སུ་ཡོད་པའི་ཕྱིར།། ལམ་དེ་ནས་གྲོལ་ལཾ་དུ་བསྟན་ཅིང་དབང་པོ་ཤཱ་པྲ་མི་མནར་ཏེ། སོ་ནི་འཁྲུ ་པས་མཐོང་བའི་རྣ་བར་གྲོལ་བའི་ལམ་དུ་བྱས། དབང་པོ་བེམས་པོ་ལ་རྟེན་པའི་ཤེས་པས། འཁོར་བའི་སྡུག་བསྔལ་ལས་མི་ཐར་སྟེ། ཅིའི་ཕྱིར་ཞེ་ན། སེཾན་གྱིས་མཚན་མ་སྣ་ཚོགསུ་མཐོང་བའི་ཤེས་པས་ནི། སྡུག་བསྔལ་འགའ་ཡང་མི ་འཇིལ་འགའ་ཡང་རིག་ཤེས་ཏེ་ཉོན་མོངས་སྐྱེ་བའི་གནས། སྡུག་བསྔལ་སྤོང་བ་ལྟ་ག་ལ་ཡོད་ཀྱི། སྡུག་བསྔལ་སྐྱེ་བའི་ཉིད་ཡིན་པས། དེའི་ཕྱིར་སྐྱེ་འོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞིང་རྒྱལ་བས་གསུངས།། དེ ་ལྟར་སེམས་ཀྱི་མཐོང་བའི་རྣམ་ནི་རིག་པས་ཀྱང་འཁྲུལ་ཞིང་མངོན་ཞིང་། ས་ངྱས་ཀྱི་ལུང་ལས་ཀྱང་འཁྲུལ་པ་ཡིན་པར་གསུངས་སོ།། ཀུན་ནས་ཉོན་མོངས་པ་བརྟག་པ་འང་རྣ་བ་གཉིསུ་ཕྱེ་བ་ལས། གཉིསུ་འཁྲུལ་པ་སྣང་བ་ཞེས་བྱ་ཡ ་རྣ་པ་དགུས་བརྟན་ཏེ། གང་སྣང་བ་དང་། གང་ཕྱིར་སྣང་བ་དང་། སྣང་བའི་ཉེས་པ་དང་། སྣང་བའི་གཞི་རྣམ་པར་ཞེས་པའི་མཚན་ཉིད་བསྟན་པ་དང་། ཚུལ་ཇི་ལྟར་སྣང་བ་དང་། སྣང་པོའི་སེམས་ཀྱི་ནང་མཐོང་འདུས་པས་ཐོབ་པར ་བྱ་བ་མེད་པ་དང་། ཐད་སེམས་ཀྱི་མཚན་ཉིད་ཡིན་ན། རྒྱུ་རྐྱེན་གཞན་ལས་ཅིའི་ཕྱིར་སྐྱེ་བར་སྣང་ཞེས་དྲིས་པ་དང་། སྣང་བའི་དངོས་པོ་མ་གྲུབ་པ་དང་། སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་བསྟན་པ། རྣམ་སོ།། དེ་ལ་གང ་གང་སྣང་ཞེ་ན། འཁྲུལ་པའི་དབང་གིས་སེམས་ཉིད་རྣཾ་པ་སྣ་ཚོགསུ་སྣང་བར་སྟོན་ཏེ། དེ་ན་དེ་ལ་འཁྲུལ་པའི་དབང་གིས་འདི་དག་ཇི་ལྟར་སྣང་བར་སྟོན་ཏེ། འཁྲུལ་པ་ཡིན་པཱ་མདྨོ་པ་དེ་ན་སོ་ན་དེ་དག་འཁྲུལ་པའི་དབང་གིས་དེ་དག ་ཇི་ལྟར་སྣང་བར་འགྱུར་ཞེ་ན། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་ཅོམ་མེད་ཉམས། སེཾན་གྱི་སེམས་ནི་རང་བཞིན་གྱིས་ཀུན་རྟོག་པ་ཅན་ཡིན་ལ། གང་དུ་རྟོག་ཅེ་ན།། ཡང་དག་པ་མ་ཡིན་པ་ལོག་པའི ་རྣ་བར་ཀུན་ཏུ་རྟོག་པས། ཐོག་མའི་རྩོམ་པ་མེད་པས་ནས། བདེན་པ་མཐོང་བ་ལས་ཉམས་ཤིང་། བློ་གྲོས་ཕྱི་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། ཡང་དག་པའི་དོན་མ་མཐོང་བས། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་བདེན་པ་མཐོང་བའི་སྟོབ་དང་མི་ལྡན། ་པས། མ་རིག་པའི་དབང་དུ་སོང་བའི་ཕྱིར། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། སེམས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བྱ། སེམས་ལས་འབྱུང་བ་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཡིན་ཏེ། རང་རིག་སེམས་དེ་དག་ཉིད ་འོག་ནས་འབྱུང་བའི་ལུས་གསུམ་གྱི་དོན་སྣང་བ་ཡིན་ནོ།། འདུ་བྱེད་སྣ་ཚོགས་དག་གི་བག་ཆག་བསག་ལས་གོམས་མཐུ་ལྟས་ཏེ། དགེ་སྡིག་གི་ལས་ཀྱི་འདུ་བྱེད་སྣ་ཚོགས་ཀྱི་བག་ཆགས་སག་པ་གོམ་པས། སྔ་མའི་བག་ཆགས་སྨིན་ཅིང་བལྟས་ཏེ། འབྲས་བུ ་འབྱིན་པའི་མཐུ་དང་ལྡན་པའི་ཚེ། སེམས་ཉིད་ཡུལ་དང་ལུས་འདར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། རང་གི་སེམས་ཉིད་ཕྱིའི་ཡུལ་དང་ནང་གི་ལུས་འདྲ་བར་སྣང་བ་ནི། དཔེར་མི་གཙང་བ་བསྒོམས་པས་ས་ཡུལ་ཐ~ཾད་རུས་པས་གང་བར་བསྒོམ་པ་ཡུན ་རིང་དུ་སྒོམ་པ་སྟེ། མཐུ་བལྟས་པའི་ཚེ། ས་ཡུལ་ཐམས་ཅད་རུས་པས་གང་བ་བཞིན་དུ་སེམས་ཉིད་རུས་པར་སྣང་སྟེ། ལུས་གསུམ་ལས་དེ་ཡན་ཆད་དང་པོར་བསྟན།། །། གཉིས་པ་ནི། བག་ཆགས་བསགས་པའི་རྒྱུན་ལ་མི་དམིགས་སྐྱེས་ཡིད་ལ་བརྟགས་པའི ་བདག་ནི་མེད། ཀུན་གཞི་བག་ཆགས་དང་བཅས་པའི་སྐད་ཅིག་མའི་རྒྱུན་ལ་བདག་ཉིད་ཡིན་ནོ་སྙམ་པའི་དམིགས་པ་བསྐྱེས་པའི་ཡིད་ལ་མ་རྟོགས་པར་བདག་གོ་སྙམ་དུ་ནམ་གྱི་བརྟག་པའི་བདག་ནི་མེད་དེ། དཔེར་ན་ཐག་པ་ཕྲ་བོ་ལ་སྦྲུལ་ལོ་སྙམ་པའི ་ན། ཏོ་བ་སྐྱེས་ཀྱང་། སྦྲུལ་ལོ་སྙས་པའི་སོག་པ་རྟོག་པཙམ་ལ་མ་བརྟོགས་པར་གྱུལ་གྱི་ཚན་ཉིད་པག་པ་ལ་མེད་འ་མ། ལུས་གསུམ་། འ་བྱེད་འདུ་ཡིས་སྒྲུས་ཤིང་ཟབ་པ་མཐོང་དེ་ལས་རྣམ་རིན་སྐྱེ ་འདུས་བྱས་ཀྱི་ཆོས་རགས་པར་སྣང་བས་ཀུན་གཞི་ཕྲ་བ་བསྒྲིབས་ཏེ། མ་མཐོང་བ་དེ་ལས་ཤེས་པ་དང་རིག་པ་སྐྱེ་བར་སྣང་སྟེ། དཔེན་སྨིགས་རྒྱུ་བ་ཡིན་པར་མ་ཤེས་པ་ལས། ཆུའི་རྟོག་པ་སྐྱེ་བ་དང་འདྲ། དགུར་ཕྱེ་བ་ལས། གཉིས་པ་ཅོཾའི ་ཕྱིར་སྣང་ཞེ་ན། ཀུན་གཞི་ཡི་མཚན་ཉིད་མ་མཐོང་བའི་ཕྱིར་ཏེ།། དཔེར་ཐག་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་མ་མཐོང་བས།། སྦྲུལ་དུ་འཁྲུལ་པ་འབྱུང་བ་དང་འདྲ་བར།། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། ཀུན ་གགཞི་བག་ཆབས་དང་བཅས་པའི་མཐུ་ལས་རྣམ་པ་སྣ་ཚོགས་སུ་སྣང་བར་ནི་མ་རྟོགས་པས། སྣང་བ་ཐམས་ཅད་རང་གི་ངོ་བོར་ཡོད་པར་ཕྱིན་ཅི་ལོག་ཏུ་རྟོག་པའི་རྗེས་སུ་བབྲངས་ནས་དེ་ལས་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། ་ལོག་པའི་རྗེས་སུ་འཐངས་པ་དེ་ལས་ཁམས་སུ་ཟག་ཅིང་། འཁོར་བར་གྱུར་པའི་རྟོག་པས་བླ་ཐབས་སུ་བརྟགས་པའི་བདག་དང་།། ཕྱི་ནང་གི་ཆོས་ལོག་པའི་རྟོག་པས་རྒྱས་པར་བྱེད། ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བ་རྒྱུ་བ་དེ་ནི་མ་མཐོང་ལས། བདག་ཏུ་ལྟ་བས་ལས ་སྩོགས་པ་མུ་སྟེ་བལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག། ཀུན་གཞི་ཕྲ་བ་མ་མཐོང་བ་ལས་མུ་སྟེགས་ཀྱི་ལྟ་བ་སྣ་ཚོགས་འབྱུང་བར་ཡང་སྟོན་ཏེ། ཅི་ལྟར་འབྱུང་ཞེ་ན། སེམས་འདི་ལས་རྣམས་མཐའ་ཡས་གནས་འགྱུར་བག་ཆགས་མཐའ་མེད་ངེས ་པ་མེད། སེམས་ཞེས་བྱ་བ་ཀུན་གཞི་ནི། དགེ་སྡིག་གི་ལས་ཀྱི་བགཅགས་མཐའ་ཡས་པའི་གནས་སུ་གྱུར་པས།། ཀུན་གཞིས་བག་ཆགས་གནས་པ་ཡང་མཐའ་མེད་པས། བག་ཆགས་འདི་དག་ནི་གནས། བག་ཆགས་འདི་དག་ནི་མི་གནས་ཞེས་ངེས་པར་བཐུང་ངུ་ནི་མེད་དོ། ་ཆགས་བལྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། ཀུན་གཞི་ལ་བག་ཆགས་གནས། དགེ་བའི་རྐྱེན་གྱིས་ནི། མཐོ་རིས་སུ་སྐྱེ་བའི་བག་ཆགས་སད་པར་བྱེད་ལ། ཉོན་མོངས་ཤིང་མི་དགེ་བའི་རྐྱེན་གྱིས་ནི།། ངན་སོང་དུ་སྐྱེ་བའི་བག་ཆགས་སད ་པར་བྱེད་པའི་གནས་ལ་སྩོག་པ་ཡང་སྣ་ཚོགས་ཏེ། སྐྱོན་འགས་བག་ཆགས་འགའ་ཞིག་སྨིན་ནས་མིའི་རྒྱུད་ཀྱི་ལུས་སྣང་ལ། ཚེ་སྔ་མ་ལ་མིར་སྐྱེ་བར་འགྱུར་བའི་རྐྱེན་འགས་མིར་སྐྱེ་བར་འགྱུར་བའི་བག་ཆགས་ཀུན་གཞི་ལ་སྔ་ནས་གནས་པ་སད་ཅིང་སྨིན་པར ་བྱས་ནས། ཚེ་འདི་ལ་མིའི་རྒྱུད་ཀྱི་ལུས་ཐོབ་ཅིང་སྣང་ལ། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་ཚེ་མཐོང་ནས།། མི་ལས་གཞན་པ་ལྷར་སྐྱེ་བར་འགྱུར་བའི་རྐྱེན་དག་གིས།། མི་ལས་གཞན་པ་ལྷར་སྐྱེ་བའི་རྒྱུ་བག ་གས་ཀུན་གཞི་ལ་སྔ་ནས་སད་པར་སྨིན་ཅིང་བྱས་པའི་ཚེ།། མི་ལས་ལྷར་གྱུར་པ་མཐོང་ནས། དབང་ཕྱུག་ལ་སྩོགས་བྱེད་པར་འདོད་དོ་ལམ་དེ་མ་ཞི་གྲོལ་མི་འགྱུར།། མི་ལས་ལྷར་སྐྱེ་བར་འགྱུར་བ་ནི།། འཇིག་རྟེན་གྱི་མངོན་ཤེས་ཀྱིས་མཐོང་ན་ལ། ་རྒྱུ་རྐྱེན་གང་ཁོ་ནས་དེ་ལྟར་སྐྱེ་བ་ནི་མ་རྟོགས་པའི་སྒོ་ནས། དབང་ཕྱུག་ལ་སྩོགས་པ་བྱེད་པ་པོ་ཞིག་གིས་བྱས་པར་སེམས་ཏེ། བྱེད་པ་པོ་ལ་རྟེན་ལ་ཉིད་ཐར་པའི་ལམ་དུ་འདོད་པ་ཉིད་སྡུག་བསྔལ་མི་ཞིའི། ཁམས་གསུམ་གྱི་སྐྱོན་ལས་ཀྱང་གྲོལ ་བར་ཡང་མི་འགྱུར་རོ།། རྣལ་འབྱོར་ལ་མ་སྨད་ཐེ་ཙོམ་རྒྱུ་ཡང་རྐུན་འདི་ཟ་བ་མ་རྟོགས་སྐྱེས།། ཡང་དག་པའི་དོན་ལ་རྣལ་དུ་འབྱོར་པའི་ལམ་ལས་ལོག་པར་འགྱུར་ཏེ།། བསླད་པ་དང་། ཡིད་གཉིས་ཟ་བའི་རྒྱུ་ཡང་ཀུན་གཞི་ཕྲ་བར ་བ་དེ་མ་རྟོགས་པ་ལས་འབྱུང་ཞིང་སྐྱེ་སྟེ། དཔེར་ཐག་པ་ཇི་ལྟ་བ་བཞིན་མ་རྟོགས་པ་ལས་སྦྲུལ་དུ་འཛིན་པ་འམ།། སྦྲུལ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཙོམ་སྐྱེ་བ་དང་འདྲའོ།། དེ་ལྟར་འཁྲུལ་པས་རྣམ་པ་སྣ་ཚོགས་སུ་སྣང་ན།། ཡང་ཉེས་པ་ཅི་ཡོད་ཅེ་ན། དགུར་ཕྱེ་བའི ་གསུམ་པ་སྣང་བའི་ཉེས་པ་སྟོན་ཏེ། བདག་དུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་ལྡན་པར་བྲལ། འཕགས་པའི་རིགས་སུ་རྟོགས་པ་རྣམས་ནི། བདག་ཏུ་རྟོག་པ་མི་མངའ་བས། བདག་མེད་པ་ལ་བདག་ཏུ་བརྟགས་པས། འཕགས་པའི་རིགས་དང་བྲལ ་ཞིང་འབྲས་བུ་མི་ཐོབ་པའི་ཉེས་པ་ཡོད་དོ།། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། ཆོས་སྣ་ཚོགས་སུ་བརྟགས་པ་ལས་སྣ་ཚོགས་སྤྱད། ལས་སྣ་ཚོགས་ལས་སྡུག་བསྔལ་སྣ་ཚོགས་ཀྱང་མྱོང་བར་འགྱུར་ལ། མི་དགེ་བའི་ལས་ཀྱིས་ངན ་སོང་གསུམ་ཡང་སྲིད་པར་འགྱུརརོ།། དཀོར་བྱེ་བ་ལས་བཞི་པ་སྣང་བ་ཐམས་ཅད་ཀྱི་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེ་ན། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དང་འཛིན་པས་ན། གཟུགས་དང་སྒྲ་ལ་སྩོགས་པ་འདུ་བྱེད་ཀྱི་མཚན་ཉིད་མ་ཐ་དང ་པའི་རྣམ་པ་ལཤེས་པས་བཛིད་པཔའ། ལས་ཀྱི་ཁྱད་པ་དག་ཟིས་བརྒྱ་དྲདང་ནི་རིན་པ་པ་ང་མེད། འདུནས་སོང་བར་བྱེད། སྨྲམས་པར་བྱེད་པ་ལ་སྩོགས་པ་འདི་བྱེད་ཀྱི་མཚར་བཞེས་པ་བྱབ་རྒྱ་ཡོད་པ་གས་པ་བྱེད་པ་ཡང་ཅུང་དུ་གནན་། ཞེན ་རིག་པའི་རིག་སུ་གཅིག་པས་རིགས་ལ་དུ་མ་མེད། དགུ། ཕྱེ་བ་ལས་ལྔ་དེ་དག་སྣ་ཚོགས་སུ་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་སྣང་ཞེ་ན། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས།། གོང་ཏུ་བལྟན་པ་ལྟར་སེམས་ལ་ཐ་དད་དུ་མ་མེད་པ་དེའི་ཕྱིར། ་ཀུན་གཞི་སེམས་ཀྱི་སྐད་ཅིག་མ་ཅིག་ཁོ་ན་ལ་དབང་པོ་དང་བཅས་པའི་ལུས་དང་། མ་ལུས་པའི་ཆོས་ཀུན་གནས་པ་ཡིན་ནོ།། སེམས་ཀྱི་སྐད་ཅིག་མ་ཕྱི་མ་རྣམས་ལ་ཡང་སྔ་མ་འཐུན་པར་ཅིའི་ཕྱིར་ཞེ་ན། དེ་ལ་བསམ་པཞེན་ཕྱིར་ཕྱི་མ་དེ་འབྱུང་དེ་ལ་སྣང་།། དངོས་པོ ་ཆགས་ཤིང་ཞེན་པའི་དབང་གིས་སྣང་བ་ཡིན་པར་བསྟན་པས། སྔ་མ་དེ་དག་ལ་བསམ་པ་ཇི་ལྟར་ཇི་ལྟར་ཞེན་པ་དེ་ལྟར་ཕྱི་མ་ཕྱི་མ་ལ་ཡང་དེ་ལྟར་མཐུན་པར་སྣང་བར་འགྱུར་རོ།། ། དབྱེར་ཕྱེ་བ ་ལས་དྲུག་པ་སྣང་བའི་སེམས་ཉིད་ཀྱི་ནིང་དུ་ཐམས་ཅད་འདུས་པས་ཐོབ་པར་བྱ་བ་མེད་དེ། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་པ་མ་ཡིནགོང་དུ་བསྟན་པ་ལྟར་སེམས་ཀྱི་ས་མྦྷ་ཅིག་ལ་མ་ལུས་པའི་ཆོས་ཐམས་ཅད་གནས་པའི ་རྒྱུང་རྒྱན་མག་པས་ནི་ས་ང་རྣཾམས་དེ་དག་རང་གཏོང་བཞིནོ།། ལྔ་དང་ཀྱིས་མྱོགས་པ་སེམས་ཅན་ཀྱི་རྒྱ་གྱི་གས་དྲུག་ཡོ་ལ། རི་ཅིགས་ཡང་ལས་སུ་རྫོགས་སུ་གནས་པ་དེ་ཀྱང་། འོགས་མེད་པའི་དྲིས་ནས་འདྲིས་ཤིང ་པའི་ཏིང་ངེ་འཛིན་གྱིམ་བུ་སྣང་བ་ཡིན་ནོ།། ཙོ་ཕྱིན་ཐམས་ཅད་ཀྱིམཚན་ཉིད་བདག་ཡིན་པས་པ་དང་ཏུ་དབྱེརན་མེད་ཅེ་ན། སེམས་རྐྱེ་ནི་ཕྱོགས་ལ་ཟུང་ཟད་མེད་པས་ཚིགས་རྟེན་མེདདེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆོས་ཐམས་ཅད་ནི་རང ་གི་སེམས་ཡིན་ལ། སེམས་སྐད་ཅིག་མའི་རྒྱུན་དེ་ནི་ཡོད་པ་དང་མེད་པ་དང་།། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་ལ་སྩོགས་པའི་ཕྱོགས་དང་ཤར་ནུབ་དང་། བླ་འོག་ལ་སོགས་པའི་ཕྱོགས་ལ། འདྲ་བ་འདི་ལྟ་བུ་ཞིག་ཅེས་ཅིག་ཏུ་བསྟན་དུ་མིང ་པས། ཅིགས་རྟེན་པའང་མེད་དེ། དེ་ལ་ཕྱོགས་མེད་ཕྱིམ་ན་མཐའ་ཡས་ཤིང་རྣམས་བདག་གི་སྲས། ཕྱོགས་ཅིག་ཡོད་ན་ནི།། ཅིག་གི་མཚན་ཉིད་དུ་བསྟན་དུ་མི་རུང་སྟེ། དངོས་པོ་སྟེ་རྨོས་ཏེ། དངོས་པོ་མེད་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ནོ།། ཞེན་ཡང་། ་མཁའ་སྟོང་པའི་ཤར་དང་འདྲ། ནུབ་ལ་སྩོགས་པའི་ཕྱོགས་དང་དབུས་དང་། མཐའ་ཡི་བྱེ་བྲག་གིས། ཐ་དད་པས་ཅིག་ཏུ་འདུས་པར་མི་རུང་།། སེམས་ཀྱི་རྒྱུན་ནི་ཡང་དག་པར་ཇི་ལྟ་བུའི་ཕྱོགས་ཀྱང་མ་ཡིན་པས་ཐ་དད་དུ་དབྱེར་མེད་པའི་ཕྱིར། དམིགས་སུ་མེད་པར་ཅིག ་བས། དག་པ་དང་མངས་པའི་ཞིང་རྣམས་བདག་གི་རང་བཞིན་ཡིན།། བདག་གི་ལུས་ནི་མཐའ་ཡས་ཤིང་དང་སྤྱི་བའི་ལུས་སུ་རང་སྣང་ཡང་། སེམས་དང་བས་ཆགས་པ་དང་མ་ཡིན་ཅིག་རྟགས་པར་རབ་ཏུ་དགའ། དེ་ལྟར་ཐམས་ཅད་ཀྱང་བདག་ཡིན། ་བདུག་ཀྱང་ཐམས་ཅད་ཡིན་པས། གདོད་མ་ཐོབ་པ་ཐོཙྪ་པྲར་བྱ་བའི་ཆོས་ནི་མེད་དོ།། སེམས་དང་བྲག་ཆགས་ཀྱང་ཅིག་ཞེ་འམ། ཐ་དད་པ་ཡིན་ཞེས་བརྟགས་པར་རབ་ཏུ་དཀའ་སྟེ། ཅིག་པ་ཡང་མ་ཡིན་ཐ་དད་པ་སྲུང ་མཱནི་ནོ།། དཔེར་ན་ཁ་དོག་དག་དང་དབྱིབས་གཉིས་རིག་ཅེས་བྱར་མི་རུང་། ཐ་ད་ཅེས་བྱར་ཡང་མི་རུང་བ་དང་འོ།། ། ཀྱཻ་རྩེ་བ་ལས་བཅན་། ཐམས་པ་སེམས་ཀྱི་མཚན་ཉིད་ཡིན་ན། རྒྱ་རྐྱེན་གཞན་མས་ཅི ་ཕྱིར་སྐྱེ་བར་སྣང་ཞེས་བྲིས་པ་དང་། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཆུབ་དེ་སྐྱེ་དང་འགག་པར་འགྱུར་ཞེས་པས། རིག་པའི་ས་བོན་བཞིན་ཏེ་མེད་ལས་མེད་པ་མི་འབྱུང་རྒྱ་འབྲམ་མེད། ཆོས་འདི་ཀུན་སྒྱུམས་རྟེན་ཏེ་འབྲས་བུ་སྟེ་ལ། གནས་པའི་རྟེན་མེད ་ན་འགག་པར་འགྱུར་རོ་ཞེས་ཟེར་བ་ལས།། དཔེར་ན་ཚིག་པའི་ས་བོན་ལས་འབྲས་བུ་མི་སྐྱེ་བ་འདྲ་བར། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས། རྒྱུ་མེད་པ་ལས་འབྲས་བུ་མེད་པ་ཡང་མི་འབྱུང་བས།། འདི་ནི་རྒྱུ་འདི་ནི་འབྲས་བུ་ཞེས་བཞག་ཏུ་ཡང་མེད་དོ།། ་འོ་ན་ཅིའི་ཕྱིར་རྒྱུ་ལས་རྟེན་ཏེ་འབྲས་བུ་འབྱུང་བར་འདྲ་བར་སེམས་ཅན་ཀུན་ལ་སྣང་ཞེ་ན། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་རྒྱུ་དང་རྐྱེན་དུ་སྣང་སྟེ། ཐོག་མ་མེད་པའི་དུས་ནས་དངོས་པོ་རྣམས་སུ་རྒྱུ་དང་འབྲས་བུའི་ངོ་བོར་ཞེན་ཅིང་རྟོག་པའི་སེམས་ཉིད ་རྒྱུ་དང་འབྲས་བུར་འདྲ་བར་སྣང་བར་ཟད་དོ།། རྒྱུ་དང་འབྲས་བུ་མེད་པ་ལས་སེམས་ཉིད་དེ་ལྟར་སྣང་བར་ཇི་ལྟར་བཏུབ་ཅེ་ན། རྨི་ལམ་ན་འཆང་འཐུངས་པའི་རྒྱུ་ལས་ར་རོ་བའི་འབྲས་བུ་སྣང་བ་དང་། ཞིང་རྨོས་པ་ལས་ལོ་དྷོ་སྐྱོ་བར་ཆིས་པར་རྣམས་ཀྱང་། རྒྱུ་འབྲས ་ཀྱི་དངོས་པ་མེད་མེད་པ་བཞིན་དུ་འོག་མ་མེད་པའི་དུས་ནས་རྒྱུ་ཐས་སུ་རྟོག་རྟོག་པའི་དབང་གིས་མི་ལམ་དེན་སྣང་བ་འདྲའོ།། མུར་བྱེ་བ་ལས་བརྒྱད་པ།། སྣང་བའི་དངོས་པོ་མ་གྲུབ་པར་སྟོན་འདི་དྲོག་ཉིས་མེད་ཕྱིར་སྐྱེ་དང་འཇིག་རྗེན། ་རྒྱུ་དང་འབྲས་བུ་དེ་གཉིད་པའི་ཕྱིར། རྒྱུ་ལས་རྟེན་ཏེ་འབྲས་བུ་སྐྱེ་བ་མེད། མ་སྐྱེས་ན་ཅི་ཞིག་འཇིག་རྟེན་འཇིག་པ་ཡང་མེད་དོ།། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། སྐྱེ ་དང་འཇིག་པ་མེད་ན། གང་ལ་ནི་བདག་ཞེས་བྱ་གང་ལ་ནི་གཞན་ཞེས་བྱ། གང་ལ་ནི་གཞན་ཞེས་བྱ། བདག་དང་གཞན་མེད་ན་སུ་ཞིག་འཆི་སུ་ཞིག་འཕོ། དེ་ལྟར་འཆི་བ་མེད་པས་ཆད་པ་མེད། ་འཕོ་བ་མེད་པས་རྟག་པ་མེད། དེ་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་མེད་པ་ཉིད་ཏུ་མངོན།། སྐྱེ་འཇིག་དང་རྟག་ཆད་ལ་སྩོགས་པ་མེད་པ་དེས་ན་ཅིག་ནས་ཅིག་ཏུ་འཁྲུལ་ཅིང་འཁོར་བ་ཡང་མེད་པས། འཁོར་བ་ལས་རྟེན་པའི་མྱ་ངན་འདས་པ་ཡང་མེད་པར ་མངོན་ནོ།། ། དཀྱི་ཕྱེ་བ་ལས་ཐ་མ་སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་ཏེ། གནས་ཀྱི་སྐད་ཅིག་ནམ་ཡང་མི་འཕྲལ་དེ་ཚེ་མཉམ་གྱུར་དེ་མེད་མེད། བག་ཆགས་ཀྱི་གནས་ཀུན་གཞི་སྐད་ཅིག་མ་དང་། བག་ཆགས་གཉིས་ནི་ནམ ་ཡང་མི་འབྲལ་ཏེ། ཀུན་གཞི་མེད་པར་བག་ཆགས་ཡོད་པར་མི་ཆུང་། བག་ཆགས་མེད་པར་ཀུན་གཞི་ཡོད་པར་ཡང་མི་རུང་སྟེ། དབྱིབས་མེད་པར་ཁ་དོག་ཡོད་པར་ཡང་མི་རུང་བས་ཡོད། ཡང་གཉིས་ཀ་ཡོད་མེད་ན་གཉིས་ཀ་མེད་པར་མཉམ་པར་འགྱུར་ན ་བ་ཆགས་མེད་པས་ཀུན་བཞི་ཡང་མེད་དོ།། ཅིའི་ཕྱིར་ཞེས་ན། ཡང་དག་མ་ཡིན་རྟོགས་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། བྱིན་ཅི་ལོག་གི་རྟོག་པས་སྐྱེད་པའི་ཕྱིར་བག་ཆགས་ཡོད་ཅེས་བྱར་མི་རུང་ངོ་།། བག་ཆགས་དེ་མེད་ན། སྤྱོད་ཡུལ ་མེད་ཕྱིར་ཀུན་གཞི་མེད་ཕྱིར་རྣམ་རིག་དེ་ཡང་མེད་པ་ཡིན། ཀུན་གཞི་ཡི་སྤྱོད་ཡུལ་ནི་བག་ཆགས་ཡིན་ན། བག་ཆགས་མེད་པའི་ཕྱིར་སྤྱོད་ཡུལ་མེད་དེ། ཡུལ་མེད་ན་ཤེས་པ་མི་འབྱུང་བས། སྤྱོད་ལ་རྟེན་པའི་ཀུན་གཞི་ཡང་མེད་ཅིང་རྣམ་པར་རིག་པ་ཐམས ་ཅད་ཀྱང་མེད་པ་ཁོ་ན་ཡིན་ནོ།། ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ། གོང་དུ་གང་གི་ཕྱོགས་ལྟར་ཡང་མ་གྲུབ་པར་བསྟན་པའི་ཕྱིར། དམིགས་པའི་བག་ཆགས་དང་། གནས་པའི་ཀུན་བཞི་གཉི་ག་མེད་ན། ་ལས་རྟེན་པའི་རྣམ་པར་རིག་པ་རྣམས་ཇི་ལྟར་སྐྱེ། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་ཅིག་དང་དུ་ཐལ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཇི་ལྟ་བུ་ཡང་མ་ཡིན་པ་དེའི་ཕྱིར། ཡོད་པ་དང་མེད་པ་ལས་འདས་པ་ལ་ནི་ཅིག་ཅེས་བྱར་ཡང་མི་རུང ་དུ་མ་ཞེས་བྱར་ཡང་མི་རུང་ངོ་།། ། རྣམ་པར་བྱ་བ་ཇི་ལྟ་བུ་ཡིན་པ་རྟོགས་པ་ཡང་གཉིས་ཏེ། རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང་བར་བསྟན་པ་དང་། སྣང་བ་དེ་ཉིད་ཀྱང་འགྲུབ་པར་སྟོན་པལོ།། དེ་ལ་འཁྲུལ་པ་ལ་རྣམ་པར་བྱང་བར ་སྣང་བ་གང་གིས་བསྟན་ཅེ་ན། བདེར་གཤེགས་བྱང་ཆུབ་མེད་ཕྱིར་དེའི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་ཞེས་བྱ་བས་བསྟན་ཏེ། བདེ་བར་གཤེགས་པའི་སངས་རྒྱས་ཉིད་ཀྱང་། ཡང་དག་པར་མ་གྲུབ་པས། དེའི་ཕྲུལ་སྒྱུ་མ་དང་འདྲ་བ་དེ་འཁྲུལ་པ་རྣམས་ལ་སྣང་བར་མངོན ་རོ།། དེ་ལྟ་བས་ནི་རྡོ་རྗེ་བཅོད་པ་ལས་ཀྱང་། གང་གིས་ང་ལ་གཟུགས་སུ་མཐོང་། གང་གིས་ངལ་དགྲར་ཤེས་པ། ལོག་པར་སྤོང་བ་ཞུགས་པ་སྟེ། སྐྱེ་བོ་དེ་ཡིས་ང་མི་མཐོང་། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་དུ་ནི་སངས་རྒྱས ་ལྷལོ། ཞེས་འབྱུང་བ་ལྟ་བུའོ།། རྣམ་པར་བྱང་བའི་སྣང་བ་མ་གྲུབ་པ་བསྟན་པ་ཡང་རྣམ་པ་གཉིས་པ་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་པ་གྲུབ་པར་བསྟན་པ་དང་། དག་པ་འཇིག་རྟེན་པའི་ཡེ ་། ཡེ་ཤེས་མ་གྲུབ་པར་བསྟར་པའོ།། ངདཔེ་རྣ་བ་བ་པའི་རྟོག་པའི་ཡེ་ཤེས་ཇི་ལྟར་མ་གྲུབ་ཅེས་ན། དེ་བཞིན་དག་གིའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང ་སེམས་ཇི་ལྟར་མ་གྲུབ་པ་དེ་བཞིན་དུ་ཡེ་ཤེས་ཀྱང་བགྲུབ་སྟེ། ཅི་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་སྤྲོས་པའི་བག་ཆགས་ཐམས་ཅད་དག་པའི་རྣམ་པར་མི་རྟོག་པའི་ཡོ་ཤེས་དེ་དག་ནི། དགེ་བའི་རྩ་བ་ཚད་མེད་པའི་རྒྱན་དང་། ཆོས་ཀྱི་དབྱིངས་མ་ནོར ་བ་ལ་དམིགས་ཤིང་རྟོགས་པ་ལས་སྐྱེ་བར་སེམས་ཤིང་བརྟགས་པ་ཡང་། རྡོ་རྗེ་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་དང་། རྡོ་རྗེ་ཞེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་འམ་གནས་ནི་སེམས་ཅན་གྱི་སེམས་ཡིན་ན། གོང་དུ་སེམས་ཉིད་མ ་གྲུབ་ཅིང་མེད་པའི་ཕྱིར། རྒྱུ་མེད་པར་འབྲས་བུ་ཡང་མི་འབྱུང་བས། གཉིས་ག་ཡང་མ་གྲུབ་པའི་ཚུལ་དུ་མཉམ་པར་གནས་པས། སེམས་མ་གྲུབ་པ་དང་འདྲ་བར་ཡེ་ཤེས་ཀྱང་མ་གྲུབ་པར་གྱུར་པ་ཡིན་ནོ།། རྣམ་པར་ཤེས་པས་རྣམ་པར་མི་རྟོག་པའི ་ཡེཤེས་སྐད་ཅིག་མ། དོན་དམ་པར་ཡོད་དོ་ཞེས་ཟེར་བ་ཡང་མི་འགྲུབ་པ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན།། ཆོས་ཀྱི་དབྱིངས་རྟོགས་པའི་རྣམ་པར་མི་རྟོགས་པའི། ཡེ་ཤེས་རྡོ་རྗེ་དང་འདྲ ་བ་མཆོག་གམ་རྩེ་པོར་གྱུར་པ་དེ་དག་ནི་ཇི་ལྟ་བུའི་ཕྱོགས་ཉིད་དུ་ཡང་དམིགས་སུ་མེད་པའང་སྐད་ཅིག་མ་ཞེས་ཇི་སྐད་དུ་བྱ། དག་པའི་འཇིག་རྟེན་པའི་ཡེ་ཤེས་ཇི་ལྟར་མ་གྲུབ་ཅེ་ན། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས ་ཡོང་མི་འགྱུར། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་ནི་གཟུགས་བརྙན་དང་འདྲ་སྟེ་མེད་པས། དེ་ལ་རྟེན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་ཡོད་པར་ག་ལ་འགྱུར།། ། སྤྱི་དོན་བཅུ་གཉིས་ཀྱིས་བསྟན་པ་ལས་དྲུག་པ་སོ་སོར ་བརྟབས་ནས་ངེས་པའི་དོན་བསྟན་པ་ཡང་རྣམ་པ་གསུམ་སྟེ། བསམ་པ་མ་མཉམ་དང་། སྤྱོད་པ་མཉམ་པ་དང་། དོན་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དུ་བསྟན་པའོ།། དེ་ལ་བསམ་པ་མཉམ་པ་ལ་ཡང་རྣམ་པ་གསུམ་སྟེ། གླིང་དོར་མེད ་ན་པ་གཉིས་སུ་མི་རྟོག་པས་མཉམ་པ་དང་། འཐུན་པའི་ཆོས་ལ་སྲེད་པ་མེད་པ་དང་། མི་འཐུན་པའི་ཆོས་ལ་ཞེ་སྡང་བ་མེད་པས་བདེན་བརྫུ་ན་མཉམ་པ་དང་། མཐའ་བཞི་དང་བྲལ་བས་དམིགས་པ་མེད་པས་མཉམ་པའོ།། དེ་ལ་བླང་དོར་མེད་ཅིང་བདེན ་པ་གཉིས་སུ་མི་རྟོག་པས་མཉམ་པ་ནི། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་ཅིག་པས་བླང་དོར་མེད་ཅེས་བྱ་བ་ལ་སྩོགས་པས་སྟོན་ཏེ། གོང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མ་གྲུབ་པར་བསྟན་པ་དེའི་ཕྱིར། བྱང་ཆུབ་སྟེ། སངས ་རྒྱས་དང་བྱང་ཆུབ་པ་སྟེ། སེམས་ཅན་གཉིས་ཀ་ཡང་མཚན་ཉིད་མེད་པར་ཅིག་པས། སངས་རྒྱས་བླང་དུ་མེད་སེམས་ཅན་དོར་དུ་མེད་དོ།། དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན། དོན་དམ་པ་འདི་ལྟ་བུ་ཡིན་ཞེས་བསྟན་པའི་ཚིག་རྣམས་ལྟ་ག་ལ་ཡོད་དེ། ་དོན་དེ་ཚུལ་གྱིས་དོན་དམ་རྣམས་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སྩོགས། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། གོང་དུ་ཇི་སྐད་དུ་བསྟན་པའི་ཚུལ་གྱིས། ་དོན་དམ་པའི་རྣམ་གྲངས་སུ་བྱ་བ་ལ་སྐྱེ་འབག་མེད་ཅེས་བྱ་བ་དང་། མཉམ་པ་ཉིད་ཅེས་བྱ་བ་དང་། གཉིས་སུ་མེད་པ་དང་། བསམ་པ་ལས་འདས་པ་དང་། སྟོང་པ་ཉིད་དང་། ངོས་ཀྱི་དབྱིངས་དང་། བརྗོད་པ་དང་། ཐ་སྙད་དང་བྲལ་བ ་ལ་སྩོགས་པར་བསྟན་པ་དེ་དག་ཀུན་བཀྲི་བའི་ཐ་སྙད་ཡིན་ཏེ། ཡང་དག་པར་ངེས་པའི་དོན་ལ་ནི། དོན་དམ་པ་ཞེས་བྱ་བར་ཡང་མེད་ཅིང་། ཀུན་སྒྲིབ་ཅེས་བྱ་བ་ཡང་མེད་དོ།། དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་པ་ཡིན། དོན་དམ་པ་ཞེས ་བྱའམ་ཀུན་སྒྲིབ་ཅེས་བྱ་བ་ནི། ཀུན་རྫོབ་ཏུ་བཀྲི་བའི་དོན་ཙམ་དུ་བསྟན་པར་ཟད་ཀྱི། ཡང་དྲུག་པར་ན་གཉིས་སུ་མེད་པ་ལ་བདེན་པ་གཉིས་སུ་དབྱེར་ཡང་ག་ལ་ཡོད།། འཐུན་པའི་ཆོས་ལ་སྲེད་པ་མེད་པ་དང་། མི་འཐུན་པའི་ཆོས་ལ་ཞེ་སྡང་བ་མེད་པས་བདེན་བརྫུན ་མཉམ་པར་སྟོན་པ་ནི། ཐེ་ཙོམ་ཡོད་མེད་ཆོས་ནི་གང་ལ་ཡང་སྤོང་ཞིང་གནས་པར་མི་བྱེད་དོ།། བདེན་པའི་དོན་མ་མཐོང་སྟེ་ཐེ་ཙོམ་ཡོད་པ་དང་། བདེན་པའི་དོན་མཐོང་སྟེ་ཐེ་ཙོམ་མེད་པའི་ཆོས་ནི་ཡང་ལ་ཡང་བདེན་བརྫུན་གཉིས་མེད་པས་བརྫུན་པ་སྤོང་ཞིང་བདེན་པ་ལ ་གནས་པར་བྱེད་པ་ཡང་མེད་དོ།། ཅིའི་ཕྱིར་ཞེ་ན། བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉིད་མེད་ལ་དམ་པར་ལྟ་བའང་མེད། རྟོགས་པར་བྱེད་པའི་བསྒོམ་པ་པོ་དང་། རྟོགས་པར་བྱ་བའི་ཆོས་ཀྱི་དབྱིངས་གཉིས་ཀ་ཡང་དག་པའི་དོན་དུ་མི་དམིགས་ན། ་གང་གིས་ཅི་ཞིག་རྟོགས་ཏེ། སོམ་ཉིས་མེད། དེ་བས་ན་སོམ་གཉིས་མེད་པ་ལ་ཡང་དག་པར་ལྟ་བ་མེད་པ་སྟེ། ལུང་ལས་ཀྱང་འཐུན་པའི་ཆོས་ལ་སྲེད་པ་སྤོང་ངོ་།། ཞེས་པ་དང་འཐུན་ནོ།། མཐའ་བཞི་དང་བྲལ་ཞིང་། མི་དམིགས་པར་མཉམ་པ་ནི། ་དེ་ལྟར་དངོས་པའི་མཐའ་རྣམས་རྟགས་དང་རང་བཞིན་སྒྱུ་མའང་མེད་འགྱུར་ཕྱིར། ཀློང་ཏུ་བསྟན་པ་ལྟར། དངོས་པོ་རྣམས་ཀྱི་མཐའ་བརྟགས་ན་རང་བཞིན་སྒྱུ་མ་ཙམ་དུ་ཡང་མ་གྲུབ་པའི་ཕྱིར། ཡོད་པ་ལྟོས་པའི་མེད་པའང་མེད་དེ་མེད་པའི་མེད་པའང་མེད། དེ་ལྟར ་ཡོད་པར་མ་གྲུ་བ་ན་མེད་པ་ཞིག་ཡིན་ནམ་ཞེ་ན། ཡོད་པ་ཉིད་མ་གྲུབ་ན། མེད་པ་སུའི་མེད་པ་ཡིན། རི་བས་ན་ཡོང་པ་ཉིད་མ་གྲུབ་ན་ཡོད་པ་ལ་ལྟོས་ནས་མེད་པར་གདགས་པར་ཡང་མི་རུའོ།། འོ་ན་རང་བཞིན་གྱིས་མ་སྐྱེས་ཤིང་ལོང་གིས་མེད་པ་དེ་ལ་མེད་ཅེས་བྱར་རུང ་ངམ་ཞེ་ན། མི་རུང་དེ་མཐོང་བ་དང་ཐོས་པ་ཡང་མེད། གང་གི་ངོ་བོར་ཡང་མི་གནས་པ་དེ་ལ་སུ་ཡང་མེད་ཅེས་མི་སེམས་མི་བརྗོད་པའི་ཕྱིར། མེད་པའི་མེད་པའང་མེད་དོ།། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ།། གོང་དུ་ཡོད་མེད ་ལ་སྩོགས་པའི་མཐའ་རྣམས་མེད་པར་བསྟན་པས། མཐའ་མེད་ན་སུའི་དབུས་ཀྱང་མེད་དོ།། དབུས་མེད་པས་དབུས་ལ་ཡང་གནས་པར་མི་བྱེད་དོ།། ། སྤྱོད་པ་མཉམ་པ་ནི ་གདུལ་འང་འཇིག་རྟེན་དབང་ཕྱུགས་པད་མོ་ཀུན་ཅང་མི་སྤྱོང་འནམཉམ་གནས། རོས་གང་ལ་ཡང་རླུང་ཏེ། འཇིག་རྟེན་དུ་འདོད་པའི་ཡོན་ཏན་དུ་བྱ་བ་རྣམས་འདོག་པ་ལ་མི་དབང་བ་ཞེས་བྱ། བདོག་ཅིང་ཡོད་པ་དེ་སྤྱོད་ཀྱང་ནུས་ཏེ་སེར་སྣ་མེད་པ་ལ་ནི་ཕྱག་ཅེས ་ཏྱ་སྟེ། དངོས་སུ་འདོད་པའི་ཡོན་ཏན་རྣམས་ཀྱིས་ལོངས་སྤྱོད་པ་བྱ་སྟེ། ཇི་ལྟར་བད་མོ་དམར་མོ་མཚོན་གྱིས་བསྒོམ་པ་ལྟར་ན་ཡང་། མཚོན་དམལ་པོས་ཐོས་ཤིང་བསྐོས་པ་ནི་མ་ཡིན་ནོ།། དེ་དང་འདྲ་བར་འཇིག་རྟེན་གྱི་འདོད་པའི་ཡོན་ཏན ་ལྔ་སྤྱོད་པ་ཡང་ཉེས་པ་གོས་པ་འདྲ་བར་སྣང་ན་ཡང་།། པད་མོ་ལ་མཚོན་གྱིས་མ་གོས་པ་བཞིན་དུ་ཉེས་པ་མི་དགོས་པའི་ཕྱིར་དབང་ཕྱུག་པདྨོ་ཞེས་བྱའོ།། ཡང་ན་ཇི་ལྟར་བརློལ་ཏུ་ལ་སྩོགས་པའི་ཉེས་པས་མི་གོས་པ་ལྟར་བོང་དུ་བསྟན་པའི ་དོན་ཐོགས་ན་ཉེས་པས་མི་དགོསོ་པས་དབང་ཕྱུག་བཅཝོ་ཞེས་བྱ་སྟེ། བདྨོ་ལྟར་མི་གོས་ན་གདོད་འདོད་པ་ལྔ་སྤྱད་ཅིང་མི་སྤོང་ངོ་ཞེས་བྱ་བའི་དོན་ཡང་མ་ཡིན་ནོ།། འདྲར་མཉམ་གནས་ཞེས་བྱ་བ་ནི་ཡོན་ཏན་དུ་བྱ་བ་དང་སྐྱོན་དུ་བྱ་བའི་རྣམས་ཡང་དག་པའི་དོན་དུ་ཁྱད་པར་མེད་དེ་འདྲ ་བའི་ཕྱིར། མི་འབྱེད་ཅིང་མཉམ་པས་མི་སྤོང་སྟེ་གནས་པར་མི་བྱེད་དོ།། ཆོས་ལ་འཕྲུལ་བར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པ་པར་བ་རྟོགས་ཏེ། སེམས་ཅན་ཉིད་ཀྱང་མ་གྲུབ་ན་སུ་ཞིག་འཁྲུལ་པར་འགྱུར་ཏེ། འཁྲུལ་པ་མེད་པར་འཁྲུལ་པར་མཐོང་བ་དེ ་ཉིད་འཁྲུལ་པ་ཡིན་པར་རབ་ཏུ་རྟོགས་ཏེ། དེ་བས་ན་དྲུག་གིས་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ།། མུ་སྟེག་གྱི་སྟོན་པ་དྲུག་གིས་བསྟན་པ་དང་། དགེ་བའི་སྲོག་གི་བར་དུ་གཅོད་པའི་ཉོན་མོངས་པ་དང་། བདུད ་ཀྱིས་སྩོགས་པ་ཡང་མི་དམིགས་པའི་ཕྱིར་མི་འདོར་ཞིང་ངན་དུ་མི་རྟོགས་སོ།། ཤེས་རབ་ཐབས་ཀྱི་སྤྱོད་ལའང་མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད། ཤེས་རབ་དང་ཐབས་ཀྱི་སྤྱོད་པའང་ཇི་ལྟ་བུའི་མཚན་ཉིད་ཏུའང་མ་གྲུབ་པར་གནས་པས་གནས ་པར་བྱ་བའི་གཞི་དེ། བདུད་ཀྱི་སྤྱོད་བ་དང་གཅིག་ཡང་མ་སྐྱེས་པར་མཉམ་པའི་ཕྱིར་འདྲ་བར་སྤྱོད་དོ།། རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་དེ་དེ་སྙེམ་ནས། འདོད་ཆགས་དང་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང། ་ཞ་ལྟ་བ་ཐམས་ཅད་དང་བྲལ་བ་ནི་ཡང་དག་པའི་དོན་ལ་ལྟ་བའོ་ཞེས་འབྱུང་བ་ལས། ལྟ་བའི་འཛིན་པ་ཡོད་པ་ནི་སྐྱོན་ཏེ། ཡང་དག་པར་ན་བདེན་བརྫུན་གཉི་ག་ཡང་མ་གྲུབ་ན། རང་གི་ཤེས་རབ་ཀྱིས་རྟེན་པ་དོན་དེ་རྟོག་སོ་སྙམ་དུ་ང་རྒྱལ་གྱིས་ལྟ་བ་སྙེམམ་ནས ་རརང་གི་ཕྱོགས་ལ་ནི་ཆགས་གཞན་གྱིས་ཕྱོགས་ལ་ཞེ་སྡང་སྐྱེས་ནས། བདེན་པ་ཞེས་བྱ་བ་མེད་པ་ལ། རང་གིས་ལྟ་བ་ནི་བདེན་པ་ཞེས་ཟེར། བརྫུན་པ་མེད་པ་ལ་གཞན་གྱི་ལྟ་བ་ལ་ནི་བརྫུན་ཏེ་ནོར་ཅེས་རྩོད་པར་བྱེད་པ་ནི་གཏི་མུག་ཡིན་ཏེ། བདེན་བརྫུན ་གཉིས་ག་མི་དམིགས་པའི་དོན་ལ་མཐོང་ངོ་།། དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་དུ་བསྟན་པ་ནི། ཅི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པ་མེད། སྣང་མེད་དབུ་མའི ་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས། རྟོག་པ་དང་མཚན་མ་གཡེ་ཞེས་འམ་མི་གཡོ་ཞེས་ཐ་སྙད་གང་ལྟར་ཡང་གདགས་སུ་མེད་པའི་གནས་ལའང་གནས་པར་མི་བྱེད་དོ།། དེ་ཉམས་སུ་ཚོར་བ་དང་། ཚོར་བ་འགགས་པའི་སྣང་བ་དང་། འདི་ལྟར ་ཐ་ཡིན་ཞེས་འདུ་ཤེས་ཀྱིས་བཟུང་བའི་སྣང་བ་མེད་པ་ནི་དུབ་མའི་ལམ་ཡིན་ཏེ། དོན་དེ་ལ་དེ་ལྟ་བུའི་ཚུལ་དུ་སེམས་པས། བླ་ན་མེད་པའི་བྱང་ཆུབ་འགྲུབ་པས། བྱང་ཆུབ་ཀྱི་སེམས་ཞེས་བདེ་བར་གཤེགས་པས་གསུངས་སོ།། ་ད་བདུན་པ་ངེས་པའི་དོད་ལ་བསྒོམ་པ་ཡང་རྣམ་པ་གཉིས་ཏེ། བསྒོ་པའི་མི་མཐུན་པའི་ཕྱོནས་བསྟན་པ་དང་། བསྒོམ་པའི་དོ་མ་ནོར་ལ་བསྟན་པར། དེ་ལ་བསྒོམ་པའི་མི་བཐུརན་བ་ནི། གཟུགས་དང་མར་མ་སྤོང་བར་ལེན་པ་ར་ཏུམ་ལ། ་རྣམ་པར་གསུམ་པོ་ལ་སྒོམ་པའང་བརྒྱད་ཀྱི་ལས་ཏེ་གཟུགས་ནི་སྟོང་པའོ།། རྣམ་པར་མི་རྟོག་པ་བསྒོམ་པ་ནི་ཐང་དོར་མེད་པ་ཡིན་ན། གཟུགས་ལ་སྩོགས་པ་མི་མཐུན་པའི་ཕྱོགས་གསུམ་སྤོང་ཞིང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། ་སྨིན་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ཤིང་བསྒོམ་ན། བླང་དོར་གྱི་མཐར་ལྟུང་བས་བདུད་ཀྱི་ལས་ཡིན་ཏེ། གཟུགས་ཉིད་སྟོང་པ་ཡིན་ལ། མཚན་ཉིད་མཚན་མ་མེད་པ། སྨོན་པ་ཉིད་སྨོན་པ་མེད་པ་ཡིན་པས་སྤང་དུ་མེད་པའི་ཕྱིར་རོ།། ་འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པ་འང་དདུད་ཀྱི་ལས་ཉིད་དེ། དེ་ཉིད་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་ཀར་མི་གནས། འཁོར་བ་འགྲུབ་པར་བྱེད་པ་ནི་འཁོར་བའི་ལམ་ཞེས་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤོང་ཞིང་མྱ ་ངན་ལས་འདས་པའི་ལམ་ཚོལ་ཞིང་བསྒོམ་པར་བྱེད་པ་ཡང་བདུད་ཀྱི་ལས་ཉིད་དེ། དེ་ཉིད་རང་བཞིན་དེ་ལྟར་སྤྱོད་པ་དེ་ཉིད་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་མ་རྟོགས་པ་སྟེ། མྱ་ངན་ལས་འདས་པའི་ལམ་བཙལ་བ་དང་། འཁོར་བའི་ལམ་སྤོང་བར་བྱེད་པ་གཉིས ་བའི་ཡང་མ་གྲུབ་ཅིང་མི་གནས་པའི་ཕྱིར་རོ།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སྩོགས་པ་ས་ཉིད་གཞན་ན་མེད་འཕགས་པ་ཀུན་གྱིས་གཟིགས་པའི་ཡུལ་དང་། གྲུབ་པའི་གནས་ཀྱང་མི་མཐུན་པའི་སྐྱོན་གོངས་ནས་སྨོས་པ་རྣམས་ཀྱང་སྤངས་ནས་མྱ་ངན་ལས ་པ་ལ་སྩོགས་ཏེ། ཡོན་ཏན་གྱི་ཁྱད་པར་འཐོབ་པའི་ལམ་འདིར་ཇི་སྐད་དུ་བསྟན་པ་ལས་གུད་མ་སངས་རྒྱས་སུ་འགྲུབ་པའི་ལམ་གཞན་མེད་དོ།། བསྒོམ་པའི་དོན་མ་ནོར་བར་བསྟན་པ་ལ་ཡང་རྣམ་པ་བཞི་སྟེ། བསྒོམ་པའི་དོན་མདོར ་སྟན་པ་དང་། དེ་ལྟར་ཅིའི་ཕྱིར་ཞེ་བསྒོམ་པ་གཏན་ཚིགས་ཀྱིས་བཤད་པ་དང་། གཏན་ཚིགས་ཀྱིས་ཐུབ་པས་དེ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་དང་། ཚུལ་བཞིན་དུ་བསྒོམ་པའི་བརྟགས་བསྟན་པའོ།། དེ་ལཾ་བསྒོམ་པའི་དོན་མདོར ་བསྟན་པ་ནི། ལྡང་དང་མི་ལྡང་ཆེད་ཏུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། མཚན་མ་དང་རྟོག་པ་ལྡང་བ་ལ་ཚོད་དུ་མི་སྤོང་།། མི་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ། འབྲས་བུ་འམ་བདེན་པའི་དོན་དུ་མི་བྱེད་དོ།། གོང་མ་ལྟར་ཅིའི་ཕྱིར་བསྒོམ ་ཞེ་ན། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། ཅིའི་ཕྱིར་མི་སྤོང་མི་གནས་ཞེ་ན། འཇམ་དཔལ་ནི་ཆོས་ཉིད་ལ་བྱ་ཏེ། ཆོས་ཉིད་ནི་གཟུགས་རྩཝ་མེད་པས་འཇམ་ལ། དེ་རྟོག་ན་དཔལ་དུ་གྱུར་པས་འཇམ་དཔལ་ཏེ། ་ཆོས་ཉིད་དམ་འཇམ་དཔལ་ཏེ་ཡིན་པ་མཚན་པའི་རྟོག་པའི་སྐྱོན་རྡུལ་ཙམ་ཞིག་གཡོ་བ་འམ་ཡོད་པར་མཐོང་ནསང་དེ་ཉིད་ཆོས་ཉིད་ཀྱང་ཡིན་ལོ། འཕགས་པ་འཇམ་དཔལ་གྱི་རང་བཞིན་ཉིད་ཀྱང་དེ་ལས་མི་གཞན་པས་སྤང་དུ་མེད་དོ།། བོ་ན་ཆོས་ཉིད ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཇི་ལྟ་བུ་ཡང་མ་ཡིན་པས། ཆོས་ཉིད་དམ་འཇམ་དཔལ་གྱི་རང་བཞིན་ལ་ཡང་གནས་པར་བྱ་བའི་གཞི་མེད་པས། དེར་མི་གནས་ཞེས་སྨོས་པ་ཡིན་ནོ།། བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། ་མིའི་ཕྱིར་མངོན་དུ་མི་བྱ་ཞེ་ན། བསྒོམ་པར་བྱ་བའི་ཆོས་ཉིད་དང་། བསྒོམ་པར་བྱེད་པའི་སེམས་མ་གྲུབ་པས། བསྒོམ་པར་བྱ་བའི་ས་འམ་གཞི་མི་རྙེད་དེ་མེད་པའི་ཕྱིར། སུ་ཞིག་གིས་གང་ཞིག་ལ་བསྒོས་པས་འབྲས་བུ་ཅི་ཞིག་ཐོབ་པར་འགྱུར་ཏེ། དེ་བས་ན་མ ་དུ་བྱར་མེད་དོ།། སེམས་ཀྱི་སྤྱོད་ཡུལ་དེ་ལ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། ཡུལ་གྱི་རྣམ་པར་གང་སྣང་། སེམས་ཀྱི་རྟོག་པ་ཅི་སྐྱེས་ཀྱང་ཆོས་ཉིད་ལས་མི་གཞན་པས་སྐྱོན་མེད་པར་སྟོན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ ་དེ་ལ་དམིགས་པའི་ཡུལ་གང་སྣང་བ་དེ་དག། ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དམིགས་པའི་ཡུལ་གང་སྣང་ཡང་སྐྱོན་མེད་དོ།། སྐྱོན་མེད་ན་སེམས་ཅན་རྣམས་ཅིའི་ཕྱིར་འཁོར་ཞེ་ན། མཚན་མ་རྣམས་སྣ་ཚོགས་ལ་འཛིན་པའི ་ཕྱིར་ཏེ། མཚན་མའི་རྣམ་པ་དང་བྲལ་བ་ནི་མི་འཁོར་བར་བསྟན་པའི་ཕྱིར། རྣམ་བྲལ་གང་ལ་ཡང་མཆོག་དང་ཐ་མ་འང་མེད་པར་ལམ་མཆོག་འདི་བསྒོམ་མོ།། རྣམ་པ་ཉིད་ཇི་ལྟ་བུ་ཞེ་ན། ཡུལ་འགགས་ན་ཡང་དེའི་རྣམ་པ་ཡིད་ལ་བཀྲ་བ་ལ་བྱ་སྟེ། ཡུལ་མངོན ་སུམ་ན་ཡང་དེ་ལྟ་བུའི་རྣམ་པ་འབྱུང་བ་ལ་འཛིན་ཅིང་ཤེས་པ་སྐྱེད་པས་རྣམ་པའི་ཤེས་པ་ཡིན་པས་རྣམ་པར་ཤེས་པ་བྱ་སྟེ། ཡང་དག་པའི་དོན་བསྒོམ་པ་ནི། ཇི་ལྟ་བུའི་རྣམ་པ་ལ་ཡང་མི་འཛིན་པའི་ཕྱིར་རྣམ་བྲལ་ཞེས་བྱའོ།། དེ་ལྟར་རྣམ་པ་ཇི་ལྟ་བུ་ཡང ་མི་འཛིན་པ་ལ་ནི། མཆོག་དང་ཐ་མར་ཡང་མི་དམིགས་པས། དེ་ལྟར་བསྒོམ་པ་ནི། ལམ་གྱི་མཆོག་ཡིན་ནོ།། སེམས་ཀྱི་རྟོག་པ་ཅི་སྐྱེ་ཡང་། སྐྱོན་མེད་པ་ནི། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། དངོས་མྱེད་དེ་ཚེ་ཀུན ་ཀྱང་ཆོས་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན་ཞེས་བྱ་བ་ཡིན་ཏེ། འདུ་བྱེད་ཀྱི་ཆོས་ཐམས་ཅད་ནི་རང་གི་ངོ་བོས་ཀྱང་མ་སྐྱེས། རྒྱ་རྐྱེན་གཞན་གྱིས་མི་འབྱུང་བས། མྱ་ངན་ལས་འདས་པའི་མཚན་ཉིད་ཡིན་ནོ།། དེ་ལྟར་རིག་ཅིང་རྟོགས་པའི་ཚེ། ་ཤེས་པ་འམ་རྟོགས་པ་ཇི་སྙེད་སྐྱེ་བ་ཀུན་ཀྱང་སྐྱོན་མེད་དེ། ཆོས་ཀྱི་དབྱིངས་ཀྱི་ཤེས་ཤིང་རྟོགས་པ་དགྲ་བཅོམ་རབ་འབྱོར་ཡིན་ཞེས་བྱའོ།། ནམ་མཁའ་མི་དམིགས་མི་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བ་མེད། གོང་དུ་བསྟན་པ་རྣམས་དོན་དཔེ་ནམ ་ཁའ་དང་འདྲ་སྟེ། ནམ་མཁའ་ཞེས་མིང་དུ་བརྗོད་པ་ཙམ་དུ་ཟད་ཀྱི་མིང་གིས་མཚོན་པའི་དོན་ནི་ཇི་ལྟ་བུའི་མཚན་ཉིད་ཏུ་ཡང་མི་དམིགས་པས། དགེ་མི་དགེ་ལ་སྩོགས་ཏེ། གཉིས་སུ་མི་འབྱེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ།། གོང་དུ་བསྟན་པ་ལྟར་གཏན ་ཚིགས་ཀྱིས་འགྲུབ་པས་དེ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་ནི། རྩོམ་པར་ཡིད་ལ་མི་བྱེད། གང་ལ་སེམས་མེད་ཤེས་བྱང་མི་ཤེས་བྲལ། སྤོང་བ་འམ་སྒྲུབ་པར་བྱ་བ་ནི། བརྩོལ་བ་ཡང་ཡིད་ལ་མི་འབྱེད། དམིགས་པའི་ཡུལ་གང་ལ་ཡང་སེམས ་དཔའ་མེད། སེམས་ཉིད་མ་གྲུབ་པས་ཤེས་པ་དང་མ་ཤེས་པ་དང་མི་རྟོག་པས་ཤེས་དང་མི་ཤེས་བྲལ་ཞེས་བྱའོ།། དྲན་དང་འབྱེད་མེད་སྤོང་ལོན་གང་ལའང་དགའ་དང་མཚུངས་མེད་མི་དམིགས་ཤིང་། ཡང་དག་པའི་དོན་དུ་མི་མཐུན་པ་དང་། གཉེར་པོ་དབྱེར་མེད ་པས་གཉེན་པོ་དྲན་པར་བྱ་བ་མེད་ཅིང་། སྤོང་བ་ལ་དགའ་བ་འམ། ལེན་པ་ལ་དགའ་བ་ཡང་མེད། གཉིས་ག་མཉམ་ཞིང་མཚུངས་པར་གཞག་པའང་མེད་དེ། སྤྱིར་ཡང་མི་དམིགས་ཤིང་། མཉམ་ནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ ་སྩོགས་འབྲི་མེད། འདོད་པ་དང་མི་འདོད་པ་མེད་པས་མཉམ་པ་ལ་གནས་ལ། ཐ་དད་ཏུ་མི་འབྱེད་པས་གཉིས་སུ་རྟག་པ་མེད། འདི་ལྟ་བུ་ཡིན་ཞེས་འཛིན་པ་མེད་པས། ཅིར་ཡང་ཡི་བརྗོད་པའི་ཕྱིར་བརྗོད་པ་དང་བྲལ་དོན་ཏུ་གཉེར་བ་མེད་པས་བྱ་བ་མེད། ་སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི་བྱ་བ་ཡང་མེད་དེ། ཚོགས་རྣམ་གཉིས་རྫོགས་པར་བྱ་བ་འམ་སྒྲིབ་པ་བྲི་བར་བྱ་བའང་མེད་དེ། ཆོས་ཉིད་ལ་འབྲི་བ་འམ་འཕེལ་བ་མེད་ཅེས་འབྱུང་བ་ལྟ་བུའོ།། ཚུལ་བཞིན་ཏུ་བསྒོམས་བརྟགས་ཇི་ལྟ ་བུ་དག་འབྱུང་ཞེས་ན། ཆེན་དུ་རྩོད་བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་མཉམ་ཤེས་དང་། དེ་ལྟར་གོང་དུ་བསྟན་པ་བཞིན་དུ་མ་ནོར་བར་བསྒོམས་ཏེ། མཉམ་པར་ཤེས་དང་། རྟགས་འདི་དག་འབྱུང་སྟེ། གང་ལའང་ཆགས་དང་ཡུལ་གྱིས་ཆོས་སྐྲག་མེད ་དེ་མི་འབྲལ་མི་གནས་ཤིང་། དངོས་པོ་གང་འང་འདོད་ཅིང་ཆགས་པ་དང་། ཡུལ་གྱི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རིག་པས་མོས་ཤིང་གཏི་མུག་པ་ཡང་མེད། གང་གི་ངོ་བོ་ཉིད་ཀྱང་མ་ཡིན་པས་གང་ལ་ཡང་མི་འདོད་པ་འམ། སྐྲག་པ་མེད་དེ། དེའི་ཕྱིར ་གང་དང་ཡང་མ་བྲལ་བར་མི་བྱེད་པ་དང་། གང་ལའང་དགའ་ཞིང་ཆགས་པ་མེད་པ་ཆོས་གང་ལ་ཡང་གནས་པར་མི་བྱེད་དོ།། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་པའི་ཆོས་ཇི་སྐད་དུ་བསྟན ་པ་སྟེ་འདུས་ཤིང་འུབ་པར་རང་གི་རིག་པས་ཤེས་ཏེ། སེམས་ཀྱི་དབྱིངས་བསྒོམས་པས་ལམ་གྱི་གཞན་དུ་བསྒོམ་པས་འོད་གསལ་མི་འགྱུར་རོ།། ཆོས་ཐམ་ཅད་ནི་སེམས་ཀྱི་ངང་དུ་འདུས་པས། སེམས་ཉིད་ལ་གོང་ཏུ་ཇི་སྐད་བསྟན་པ་བཞིན་དུ་དོན་ལྟར་བསྒོམས་པས། མ་ནོར་བའི ་ལས་དུ་གྱུར་གྱི་གཞན་ཞིག་ཏུ་བསྒོམས་ན། གང་ལྟར་བསྒོམས་ཀྱང་ཡང་དག་པའི་དོན་ལ་གསལ་ཞིང་རིག་པར་མི་འགྱུར་རོ།། བཅུ་གཉིས་ལས་བརྒྱད་པ། བརྒྱུས་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་ཇི་ལྟ་བུ་ཞེ་ན། བརྡལ་ཅན་ཡང་དག་ལེན ་པའི་བྱང་ཆུབ་ཡིན་ཞེས་པསྟོན་པས་རབ་ཏུ་གསུངས་ཕྱིར། ཞེས་བྱ་བ་ཡིན་ཏེ། དཔེར་ན་ལགས་པ་གཡས་པའི་ལག་བརྡ་ལ་ཚུར་འོང་བའི་དོན་བ་སྟོན་ཅིང་ཤེས་པ་ལྟར། སེམས་རྩེད་ཅིག་པའི་བྱ་བས་བྱ་བ་མེད་པའི་དོན་ཇི་ལྟ་བ་བཞིན་ཏུ་རྟོགས་པ་དེ་ཡང་བྱང་ཆུབ་ཏུ ་བསྒྲུབས་པར་བྱེད་པ་ཡིན་པས། བྱང་ཆུབ་ཡིན་ཞེས་སྟོན་པ་སངས་རྒྱས་གསུངས་པའི་ཕྱིར། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམས་པའི་གནས་ཡིན་ཏེ། འོག་ནས་འབྱུང་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད ་ཅིང་བསྒོམས་པའི་རྒྱུ་འམ་གནས་ཡིན་ཏེ། ཏིང་ངེ་འཛིན་གསུམ་པོ་བསྟན་པར་བྱས་ཤིང་བརྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། བྱ་བ་མེད་པའི་དོན་ཉིད་ལ་མ་བབ་ཅིང་རྩེ་གཅིག་ཏུ་རྣམས་པར་མི་རྟོག་པ་བསྒོམས་པ་དང་། ཀུན་ཏུ་སྣང་ནམ་མཁའ་ལྟར་བསྒོམས་པ ་དང་། རྒྱུའི་ཏིང་འཛིན་དེ་ཨ་འམ་ཨོཾ་ལ་སྩོགས་པ་བསྒོམས་པ་ལ་ཏིང་ངེ་འཛིན་གསུམ་ཞེས་བྱ། བསྟན་པ་ནི་ཏིང་དེ། གསུམ་གྱི་མཚན་ཉིད་གང་ཡིན་པ་ལྟར། མི་མཐུན་པའི་རྐྱེན་གྱི་དབང་དུ་མི་འགྲོ་བ་ལ་བྱ། རྟགས་ཞེས་བྱ་བ་ནི་དཔེར་ན་རྒྱལ་བའི་རྟགས་ནི་ཕྱག་རྒྱ་ཡིན་པས། རྒྱལ་པོའི་ལས ་ཐཐས་ཅད་མི་ཕྱག་རྒྱས་བྱེད་པ་དང་འདྲ་བར་སངས་རྒྱས་ཀྱི་རྟགས་ཀྱི་ཕྱག་རྒྱས་ནི་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་བྱེད་དེ། སྐུའི་རྟགས་ཀྱི་ཕྱག་རྒྱ་དེ་ཕྱག་རྒྱ་ཆེན་པོའོ།། ཐུགས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་དམ་ཚིགས་ཀྱི་ཕྱག་རྒྱའོ།། འཕྲིན་ལས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་ལས་ཀྱི ་ཕྱག་རྒྱ་སྟེ། རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ཤིང་བསྒོམས་ནས། སངས་རྒྱས་ཀྱི་གསུང་གི་རྟགས་ཀྱི་ཕྱག་རྒྱ་ནི། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་བཅིངས་བསྒོམས་པའི་གནས་ཞེས་བྱ་བས་སྟོན་ཏེ། ཏིང་ངེ་འཛིན་དང་ཕྱག་རྒྱ་རྣམས་ཆོས་ཉིད ་ས་ན ་ཇི་ལྟར་བསྒོམས་པ་བཞིན་ཏུ་མངོན་ཏུ་སྣང་བའི་ཚེ། ཆོས་ཐམས་ཅད་ཀྱང་རང་གི་སེམས་ཁོ་ན་སྣང་བ་ལ་མ་རྟོགས་པ་གཞན ་