CLOSE WINDOW

Gbr005.5: byang chub sems bcos thabs mdor bsdus
Wyliee-texts produced with BDRC’s OCR application

བྱང་ཆུབ་སེམས་བཅོས་ཐབས་མདོར་བསྡུས་བཞུག་སོ།། ་ན་མོ་ཤྲི་བཛྲ་སྭ་ཏཱ། དཔལ་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། དགའ་རབ་རྡོ་རྗེ་ལ། སེམས་ཀྱི་གནས་ལུག་སྐུ་དང་ཡེ་ཤེས ་ཀྱི་ཞལ་བསྟན་པ། རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་དོན་རྣམས་པ་ཅི་བཞིན་པར་བྱ་བ་ལ་གཉིས་ཏེ། ཉིན་གྱི་འབྱོར་བྱ་བ་དང་། མཚན་གྱི་རྣལ་འབྱོར་བྱའོ།། ་ཉིན་གྱི་རྣལ་འབྱོར་བྱ་བ་ལ་གསུམ་སྟེ། མི་རྟོག་པ་རྟོགས་པར་བྱ་བ་དང་། རྟོག་པ་བསྟན་པར་བྱ་བ་དང་། བོག་དུ་བྱུང་ཞིང་མཐར་ཕྱིན་པར་བྱ་བའོ།། དང་པོ ་རྟོག་པར་བྱ་བ་ནཽ། དྲར་སརྦ་སཾམས་ཡིན་པར་ཐག་འབད་དེ། སེམ?ས་ཉིད་སྥོངུ་པྲ་ཡིན་གཉིས་མེད་ཡེ་ཤེས་རྟོག་པར་བྱ་སྟེ། སྣུང་བཱ་དར་ཉིད་དུ་ངོས་ཟིན་པས ་ཚོགས་དྲུག་ལྷག་པའི་སྣང་བ་ལྡོག། རིག་པ་ཡེ་ཤེས་སུ་ངོས་ཟིན་པས་ཉོན་མོངས་བག་ཆགས་ཀྱི་སྣང་བ་ལྡོག། སྣང་བ་དར་ཉིད་ཀྱི་སྣང་བ་སྟོང་པ་དེ་དང་རིག ་པ་སྟོང་པ་དེ་གཉིས་སོ་སོ་མ་ཡིན་དབྱེར་མེད་པས་གཉིས་འཛིན་གྱི་ཤེས་པ་ལྡོག་གོ།། དེ་ཡང་སྐད་ཅིག་མ་དང་མོའི་ཤེས་བ་ཏོལ་ཅིར་བྱུང་བ་དེ་སྐྱེ་མེད་དུ ་ཤར་བའི་ཤེས་པ་ཡིན་ཏེ་གཟུང་འཛིན་ལ་འདས་པའི་ཤེས་པ་ཡིན་པ་སྔ་མ་བཅོས་པའི་ཤེས་པ་གཉུག་མ་དེ་ཁོ་ན་རང་བྱུང་གི་ཡེ་ཤེས་ཡིན་ནོ།། དེ་ལ་སངས་རྒྱས་ཀྱི་དགོངས་པ ་དང་མཉམ་པའི་ཆོས་གསུམ་རྫོགས་སྟེ། བག་ཆགས་དང་བྲལ་བ་ཡིན་པས། ཆོས་སྐུ་ངོ་བོ་སྟོང་པར་གནས་དམིགས་པ་དང་བྲལ་བའི་གཞི་འགག་མེད་པར་ལོངས་སྤྱོད་པའི་སྐུ ་རྫོགས། ཡུལ་ཞོན་པ་དང་ཆགས་པ་མེད་པས་སྤྲུལ་སྐུ་རྫོགས་ཏེ་སྐུ་གསུམ་དབྱེར་མེད་དོ།། ཤེས་པ་དེ་ཉིད་སྐྱེས་པ་ཙམ་གྱིས་གཟིན་གྱི་རྟོག་པ་དང་བྲལ་བ། འཛིན་མེད ་ཀྱི་སྣང་བ་ཕྱིར་འཆར་ཏེ། སྣང་བ་ཆོས་ཉིད་དུ་གནས། སྐད་ཅིག་མའི་ཤེས་པ་དེ་ཆོས་ཉིད་ཀྱི་མ་དང་འཕྲད་པས་ཆོས་སྐུའོ།། ཤེས་པ་ལྷུན་གྲུབ་ཀྱི་ལྗོངས་ལ་གནས་པ་ཞེས ་ཀྱང་བྱའོ།། དེ་ཉིད་བསྟན་པའི་ཕྱིར། བསྲེ་བ་དང་། ཀློག་པ་དང་། བརྟེན་པའི་མན་ངག་སྟེ། དེ་ལ་དང་པོ་བསྲུང་བ་ནི། ཡིད་བདེ་བའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས། ་བསྲང་ཁོང་གློང་ལ་འདུན་གྱི་ནམཁའ་ལ་མིང་མ་བཏགས་པས། ཆོས་ཉིད་ཀྱི་ན་མཁའ་འདི་ལ་མིག་མི་འཛུམ་མི་འགྱུར་བར་ཤེས་པ་གཏད། དྲན་པ་མ་ཡངས་པར་འདི་བསྒོམ་མེད ་པར་ཤེས་པ་ལྷུག་པར་བཞག། དེ་ལྟར་བཞག་པས་ན་མཁའ་དེ་ཀ་ལྟར་ཤེས་པ་ཡང་མིང་དང་བྲལ་བར་ཆགས་མེད་འཛིན་མེད་དུ་ཧ་དེ་བྱེད་དེ་འཕྱུང་ངོ་།། དེ་ལ་གཉིས་ཏེ། མཉམ ་བཞག་དང་། རྗེས་ཐོབ་དང་། བསྒོམ་པའི་ཉམས་དང་། སྒྱུ་ཐོབ་པ་དང་། ཡེ་ཤེས་དང་། སྒྲིབ་པ་གང་དག་པ་དང་། གང་ཟག་གི་རིགས་བསྟན་པའོ།། མཉམ་བཞག་ནི་ཤེས ་པ་བྱིད་དགོད་ཀྱི་དབང་དུ་མི་འགྲོ་བར་ཧ་དེ་ཕྱེད་དེ་སིང་ངེ་དང་དེ་དི་ང་ལི་ཕུ་རེ་གནས་པར་འགྱུར་རོ།། ཤེས་པ་དེ་འདེག་པ་དང་། དགུག་པ་དང་། ཡར་བ་དང་། གནན་པ་དང་། སྤྲོས་ཀྱང ་དེ་ལ་མི་གཡོན། བསྟན་པའི་ཚད་དོ།། དེའི་རྗེས་ཐོབ་ནི། ཏིང་ངེ་དེ་ལས་ལངས་ཀྱང་ཤེས་པ་དེ་མ་ཉམ་ལ་ཞག་དང་མཉམ་པོར་འདུག་ནས་ཤེས་པ་དེ་རྐྱེན་དབང་དུ་མི་འཆོར་བ་བསྟན་པའི ་མང་དོ།། ཏིང་ངེ་འཛིན་ནི་ཉམས་སྣང་བའི་ཉམས་འོད་ཤར་བ་ལྟ་བུའོ། ཟླ་བ་ཤར་བ་ལྟ་བུའོ། ཉི་མ་བདལ་བ་ལྟ་བུའི། སྣང་བ་མི་དམིགུས་པའི། དབུགས་མི་དམིགས ་པའམ། རིག་པ་ཡོད་མེད་ཚུལ་དུ་མ་ཚོར་བར་འབྱུང་ངོ་།། རྗེས་ལ་ཐོབ་པའི་ཉམས་ནི། སྣང་བ་སྒྱུ་མར་འདུག་སྙམ་པ་དང་། སྟོང་པར་འདུག་སྐེམ་རིག་པ་མི་རྟོག་པར་འདུག་སྒྱུ་མ་རང་བཞིན ་མེད་པར་འདུག་སྙམ། སྤྱོད་པ་ལ་གོལ་བ་མེད་པར་འདུག་སྙམ། སྐུ་ནི་ཆོས་སྒྱུ་ཐོབ་པ་ཡིན་ཏེ། རིག་པ་ཡུལ། གཅོད་དེ་སེམས་སྟོང་པར་འདུག་པས་ན་སེམས་ཉིད་ཆོས་ཀྱི་སྐུའོ།། ་ཡིས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། མཚན་མའི་རྟོག་པ་གང་གིས་ཀྱང་མ་བསླད་པར་འདུག། སྒྲིབ་པ་ནི་བག་ཆགས་ཀྱི་སྒྲིབ་པ་དག་པའོ།། གང་ཟག་ནི་འཕགས ་བའི་རིགས་ཏེ། བག་ཆགས་ཀྱི་སྒྲིབ་པ་ནི་དག། ཉོན་མོངས་པ་ལ་མངོན་དུ་མི་སྐྱེ་སྟེ། བག་ཉལ་དུ་གནས་པས་འཁོར་བ་ལས་འཕགས་པས་འཕགས་པའི་རིག་སོ།། བསྲེ་བའི ་མན་ངག་གོ། ལྷག་པའི་མན་ངག་བསྟན་ཏེ་ཕྱི་ནང་བ་མ་བཅོས་པ་སོ་མ་དེ་ལ། ནང་རིག་པ་སོ་མ་མ་བཅོས་པ་དེ་ཉིད་རིག་པ་ལ་ལྷུག་པས་ཚོགས་དྲུག་པོ་ཡུལ་ལ་མི་གཅོད་པར་ཤེས ་པ་ཝ་ལེ་ཁྱུག་གེ་སྣང་བ་ལ་སྣང་བ་དེ་འཛིན་མྱེད་དུ་གནས་པ་དེ་ཀླག་པའོ།། དེ་ལ་ཡང་བདུན་ཏེ། མཉམ་བཞག་དང་། རྗེས་ཐོ་བ་དང་། ཉམས་དང་། སྐུ་དང་། ཡེ་ཤེས་དང་། སྒྲི་བ། ་པ་དག་པ་དང་། གླང་ཟག་བསྟན་པའོ།། དེའི་མཉམ་བཞག་བསྟན་པ་ནི།། སྒོ་ལྔ་ཡུལ་ལ་མི་གཅོད་པར་གསལ་བ་དང་། དེངས་པ་དང་། མི་གཡོ་བ་དང་། མི་འགྱུར་བ་དང་། རྒྱང ་མ་ཆད་པར་སྣང་འཛིན་མེད་པར་ཤར་བའོ།། རྗེས་ཐོབ་ཀྱི་ཚད་ནི། ཚོགས་དྲུག་ཡུལ་ལ་བརྟེན་པའི་ཡེ་ཤེས་སེང་སྐྱེ་ཏེ། གཟུགས་སྣང་བས་སྣང་བ་མེད་བཞིན་མེད་པར་སྣང་། སྒྲ ་གྲགས་པས་གྲགས་བྱས་ལ་རང་བཞིན་མེད་པ་སྐྱེ། དྲི་ཚོར་བར་རང་བཞིན་མེད་པར་བདེ། རེག་བྱ་མེད་པས་རིག་པ་རེག་པ་རང་གིས་རང་བཞིན་མེད་པར་སྟོང་ཡིད་གཡོས་པ་རང་གི ་རང་བཞིན་མེད་དོ།། གོལ་པ་མེད་པའི་ཡེ་ཤེས་སྐྱེའོ།། ཉོན་མོངས་པ་དུག་ལྔ་དུག་གསུམ་ལ་ཀླག་པས་ཉོན་མོངས་པ་ལམ་དུ་སློངས་ནས་ཡེ་ཤེས་སྐྱེའོ།། བསྒོམ་པའི་ཉམས་ནི།། ་གསལ་སྟོང་དུ་སྣང་བ་དང་། རིག་སྟོང་དུ་ཤར་བ་དང་། སྣང་སྟོང་དུ་གནས་པ་དང་། བདེ་སྟོང་དུ་འབྱུང་བའོ།། སྐུ་ནི་ཡེ་ཤེས་ཀྱི་སྐུ་ཐོབ་སྟེ། ཆོས་ཐཾད་ཆོས་ཀྱི་སྐུར་རྟོགས་ཏེ། མ་བཅོ ་པའི་ཤེས་པ་དེ་ཉིད་ཀྱིས་ཐཾད་ཆོས་ཉིད་བྷ་ཞིག་ཏུ་ཤེས་པའོ།། ཡེ་ཤེས་ནི་གསལ་བའི་ཡེ་ཤེས་སྐྱེ་བའོ།། སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པ་དག་སྟེ། ཡུལ ་ཆོས་ཉིད་དུ་སྣང་བས་ཡུལ་ཉོ་བར་གྱུར་པའི་ཉོན་མོངས་པ་མེད། རིག་པའི་ཡེ་ཤེས་སྐྱེས་པས་ཚུལྷ་ངན་མ་ཡིན་པ་བྱེད་པ་མེད་པས་སོ།། གང་ཟག་ནི་བྱང་ཆུབ་སེམས་དཔའི་རིག་སྟེ།། ་ཉོན་མོངས་པའི་སྒྲིབ་པ་དང་བག་ཆགས་ཀྱི་སྒྲིབ་པ་བྱང་བའོ།། དེ་ནི་ཀླག་པའི་མན་ངག་གོ། བོགས་བྱུང་ཞིང་མཐར་ཕྱིན་པར་བྱ་བའི་སྨན་པར་བྱ་བ་ནི། དེ་ཉིད་ཀྱི་རྒྱུ་ཐོབ་པར་བྱ་བའི་ཕྱིར། ་ལྷུན་གྲུབ་ཀྱི་ལྗོངས་ལ་ཡེ་ཤེས་བསྟན་པའོ།། སྐད་ཅིག་མའི་ཤེས་པ་དེ་ལྷུན་གྲུབ་ཀྱི་ལྗོངས་ལ་ལྷན་ཙེར་བཞག་པས་མི་རྟོག་པར་རིག་སིང་ངེ་གནས་ཏེ་ཡང་ཡང་བཞག་པའོ།། སྐད ་ཅིག་མ་རྒྱུན་གྱི་བསྟན་པ་དེ་ཐོབ་པ་དེ་ཀ་ལ་སྣུན་པ་ཞེས་བྱའོ།། དེ་ལ་ཡང་བདུན་ཏེ། མཉམ་བཞག་དང་། རྗེས་ཐོབ་དང་། ཉམས་དང་། སྐུ་དང་། ཡེ་ཤེས་དང་། སྒྲིབ་པ་དགུ་པ་དང་། ་གང་ཟག་གི་རིགས་སོ།། མཉམ་བཞག་ནི་ཤེས་པ་བྱིང་དགོད་ཀྱི་དབང་དུ་མི་འགྱུར་བར་ཆོས་ཉིད་སྟོང་པ་ཉིད་དུ་སྣང་བའོ།། རྗེས་ཐོབ་ནི། ཤེས་པ་རྐྱེན་དབང་དུ་མི་འགྱུར་བའི་ཆོས་ཉིད ་ཁོ་ན་ཉིད་དུ་གནས་སོ།། བསྒོམ་པའི་ཉམས་ནི། བསྒོམས་དང་མ་སྒོམ་པ་ལས་གཉི་སུ་མེད་པར་ཆོས་ཉིད་ལས་མི་གཡོ་བའོ།། ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་དུ་ཡེ་ནས་གནས ་པར་རྟོག་པའོ།། སྐུ་ནི་གཉིས་མེད་ཆོས་ཀྱི་སྐུ་ཐོབ་སྟེ། སྣང་བ་དང་མི་སྣང་བ་ཀུན་ཆོས་ཉིད་དུ་རང་དག་པའོ།། ཡེ་ཤེས་ནི་གོས་པ་མེད་པའི་ཡེ་ཤེས་སྐྱེ་སྟེ། ཐམས་ཅད་ཆོས་ཉིད ་ཡིན་པ་མེན་པར་རྟོགས་པའོ།། སྒྲིབ་པ་ནི་ཤེས་བྱའི་སྒྲི་བ་དག་པའོ།། དེ་ལྟ་བུའི་གང་ཟག་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པའི་རིགས་སོ།། ཆོས་ཐཾད་ཆོས ་ཏིད་དུ་མཁྱེན་པས་རྟོགས་བྱ་དང་རྟོགས་བྱེད་གཉི་སུ་མེད་དོ།། ཉིན་གྱི་རྣལ་འབྱོར་པའི་མན་ངག་ཐུགས་ཀྱི་རྣ་རྒྱུད་འདི།། སངས་རྒྱས་སྣང་བ་ཆོས་ཉིད་དུ་བྱིན་གྱིས་བརླབས་པ་དང་སེམས ་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། སློབ་དཔོན་དགའ་ར་བ་རྡོ་རྗེ་ལ་ཞལ་བསྟན་པའི་མན་ངག་རྫོགས་སོ།། ། ་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། དགའ་རབ་རྡོ་རྗེ་ལ་ཞལ་བསྟན་པ། མཚན་གྱི་རྣལ་འབྱོར་བྱ་བ་ལ་གཉིས་ཀྱི། སྲོད་ཀྱི་རྣལ་འབྱོར་བྱ་བ་དང ་བློ་རས་ཀྱི་རྣལ་འབྱོར་བྱ་བའོ།། སྲོད་ཀྱི་རྣལ་འབྱོར་བྱ་བ་ནི། སྲོད་ལ་དབང་པོ་མཉམ་པར་བཞག་པའི་སྒོམ་པ་སྟེ། དེ་ལ་ལྔ་སྟེ། བས་མ་གཏན ་གཉིས་དང་བསྲེ་བཱ་ནི།། འདྲེས་པའི་ཚད་དང་། གྲཝ་ཉིད་ལ་མཉམ་བཞག་འབྱུང་བ་དང་། རྨི་ལ་མ་རྗེས་ཐོབ་དུ་ཤ་ར་བ་དང་། བསམ་གཏན་བྲརྟེནྡ་པའི་མཛོད ་བཱ་ས་མ་ག་ཏན་གཉིད་དང་བསྐྱེ་བ་ནི། ག་ཉིད་བྱུ་ག་ཉིད་པ་ལྟ་བུར་བྱ་སྟེ། བས་མོ་གཏན་གྱི་དཔ་ལ་ཉིན་མཚན་མེད་པརཱག་ཉིད་ལོག་གོ།། རང་གི་སྨིན་འཚམ་དུ ་ཡི་གེ་ཨ་བསམ། ཡང་ན་འོང་རྒྱལ་པོ་སེན་སྐོར་ཙིམ་ཅིག་བས་མ་སྟེ། དེ་ལ་ཤེས་པ་གཏད་ལ་དེའི་ངང་ལ་ཤེས་པ་གཏད་ལ་གཉིད་ལོག་གོ། སེམས་དེ་ཟིན་ན་ཡིད་ཀྱི ་རྟོག་པ་དང་བྲལ་ཏེ། ཆོས་ཉིད་དུ་སིང་ངེ་གནས་པ་དེ་ལས་གཉིད་བྱུང་བས་གཉིས་ཀྱི་དུས་ནའང་མི་རྟོག་པ་འབྱུང་ངོ་།། ཡང་རང་གི་རིག་པའི་ངོ་བོ་ལ་བལྟས་པས། རང་གི ་ངོ་བོ་གང་དུའང་མ་མཐོང་བའི་སི་ངེ་བ་ཅིག་བྱུང་བས་དེ་ལ་ཤེས་པ་ཙན་ནོ་བཞག་གོ། དེའི་ངང་ལས་གཉིད་བྱུང་བས་གཉིད་དེ་རང་གིས་ཆོས་ཉིད་དུ་གསལ་བའི་རྐྱེན་བྱས་ནས་རིག་པ ་ཆོས་ཀྱི་ངང་ལ་ཐིམ་སྟེ། གཡོ་མི་གཡོ་འཁྱབ་མི་ཁྱབ་པར་གཉིད་ཅི་སྲིད་བྱུང་གི་བར་དུ་ཆོས་ཉིད་ཁོ་ནར་གནས། འདྲེས་པའི་ཚད་ནི། གཉིད་བྱུང་རང་གི་ཆོས་ཉིད་གསལ་བའི་གྲོག། ་བྱས་ཏེ། ལུས་ཀྱི་བག་ཆགས་དང་བྲལ། སྣང་བའི་བག་ཆགས་དང་བྲལ། ཡིད་ཀྱི་བག་ཆགས་དང་ཡང་བྲལ་ནས་ཡིད་ཐཾད་མི་འབྱུང་བར་ཆོས་ཉིད་དུ་སེང་ངེ་གནས་པའོ།། གཉིད་ཀྱི ་དུས་ན་མཉམ་བཞག་འབྱུང་བ་ནི། གཉིད་ཀྱི་རྟོག་པ་གང་ཡང་མི་འབྱུང་བའི་རྒྱལ་མ་དྲང་ལ་རྒྱུན་ཆོད་ནས། རིག་པ་མ་ལ་ཐིམ་ནས་ཆོས་ཉིད་རང་དུ་སི་དེ་གནས་པའོ།། དེའི་རྗེས་ཐོབ་ནི།། ་རྨྱི་ལམ་གྱི་དུས་ན་རྨྱི་ལམ་རང་དུ་ཤེས་པ་དང་། རྨྱི་ལམ་རང་དུ་ཤེས་པས་རྨི་ལམ་ལ་ཤེས་མི་འཇུག་པར་རྨི་ལམཱ་ལ་རྟེན་ནས་ཆོས་ཉིད་ཅི་བཞིན་པར་གསལ་བའི་ཡེ་ཤེས་སྐྱེ་སྟེ། རྨི་ལམ་ལ ་བརྟེན་ནས་སྐུ་དང་ཡེ་ཤེས་ཐོབ་པའོ།། བསམ་གཏན་བརྟན་པའི་ཚད་ནི། གཉེད་དོང་ལྷག་དུ་སོང་བ་དང་། གཉིད་འབྱུང་བ་དང་མ་བྱུང་མ་མེད་པར་ཆོས་ཉིད་བྷ་ཞིག་དུ་གནས་པའོ།། གཉིད ་མཉམ་པར་བཞག་པ་ལ་གཉིད་སད་པ་དང་། སྲོང་རྣལ་འབྱོར་པ་ནི། ཆོས་ཉིད་ལས་རྣལ་འབྱོར་བྱས་ནས། གཏིང་གསལ་ཆེན་པོའི་ཡེ་ཤེས་འབྱུང་དེའི་བརྟན་པ་ཐོབ་པ་ནི། གཉིད་ས་ངན་ལ ་དེ་བཞིན་འབྱུང་། ཅེས་པའི་དོན་བསྟན་པ་ཡིན།། རྗེས་ཐོབ་སྣང་བ་འཆར་བ་དང་། གཉིད་མཉམ་བཞག་ལ། རྨི་ལམ་རྗེས་ཐོབ་དུ་འཆར་ཏེ། ཆོས་ཐ~ཾད་ཆོས་ཉིད ་དུ་སྣང་བའོ།། མཚན་གྱི་རྣལ་འབྱོར། ཐོ་རས་རྡོ་རྗེ་ལྟ་བུའི་རྣལ་འབྱོར་བྱ་བ་ནི། ལཾས་རང་སོ་མ་བཅོས་པའི་དོན་བསྟན་ཏེ་འདི་བསྒོམ་ནི་ཤེས་པར་བཞག་པས། རང་བཞིན་གྱི་མི་རྟོག ་པར་ལྷན་ནེ་གནས་པ་ཅིག་འོང་སྟེ། དེ་ཉིད་བལྟས་ཏེ་བསྒོམ་མཁན་ངོས་གཟུང་བས་ངོས་བཟུང་དང་བྲལ་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། ཡཾ་སོ་མཆོག་ཏུ་གསལ་བ་ལ་ལྔ་སྟེ། སྣང ་བ་ཡུལ་དང་བྲལ་བས་མི་རྟོག་པའི་ཡཻ་ས་མཆོག་ཏུ་གསལ། ཤེས་པ་གང་གི་སྒོ་གང་གིས་ཀྱང་མ་བསླད་པས་གས་ལོ་བའི་ཡིས་མཆོག་ཏུ་གསལ་ལོ།། ཆོས་ཐ~ཾད་གཉིསུ་མེད་པར ་བདེ་བའི་ཡིས་མཆོག་ཏུ་གསལ། ཆོས་ཐ~ཾད་ཆོས་ཉིད་རང་དུ་རྟོགས་པས་གོལ་བ་མེད་པའི་ཡིས་མཆོག་ཏུ་གས་ལ་ལོ།། ཡིས་ལྔ་པོ་མཆོག་དུ་གསལ་བས་ནཱ། སྐུ་གསུམ་རང་བཞིན ་གྱིས་གསལ་ལོ།། ཐོ་རས་ཀྱི་རྣལ་འབྱོར་རོ།། དེ་ལྟར་ཉིན་ཞག་ཅིག་པ་ལ་རྣལ་འབྱོར་དེ་ལྟར་བྱས་པ་མ་འབྱོངས་པའི་ཚད་དང་། དུག་གསུམ་ལམ་དུ་སྤོངས་པའི་ཚད་དང་། སྐུ་གསུམ ་གྱི་དོན་བྱེད་པའི་ཚད་བསྟུན་ཏེ། ལམ་འབྱོངས་པའི་ཚད་ནི་རྨྱི་ལམ་གྱི་རྟགས་ཏེ་རྨྱིལ་བ་རྨྱི་ལམ་དུ་ཤེས་ཏེ། བདེ་བ་དང་སྡུག་བསྔལ་གྱིས་མི་གོས་པར་གནསོ།། རྨི་ལམ་ལ་བརྟེན་ནུས་ཡིས ་སྐྱེ་བས་པ་དེ་ལ་རྟེ་ནས་ཡེ་ཤེས་སྐྱེ་བས་སྣང་བ་ཐཾད་ཆོས་ཉིད་ཀྱི་གྲོགསུ་ཤར་རོ།། རྨི་ལམ་རྒྱུན་ཆོད་པས་ཐཾད་ཆོས་ཉིད་དུ་གནས་སོ།། དེ་ལྟ་བུ་དང་ལྡན་པའི་གང་ཟག་དེ་ཆོས་ཉིད་ཀྱི་དཔལ ་གནས་པས་ན་དབུགས་ཀྱི་བར་མ་དོ་ནས་སངས་རྒྱས་སོ།། ལམ་འབྱོངས་པ་ཞེས་བྱའོ།། དུགསུམ་ལམ་དུ་སློངས་པའི་ཚད་ནི་གཏི་མུག་ཆོས་ཐ~ཾད་འབྱེད་པ་མེད་པ་དེ་ཆོས་ཉིད་དུ་གནས་ཏེ ་གང་དུའང་རིག་པ་དེ་གང་དུ་ལ་མི་དམིགས་པའོ།། ཉོན་མོངས་པ་གཏི་མུག་རྟོག་པར་ངོ་སྤྲད་པས་ཆོས་ཉིད་རང་དུ་སྣང་དུ་བ་ཡིན་ནོ།། ཞེ་སྡང་ལམ་དུ་སློངས་པའི་ཚད་ནི། ཚོགས་དྲུག་གི ་ཡུལ་གསལ་བ་ལ་རང་བཞིན་མེད་པར་གནས་པ་སྟེ། ཞེ་སྡང་གསལ་བར་ངོ་སྤད་པས་ཡེ་ཤེས་སུ་གནས་པའོ།། འདོད་ཆགས་ལམ་དུ་སློངས་པ་ནི། ཕྱིའི་སྣང་བ་ཆོས་ཉིད་དུ་སྣང་བས་བདེ ་ནང་རིག་པ་ཡིས་སུ་སྣང་བས་བདེ། དེ་ཉིད་ཐ་མི་དངལ་དབྱེར་མེད་པས་གཉིསུ་མེད་པའི་བདེ་བས་འདོད་ཆགྲ་བ་དེ་འང་ངོ་སྤང་བས་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་ཡིས་སོ།། ཉོན་མོདྲ་བ་དུ་གསུམ་པོ་སྐུ་གཅུ ་དང་ཡེ་ཤེས་སུ་སྣང་བས་ན་དེ་ལས་བྱུང་བ་ཟད་སྐུ་དང་ཡེ་ཤེས་གནསོ།། ཉོན་མོངས་པ་མེད་པས་ན་འཁོར་བའི་རྒྱུ་མེད་དོ།། དེ་ཁོ་ན་མྱ་ངན་ལ་འདས་པའི་གནསོ།། མྱ་ངན་ལས ་འདས་པའི་དུསུ་ཡོན་ཏན་བསམ་གྱི་མི་ཁྱབ་སྟེ། སྐུ་གསུམ་རང་ལ་དོང་པར་འདུག་པས་ན་སྐུ་གསུམ་གྱི་སྣང་བ་ཡིན་ནོ།། གང་ལྟར་བལྟས་པས་ཆོས་ཉིད་དུ་ཤར་བས་སྤྲུལ་པའི་སྐུ། དེ་ལྟ་བུ་དང ་ལྡན་པ་2། ཕྱི་ནང་གི་སྡང་བཟད་ཀྱི་ཆོས་ཉིད་གསམ་པའི་རྐྱེན་བྱས་པས་མ་ཞིང་ཁས་རྣས་པར་དག་པའི་དོན་ཡང་ཡིན།། རང་གི་དོན་ལྷུན་གྱི་གྲུས་གཞན་དོན་བྱེད་པ་ནི་མདུན་པདུ་ཤེས་པ་སྐྱེ་བར་བྱེད ་པའི་མན་ངག་ཡིན་ནོ།། མངོན་པར་ཤེས་པ་སྐྱེ་བར་བྱེད་པའི་ཐབས་གསུམ་སྟེ། མངོན་པར་ཤེས་པ་འབྱུང་བའི་དུས་དང་། སྐྱེ་བའི་ཐབས་དང་། མངོན་པར་ཤེས་པའི་ཚད་ཀྱི་སེམས་ཅན་གྱི་དོན ་བྱེད་པའོ།། མངོན་པར་ཤེས་པ་འབྱུང་བའི་དུས་ནི། ས་རང་སྣ་བཅོས་པའི་ཆོས་ཉིད་དངུས་པའི་དུས་འབྱུང་སྟེ། དེའི་རྫས་ཀྱི་རྨི་ལམ་གྱི་དུས་ཡང་ཡིད་ཞུགས་པ་དེའི་ཡུལ་དང་། གང་ཟག་དང ་ལོང་སྤྱོད་གསལ་པོར་འབྱུང་ངོ་།། ཆོས་ཉིད་དེའི་ཚུལ་གྱི་རིག་པའི་ཡེ་ཤེས་འབྱུང་སྟེ། སྒོ་ལྔ་ཡུལ་དུ་སྣང་བའོ།། མཚན་ཉིད་བརྗོད་པ་ལ་བརྟེན་ནས། ཆོས་ཉིད་ངང་གི་དུས་དེའི་དོན་ཤེས་པ་ནི་རིག ་བའི་ཡེ་ཤེས་པའོ།། ཆོས་ཉིད་དེ་མཆོག་ཏུ་གསལ་བ་དང་། ཡིད་ཀྱི་མི་མ་ཡིན་པ་ལ་སོགས་པའི་སྣང་བ་མཆོག་དུ་གསལ་ལོ།། གང་ཟག་ཡིད་ཀྱི་མངོན་པར་ཤེས་པའོ།། མི་རྟག་པའི་ཡིས ་དངས་པ་ལ་མངོན་པར་ཤེས་པའི་རྒྱུ་དེ་རྣམས་འབྱུང་བའོ།། སྟོང་པའི་ཡིས་གསྔལ་བ་ལས་གང་ཟག་གི་མངོན་པར་ཤེས་པ་གསུམ་འབྱུང་སྟེ། ལྷའི་སྤྱན་དང་ལྡན་པས་འོག་མཱི་སྐྱོན་རིག་པའོ།། ་གཞན་གྱི་སེམས་ཤེས་པ་ཡིས་སེམས་ཅན་གྱི་དོན་བྱ་བར་ཤེས་པར་བྱའོ།། འཆི་བ་ཤེས་པའི་དུས་སུ་ཡེ་ཤེས་ཀྱི་སྟོབས་ཀྱི་འཕོ་བ་དང་འཇུག་པ་ཤེས་པའོ།། གསལ་བའི་ཡེ་ཤེས་རྫོགས ་པའི་དུསུ་འཕགས་པའི་མངོན་པར་ཤེས་པ་འབྱུང་སྟེ། ལྷའི་སྤྱན་དང་ལྡན་པས་གོང་མའི་ཡོན་ཏན་ཤེས་པ་འོག་མའི་སྐྱོན་ཤེས་ཏེ། རང་གི་སྒྲིབ་པའི་ཚད་ཤེས་པའོ།། ལྷའི་སྙན་གྱི་ཤེས ་པས་སྒྲ་ཅི་བཞིན་པ་ཤེས་ཏེ་ཐ~ཾད་ཀྱི་སྐད་ཤེས་པའོ།། གཞན་གྱི་སོམ་ཤེས་པ་ཡིས་འདོད་ཆགས་དང་བཅས་པའི་ཤེས་པ་ལ་སོགས་པ་ཤེས་པའོ།། བདེ་བའི་ཡིས་སྐྱེ་བའི་དུས། དེ་བཞིན་ག ་པ་འབྱུང་བའི་དུས་ཤེས་པ་དང་། ལུང་སྟོན་པའི་རིག་པ་ཤེས་པ་དང་། རྫུ་འཕྲུལ་གྱི་ལུས་འབྱུང་བའོ།། གོས་པ་མེད་པའི་ཡེ་ཤེས་ཀྱི་དུས་ན། སྐུ་གསུམ་གྱི་སྣང་བ་འབའ་ཞིག་ལས་མེད་དེ། ་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་པ་སྟོན་ནུས་པ་འབྱུང་ངོ་།། མངོན་པར་ཤེས་པའི་གོང་ནས་གོང་དུ་འཕོ་བ་སྟོན་པ་ནི། དང་པོ་ཏི་ངེ་འཛིན་དངས་པ་ལ་བརྟེན་པའི་མངོན་པར། ་ཤེས་པ་ཡང་འབྱུང་ངོ་།། གང་ཟག་ལ་རིག་པའི་ཆའི་མངོན་པར་ཤེས་པ་ཡང་འབྱུང་། ཉན་ཐོས་དང་རང་རྒྱལ་བའི་མངོན་པར་ཤེས་པ་ཡང་འབྱུང་། དེ་ནས་འཕགས་པའི་མངོན་པར་ཤེས་པ ་ཡང་འབྱུང་། དེ་ནས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཡང་འབྱུང་ངོ་།། དེ་ནས་དཔེ་རྣམས་ཐད་མཁྱེན་པའོ།། མངོན་པར་ཤེས་པ་ཡོང་སུ་རྫོགས་ནས་ཆོས་རྣམས་ཀྱི་ཆོས་ཉིད་དུ་ཤེས་པ།། ་དེ་ལ་རང་བཞིན་མེད་པར་བཞག་ནས་ཏི་ངེ་འཛིན་སྩལ་སྦྱངས་ནས་ཤེས་པ་གོང་དུ་འཕོ་བའོ།། དེ་ལ་ཆགས་ནས་འོག་ནས་འོག་དུ་འགྲོ་བའོ།། མངོན་པར་ཤེས་པ་མི་འབྱུང་ངོ་།། བྱང་ཆུབ་སེཾས་དཔའི ་སྤྱོད་པས་མངོན་པར་ཤེས་པས་སེམས་ཅན་གྱི་དོན་བྱ་བར་སྟོན་པའོ།། རང་གི་རྒྱུད་ལ་མངོན་པར་ཤེས་པ་སྐྱེད་པར་བྱེད་པའི་མན་ངག་གོ།། རྣལ་འབྱོར་པ་མྱ་ངན་ལས་འདས་པའི་དུས་སུ། ལྟ་བསྒོམ ་སྤྱོད་པ་གསུམ་ལ་བརྟེན་ནས་འདའ་བ་ནི། རབ་ནི་ཆོས་རྦ་སངས་རྒྱས་ཆོས་ཀྱི་སྐུར་རྟོགས་ཙམ་ན་འཆི་བ་དང་མི་འཆི་བ་གཉིས་མེད་དེ། རྡོ་རྗེ་སེམས་པའི་དོན་ལས་མི་འགྱུར་བས་དེ་བཞིན་དུ་གནས་དེ་ལ ་འཆི་བ་བརྟག་མི་དགོས་སོ།། འབྲིང་ནི་ད་ལྟའི་རྟག་སུ་གཉིད་ཀྱིས་ངར་ཉིད་མི་འབྲིབ་པས་གཉིད་འབྱུང་གྲང་གིས་ཆོས་ཉིད་མཆོག་དུ་གསལ་བས་འཆི་བས་དུས་བྱེད་པའི་དབུགས་ཀྱིས་མི་འབྲིབ་པ་ཡིན་ཏེ། ་འབྱུང་བའི་ཐིམ་ལུགས་ཀྱིས་ཡིས་མཆོག་དུ་གསལ་བ་འབྱུང་སྟེ། ས་ཚུལ་ཐིམ་པས་རང་གི་མི་རྟོག་པའི་ཡེས་མཆོག་ཏུ་གསལ། ཚུལ་མེ་ཐིམ་པས་རང་གི་སྤྱོད་པའི་ཡིས་མཆོག་དུ་གསལ། ་མེ་རླུང་ལ་ཐིམ་པས་གསལ་བའི་ཡིས་མཆོག་དུ་གསལ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་བདེ་བ་ཆེན་པོའི་ཡཻ་ས་མཆོག་ཏུ་གསལ། རྣམ་པར་ཤེས་པའི་འད་གསལ་ཆོས་ཉིད་ལ་ཐིམ་པས ་གོལས་མེད་པའི་ཡིས་མཆོག་ཏུ་གསལོ།། བསྒོམ་པའི་ངང་ལ་འཆི་བ་མི་ཚོར་སྟེ། བ་ར་མ་དོ་མེད་པར་ཡོངསུ་མྱ་ངན་ལས་འདས་པར་འགྱུརརོ།། ཐ་མ་ནི་སྤྱོད་པའི་ངང་ལ་འདའ་སྟེ། ཕྱི་ནང་གས ་བའི་འཆི་རྟགས་རྣམས་ཚང་ནས་དབུགས་དང་ཤེས་པ་བསྲེ་སྟེ། དབུགས་ཕྱིར་བྱུང་བའི་དུས་སུ་ད་ཪྴ་ཉིད་ཀྱི་ན་མཁའ་ལ་ཤེས་པ་ཙེ་ནི་བཞག། ནང་དུ་བྱུང་བའི་དུས་སུ་བྱུང་སེམས་རང་མེད་ལ་ཡེ་རེ ་བཞག། ཤེས་པ་དང་དབུགས་ཐུབ་ཚང་ཕྱིར་མི་གཏང་། ཡང་དང་ཡང་དུ་དེ་ལྟར་བྱས་པས་དབུགས་དང་ཤེས་པ་འདྲེས་ཏེ་ཕྱི་ནང་ངོས་བཟུང་མི་དགོས་པས་ཤེས་པ་དེ་དེ་བཞིན་མི་གཡོ་བར་འོང ་དེ་ཡང་རྒྱུན་གྱི་དབུགས་དང་མ་ཡིན་ཏེ་སྐད་ཅིག་མའི་དབུགས་དང་འགྲོགས་གསུང་། རིག་པ་སྟོང་པར་གནས་པ་དང་། དྲན་པ་སྟོང་པ་ཉིད་དུ་ཟིན་པ་དང་། སྲིད་པ་བར་མ་ངོན། ་སྟོང་གསལ་དུ་གནས་པ་ཡིས་སྲིད་པ་བར་མ་དོའི་སྣང་བ་མི་འབྱུང་བར་སྟོང་གསལ་རིག་པ་ཆོས་ཀྱི་སྐུ་ཆོས་ཉིད་མ་ཁྱིམ་དུ་བུ་འགྲོ་བ་བཞིན་དུ་གནས་སོ།། སྟོང་པ་གསུམ་འདྲེས་པས་ཆོས་སྐུ ་ལ་ཆོས་སྐྱ་ཐིམ་ནས། བར་མ་དོ་སྟོང་གས་ལ་ཆོས་སྐུ་ལ་རིག་པ་སྟོང་གསལ་གི་སྐུ་འབྱུང་། དྲན་པོ་སྟོང་གསལ་གྱིས་ཟིན་པས། སྤྲུལ་པའི་སྐུ་རུ་འབྱུང་སྟེ། སྐུ་གསུང་ཐ་མི་དད་པས་སྦྱིན ་གྲུབ་ཀྱི་ལྗོངས་ལ་གནས། ལུས་མེད་པ་ཡཾས་ཀྱི་ལུས་ཀྱི་མཆོག། སྐུ་གསུམ་ཡིས་ལྷ་དང་ལྡན་པར་འགྱུརརོ།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའདས། ཐུགས་ཀྱི་རྣང་བརྒྱུད ་བདེ་བ་བྷཱུ་ཏཱི་འདི། སྤྲུ་ལླ་དགའ་ར་བ་རྡོ་རྗེ་ཉིད་ལ་གནང་། རྗེ་ཅིག་འབྲས་བུ་ཐོབ་པའི་མན་ངག་འདི། ཀུན་ལ་མོ་སྟན་རང་གི་བློ་ལུ་བཅང་། ཞེས་རེ་རེ་ནས་རེ་རེས་སྨྲ་བར་བརྒྱུད། ཉན་ཞང་ལ ་དམ་པ་འདི་གཏད་པ། ཡང་དབང་གཏེར་གྱི་ཐུགས་ཀྱི་དཀྱིལ་དུ་བསྟིམ། རྡོ་རྗེ་སེམས་དཔའི་མན་ངག། སྙན་ཁུང་བརྒྱུད་པའི་རིམ་པ། ཡི་གེར་བཀོད་པ་རྫོག་སོ།། ་སྐན་ཁུང་གི་གདམས་པ་ཉི་ཤུ་ཙ་ཅིག་པ། འདི་ཁོ་ན་བསྒོམ་གྱི་གདུམས་པ་གསུང་ངོ་།། རྣལ་འབྱོར་བྱེ་བའི་རིམ་པ་གསུམ་པ། ཉིན་གྱི་རྒྱོར་ལ། དང་པོ་མ་རྟོགས་པ་ལ་རྟོགས ་པར་བྱ་རྟོགས་པ་བསྟན་པ་དང་། བརྟན་པ་བོགས་དབྱུང་བ་དང་། བསྲེ་བ་དང་། ཀླག་པ་དང་། གནན་པ་གསུམ་མོ།། བསྲེ་བ་ལ་ཤེས་པ་བསྒྲིམ་ལ་སེམས་ཟིན་པར་བྱ། ཀླག་པའི་དུ་སུ ་ཤེས་པ་ཀློད། མནན་པས་རྒྱུན་ཐོབ་པར་བྱ། མཚན་གྱི་རྣལ་འབྱོར་ལཱ། སྲོང་ལ་མཉམ་པར་བཞག་ལ། ཞག་ལ་བསམ་གཏན་གཉིས་དང་བསྲེ་བར་བྱ། ཐོ་རས་ཡེ་ཤེས་སོ་ལ་མ་བཙོས ་པར་བཞག། དེ་ལྟར་རྣལ་འབྱོར་གྱི་རིམ་པ་གསུམ་པ་དེ། ཉིན་ཞགཅིག་ལ་རྫོགས་པར་བྱས་པས་རྟོགས་པ་མངོན་དུ་འགྱུར་རོ།། ས་མ་ཡཱར་ཀན་རྫོགས་སོ།། །། ་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ལ་ཕྱག་འཚལ་ལོ།། སྤྱོད་པ་མ་ཆགས་སེམས་ནི་མཉམ་ལ་དག། ལྟ་སྤྱོད་ཡང་ཙིར་མ་གྱུར་ཟུང་དུ་འབྲེལ། རང་སེམས་དགྲ་པ་ཡེ་ཤེས་ངོ་བོར་ཤར།། ་བདེ་མཆོག་དབྱིངསུ་བདེ་སྦྱོར་ན་མཁའ་ཚེ།། ས་མ་ཡ་མ་ཧ་སུཾ་ཁ་ཧཱུཾ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོའི་སེམས་ཀྱི་རང་བཞིན་རྟོགས་པའི་དོན་ལ་ཏིང་འཛིན་དང་ལྡན་ནས། དེ་བཙའ་བའི ་ཐབས་ལ་རྣམ་པ་དྲུག་སྟེ། ཕྱི་ནང་གི་དམ་ཚིག་ཉམས་ན། ཕྱི་ནང་གི་དབྱིང་བ་བྱུང་བས་བསམ་གཏན་ལ་མཉམ་པར་བཞག་ཀྱང་མི་ཁོམ་ཞིང་ཁོམ་པའི་དུས་ན་ཡང། ་འཇུག་དཀའ་བ་དང་ཞུགས་པའི་དུས་ན་ཡང་སེམས་རིང་པོར་གནས་མི་ཚུགས་པ་དང་། སེམས་ཀྱིས་གནས་ཚུགས་ན་ཡང་ལུས་ཀྱིས་འདུག་མི་ཚུགས་པ་དང་། ཏིང་ངེ་འཛིན་ལྟ་བར་འགྲོ།། ་ལྟ་བ་ཁ་འབྱམས་ཏེ་འགྲོ། ཏིང་ངེ་འཛིན་གྱི་དྲོང་བར་སྣང་གི་ན་བྱན་བཞིན་དུ་ཇེ་སྲ་བ་ཇེ་ཡལ་དུ་འགྲོ་སྟེ་དེའི་འབྲས་བུ་ངན་སོང་གསུམ་ཁ་བརྒྱུད་པར་འགྱུར་བས། ཕྱི་ནང་གི་དམ་ཚིག་ཐཾད ་ལས་མི་ཉམས་པར་བྱའོ།། ལུང་ལསཱ་ཀྱང་། དེ་ལ་ཐ་ཚིག་ཕྱི་དང་ནང་། རང་བཞིན་ཕུང་པོ་ཁམས་བཞིན་གནས།། ཅེས་གསུངསོ།། བཙའ་ཐ་བས་གཉིས་པ་ནི། ཏིང་ངེ་འཛིན་ལ ་བསམ་དཔྱད་དྲག་པོ་སྲ་ས་ན། ཏིང་འཛིན་ཆུ་བ་རྙོགས་པ་བཞིན་འགྲོ་སྟེ། ཇི་ལྟར་མཉམ་པར་བཞག་ཀྱང་བསམ་གཏན་དག་ཏུ་མི་བཏུབ་བྱས། དེའི་སྐྱོན་གྱིས་རྟག་དུ་དགོན་པ་སྟོན་ཀྱང ་དོན་མེད་པར་འགྲོ་བ་ཡིན་པས། དེའི་བཅའ་ཐབས་ནི། སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལ་ངོས་བཟུངས་དང་བྲལ་བའི་རིག་པས་མ་ཡས་སིང་བགས་ཀྱི་བལྟ་བར་བྱའོ།། ལུང་ལས་ཀྱང ་སྣང་བ་མེད་པའི་སེམས་ཉིད་ནི།། མ་བསྩལ་བཞག་ནས་སྒོམ་པ་ཡིན།། དེ་དང་དེར་ནི་སྣ་མ་བཙལ་ན། དེ་ལས་དེ་བཞིན་དེ་མི་འབྱུང་།། ཅེས་གསུངསོ།། བཅའ་ཐབས་གསུམ་པ་ནི།། ་ཏིངངེ་འཛིན་ངོ་བོ་ཤིན་ཏུ་གུསལ་བར་གྱུར་ཀྱང་། ཤིན་ཏུ་གཏད་ཡུན་རིངས་ན། རང་གཉིས་པའི་ཡེ་ཤེས་བདལ་བ་ཆེན་པོའི་ངོ་བོ་ཉིད་ལ་གྲོམས་ཤྭས་ཆུང་བའི་དབང་གིས། རྟོག་པ ་ཕྲ་རགས་ལངས་ཀྱང་ལེ་ཤེས་ངོ་མ་ཟིན་པ་དང་བསམ་གཏན་གྱི་བྱིངས་ཆུག་སུ་འགྲོ་བའི་དབང་གིས་རིག་པ་ངོས་བཟུང་དང་བྲལ་བའི་ཡེ་ཤེས་ཉིད་ཀྱང་མི་གསལ་དུ་འགྲོ་སྟེ། ཅི་ལྟར་བསྒོམ ་ཀྱང་གཉིས་དང་བྱི་རྨུགས་ཀྱི་དབང་དུ་འགྲོ་སྟེ། བརྩོན་འགྲུས་དང་དྲུང་བུ་ཆུང་འགྲོ་སྟེ་བདེན་པ་མཐོང་དུ་མི་བཏུབ་པས། ཏིང་ངེ་འཛིན་ཡང་མ་དུབ་པ་ཙམ་དུ་བཞག་ཅིང་། སེམས་སོ་མ་སོ་མ ་ལྕེ་བསྒོམས་པར་བྱའོ།། བཅ་ཐབས་བོནི་པ་ནི། རྣལའིའབྱོར་པའི་ཏིང་ངེ་འཛིན་གྱི་ཤུགས་དང་ཏིང་ངེ་འཛིན་སཔས་མཐོ་བའི་དབང་གིས། སྣང་སྲིད་ཡིས་སུ་ཤར་ཞིང་། ཅི་མཐོང་བསྒོས ་ཀྱི་མཐུན་སྐྱེན་ལྟར་སྣང་བའི་དུས་ན་རྣལ་འབྱོར་པ་རྟོག་པ་དང་བསྒོམ་གྱི་ང་རྒྱལ་སྐྱེན་ནང་ངན་བདག་ལ་ཏིངངེ་འཛིན་གྱི་འགལ་རྐྱེན་མེད་དོ་ཞེས་སེམས་ཏེ། འདུ་ཤེས་ཀྱི་ལྷག་མ་ཡང་མ་ཟར ་འབྱུང་བའི་ལྕུག་མ་ཡང་མ་གྲོལ་བས། འཇིག་རྟེན་གྱི་ཁེ་གྲགས་དང་། འདུ་འཛི་དང་། འདོད་ཡོན་དང་བཀུར་སྟིའི་རྗེས་སུ་འབྲང་ཞིང་སྐྱེ་བོ་མང་པོའི་ནང་འདྲིམ་པར་བྱེད། ་བ་དང་། ལ་ལ་དག་གིས་དྲང་གི་འཁོར་དང་གཉེན་འདུན་ལ་མངོན་པར་ཞེན་སྟེ། གནས་དང་ཡུལ་ལ་ཞེན་པའི་འདུ་ཤེས་འགྲོ་ལ་མི་འཇིལ་བར། བདག་ཅག་རྣལ་འབྱོར་པ་ཡིན་ཞེས་ཁས་འཆེ་ཞིང ་སངས་རྒྱ་བར་གདོད་མི་ཟ་ཞེས་ཡིན་ལ་ཡང་སེམས་པར་བྱེད་པ་དང་ནི་ཤིན་ཏུ་འཁྲུལ་ཏེ་འབྱུང་བའི་ལྷག་མས་འདོད་པའི་ཡོན་ཏན་ལ་སྤྱོད་འདུ་ཤེས་ཀྱི་ལྷག་མས་ཁེ་གྲགས་ཀྱི་ཁོང་སྩལ་དང་བཅས ་ནས་ཀུན་གཞི་ལ་བག་ཆགས་བསགས་པས་མཐོ་རིས་ཀྱང་མི་ཐོ་བ་ན། ཐར་པར་ལྟ་ཅི་ཞིག་ཀྱང་སྨོས་ཏེ་གནས་ངན་གསུམ་དུ་འཁྱམས་པར་བྱེད་པས། དེའི་ཁ་ཙའ་ཐབས་ནི། དུས་རྟག་ཏུ ་དགོན་པ་བརྟེན་ཞིང་འཇིག་རྟེན་གྱི་འབྲེལ་ངོ་བཅད་དེ། ཆོས་བརྒྱད་ཀྱི་ཁུར་སྤང་བར་བྱའོ།། བཙའ་ཐབས་ལྔ་པ་ནི། རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་ནུས་པས་མངོན་ཤེས་དང་ཡོན་ཏན་མ་ཕྲ་མ ་བྱུང་ན་དེ་ལ་རྗེསུ་ཆགས་ཞིང་ཞེན་ཏེ། རང་གིས་ཀྱང་རློམ། གཞན་ལ་སྒྲོགས་པ་དེ་ནི་བདུད་ཀྱི་ལས་ཆེན་པོ་ཡིན་ཏེ་བར་ཆད་ཐད་ཀྱང་དེ་ལ་འོང་བས་དེ་ལྟ་བུའི་དུས་ན། མངོན་པར་ཤེས་པ་དང་། ་ཆེ་བའི་ཡོན་ཏན་ཐ་ལཱ་ངོ་མཚར་གྱི་དམ་པ་མི་བསྐྱེད། མི་འདོད་པའི་འདུ་ཤེས་ཀྱང་མི་བསྐྱེད། ཆགས་སྡང་ཐམས་ཅད་སྤངས་ནས། རང་གི་བསམ་གཏན་ཉིས་ལ་བརྩོན་པར་བྱའོ།། ་བཛྲའ་ཐབས་དྲུག་པ་ནི། ཐོག་མ་དགོངས་པའི་གདམ་ངག་རྣ་བའི་དབང་པོ་ལ་བརྒྱུད་ནས་མཐར་ཆོས་སྐུ་མངོན་དུ་མ་འགྱུར་གྱི་བར་དུ། གདམ་ངག་གིས་འདོར་ཐབས་དང་། ཏིང་ངེ ་འཛིན་གྱི་དམིགས་ཁྲིད་དང་དབྱིངས་ཀྱི་སྣང་ལུགས་དང་། ཡེ་ཤེས་ཀྱི་འཇུག་ལུགས་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་སྐང་སྒོར་འབྱུང་བར་ཡང་མི་བྱ་ན་ཁར་འབྱུང་བ་ལྟ་ཅི ་ཞིག་ཀྱང་སྤོས་གལ་ཏེ་སྨ་ས་ན་ལས་དང་པོ་བ་ནཱི་བསམ་གཏན་གལ་ཏེ་མེད་པར་འགྱུར་རོ།། རྡེང་ཐོབས་པ་རྣམས་ནི་སངས་རྒྱས་ཀྱི་ས་ལ་མྱུ་ར་དུ་མི་སྦྱོར་ཞིང་ལྷ་ག་ལུས་ལ་དཔུང་མི་ཐོབས ་བོདེ་བས་ལུང་ལས་ཀྱང་། རྒྱ་མཚོ་གཏིང་གི་ཕ་བོང་ལྟར།། བསྐལ་པར་བསྐབས་ཀྱང་ཁར་མི་འབྱུང་། ཅེས་སོ།། ཐོག་མ་ནས་ཐ་མའི་བར་དུ་བླ་མ་ན་རྟག་ཏུ་ཡོད་ཀྱི་ཏིངངེ་འཛིན་བྱ ་བཞིན་ཡུད་ཙམ་ཡང་འབྲལ་བའམ་འཆལའམ་སྔ་མ་སེམས་སམ། མི་དགོས་པར་མི་བལྟ། གལ་ཏེ་སྐྱོན་དེ་དག་གང་བྱུང་ཡང་བསམ་གཏན་པར་ནང་གི་རྡུལ་འཐུལ་བ་ལྟར་ཡལ ་ནཞིང་མེད་པར་འགྱུར་ཏེ། ངན་སོང་ཁ་བརྒྱུད་པར་བྱེད་དོ།། ཡང་ན་བཙའ་ཐབ་སཱ་ནི་རྣམ་པ་གཉིས་ཏེ། ཕྱི་བ་ག་ཆགས་ཀྱི་རྡུ་ལ་གྱིས་མ་འགོས ་པར་བྱ་བ་དང་། ནང་ཚུན་མའི་འཛིན་རྟོག་མི་སྐྱེ་བར་བྱ་བ་འོ།། དེ་ལ་ཕྱི་བྲག་ཆགས་རྡུལ་གྱིས་མི་གོས་པར་བྱ་བ་ནི། རང་སྡེངས་སུ་མ་གྱུར་པར་གཞན་ལ་སྟོན ་པ་དང་། ཉམས་ཀྱི་ཡེ་ཤེས་རང་གི་བླ་མ་མ་གཽ་ཏོག་སོ་གཞན་ལ་བླ་ས་ན་རྡུལ་གྱིས་གོས་བྱ་བ་ཡིན་ཏེ་མེ་ལོང་གཡས་བསྐོད་པ་འམ་ནུས་སྱ་བརྙོགས་པ་བཞིན་དུ་ཏིང་ངེ་འཛིན ་མེད་པར་འགྱུར་རོ།། ནང་མཚན་མའི་རྣམ་རྟོག་སྐྱེས་པ་ནི་གསུམ་སྟེ། བླ་མྱ་ལ་མཱ་དང་པ་དང་། ཐེ་ཚོམ་སྐྱེས་པ་དང་། བྱསམ་གཏན་གྱི་དགྲའོ།། བས་མ་ཏན་གྱི་དགྲ་ནི་གཉིས་ཏེ། ་བྱིང་བ་དང་། རྒོད་པའོ།། དེ་ལ་བྱིང་བ་ནི། ཏིང་འཛིན་མི་གསལ་བའོ།། དགོད་པ་ནི། རྣམ་པར་རྟོག་པ་རང་ཀ་མ་ལ་འཕྲོ་བའོ།། དི་བཙའ་བའི་ཐབས་ནི། དང་མི་ཡེངས་པ་དང་། ་སྔོན་གྱི་གདམ་ངག་རྗེསུ་དྲན་པའོ།། བྱང་ཆུབ་ཀྱི་སེམས་བཅོས་ཐབས་མདོར་བསྡུས་པའོ།། རྫོགས་སྷོ།། མངྒ་ལཾ། ་