CLOSE WINDOW

Gbr005.4: chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud
Wyliee-texts produced with BDRC’s OCR application

ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུབ་བྱུང་དུ་དབང་བསྐུར་བའི་རྒྱུད་བཞུག་སྷོ།། ། ་མྱུག་སྐད་དུ། སརྦདྷ་མ་ཙི་ཏཱ་ཛྙཱ་ན་སིད་དྷི་དྷཀྵཱ་ཡ་ཙར་ཨ་བྷི་ཤིནི་ཨ་ཏྲ~ཾ་ཏྲ། བྲེད་སྐད་དུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱལ་པོ་ཞེས་དངོས་གྲུ ་རང་འབྱུང་དུ་དབང་བསྐུར་བའི་རྒྱུད། རིག་པའི་རྒྱལ་པོ་ཀུན་གསལ་བའི།། དྲན་པ་ཐམས་ཅད་ཏིང་འཛིན་མཆོག། བྱ་བྱེད་ཡེ་ཤེས་སྐུར་གསལ་བའི།། མ་ལུས་འགྲོ་དོན ་རྡོ་རྗེ་སྒྲུབ།། འདོད་པ་ནོར་བུ་གཙུག་གི་རྒྱན།། རིག་པའི་གཏེར་ཆེན་མུ་ཁའི་གདོང་།། ཚད་ལས་འདས་པ་སྐུ་གསུང་ཐུགས།། ཐབས་ཀྱི་རྒྱལ་པོ་དབང་བསྐུར་བ།། བསྟན་པ་བཅུང ་དུ་རྫོགས་བྱེད་པའི།། སེམས་དཔའ་རྡོ་རྗེ་ཡིད་ཀྱི་བདག། འགྲོ་བཐུགས་སུ་སྨིན་བྱེད་དེ།། ཐའི་སྙིང་མ་ལ་དགོངས་པ།། གསང་བའི་རྡོ་རྗེ་འཆང་ལ་མོས།། བསྟན ་པ་གསུམ་གཉིས་མཐའ་ཅན་གྱི།། དུས་སུ་རྒྱུད་དྲག་མོས་ཆུང་བས།། ཆོ་ག་གཅིག་དོན་ཀུན་རྫོགས་པོའི་བདག། ལུང་གསུམ་ཅིག་འདུས་རྒྱུད་པ་ཡི།། དགུ་རུམ་སྦས་པ་སེམས་ཀྱི་གཏེར ་ལོང་བ་ཨུ་ལུ་པྲ་ཤྭ་ཀས།། འཇུག་ཅིང་སྤྱང་པའི་ཉི་མ་མེད་པས།། སྨོན་ལམ་རྗེས་ཆགས་རྣལ་འབྱོར་ལ།། ཚིག་འབྲེལ་རྐྱེན་ཀྱི་མི་རྟོགས་ཀྱང་།། འཕྲུལ་གྱི་མེ་ལོང་སྒོ་དགུ་བཞིན། ་རྟོགས་མེད་མཐོང་བའི་ལྡུམ་སྤྲད་དེ།། སྐོམ་མེད་དོན་གྱི་གཟེར་ཆེན་བཏབ།། བགྲོད་མེད་རྟོག་པའི་འཇིམ་ལས་བསྐལ།། ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མ་འདི།། མ་ཧཱ་དེ་བས ་རིགས་སུ་བལྟས་པ་བཞིན།། རྡོ་རྗེ་སེམས་ཚིག་ལམ་གྱི་ལྡེ་མིག་སྟེ།། འཕྲུལ་གྱི་རྒྱུད་པའི་ཟམ་པ་མ་ཆད་པར།། དབང་པོ་ལྷའི་དྲིན་གྱི་རྩ་གསུམ་གནས།། དེ་རུ་མཐོང་ནས ་འཛམ་གླིང་འཇིང་དུ་བཅས།། ལག་ན་རྡོ་རྗེ་མངོན་དུ་དབང་བསྐུར་ཏེ།། དུས་མཐའ་ཉིད་ཀྱི་རྒྱལ་བའི་ས་ལ་བཀོད།། འཕྲུལ་མིག་རྒྱུད་པའི་རྡོ་རྗེ་ཟམ་པ་ཡིན།། རང་བྱུང་ལྷུན་རྫོགས་ཆེན་པོ་ལ།། འདོད་པའི ་དོན་ཀུན་རེ་བ་མེད།། ཐམས་ཅད་རང་སེམས་དྲག་པ་ལ།། གནས་ཀྱི་མཎྜལ་སྐྱེད་པ་མེད།། རང་འབྱུང་ཡེ་ཤེས་འོད་གསལ་ལ།། རྩོལ་བའི་ལྟ་བ་རྟོགས་ལས་འདས།། ཐ~ཾད་ཅིག་པའི་ཕྱག ་རྒྱར་གསལ།། བསམ་བརྗོད་བྲལ་བའི་ཏིང་འདྲེན་མཆོག། མི་འགྱུར་མཆོག་གི་དངོས་གྲུབ་སྟེ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐོད་པའི།། རྫོགས་ཏེ་རང་བཞིན་ལྡན་གྱིས། ་གྲུབ།། ཐམས་ཅད་བདག་ཉིད་རང་དབང་ལས།། བསྐུར་བའི་ཆ་གཉིས་མི་རྟོག་ཀྱང་།། བརྡའ་དོན་སྒྲོལ་བའི་མན་ངག་སྦྱིན།། རེ་དོགས་བྲལ་བའི་སེམ་སྣ་ལ་བསྟུན།། འབྱུང་འཇུག་མེད་པའི ་སེམས་ལ་ཐིམ།། དྲན་པ་སེམས་ཀྱི་མུན་ངག་སྦྱིན།། རྟོགས་པ་རླུང་ག་དྲན་སྐྱོང་ཅིང་།། མཚན་མའི་སྤྲོས་པས་མཚུལ་བ་ལ།། བདེ་བ་ཐིག་ལོའི་མན་ངག་སྦྱིན།། སེམས་ཀྱི་རྣམ ་གྲངས་གང་དང་གང་།། དེ་དང་དེའི་རྗེས་འཛིན་པར།། རྡོ་རྗེ་ཟབ་པ་མཚང་པར།། བླ་མ་རིན་ཆེན་སྲོག་འགྱུར་དེས།། དེ་དེའི་སྒོ་ནས་གཏེར་ཁ་དབྱེ།། དེ་ཉིད་སྒོ་ཀུན་བྱེ་བ་ཡིན། ་དབྱིག་གི་རྫས་དང་ཕྲད་བ་ཡིན།། དཔེར་ན་ལྷའི་ནོར་བུ་ལ།། མཎྜལ་རྩེགས་པའི་སྒོ་བཞི་ཡོད།། གང་ནས་ཕྱེ་ཡང་དེ་ཉིད་ཐོབ་པར་འགྱུར།། འདི་ནི་ཐེབས་རྒྱལ་རིན་ཆེན་ཏེ།། རྒྱལ་དང་། ་བྲལ་བའི་དངོས་གྲུབ་ཡིན།། རྒྱུ་འབྲས་མེང་པའི་མཐར་ཕྱིན་ཡིན།། སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན།། ཐ་སྙད་བྲལ་བའི་དོན་མཚོན་ཡིན།། ལས་གཞི་བྲལ་བའི་དོན་འགྲུབ་ཡིན།། འཆི་བྲལ་སྟོན་པའི ་ལྟེ་བ་ཡིན།། འདའ་བ་མེད་པས་དམ་ཚིག་ཡིན།། རྟོགས་འཛིན་སྤངས་པས་སངས་རྒྱས་ཡིན།། ཐམས་ཅད་རོལ་པས་འཁོར་བའང་སྟེ།། ཐེག་པའི་རིམ་པ་མ་ལུས་དང་།། རྒྱལ་བའི་ཐུགས་བཅུད་དངོས་ཀྱང ་ཡཱནི།། ཐམས་ཅུད་ཅིག་དངོས་ཀུན་གྱི་བདག། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། ཐུགས་ཀྱི་རྣག་པའི་དམ་པའི་ཐབས།། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན།། འདི་ལ་ངོས་བཟུང་ཡང་དག་མེད།། ་ཏིང་འཛིན་སེམས་ཀྱི་རིམ་རྩོལ་མེད།། ལུས་དང་ངག་གི་བྱ་བརྩལ་མེད།། གང་ལ་དམིགས་ཀྱང་རྣམ་བྲེལ་མེད།། གཞན་དུ་སྣང་ཡང་གཉིས་སྣང་བྲལ།། སྐྱེ་འཇིག་བྱུང་ཡང་འགག་བྲལ་མེད།། གནས ་དང་བྲལ་ཡང་རྟེན་པ་མེད།། ཡུལ་དུ་སྣང་ཡང་འགག་པ་མེད།། ལོངས་སྤྱོད་ལྡན་ཡང་ཆགས་པ་མེད།། བྲལ་བར་འདོད་པ་མཆོག་དང་ལྡན།། འོད་ནི་རྡོ་རྗེ་ལས་མཆོག་སྟེ།། སྐལ་ལྡན ་འབད་པ་མེད་པར་གྲོལ།། རྒྱལ་ཐབ་སོ་རིན་ཆེ་ན་དབང་།། སྤྱི་བླག་ཚངས་པའི་དབང་ཞེས་བྱ།། སེམས་ཉིད་རིན་དབང་ཅིག་གིས།། བསྐུར་མེད་རྫོགས་པར་བྱིན་བྱས་པས།། བདེ་བ་ཕྱག་རྒྱའི་དབང་ཐོབ་སྟེ། ་ཞིང་ཁམས་གཉིས་པ་བདེ་ལོངས་སྤྱོདང་།། ཀམ་ཆགས་ལྔའི་སྦྱོར་བ་ཡི།། འདོད་ལ་མོས་པའི་དངོས་གྲུབ་རྩོལ།། སྤོངས་ལེན་བཅས་པའི་ཏིང་འདྲིན་གྱིས།། རེ་དོ་འབྲས་བུ་དངོས་དང་བཅས།། འཐོབ་པ་རང་ལས ་མ་ཡིན་ན།། གྲོལ་བང་བྱུང་གཞོན་ལས་མིན།། འདོད་ལ་མི་རྟེན་པ་རྒྱུ་རྟེན་ཅན།། བཀའ་རྟགས་ཚི་གེ་གི་དབང་བསྐུར་ན།། ང་རྒྱལ་འཛིན་པའི་དབང་ཐོབ་སྟེ།། དགྲ་བཅོམ་ས་ལ་འཇུག་པར་ནུས ་འཛིན་བྲལ་བའི་ཡེ་ཤེས་ལ།། བདེན་བཞི་གསྔལ་བའི་དབང་བྱིན་ཞིང་།། རྟེན་པ་ལས་ཀྱི་རླུང་བཟུང་སྟེ།། ཆུ་བཟར་འབད་པའི་ཐིཐགས་པ་འམ།། རླུང་གི་སྐྱོད་པའི་རྨ་ག་རྒྱུ་འམ།། རྒྱ་མཚོ་ཆུ་ལ་ཆུའི་ཆོས ་སྐུས་ཤིང་ཏོལ་མར་སྦྱར་བཱ་ལ།། ཞུག་དྲུག་གཉིས་འགྱུར་གསུམ་འགྱུར་ཞིང་།། བདྲེན་པ་གཏན་པར་ཕེབས་འགྱུར་ཏེ།། བདེན་པ་བཞི་ལ་རིམཱ་ཀྱི་སྦྱར།། ཡུན་དང་བཅས་པ་དེ་བཞིན་བྱ།། སྡུག་བསྔལ་ན ་བའི་རྒྱུན་ལ་བྱ།། ཡིད་བརྟན་འཛིན་པ་ཟློག་པ་ཡིན།། སྟོང་པའི་དངོས་པོ་དེ་ཉིད་ཡིན།། བདག་མེད་དམིགས་དང་བྲལ་བས་སོ།། རིམས་ཀྱི་ཁ་ཟས་བྲལ་བྱས་ཏེ།། ཟླ་བ་གསུམ་འགྱུར་ཚུན་ཆད་དོ།། ་ཟག་པ་ཟད་ནས་དབུགས་ཀྱི་དགང་།། དབུགས་དང་ལྟེ་བ་སེམསུ་བཅང་།། ལོ་གཅིག་བར་གྱི་འབྲེལ་པར་དགང་།། དབུགས་ཀྱི་འགྱུ་བའང་དེ་ནས་ཟད།། སེམས་ཀྱི་འཛིན་པ་དེ་ནས་ཉམས། ་དུས་དང་འབྲེལ་ནས་རྐྱེན་དབང་བསྐུར།། བྱང་ཆུབ་སེམས་དཔའ་བློ་ཅན་གྱིས།། འདུལ་བའི་སྡོམ་པ་དམ་མནོས་ཏེ།། བདེན་གཉིས་རྟོག་པས་ལམ་བསྟན་ཏེ།། སེམས་ཅན་རྒྱུད་ཀྱི་མཚན་རྟོགས་ནས།། ཞི་གནས ་འབྲེལ་པའི་གནས་དྲུག་སྦྱར།། ལྷག་མཐོང་གསལ་བའི་སྐབས་གསུམ་བགོད།། ཞི་གནས་བརྟན་པའི་གནས་རྙེད་ནས།། ཏིང་འཛིན་རྣམ་གཉིས་ཟུང་དུ་སྦྲེལ།། སྟོང་པའི་ནམ་མཁའ་དེ་ཉིད་བྱ།། ཟླ་བ་གཅིག་གི་རྟེན་འགྱུར། ་ན།། དེ་ཉིད་སྟོང་པར་རྟོག་པར་བྱ།། དེ་ཉིད་སྟོང་པའི་རླུང་ཆེན་ལ།། ཕལ་ཆེར་དབུགས་ཆེན་འབྱིན་པ་སྟེ།། སྐལ་པ་དུ་མ་འང་གནས་པ་སྲིད།། སྨོན་ལམ་སྟོབས་དྲག་མྱུར་དུ་འགྲུབ།། སྐུ་འབྱིན་ལྡན་པའི་ཕྱག་བརྐྱང ་ནས། ཕྱག་གི་གདུགས་ཀྱི་བཀབ་ནས་ཀྱང་།། ཞི་ནས་རྟེན་པའི་དབྱིངས་ལས་བསླང་།། མཚན་མ་ཐབས་ཀྱིས་བརྟན་བྱས་ཏེ།། མཚོན་པ་སྐུའི་བརྒྱན་ལྡན་བྱས།། བདེ་གཤེགས་ཞིང་ཁམས་ཀུན་ཏུ་བསྒྲགས། ་རྡོ་རྗེ་བུམ་པ་ན་བཟོའ་དང་།། རང་རྟགས་ཕྱག་རྒྱའི་དབང་སྐུར་ཏེ།། རིག་པ་མཆོག་གི་དབང་རྣམས་བསྐུར།། འདོད་ལ་མོས་པའི་ཚིག་ཡིན་པས།། ང་རྒྱལ་བདེ་བའི་མཚན་མ་མཐོང་།། རྒྱལ་པོ་ཕྱིའི་རྟགས ་ཅན་ལ།། ལྷ་དང་ཡི་གེ་མངོན་འདོད་པས།། སྟོང་ཉིད་རྣལ་འབྱོར་མཚན་མ་ཅན།། དངོས་པོ་གཉིས་ཀྱི་ལྟ་བྲས་བཅིངས།། བདེ་བ་ཆེན་པོ་སྲོག་དང་བྲལ།། བཀའ་རྟགས་དགུ་དང་བཅཝོ་བརྒྱད་ལྔ་ཡིས།། ལུས་སེམས ་རྟོགས་པའི་ང་རྒྱལ་སྐྱེད།། ཏིང་འཛིན་སེམས་ཀྱི་སྨོན་པ་འདིས།། དངོས་པོ་སྨན་དང་སྔགས་སྦྱོར་གྱིས།། འཇིག་རྟེན་གསུམ་གྱི་བྱ་བ་བསྟན།། དོན་དང་སྤྱོད་པ་མི་མཐུན་ཡང་།། བློའི་རིམ་པ་དྲང་བ་དང་།། ཐབས་ཀྱི་བདག ་པོར་དབང་སྐུར་བས།། གཙང་མའི་ལག་ན་རྡོ་རྗེ་དང་།། དཔལ་འབྱུང་ལག་ན་རྡོ་རྗེ་དང་།། དཔལ་བརྟུལ་སྟོབས་ཀྱི་རྡོ་རྗེར་སྤྲུལ།། རིགས་གསུམ་རིགས་བཞི་རིགས་ལྔ་དང་།། དེ་བཞིན་རིགས་གཅིག་རིགས་སྟོང་དང་།། ་འདོད་བའི་ལྷ་རུ་ང་སྤྲུལ་ཏེ།། བློ་དང་འཐུན་པའི་བསྟན་པ་བྱིན།། ཁ་བློན་ཆེན་པོ་སྒྲར་ཚིག་དང་།། བར་ན་སེའི་ཆོས་མེ་བཞིན།། སྙིགས་མའི་ཞིང་འདུལ་དེ་བཞིན་ནོ།། འདི་རྒྱུད་པ་ཡི་སྦྱོར་བ་ཡ་སྟེ།། དངོས་འཛི ་རྟོག་པ་སྤང་བར་བྱ།། བ་རན་སིའི་བསིལ་ཁང་དུ།། གཙང་མའི་ལག་ན་རྡོ་རྗེ་ཡིས།། ལག་མཐིལ་གཙང་མའི་དྲིས་བྱུག་ནས།། རིགས་གསུམ་སྟོབས་ཀྱི་དཀྱིལ་འཁོར་བྲིས།། དམ་པོ་གསུམ་ལ་དག་པར་བསྟན ་འཕྲུལ་གྱི་མེ་ལོང་དགུ་བཀྲམ་སྟེ།། དམིགས་པས་དངོས་པོའི་རྟོག་པ་སྤངས།། ལྷའི་མངོན་རྟགས་ལག་ཏུ་གཏད།། གང་བའི་ས་ལ་ངེས་བཀོད་དོ།། དེ་ཡང་བཅོས་མའི་སྦྱར་བ་ཡིན།། རིན་ཆེན་ལྷུན་གྲུབ ་རྩེགས་པའི་ཁང་།། རི་བོ་འབར་བའི་རྩེ་མོ་ལ།། དཔལ་འབྱུང་ལག་ན་རྡོ་རྗེ་ཡིས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབར།། རང་བཞིན་དཀྱིལ་འཁོར་སྔོན་དུ་བྱུང་།། དམ་པ་ལྔ་ལ་ལུང་དུ་བསྟན།། ལྷ་བྲག ་རྡོ་རྗེའི་རྫོང་ཕུག་ཏུ།། གཙང་མའི་རིག་འཛིན་བྲལ་ལ་འཁོད།། དེ་ཡང་བཅྡོཾས་མའི་དཀྱིལ་འཁོར་ཡིན།། ཏིང་འཛིན་སྨོན་པའི་སྦྱོར་བ་སྟེ།། དབང་རྟགས་སྦྱོར་བསྲ་ང་རྒྱལ་སྨིན།། མཉམ་ཉིད་ལྟ་བའི་ཚིག་འཛིན ་ཅིངས།། སྤྱོད་པ་མཉམ་པའི་ཚིག་ལས་འདས།། དམ་ཚིག་ལྡན་པའི་ལམ་གཞི་ཅན།། ལྟ་དང་རྒད་དང་འཁྱུད་པ་བཞིན།། སྦྱོར་བའི་དམ་ཚིག་བསྟོན་པ་ཡིན།། ཞིང་བཅས་བསྒྲལ་བའི་གནས་རྣམས་ནི།། ་ལྷ་རུ་བསྒྱུར་དང་གཙོ་བོས་བསྒྲལ།། བདག་གི་ཏིང་འཛིན་སྦྱོར་བ་ཡིས།། བསྒྲལ་བས་སྤྱོད་པའི་དམ་པར་འདོད།