| Wylie | e-texts produced with BDRC’s OCR application |
རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་བཞུགསོ།། ། ་རྒྱ་གར་སྐད་དུ། ཐཥྤ་གྲཀ་འནྡ་ཧྲ་མ?། རྒྱ་གར་སྐད་དུ། རཏྣ་སྱརྱ་ཙནྡྲ་ལ་ཏྲ་ད་ན་ཏན་ཏྲ། བོད་སྐད་དུ། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད། ཀ་དག་རྣལ་མ་ལ་ཕྱག་འཚལོ།། ་འདི་སྐད་བདག་མེད་ཅི་ཡང་མ་ཐོས།། བསམ་བརྗོད་བློ་ཡི་ཡུལ་དུ་མ་གྱུར་ཏེ།། དུས་མཐའ་མེད་པའི་ཡིད་མེད་བློ་འདས་ཆེན་པོའི་དུས་ན། ཐོག་མ་གཞི་ཡི་ཀློང་། ཆོས་ཉིད་ཀྱི་མཁའ་དབྱིངས་ཀྱི ་ཀློང་། ཀ་དག་སྙིང་པོ་སྐྱེ་བ་མེད་པའི་དཀྱོར།། རིན་པོ་ཆེ་གསལ་དག་འོད་ཀྱི་དཀྱོད།། འོད་སྣ་ཚོགས་འཕྲོ་བའི་མདངས།། རིན་པོ་ཆེའི་འོད་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ན།། སྔོན་ཐོག་སྤྱི ་ཕུད་ཀྱི་སངས་རྒྱས་དམ་པ་བཞི་ཡི་སྟོན་པ་འོད་མི་འགྱུར་བ་བཞུག་སོ།། སྟོན་པའི་དྲུང་ན་གནས་པའི་འཁོར་ཡང་འདི་ལྟ་སྟེ། འབྱུང་བ་ལྔ་ཡི་འཁོར་དང་།། དངས་མ་ལྔ་ཡི་འཁོར་དང་།། རླུང ་སྔའི་འཁོར་དང་།། འོད་ལྔའི་འཁོར་དང་།། རྩལ་ལྔའི་འཁོར་དང་།། ཟེར་ལྔའི་འཁོར་དང་།། མདངས་ལྔའི་འཁོར་དང་། སྣང་ཚུལ་ལྔའི་འཁོར་དང་། དམ་པ་དང་པོའི་འཁོར་རོ།། བསྟན་པ་ཐིག། ་ལེ་ཁོང་གསལ་གསང་བའི་ཉི་མའོ།། དུས་ནི་དུས་ཀྱི་མཐའ་སྟོང་པའོ།། དེའི་རྗེས་འཇུག་སྟོན་པའི་འཁོར་ནི།། སྟོན་པའི་རྒྱལ་པོ་སྔོན་ཐོག་ཀ་དག་གི་སངས་རྒྱས་ཀྱིས།། གནས་ཀྱི་རྒྱལ་པོ་འོད་གསལ ་ཆོས་ཉིད་དུ། འཁོར་གྱི་རྒྱལ་པོ་ཀུན་རིག་འཕྲུལ་རྗེས་ལ།། བསྟན་པའི་རྒྱལ་པོས་ཐིག་ལེ་སྤྱི་བརྟོལ་བཤད།། དུས་ཀྱི་རྒྱལ་པོ་མི་འབྲལ་ཆེན་པོའི་དུས།། དེའི་གདུང་སོང་ཕུན་སུམ་ཚོགས་པ་ལྔ་ནི། ་སྟོན་པའི་རྒྱལ་པོ་གསངས་ཆེན་པོ། འཁོར་གྱི་རྒྱལ་པོ་ཁྱེའུ་ལྔ་ཡི་བསྐོར།། བསྟན་པའི་རྒྱལ་པོ་ཉི་ཟླ་བརྩེགས་པས། ཆོས་ཉིད་དབྱིངས་སུ་བཤད།། ཆོས་ཉིད་སྐྱེ་བ་མེད་པའི་དུས།། སྡུད་པ་པོ ་ནི་ཀུན་རིག་ཁྱེའུ་ཆུང་ངོ་།། ཞེས་གསུང་སོ།། རིན་པོ་ཆེ་ཉི་ཟླ་རྩེགས་པའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པའོ།། ། དེ་ནས་ཀུན་རིག་ཁྱེའུ་ཆེད་གིས། ་སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། ཐོག་མ་དང་པོ་ཇི་ལྟར་གནས།། རླུང་ལྔ་འབྱུང་ལྔ་ཇི་ལྟར་འཁྲུལ།། འོད་གསལ་ཡན་ལག་ཇི་ལྟར་གྲོལ།། ཐིག་ལེ་རང ་བཞིན་ཇི་ལྟར་གནས།། ཡིས་ཟང་ཐལ་ཇི་ལྟར་འཆར།། གདམས་པའི་གནད་ནི་གྲི་བསྟན།། གསང་སྔགས་བརྡའ་ཡི་ཇི་ལྟར་བསྟན།། ཐིག་ལེ་སྤྱི་ལྟོལ་ལྟ་བུ་གང་གིས་རྟོགས། ཁྱུར་མེད་བློ་འདས་ཇི་ལྟ་ཨ་ཡིན ་མིང་མེད་མཐའ་སྟོང་ཇི་ལྟར་གོ།། ཡང་ཏི་ཉི་ཟླའི་སྙིང་པོ་རུ།། ཐེག་པ་རིམ་དགུ་ཇི་ལྟར་རྫོགས།། རྫོགས་ཆེན་ཡང་ཏི་ཡོ་ག་ཡིན།། མ་སྦུབས་འབྲས་བུ་ཇི་ལྟར་ཐོག། སྟོན་པས་འཁོར་ལ་བཀའ་སྩལ་ཅིག། ཅེས་ཞུས་སོ།། ཉི་ཟླ་བརྩེགས ་ཁའི་རྒྱུད་ལས་འཁོར་གྱིས་གླེང་སྤང་བའི་ལེའུ་སྟེ་གཉིས་པའོ།། ། ཨ་ཐ་ཨསྠོ་ཡ་མུ་ཧུ་ལ་མ།། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། སྟོན་པ་གསང་བདག་ཆེན་པོ་ལ།། ཐོག་མ་དང་པོ་ཇི་ལྟར་གནས།། ཅེས་ཞུས་པ ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐོག་མ་གཞི་ལ་མིང་མེད་ཀྱང་།། འཁོར་གྱི་རྟོགས་པ་གསལ་ཕྱིར་བཤད།། ཡེ་མེད་གཏིང་མེད་སྲེངས་ཀྱང་མེད།། གཞི་མེད་གཞིའི་གནས་ལུགས་ཏེ། དངོས་མེད་རླུང་མེད་འགྱུར་ཡང ་མེད།། སྤངས་མེད་རྒྱས་མེད་སྐུ་ཡང་མེད།། འཁྲུལ་མེད་སེམས་མེད་རིག་ཡིད་མེད།། འཁོར་མེད་ལྟུང་མེད་འགྲོ་དྲུག་སེ་ནི་མེད།། བདག་མེད་གནས་མེད་ཕྱོགས་རིགས་མེད།། མཐའ་མེད་གནས་མེད་ཕྱོགས་མཚམས་ཁ་དོག་མེད།། ་ཐོག་མ་གཞིའི་གནས་ལུགས་ཏེ།། དངོས་མེད་ཡུལ་མེད་ཅང་ཀྱང་མེད།། ཅང་མེད་དངོས་མེད་ཐ་སྙད་མེད།། ཐོག་མ་ཐ་མ་མེད་པ་དེ།། མིང་མེད་མཚོན་དུ་ཅི་ཡང་མེད།། ཅེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས་གཞི ་བསྟན་པའི་ལེའུ་སྟེ་གསུམ་པའི།། ། དེ་ནས་ཀུན་རིགས་འཕྲུལ་རྗེ་ཡིས།། སྔོན་ཐོགས་སྤྱི་ཕུད་སངས་རྒྱས་ལ།། རླུང་ལྔ་འབྱུང་ལྔ་ཇི་ལྟར་འཕྲུལ།། ཞེས་ཞུས་པ ་དང་སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐོག་མ་ཅི་ཡང་མེད་པ་ལ།། ཐ་མ་ཅིར་ཀྱང་རྣམ་པར་འཁྲུལ།། དེ་ལྟར་འཁྲུལ་པའི་རྒྱུ་རྐྱེན་ཀྱང་།། ཀུན་གཞིས་གཞི་བྱས་རླུང་ལྔས་འཁྲུལ་རྒྱུ་བྱས།། འབྱུང་ལྔས་དུས་བྱས ་འོད་ལྔས་རྐྱེན་བྱས་ནས།། རྩལ་ལྔ་མ་འགགས་ཟེར་ལྔ་ཤེས་པར་འཁྲུལ།། ཤེས་པའི་ངོ་བོ་སྟོང་པ་གསལ་བ་ལས།། ངོ་ཤེས་འགྱུར་མེད་ཀློང་འགྱུར་སྙིང་པོ་གཞི་དང་འཕྲད།། རངས་དངས་རང་གྲོལ་ཐོག་མར་ཡེ ་སངས་རྒྱས།། རང་བཞིན་ངོ་བོ་ཐུགས་རྗེས་ལས།། མཆོག་གི་དང་པོ་སྐུ་གསུམ་འཆང་།། ཞེས་གསུངས་སོ།། ཤེས་པས་གནས་པའི་དོན་མ་རིག། ཡིད་འགྱུར་རིག་མྱོང་སེམས་སུ་གསལ།། གསལ་བའི་འོད་ལ ་མེན་སྣང་ཤར།། རིག་པ་འོག་རླུང་ལངས་པས་འཁོར་སྒོར་ཚུད།། མ་རིག་འཁྲུལ་རྒྱུ་འགྱུ་བས་རྐྱེན་བྱས་ནས།། མུན་པས་བར་བཅད་དུག་གསུམ་འཁྲུལ་པར་སྨིན།། དུག་ལྔས་གཞི་བྱས་མངལ་སྒོས་རྐྱེན་བྱས་ནས། ་ག་ཁྲག་གཟུགས་སོགས་དངོས་པོའི་ཆོས་རྣམས་འཁྲུལ།། ཕྱི་ནང་སྣོད་བཅུད་གླིང་གཞི་རི་རབ་དང་།། སྣང་སྲིད་སྐྱེ་འགྲོ་ཉན་མོང་ས་བརྒྱད་ཁྲི་སྟང་།། དེ་ལ་འཁྲུལ་པ་རྩིས་ན་བརྗོད་མི་ལང་།། ཞེས་གསུང ་ཉི་ཟླ་རྩེགས་པའི་རྒྱུད་ལས་འཁྲུལ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཀུན་རིག་འཁྲུལ་རྗེ་ཡིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། འོད་གསལ་ཡན་ལག་ཇི་ལྟ ་གྲོལ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རླུང་སོགས་ཡན་ལག་འཁྲུལ་པ་རྣམས།། རང་གྲོལ་རང་སངས་སྙིང་པོའི་ཀློང་།། རླུང་ལ་འགྱུར་མེད་གཞི་ལྔའི་ཀློང་དུ་གྲོལ།། འབྱུང ་ལྔ་གཡོ་མེད་སྙིང་པོའི་ཀློང་དུ་གྲོལ།། འོད་ལྔའི་རྐྱེན་མེད་ཀ་དག་ཀློང་དུ་གྲོལ།། ཟེར་ལྔ་རང་དངས་ཆོས་ཉིད་ཀློང་དུ་གྲོལ།། ཤེས་པའི་སྣང་ཚུལ་དངས་མ་ལྔ་རུ་གྲོལ།། རང་བཞིན་ངོ་བོ་ཐུགས་རྗེ་སྐུ ་གསུངས་ཐུགསུ་གྲོལ།། ཡིད་འཁོར་རྣམ་གསུམ་དཀྱིལ་འཁོར་གསུམ་དུ་གྲོལ།། སྟོང་པའི་ཀློང་དུ་ཡིད་རིགས་སེམས་བློ་རྣམས།། རང་བྱུང་རང་གྲོལ་སྟོང་ཉིད་ཀློང་དུ་གྲོལ།། སྟོན་པ་ཀུན་འབྱུང ་སྦྱོང་པར་གྲོལ།། མེད་ལ་སྣ་ཚོགས་མེད་པར་གྲོལ།། ཅང་མེད་ཅིར་སྣང་སྣང་ཙམ་ཉིད་ན་གྲོལ།། ཐོལ་བྱུང་དང་དངས་བྱུང་སྣར་གྲོལ།། ལ་ལ་བྱུང་དྲག་རྟོག་སྙིང་པོར་གྲོལ།། གཏི་མུགས་ཀ་དག་ཆེན ་ཁོར་གྲོལ།། མ་རིག་ཡིས་ཆེན་པོར་གྲོལ།། དུག་གསུམ་སངས་རྒྱས་སྐུ་གསུམ་གྲོལ།། དུག་ལྔ་སྐུ་ལྔ་ཉིད་དུ་གྲོལ།། ཕྱི་ནང་ཡུལ་སེམས་གཉིས་སུ་མེད་པར་གྲོལ།། སྣང་སྲིད་སྣོད་བཅུད་ཀ་དག ་ཆེན་པོར་གྲོལ།། ལུས་ངག་ཡིད་གསུམ་སྐུ་གསུམ་ཉིད་དུ་གྲོལ།། སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་འདི་རྣམས།། ཀ་དག་འོད་གསལ་ཐིག་ལེ་གསང་བའི་ལམ།། ཟངས་ཐལ ་ཆེན་པོ་མུ་མཐའ་ཡས་པ་སྟེ།། རང་སངས་རླུང་དངས་རང་གྲོལ་གཏིང་མཐའ་ཡས།། ཐིག་ལེ་སྤྱི་བཏོལ་ཆེན་པོར་རང་གྲོལ་ལོ།། གྲོལ་བ་ཐར་པ་རྣམ་གྲོལ་ལུས།། བག་ཆགས་བཅས་ནས་གཏིང་ནས་གྲོལ།། ་ཞེས་གསུངསོ།། རིན་པོ་ཆེ་ཉི་ཟླ་རྩེགས་པའི་རྒྱུད་ལས་རླུང་ལྔ་འབྱུང་རྩལ་ཟེར་ཡན་ལག་ཐཾད་སྙིང་པོ་ཀ་དག་པའི་ཀློང་དུ་གྲོལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་ཀུན་རིག་ཁྱེའུ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཐིག་ལེ་རང་བཞིན་ཇི་ལྟར་གནས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐིག་ལེ་གང་ཡིན་སྙིང་པོ་ཡིན།། ཐིག ་ལེའི་རང་བཞིན་སེམས་ཉིད་ཡིན།། ཐིགཱ་ལེའི་ངོ་བོ་ཆོས་སྐུ་ཡིན།། ཐིག་ལེའི་སྣང་ཚུལ་འོད་གསལ་ཡིན།། ཐིག་ལེའི་འབྲས་བུ་རང་དག་ཡིན།། ཐིག་ལེའི་ལྷས་ནི་རང་གྲོལྔ་ཡིན།། ཐིག་ནི་འགྱུར་བ་མེད་པ ་ཡིན། ལེ་ནི་རྒྱ་ཆད་མེད་པ་ཡིན།། ཐིག་ནི་རྒྱུ་རྐྱེན་མེད་པ་ཡིན།། ལེ་ནི་འཕོ་གྱུར་མེད་པ་ཡིན།། ཐིག་ནི་སྐྱེ་མེད་ཀ་དག་ཡིན།། ལེ་ནི་དངོས་མེད་ཟད་ཀ་ཡིན།། ཐིག་ནི་སྣལ་མ་སོ་མ་ཡིན།། ལེ་ནི་བྱེར་མེ། ་བློ་འདས་ཡིན།། ཐིག་ལེ་ཐིག་ལེ་སྤྱི་བརྡོལ་ཡིན།། ལེ་ནི་ཡིས་བཏིང་རྫོགས་ཡིན།། ཐིག་ནི་ཐིག་ལེ་ཁོང་གསལ་ཡིན།། ལྀ་ནི་ཡཾས་གསང་ལམ་ཡིན།། ཐིག་ནི་གསང་བའི་ཕོ་བྲང་ཡིན།། ལེ་ནི་ཡིས་འབྱུང་གནྠ ་ཨིན། ཀ་དག་འོད་གསལ་དཀྱིལ་འཁོར་ནས་ཐིག་ལེ་གསང་བའི་ཉི་ཤར་བས།། མ་རིག་སྒྲིབས་གཡོགས་བསྟན་ནས་སངས།། ཅེས་གསུངསོ།། ཉི་ཟླ་རྩེགས་པའི་རྒྱུད་ལས་ཐིག་ལེའི་རང་བཞིན་བསྟན ་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། ཡིས་ཟང་ཐལ་ཇི་ལྟར་འཆར།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ ་བཀའ་སྩལ་པ་། ཡིས་ཟུང་ཐལ་འཆར་ལུགས་ནི།། གཏི་མུག་རང་སངས་ཡོས་ཟད་ཐལ་འཆར་བ་ཡིན།། མ་རིག་ཀ་དག་ཡིས་ཟང་ཐལ་འཆར།། ཉོན་མོངས་ཀ་དག་ཡིས་ཟང་ཐལ་ཡིན།། རྣམ་རྟོག ་ཀཱ་དག་ཡིས་ཟང་ཐལ་ཡིན།། ཡུལ་ལྔ་རང་གྲོལ་ཡིས་ཟང་ཐལ་ཡིན།། རླིག་ཡིད་མི་འགྱུར་ཡིས་ཟུང་ཐལ་ཡིན།། འགྱུས་ཀྱང་དང་དངས་ཡིས་ཟུང་ཐལ་ཡིན།། རྣམ་རྟེག་རང་གྲོལ་ཡིས་ཟད་ཐལ ་ཡིན། ཉོན་མོངས་རང་རླག་ཡིས་ཟང་ཐལ་ཡིན།། སྣང་སྲིད་འཁོར་འདས་ཡིས་ཟང་ཐལ་ཡིན།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གྲོལ་ཟང་ཐལ་ཡིན།། ཆོས་སྟེ་བརྒྱད་ཁྲི་བཞི་སྟོང་ཡིས་ཟང་ཐལ ་ཡིན་འགྱུས་ཚད་རིག་ཚད་རང་བརླག་ཡིས་ཡིན།། མནོས་ཚད་བསམ་ཚད་རང་གྲོལ་ཡིས་ཟང་ཐལ་ལོ།། ཕྱེ་ཚད་བརྟགས་ཚད་ཡིས་ཟང་ཐལ་ལོ།། ཞེས་གསུངསོ།། རིན་པོ་ཆེ་ཉི་ཟླ་བརྩེ ་བའི་རྒྱུད་ལས་ཡིས་ཟང་ཐལ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སྟོན་པ་ལ།། གདམས་པའི་གནད་ནི་ཇི་ལྟར་བསྟན།། ཞེས་གསུངས།། ་སྟོན་པས་འཁོར་ལ་བཀའ་སྩལ་པ།། གདམས་པ་གནོད་ཀྱི་མན་ངག་བསྟན།། ཀུན་རིག་ཁྱེ་ཆུང་ཐུགས་ལ་འཚོང་།། གདམས་པའི་མོན་ངག་འདི་ཡིན་ནོ།། སྙིང་པོ་ཀ་དག་འདི་ཡིན་ནོ།། སྙིང་པོ་ཀ་དག་འོད ་གསལ་ཆོས་ཉིད་ཀློང་།། ཐིག་ལེ་ཡང་གསང་ཉི་མ་ཤར།། བག་ཆགས་སྒྲིབས་གཡོགས་གཏན་ནས་བརླག། ཐིག་ལེ་མཐོང་རྟོལ་གསལ་ལམ་ཕྱེད།། ཐིག་ལེ་ཁོང་གསལ་དོན་རྟོགས་པས།། ཅི་ཡང་མི་རྟག ་གཟའ་གཏད་མེད།། གང་ཡང་མི་སྒོམ་མཐའ་སྟོང་གཏིང་མཐའ་ཡས།། ཅི་ལ་ཡང་མི་སྤྱོད་རྣམ་བཞག་དལ་བར་སྡོད།། གང་ལ་ཡང་མི་ཞེན་མི་སྤྱོད་རང་སར་གྲོལ།། སུ་ལ་ཡང་མི་རེ་འདི་ཀ་རང་དུ ་གྲོལ་རེ་དོགས་བྱར་མེད་ངང་ལ་ཡེ་ནས་གྲུབ།། ཅེས་གསུངསོ།། རིན་པོ་ཆེ་ཉི་ཟླ་རྩེགས་པའི་རྒྱུད་ལས་གདམས་པའི་གནད་བསྟན་པའི་ལེའུ་སྟེ་དྲུག་པའོ།། ་ནདེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སྟོན་པ་ལ།། གསང་སྔགས་བརྡའ་ཡི་ཇི་ལྟར་བསྟན།། ཅེས་ཞུས་པ་དང་། སྟོན་བཱས?་འཁོར་ལ་བཀའ་སྩལ་པ།། ཨ་ཏི་བརྡའ་ཡི་སྒོ་ནས་བསྟན། ་འཁོར་རྣམས་གྲུབ་པས་བརྡའ་གནད་ཟུང་།། ཞེས་གསུངས་པ་དང་། མཐའ་མེད་གཏིང་མཐའ་ཡས་པའི་ཕོ་བྲང་ནས།། སྤྱི་ཕུད་ཁྲི་རྗེ་གཙུག་བསྟན་བྱ་བ་བཞུགསོ།། འཁོར་བློན་པོ་ཀུན་སྤྱོད་བྱ་བྱེད ་ཅན་བྱ་བས་བསྐོར་རོ།། རིག་པ་ཐང་རྒྱལ་ཀུན་འཕྱོ་མགོ་རླུང་ལངས།། ཅེས་གསུངསོ།། སྟོང་གསལ་མཐའ་སྟོང་གི་ལྷ་ཁང་ན།། ལྷ་མངའ་བདག་རླུང་ལྷ་ན་བུན་གྱི་ཞྭ་ཅན་བྱ་བ་བཞུགསོ།། འཁོར་རླུང་པོ་ལ ་རྟ་ལ་ང་བདག་གིས་མི་ཞོན་པས་བསྐོར།། བྱཱ་བཙལ་འཁོར་ལོ་བསྐོར་ཞིང་སྟོང་ཁམས་རྗེས་ཀྱིས་འགྲེངས།། ཅེས་གསུངསོ།། ལྔ་པོ་ཆེ་ཡི་ལ་ཁཱའི་རྩེ་ཡི་བཙས་ཀྱི་ཁ་ན་མཐོན་པོ་ཅིག་འདུག་པས་པར་འགྲོ་ཚུར ་ལྡོག་ཁོ་རང་ལ་རག། ཅེས་གསུངསོ།། ཐོག་མ་སྤྱིས་བརྡའོ།། ཀ་དག་དང་ཡིས་བརྡ་ར་བསྟན་པ་ཉི་ཟླ་ཁ་སྦྱོར་གྱི་ལྷ་ལྡང་ན། རིན་པོ་ཆེ་ཤེལ་གྱི་སྐུ་གཅིག་འོད་དཀར་ལམ་མེ་བཞུགསོ།། ཀ་དག་མཚོན་པའི ་བརྡའོ།། རིན་པོ་ཆེ་སྣང་གསལ་འོད་ཀྱི་དཀྱིལ་འཁོར་ན། གཞའ་མཚོན་གསལ་བའི་ཁྲི་སྟེང་ན། རིག་ལྔ་གསལ་དག་དངས་མ་ལྔ་ཡི་ཁ་དོག་ལྔ་བཞུགས་སོ།། འོད་གསལ་དང་དངས་མཚོན་པའི་བརྡའོ།། མཁའ ་ཀློང་རྣམ་དག་ཆོས་ཉིད་ཕོ་བྲང་ན།། རྒྱལ་པོ་སྤྱི་ཕུང་བྱ་བ་ལ་ཇོ་མོ་གསལ་བའི་འོད་འབར་མ་དང་། བུ་རངས་དངས་པའི་ཁྱེ་ཆུང་དང་། གཟའ་མི་གསུམ་པོ་དེ་དུས་གསུམ་དུ་མི་འབྲལ་བའི་རྒྱས་ཐེབ་བོ།། ་སྡོང་ག་གསལ་བ། དབྱེར་མེད་མཚོན་པའི་བརྡའོ།། ཨེ་མ་ངོ་མཚར་རྨད་འབྱུང་ཆོས།། ཀྵུཾ། ཀུན་རིག་གསལ་བའི་ཁྱེ་ཆུང་ལ།། གཡས་སུ་མཚོན་པའི་འཁོར་ལོ་བསྐོར།། གཡོན་དུ་ཉི་ཟླའི་སྒྲོན་མ་ཐོགས།། རིན་ཆེན ་ཁྲུགས་ལས་ཆོངས་ལ་བཅུད་ཀྱི་ཉིང་ཁུ་འཐུང་།། སྟོང་པའི་རྩ་བ་ཕྱུང་ལ་ཤིང་ཐོག་འབྲས་བུ་ཟོ།། ན་མཁའ་གོས་སུ་གྱོན།། ས་གཞི་གདན་དུ་ཐིང་།། རྒྱ་མཚོའི་ཀློང་དུ་ཉོལ།། འཇའ་མཚོན་མགོ་ལ་ཚུགས།། རླུང་པོ་འོག་ཏུ ་ཆུག། སྤྲེའུ་ལག་པས་བཟུང་།། ཀྵེ་མ་ཀུན་རིག་འཕྲུལ་གྱི་རྗེ།། འཁོར་འདས་གཉིས་ཀྱི་སོ་མཚམས་ལྟོས།། མ་རིག་ཡིས་རྩ་བ་ལྟོས།། སངས་རྒྱས་སེན་གྱོས་མེད་ལྟོས།། སྣང་སྲིད་འཁྲུལ་སྣང་འཁྲུལ་ཚུལ་ལྟོས།། ་འགྲོ་དྲུག་སོནི་སྡུག་བསྔལ་ལྟོས།། སྔ་མའི་སེཾན་གར་སོང་ལྟོས།། ད་ལྟའི་སེ་ནི་གར་འགྲོ་ལྟོས།། ཀྱཻ་མ་སེ་ནི་ངན་རྟོགས་ཅན།། རང་ལ་རང་གི་དབང་འདུག་གམ།། སྤུན་རིངས་འགྲོན་པོ་ཐག་རིངས་འགྲོ། རྒྱགས་ཕྱེ ་གནས་ཁང་གང་ནི་བདོག། མགྲོན་པོ་སྐྱིལ་མེད་འཇིག་པར་འགྲོ། ལམ་འཕྲེང་སྐྱིལ་མ་གང་ནས་འཚལ།། ཀྵུཾ་ཁམས་གསུམ་འཁོར་བའི་སོན་རྣམས།། དུག་མ་འཐུང་། རང་མ་སྐུ། སེམས་གྲོང་རྒྱུན་མ་བཞུག། རིག་པ་ལ ་ཡན་དུ་མ་བཏང་བ་ཡུལ་དང་རྫས་དང་འཁོར་ལ་མ་ཆགས།། རང་མ་གྲོལ་བར་གཞན་ལ་མ་སྟོན།། བྷྲཱུཾ་མ་འཆིང་བར་མ་བྱེད་མདུང་མ་ཁྲོལ།། ཆག་པ་མ་ཕྱེ་མཚོ་མོ་སྐོམས།། ཞེ་སྡང་མ་ཆེ་མེ་འབར་སོད།། ང་རྒྱལ་མ ་ཚེཆེ་རང་རི་ཆེ་ཆོག། ཕྲག་དོག་མ་ཕྱེ་རྫ་གློང་བརྟོལ།། ཉོན་མོངས་མ་ཆེ་ཕྱགས་མས་ཐོབ།། རྣམ་རྟོགས་མ་ཆེ་རྟོགས་མེད་སྤྱོད།། དྲ་བར་མ་ཞུགས་འདམ་ནས་ཐོན།། རྒྱུ་རུ་མ་ཆུད་ལྕགས་སྒྲོག་ཁྲོལ།། ཀྵེ་མ་འགྲོ། ་དྲུག་མ་འགྲོ་འཁོར་སྒོ་སྡོམས།། ཀ་རེ་བ་མ་གོན་མུན་པ་སོལ།། བར་མ་དོ་རུ་དགྲ་ལ་སེམས་མ་བསྐུར་ཅིག། ཀྱེ་མ་ཀུན་རིག་འཁྲུལ་གྱི་རྗེ། བར་དོ་ཆེན་པོ་འདི་ལ།། སྐྱེས་སམ་དྲན་ནམ། ཤེས་སམ ་གནས་སམ། རྩ་བ་ཕྱིན་ནམ། རྩང་ནས་ཆོད་དམ། ལོངས་སམ། ཤར་རམ། ནུབ་བམ། སད་དམ། རླག་གམ། མཐའ་སྟོང་སམ། ཟད་དམ། སངས་སམ། ཞི་འམ། གྲོལ་ལམ། ཡུལ་ཕྱིན་ནམ། ་རྩཝ་བ་ཚོང་ངམ། ཕྱོགསུ་སྐྱོལ་ལམ?། སླེབ་པར་སླེབ་ས་མ། ཕྱི་མི་ལྡོག་པའི་སངས་རྒྱུས་ཐེབས་སཱམ། ཉི་མ་ཤཪྵ་རཱམ། མུན་པ་སངས་སམ། ཁྲ་དང་སྤྲིའུ་བསོད་དམ?། ཕག་དང་མིའི ་སྙིང་ཕྱུང་ངམ་ཅིག་སོད་དོམ། གཉིས་ཡུལ་ཕྱིན་ནམ། གསུམ་གྱི་རྐེ་བཅད་དམ། གསུམ་རང་ལ་སྐྱེད་དམ།། ཨཱཾ་ཧེ་ཧོ་ཨང་གྷ་གྷ་རི་མ། ཨེ་མ་ཀུན་རིག་ཁྱེ་ཆུང་འཁོར།། ན་མཁའི ་བྱིངས་སུ་ཉོལ་ལ་རྒྱ་མཚོའི་ཁྲག་ཆོད་ཀྱིས།། རྒྱ་མཚོའི་ཀློང་དུ་སྡོད་ལ་ནོར་བུ་རིན་ཆེན་ཆོངས།། རླུང་པོ་སྟེད་ལ་ནེན་ལ་འཇའ་མཚོན་རྒྱལ་མཚན་གྱིས།། ཁྱུད་ལ་ཞོན་ལ་གླང་པོ ་ཁྲིང་།། སེང་གེ་ཞོན་ལ་སྟག་མོ་ཁྲོད།། ནོར་གྱི་མཆོག་མཚོ།། བཅུད་ཀྱི་བདུད་རྩི་འཐུངས།། ཟས་ཀྱི་བྲོ་ག་མྱོང་ལ་སྔོན་གྱི་གནས་སུ་སོང་།། མུན་སྣང་གོ་ཕྱེ་གསལ་བའི་རྒྱས་ཐོབ་ཅིག། ཅེས་གསུངས་སོ།། ་ཉི་ཟླ་བརྩེགས་པའི་རྒྱུད་ལས་གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། ཐིག་ལེ་སྤྱི་བརྟོལ་གང་གིས་རྟོགས།། ཅེས་པ་དང ་སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐིག་ལེ་སྤྱི་བཏོལ་རྟོགས་ཐབས་ལ།། བྱ་བ་རྩལ་ཞེ་འདོད་བློ་ཡི་ཆོས་ཀྱི་མི་རྟོགས་ཏེ།། བྱུར་མེད་དང་གྲོལ་བཞོགས་པས་རྟོགས།། ལྟ་བསྒོམ་སྤྱོད་འབྲས ་སྒྲུབས་པས་མི་རྟོགས་ཏེ།། གཏད་མེད་བསམ་མེདོ་བྱར་མེད་རེ་མེད་རྟོགས།། སྐྱེ་མེད་ཀ་དག་བྱར་མེད་བློ་ལས་འདས།། དེ་ཡིས་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ལེ་སྤྱི་བརྟོལ་རྟོགས་ཐབས་ནི་བྱ་བ ་ཁ་ཐིང་བཏང་བ་ནི།། བྱར་མེད་ལྷུག་པར་བཞག་པས་ཆོ་ག། ཆོས་རྣམས་བློ་ཡི་བཏང་ན་ནོ།། གྲུབ་མཐའི་ཞེ་འདོད་མེད་པར་བཞག། དེ་ཡི་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ལེ་སྤྱི་བརྟོག་རྟོགས ་ཐབས་ནི། བསམ་བསྒོམས་ཅི་ཡང་མི་བྱ་སྟེ།། བསམ་མེད་ཀློང་དུ་ཉལ་བས་ཆོག། ལྟ་བ་ཡེངས་མེད་སྐྱེ་བ་མེད།། ཆོས་རྣམས་སྐྱེ་མེད་རྟོགས་པས་ལྟ་རྒྱུ་མེད།། ཀ་དག་དངོས་མེད་རྟོགས་པསྲ་སྒོམ་པ་མེད།། ་མ་བཅོས་རྣལ་མ་རྟོགས་པས་སྤྱོད་པོ་མེང་།། བློ་འདས་རང་གནས་རྟོགས་པས་འབྲས་བུ་མེད།། དེ་ཝཾ་ཐིག་ལེ་སྤྱི་བརྟོལ་རྟོགས།། ཐིག་ནི་སྙིང་པོ་ཆོས་ཉིད་སྐུ།། ལེ་ནི་འོད་གསལ་ཀ་དག་ཡིན།། སྤྱི ་ཁ་རྡོལ་སྙིང་པོ་ཀློང་བརྟོལ་ལོ།། དེ་ཕྱིར་ཐིག་ལེ་སྤྱི་བརྟོལ་ཡིན།། ཐིག་ནི་སྐྱེ་མེད་སྙིང་པོ་ཡིན།། ལེ་ནི་འོད་གསལ་འགག་པ་མེད།། སྤྱི་བརྟོལ་ཆོས་རྣམས་སྤྱི་བརྟོལ་ལོ།། ཐིག་ནི་ཡང་དག་དྲིས ་པ་ཡིན།། ལེ་ནི་དོན་དམ་འགྱུར་བ་མེད།། སྤྱི་ནི་ཐོག་པ་ཐཾད་ཡོངས་ཀྱི་སྤྱི།། བརྟོལ་ནི་དེ་རྣམས་ལྟ་སྙོམས་ཕུགསུ་བརྟོལ།། དེ་ཕྱིར་ཐིག་ལེ་སྤྱི་བརྟོལ་ཡིན།། ཞེས་གསུངསོ།། ཉི་ཟླ་རྫོགས་པའི ་རྒྱུད་ལས་ཐིག་ལེ་སྤྱི་བརྟོལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུ་སྟོན་པ་ལ།། བྱར་མེད་བློ་འདས་ཇི་ལྟར་ཡིན།། ཞེས ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། བྱར་མེད་བློ་འདས་ཡིན་རྒྱུ་ཅང་མེད་དེ།། འཁོར་གྱི་རྟོག་པ་གསལ་ཕྱིར་རེ་ཤིག་བཤད།། མ་བཅོས་ཡོངས་རྫོགས་ཆོས་ཉིད་ཀློང་དཀྱིལ་ནས།། @ ་ལག་བརྩལ་གྱིས་ཤེས་པ་ཇི་སྙེད་ལ།། མི་འགྱུར་མི་སྤྱོད་མི་ཆགས་བྱར་མེད་བློ་ལས་འདས།། མི་ཟླ་མི་བསྒོམ་མི་སྤྱོད་བྲལ་མེད་བློ་ལས་འདས།། མི་སྒྲུབ་མི་བརྩོལ་མི་སྦྱོང་བྱུང ་མེད་བློ་ལས་འདས།། མི་སྐྲོད་མི་བསྐྱོད་བྱར་མེད་བློ་ལས་འདས།། མི་ཚེལ་མི་སྙེད་བྱར་མེད་བློ་ལས་འདས།། མི་ལྟུང་མི་རྟོགས་རང་སངས་བློ་ལས་འདས།། ལྟ་ཡིན་ལྟ་ཡིན་བློ་ལས་འདས།། སྒྲོམ་གྱིན་སྒོམ ་གྱི་བློ་ལས་འདས།། སྤྱོད་ཅིང་སྤྱོད་ཅིང་བློ་ལས་འདས།། སྒྲུབ་ཀྱིན་སྒྲུབ་ཀྱིན་བློ་ལས་འདས།། དེ་རྣམས་བློ་བརྟགས་བླ་དགས་རྟོགས་པ་ཡིན།། རྟོགས་པའི་ཆོས་ཀྱིས་སངས་མི་རྒྱལ་གྲོལ་མི་ཐོབ།། བློ་འདས ་ཇི་ལྟར་ཡིན་ཞེས་ན།། བྱེར་མེད་བློ་འདས་མྱོང་ཆོས་མེད།། བྱར་མེད་བློ་འདས་བློ་བརྟག་མེད།། བློ་འདས་གཉིས་ལ་གྲུབ་མཐའ་མེད།། བྱང་མེད་ངང་ལ་གྲུབ་པ་མེད།། བློ་འདས་ཉིད་ལ་ཐ་སྙད་གྲོལ།། ་ཁྲོ་འདས་གཉིད་ལ་འདྲེད་རློམ་མེད།། བྱུར་མེད་ཉིད་ལ་ཆོས་རྣམས་མེད།། བྱུང་མེད་ཉིད་ལ་ལུས་ངག་ཡིད་ཀྱི་རྩོལ་སྒྲུབ་མེད།། བློ་འདས་དོན་གྱི་ངོ་བོ་ནི།། སྙིང་པོ་ཆོས་ཉིད་ཡང་དག་ངེས་པའོ།། ཐིག་པ ་གིསང་ཁོང་གསལ་ཏེ་རྟོག་སོ།། མུ་མཽད་མིང་མེད་མཐའ་སྟོངས།། སྙིང་པོ་ཆོས་སྐུ་གནས་ལུགས་བཤིས་ཀྱི་འདུག་ཚུལ་ཡིན།། སྐྱེ་མེད་ཀ་དག་དངོས་མེད་ཟང་ཁ་ཡིན།། མ་བཅོས་རྣལ་མ་རང་འཁྲུངས ་མ་ཡིན་སོ་མ་ལྷུག་པའོ།། དེ་ཁོ་ན་ཡིན་པའོ།། ངེས་པ་ཡང་དག་བདག་མེད་ཐིག་ལེ་སྤྱི་བརྟོལ་ཡིན།། ཡིས་གཏིང་རྫོགས་རྣམ་པར་རྟོག་མེད་ཡིན།། བརྗོད་མེད་མཚན་མེད་ཡེ་ནས་ཡེ་དགས་ཡིན།། ཡེ་གསལ ་ཡེ་གྲུབ་ཡེ་རྫོགས་ཡེ་ཟིལ་ཡེ་དངས་ཡེ་སངས་རྒྱས།། ཡེ་གྲོལ་ཡེ་རྒྱལ་ཡེ་ཐོབ་བོ།། ཡེ་སྟོང་ཡེ་བྱུང་ཡེ་ནས་གྲོལ།། ཡེ་མེད་སྣ་ཚོགས་རང་གྲོལ་ལོ།། ཡེ་སངས་ཡེ་རྒྱས་ཡེ་བྱད་ཡེ་ཆུབ་པོ།། སྟོང ་པ་ཀུན་འབྱུང་འཛིན་པ་རང་གྲོལ་ལོ།། ཡིས་ཟང་ཐལ་ཐིག་ལེ་ཁོང་གསལ་ལོ།། སྐྱེ་མེད་ཀ་དག་དངོས་མེད་ཟད་ཐལ་བྱར་མེད་བློ་འདས་སྔ་མ་དེ་ཉིད་དོ།། ཅང་མེད་ཅིང་སྣང་སྣང་ས་ཉིད་དུ་གྲོལ།། ཞེས ་གསུངས།། བློ་འདས་རང་གི་ངོ་བོ་ནི།། ཐིག་ལེ་ཆེན་པོ་ཡི་གེ་མེད།། རྣམ་པ་ཀུན་ལྡན་རྣམ་པ་མེད།། དཔེ་མེད་བླ་མེད་དངོས་མེད་དོ།། དངོས་མེད་གཏད་མེད་བསམ་བརླག་པོ།། བཅོལ་མེད་དུན་ཆུང ་མཐའ་སྟོངས་པོ།། གཏིང་མེད་ཕྲེང་མེད་འགྱུར་མེད་པའོ།། རྡུལ་མེད་དྲི་མེད་ཀ་དག་ཡིན།། བཀའ་མེད་དྲི་མེད་ཀ་དག་ཡིན།། མུན་མེད་སྒྲིབ་མེད་བག་ཆག་མེད།། རྩིས་བརྡབ་བཅས་བཅོས་འདོད་རློམ་མེད།། ་དེ་ཡི་བྱར་མེད་བློ་འདས་རྟོག། ལྟར་མེད་སྒོམ་མེད་སྤྱད་དུ་མེད།། དེ་ཡིས་བྱར་མེད་བློ་འདས་རྟོགས།། རིག་པ་རང་གྲོལ་དྲན་སེམས་རྣམ་རྟོག་སངས།། དེ་ཡི་བྱིར་མེད་བློ་འདས་རྟོགས།། བློ་འདས་ཉིད་ལ་སེམས་མེད་སང ་ནརྒྱས་མེད།། ཐེག་པ་དགུ་ཡི་རྟགས་གྲུབ་རྟོགས།། བྱང་མེད་ཆུབ་མེད་སྐུ་ལྔའི་རིགས་ལྔ་མེད།། བློ་འདས་དོན་གྱི་ངོ་བོ་ནི།། སེམས་ལ་ཡུལ་ལ་མེད་དེ།། དབྱེ་གསལ་བཅས་བཅོས་རྩིས ་བརྡབ་འདོད་རློམ་མེད་པའོ།། ཞེ་འདོད་དང་དགག་བསྒྲུབ་སྤོང་ལེན་མེད་པའོ།། རིག་པ་ལ་མཐའ་དབུས་མུ་ལས་གྲོལ་ཏེ་ཆོས་ཉིད་བློ་འདས་ཏེ།། བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས་ཏེ།། བློ་ལས་གྲོལ ་ཞིང་བརྗོད་དུ་མེད།། མཚོན་པའི་ཡུལ་དུ་མ་གྱུར་པས།། བློ་བརྟགས་ཐེག་པ་རིམ་དགུའི་ཆོས་མཐའ་དག་ལས་གྲོལ་ཏེ།། བསམ་མེད་བརྗོད་བློའི་ཡུལ་དུ་མ་གྱུར་ཏེ།། དམིགས་པའི་སྤྱོད་ཡུལ་མཐའ་དག་ལས ་གྲོལ་བའོ།། དེང་སྡོད་བྱར་མེད་བློ་འདས་ཆེན་པོར་རང་གྲོལ་ཞིང་གྱུར་ཏོ།། བློ་བརྟགས་དོན་ལ་འདོད་རློམ་རྩིས་བརྡབ་བྱ་བ་རྩལ་མེད།། ཅེས་གསུངསོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས་བྱར་མེད་བློ་འང ་ཡིན་ཚུལ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུང་སངས་རྒྱས་ལ།། མིང་མེད་མཐའ་སྟོངས་ཀྱི་རྒྱུ་མེད་ན་ཡང་།། འཁོར་གྱི་རྟོག ་པ་གསལ་ཕྱིར་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དུག་གསུམ་མེད་མཐའ་མེདོ་སྟོང་པ་ཡིན།། དུག་ལྔའི་མིང་མེད་མཐའ་སྟོང་ཡིན།། མ་རིག་མིང་མེད་མཐའ་སྟོངས་ཡིན།། གཏི་མུགས་ཀ ་དག་མིང་མེད་མཐའ་སྟོང་ཡིན།། འཁོར་བཱ་ཀ་དག་མིང་མེད་མཐའ་སྟོང་ཡིན།། རྣམ་རྟོག་ཀ་དག་མིང་མེད་མཐའ་སྟོང་ཡིན།། འཁྲུལ་པ་ཀ་དག་མིག་མེད་མཐའ་སྟོང་ཡིན།། སྣང་བ་ཀ་དག་མིང་མེད་མཐའ་སྟོང་ཡིན།། ་འགྲོ་དྲུག་མི་འཁྱམ་མིང་མེད་མཐའ་སྟོང་ཡིན།། ཁམས་གསུམ་མི་འཁོར་མིང་མེད་མཐའ་སྟོང་ཡིན།། མིང་མེད་མཐའ་སྟོང་གོ་ལུགས་ཡིན།། བསམ་ཚད་མིང་མེད་རྟོགས་པ་ཡིན།། དེ་ཕྱིར་མི་བསམ ་མི་བསྒོམ་གཏིང་མཐའ་ཡས།། ཕྱེ་ཚད་བརྟགས་ཚད་བློས་བརྟགས་ཡིན།། བློ་བརྟགས་ཆོས་ཀྱིས་སངས་མི་རྒྱ།། དེ་ཕྱིར་བློ་བརྟགས་མིང་མེད་མཐའ་སྟོངས་གོ།། དུག་ལྔ་དུག་གསུམ་མིང་མེད་མཐའ་སྟོངས ་གོརྣམ་ཤེས་ཚོགས་བརྒྱད་མིང་མེད་མཐའ་སྟོང་གོ།། ཕྱི་ནང་ཡུལ་སེམས་མིང་མེད་མཐའ་སྟོངས་གོ།། སུས་ངག་ཡིད་གསུམ་མིང་མེད་མཐའ་སྟེངས་གོ།། སྟང་སྦྲིད་འཁོར་འདས་མིང་མེད་མཐའ་སྟོང་གོ།། དགྲ ་སྒྲུབ་སྤོང་ལེན་མིང་མེད་མཐའ་སྟོངས་གོ།། ཕྱེ་ཚད་བརྗོད་ཚད་མིང་མེད་མཐའ་སྟོངས་གོ། ཉོན་མོངས་ཇི་སྙེད་མིང་མེད་མཐའ་སྟོངས་གོ།། རྣམ་རྟོགས་མ་ལུས་རིལ་པོར་མཐའ་སྟོངས་གོ།། ཁམས་གསུམ་སེན ་མིང་མེད་མཐའ་སྟོངས་གོ།། འགྲོ་དྲུག་སྡུག་བསྔལ་མ་ལུས་མཐའ་སྟོངས་གོ།། གཟུང་འཛིན་ཆགས་སྡང་རིལ་གྱི་མཐའ་སྟོངས་གོ། དགྲ་བརྟེན་ཕྱོགས་རིས་མིང་མེད་མཐའ་སྟོངས་གོ།། དབྱེ་གསལ་བརྩིས་བརྡབ་འདོད ་སེམས་མཐའ་སྟོངས་གོ།། བྱ་བརྩལ་ཞེ་འདོད་དགགས་སྒྲུབ་མ་ལུས་མཐའ་སྟོངས་གོ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བློས་བཏགས་ཆོས་རྣམས་རིལ་གྱི་མཐའ་སྟོངས་གོ།། ལྟ་བ་མཐའ ་སྟོངས་གཟའ་གཏད་མུ་མཐའ་ཡས།། བསྒོམ་པ་མཐའ་སྟོངས་དམིགས་མེད་མུ་མཐའ་ཡས།། སྤྱོད་པ་མཐའ་སྟོངས་བྱར་མེད་ལས་ཟིན།། སོ་མ་ལྷུག་པ་རྣལ་མ་མུ་མཐའ་ཡས།། འབྲས་བུ་མཐའ ་སྟོངས་རེ་མེད་རང་གནས་བློ་འདས་མུ་མཐའ་ཡས།། ཅེས་གསུངསོ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་ལས།། མིང་མེད་མཐའ་སྟོངས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། ་དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད་སངས་རྒྱས་ལ།། རྫོགས་ཆེན་ཡང་ཏི་ཡོ་ག་རུ།། ཐེག་པ་རིམ་དགུ་ཇི་ལྟར་རྫོགས།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་ཉི་མའི་སྙིང་པོ ་རུ།། ཐེག་པ་རིམས་དགུ་རྫོགས་ལུགས་ནི།། ཡུལ་དྲུག་གང་ཟག་ཆོས་བདག་མེད།། ཉན་ཐོས་ལྟ་བ་ཡོངསུ་རྫོགས།། རྟེན་འབྲེལ་རྣམ་པར་རིག་བྱེད་མེད།། རང་རྒྱལ་ལྟ་བ་མ་འདྲེས་རྫོགས།། ཡང་ཏི་ཉི་མའི་སྙིང་པོ ་ལ། ཡུལ་སེམས་བདེན་རྫུན་རང་རིག་མི་རྟག་པས།། སྐད་ཅིག་ཆ་ཡི་རྟགས་འདོད་མེད།། སེམས་ཙམ་ལྟ་བ་མ་འདྲེས་རྫོགས།། བདེན་པ་གཉིས་སུ་མི་ལྟ་བས།། དབུ་མའི་ལྟ་བ་ཡོངས་སུ་རྫོགས།། གསང་སྔགས ་ཐེག་པའི་རྫོགས་ལུགས་ཀྱང་།། རྫོགས་ཆེན་ཨ་ཏི་ཡོ་གཱ་ལས།། ཕྱི་དག་ནང་དག་ཡོངསུ་དག། རིག་གསུམ་རྗེ་དང་ཁོལ་དུ་མི་ལྟ་བས།། ཀཱི་ཡའི་ལྟ་བའི་ཡོངསུ་རྫོགས།། མར་སྤྱོད་ཡང་ལྷ་རིགས་བཞིའི་ལྷད་མེད ་བས། ཨུ་བ་ལ་ཡི་ལྟ་བ་རྫོགས།། རིགས་ལྔ་སྤུན་དང་གྲོགས་མི་སྟེ།། སྐྱེ་འགགས་གཉིསུ་མེད་པས།། ལོ་གའི་ལྟ་བ་ཡོངསུ་རྫོགས།། ནང་རྒྱུད་སྡེ་གསུམ་རྫོགས་ལུགས་ནི།། ཏིང་འཛིན་རྣམ་གསུམ་ཐབས ་དང་ཤེས་རབ་མེད།། སྣང་བ་ལྷ་མོར་མི་ལྟ་བས།། མ་ཧཱ་ཡོ་གའི་ཐེག་པ་ཡོངསུ་རྫོགས།། དབྱིངས་དང་ཡིས་གཉིས་མེད་པས།། ཨ་ནུའི་ལྟ་བ་མ་འདྲེས་རྫོགས།། རིག་པ་འགྱུ་བའི་ཡིས་ལ།། རང་བྱུང་ཡཱཾ ་ཡིན་འདོད་པས།། ཨ་ཏིའི་ལྟ་བ་ཡོངསུ་རྫོགས།། ཀ་དག་མཐའ་རུ་མ་རིང་བས།། སྨྲྀ་ཏིའི་ལྟ་བ་ཡོངསུ་རྫོགས།། ཡང་ཏི་ཡོ་ག་མུ་མཐའ་གྲོལ་བུ་རུ།། ཐེག་པའི་ཆོས་རྣམས་མ་འདྲེས་ཡོངས་སུ ་རྫོགས།། ཅེས་གསུངསོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས་ཐེག་པ་རིམ་པ་དགུ་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཀུན་རིག་ཁྱེ་ཆུང་གིས།། སྔོན་ཐོག་སྤྱི་ཕུད ་སངས་རྒྱས་ལ།། རྫོགས་ཆེན་སྤྱི་ཏི་ཡོ་ག་ནི།། མེ་སྒྲུབས་འབྲས་བུ་ཇི་ལྟར་ཐོབ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཏི་ཡོ་གའི་སྙིང་པོ་ལ།། འབྲས་བུ་ཐོབ་དང་མ་ཐོབ་གཉིས་མེད ་ཀྱང་།། རེ་ཤིག་འཁོར་ལ་བྲོད་པ་སྐྱེད་ཕྱིར་བཤད།། འབྲས་བུ་ཞེས་པའི་ངོ་བོ་ན།། གཞན་ནས་ཐོབ་རྒྱུ་ཡེ་མེད་དེ།། རང་སེམས་མིང་མེད་མཐའ་སྟོང་ཡིན་ཡིན།། དེ་ལྟར་གོ་ནཱ་འདྲ།། ་བུ་ཡིན།། ཐིག་ལེ་གཏིང་རྫོགས་འབྲས་བུ་ཡིན།། ཐིག་ལེ་སྤྱི་བརྟོལ་འབྲས་བུ་ཡིན།། ཐིག་ལེ་ཁོང་གསལ་འབྲས་བུ་ཡིན།། ཐོག་ལེ་གསང་བའི་ཉི་མ་འབྲས་བུ་ཡིན།། ཀྱེ་མ་ཀ་དག་འབྲས་བུ་ཡིན།། ་དངོས་མེད་ཟད་ཁ་འབྲས་བུ་ཡིན།། མ་ནོར་ཡང་དག་རེས་པའི་འབྲས་བུ་ཡིན།། བྱར་མེད་བློ་འདས་འབྲས་བུ་ཡིན།། སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཡིན།། སྐུ་ལྔ་ཡེ་གནས་འབྲས་བུ་ཡིན།། ་སྙིང་པོ་ཆོས་ཉིད་ཆོ་སྐུ་འབྲས་བུ་ཡིན།། གཏིང་མཐའ་ཡས་པའི་འབྲས་བུ་ཡིན།། མུ་མཐའ་གྲོལ་བའི་འབྲས་བུ་ཡིན།། སྣང་མཐའ་གྲོལ་བའི་འབྲས་བུ་ཡིན།། བློ་ཟད་ཆོས་སྐད་འབྲས་བུ་ཐུབ།། རྩོལ ་གླབ་རེ་དོགས་འབྲས་བུ་མེད།། ཅེས་གསུངསོ།། ཉི་ཟླ་རྩེགས་པའི་རྒྱུད་ལས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་ཀུན་རིགས་འཕྲུལ་རྗེ་ཡིས།། རྒྱུད་ནི་མཚན་ནི ་ཇི་ལྟར་བཟུང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པེ།། རིན་ཆེན་ཉི་ཟླ་རྩེག་པ་ནི།། རིན་ཆེན་ལྷ་སྒོམ་འདོད་པ་འབྱུང་།། ཉི་མ་སྣང་གསལ་ཐབས་ཀྱི་རྒྱུད།། ཟླ་བ་མུན་སིལ་ཤེས་པ ་རྒྱུད། ཐབས་དང་ཤེས་རབ་བརྩེགས་པའི་རྒྱུད།། ཉི་མས་ཀ་དག་འོད་གསལ་སྟོན།། ཟླ་བས་གཏི་མུག་མ་རིག་སེལ།། ཀ་དག་མ་རིག་མུན་སེལ་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། ཉི་ཟླ་བརྩེགས་པའི་རྒྱུད་ལས ་མཚན་བསྟན་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། ། ཉི་ཟླ་རབ་རབ་བླ་མ་སྙིང་སེམས་མན་ངག་གཏེར་དུ་འཆང་། བསྐལ་ལྡན་དམ་ཚིག་སྲུང་བ་ལ་དམ་ཚིག་གཏད།། ་ཅེས་གསུངསོ།། སྣོད་མེད་དམ་ཉམས་ཟོང་ཚོད་ལག་ཏུ་ཤོར་རེ་རེ།། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་རྫོགསོ།། ་