། ཕྱི་བའི་རྣལ་འབྱོར་ཏིང་འཛིན་རྣམས།། རིམ་པ་ཇི་བཞིན་མངོན་འདོད་དེ།། ལྷ་དང་བཅས་པའི་ཡན་ལག་རྣམས།། ་ཏིང་འཛིན་སེམས་ཀྱི་སྔོན་བྱ་སྟེ།། བཅོས་མའི་དཀྱིལ་ལ་རྟེན་ནས།། ཕྱི་རྟགས་ཡིད་སྨོན་དབང་བསྒྱུར་ཡང་།། རང་བཞིན་ལོམ་དང་འཕྲང་མི་འགྱུར།། བཅོས་མའི་སྦྱོར་བ་ཡན་ལག་གཞན།། རྣལ་འབྱོར་ནང་གི་བརྟག་བཏ ་བརྒྱལ་ཐུགས་སྲུང་པོ་གཅོར་བླང་ངས།། བརྟེན་པ་སྦྱར་བ་བཙཚར་བ་ལགས།། དྲིང་ང་འཛིན་པའི་སེམས་ཀྱིས་སུ།། མཉམ་ཉིད་རྗེརྗེའི་སེམས་ལ་གནས།། ཡིགན་རྡོ་རྗེའི་བརྒྱས་ཤུགས་ཀྱིས།། བློ་དང་མཐུན་པ ་དོན་སྐྲགས་ཏེ།། སུམ་ཅུ་རྩ་གསུམ་ལྷ་ཡི་གནས།། ཆོས་བཟང་ལྷའི་ཕོ་བྲང་དུ།། མཆོད་སྡོང་གཙུག་གི་མེ་ཏོག་དང་།། རྡོ་རྗེ་གསང་བའི་མེ་ཏོག་དང་།། ལྷ་མོ་བརྒྱད་ཀྱི་མེ་ཏོག་གིས།། རྡོ་རྗེ་འཛིན་ལ་མངོན་གཏག།། དགྱེས་པས་ཕན། ་སྟེ་འཛུམ་པ་ཡིས།། མདངས་ཀྱི་ལྟས་ཏེ་དཀྱིལ་འཁོར་ཡང་།། སྣོད་དང་འཚམ་པར་རིམ་པར་སྦྱར།། དད་དང་ལྡན་པའི་མོས་པ་ཅན།། སྨོན་པའི་སྦྱོར་བ་ངེས་འཕངས་པ།། དེ་བ་མ་ཧཱ་ཤྲི་ཅན་དང་།། བརྒྱ་བྱིན་འཁོར་གྱི་བུ་ཐོབ་པོ།། ་ལྷ་ལྔ་རིགས་དང་མཉམ་སྦྱར་བས།། གཟུགས་བརྙན་དཀྱིལ་འཁོར་མངོན་དགའ་བའི།། ཡེ་ཤེས་གཟུགས་བརྙན་མངོན་ཤར་བ།། བུམ་པའི་དབང་བྱིན་སྲས་སུ་བྱས།། མི་ལྡོག་ས་ལ་དེ་ནས་བཀོད།། དེ་ནས་འཁོར་གྱི་གཙོ་བོ་ཡིས ་གནང་བ་ཞུས་ཏེ་བཀའ་བོཞིན་བསྒྲུབས།། སྣོད་བཅུད་རྟག་པ་ཐོས་བསམ་གྱིས།། གྲོལ་བའི་ཏིང་འཛིན་སྦྱོར་བ་སྐྱེད།། ལྡང་བའི་སེམས་ཀྱི་དེས་སྐྱེད་ནས།། གསང་བའི་ཡེ་ཤེས་གུས་བསྟོད་ཞུས།། དེ་ནས་དབང་པོ་ཁྲོ་ལ་འཛེག ་ཚུལ་དང་འཐུན་པའི་མོས་བསྐྱེད་།། ཚུལ་དང་གསང་བའི་མེ་ཏོག་མཐོར་འཐུང་མཆོད།། གསང་བའི་གཟུགས་བཙུན་དཀྱིལ་འཁོར་དུ།། མཚོན་པོའི་གཟུགས་བརྙན་དེར་བཞག་སྟེ།། གསང་བ་ནང་གི་རིག་འཛིན་དུ།། ངེས་པར ་ལྲྀང་སར་མིང་པོག་སྟེ།། འདུ་ཀྱི་མྱོང་བ་ཟདང་བྱས།། མདག་འརྒྱར་ཆུས་པའི་སྐབས་རྙེད་ནས།། རྡོ་རྗེ་ཕྲིཆེན་ཐག་ཏུ་སྤྱོད།། ལྷ་མ་འབར་བ་ལ་ལ་བཞིག། ལ་པ་རྒྱ་དགུ་སྤྱོད་པ་བསྟན།། ཁནམ་ཐོ་མ ་རྣམས་ལ་ལ།། བག་མེད་སེམས་ཉིད་རོལ་པར་བྱ།། བདེ་བ་མྱུ་གུའི་རིག་འཛིན་ཏེ།། དོན་དམ་བདེན་པ་རྟོགས་པ་ཡིན།། སྟོང་ཉིད་བདེ་བའི་མིན་ངག་སྦྱིན།། རོལ་པ་ཀར་བཅུ་གཉིས་བསྟན།། སྒྱུར་བའི་མན། ་ངག་རྣམ་གསུམ་བསྟན།། བཀུག་དང་མཉེ་དང་བསྡམ་བུ་དང་།། གཟུང་དང་སྤྱད་དྲང་བཅིང་བ་དང་།། སྤྱད་དང་གར་གྱི་ཕྱག་རྒྱ་དང་།། གཉིས་བཞི་ལྡན་པའི་ཐབས་ཆེན་གྱི།། དམ་པའི་བདེན་པ་མངོན་དུ།། སྟོང་པ་དེ་ཉིད་ཚུལ་ལ ་གནས།། སྔགས་ཀྱི་སྤྱོད་པར་བྱིན་གྱིས་རློབ།། ཚེའི་རིག་འཛིན་དབང་ཐོབ་སྟེ།། འཆི་བ་མེད་པའི་ཚེ་དང་སྦྱར།། སྲས་ཀྱི་མཐུ་བོར་ཉེར་བཞག་ལཱ།། བུམ་པའི་ཁ་ཐོབ་རྩིབས་བརྒྱད་འབར།། སུམ་བཅུ་རྩ་གསུམ་གནས་ཆེན་པོ ་སྤྲུལང་རྒྱ་བྱིན་གནས་སྦྱར་ཏེ།། བརྒྱ་བྱིན་བུ་མོ་གྲགས་ཆེན་མོ།། ལྷ་རྒྱལ་ཀུན་གྱི་གཟུངས་ཆེན་ཏེ།། བདེ་བར་མཆོད་ནས་ཉེ་བར་བཞག། གཟུགས་བརྙན་གསང་བའི་དཀྱིལ་འཁོར་དེ།། ཆགས་པ་བདེ་བའི་ས་བོན་ཞིང་།། བདོད ་བའི་ཡུལ་དུ་གདབ་པར་བློ།། གཉིས་མོད་ཡེ་ཤེས་ཀློང་དུ་འཆར།། འདོད་ཆགས་སྲེག་པའི་མེ་ཡིན་ཏེ།། རྡོ་རྗེས་རླུང་པོ་སྙིང་པོ་བཀུལ།། དབྱིངས་ཕྱག་འཁོར་ལོ་མེ་ཡི་སྲོ།། ཐིག་ལེ་རྫོགས་པ་བྱེད་ནས་བསྐུལ།། རྩ་མདུང་དངས ་སམ་རྒྱས་འགྱུར་ན།། ཇི་ལྟར་འདོད་པ་བདེ་བ་འབྱུང་།། ཡེ་ཤེས་འདྲེས་པའི་ཐིག་ལེ་ཅན།། དབུག་རྔུབ་བསྡུ་བའི་མནི་ངག་སྐྱོན།། རྡོ་རྗེ་འཛིན་པའི་རིག་འཛིན་ཡིན།། ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ།། སེམས་དཔའི་བསྐམ ་ལུང་ཕོག་སྟེ།། གནས་མེད་དཀྱིལ་འཁོར་དམ་པར་བཞུགས།། དེ་ཉིད་དཀྱིལ་འཁོར་དེར་བཞུགས་ནས།། རང་བཞིན་དཀྱིལ་འཁོར་ལ་གསལ་དུ།། དོན་འགྲུབ་ལས་ཀྱི་དབང་བསྐུར་ཏེ།། རྒྱལ་ཚབ་སྐྱེས་བུའི་སར་བཞག་ནས།། འབུམ་ཕྲག ་གསུམ་གྱི་བསྟན་པ་སྒྲགས།། ཆོས་ཀྱི་འཁོར་ལོ་གསུམ་གསུངས་ཏེ།། བཅོས་མི་སྦྱོར་བ་འདི་ཡིས་ནི།། རྣལ་མའི་དངོས་གྲུབ་རྙེད་མ་ཡིན། བརྟུལ་ཤུགས་སྤོངས་ལེན་བྱེད་པའི་དབང་།། འདི་ཡོས་དེ་ཉིད་མ་ཐོབ་སྟེ།། དཔེར་སྤྲེརུ་རྒྱ ་པོ་བཞིན།། སྦྱར་བ་གཞན་གྱི་དངོས་མི་འགྱུར།། འདི་དག་བཅོས་མའི་སྦྱོར་བ་སྟེ།། སྨིན་ཀྱང་འབྲས་བུ་མི་འགྲུབ་སྟེ།། བུལ་བི་རའི་འབྲས་བུ་བཞིན།། བཅོས་མའི་སྦྱོར་བས་དངོས་མི་འགྱུ།། བ་ར་ན་སེའི་ཀློང་ཕུག་ཏུ།། ཤ་རའི་བུ་ཡི་ཀློ།། ། ་སྟོན་པའི་ས།། ན་ཏའི་བུ་གསུམ་དབང་བསྐུར་ཏེ།། ཚེ་བསྟོད་དགྲ་བཅོམ་ཟག་པ་ཟང་།། ཚེ་སྨད་ངན་སོང་གསུམ་དུ་ལྷུང་།། བྱ་རྒོད་ཕུང་པོའི་འགྲམ་ལོགས་འདབས།། དགོན་ཕུགས་བྱེ་མའི་འདབ་སྣ་རུ།། དངོས་པོར་ལྟ་བའི་རིགས་ཅན་སྟེ། ་བྲམ་ཟེ་ལ་རྒན་མོའི་བུ།། དགེ་སློང་སེ་རི་བྱ་བོ་དེ།། ང་ནི་སྡུག་བསྔལ་ཟག་པ་ཟང་།། རྒྱལ་ཚབརྗེ་ལུས་ས་འཛིན་ཟེར།། དགྲ་བཅོམ་ལྔ་བརྒྱ་སྟོང་གཅིག་འདུས།། སྐྱེས་བུ་ཆེན་པོར་དབང་སྒྱུར་བས།། འཁོར་བའི་གནས་དགུར་རྒྱུད།། བརྟན་ནི ་ཚིག་གི་དབང་འདི་ནི།། འདོད་ལ་མོས་པའི་སྐམ་ཆགས་ཅན།། རྒྱལ་ཚབ་མའི་བདེ་འཐོབ་པའོ།། འགའ་འགའི་རྒྱ་མཚོ་མདོ་ལེ་ལ།། འདོད་དཔོན་བློན་གྱི་བུ་ཟོ་འོ།། བྲམ་ཟེ་ནོར་གྱི་རྒྱལ་མཚན་འཛིན།། ཕྱིའི་རྡོ་རྗེ་སྔགས་འཛིན་པ།། བཀའ་སྟགས ་ཚིག་གི་དབང་བསྐུར་ཏེ།། བདེན་པ་ཚིག་གི་ནུས་པ་བཞག། འཁོར་བའི་རྒྱ་མཚོ་རྒལ་མ་ནུས།། བསྐུར་བ་ཐོབ་པའི་དབང་རྣམས་ནི།། ཟག་བཅས་ནུས་མཐུས་འཁོར་བའི་ཆོས།། ཤར་ཕྱོགས་ཨིན་ཏྲའི་ལུང་བ་ནཱ། ་རྒྱ་ལུང་རྡོ་རྗེ་རྩེགས་པ་རུ།། རིགས་ཅན་ཨི་ནི་ཏྲ་བེ་དྷི་དང་།། སག་རྒྱལ་པོའི་བུ་ཐོ་བོ།། ཀླུའི་བུ་མོ་རྒྱ་མཚོ་དང་།། སིང་ང་ཨུ་པ་ལ་དང་།། ལྷའི་བུ་ནི་དགེ་བ་ཅན།། དྲི་མེད་པའི་འོད་ལ་སོགས།། ཆོམ་བུ་ལྔ་བཅུ་སྟོང་དང་སོགས།། ཕྱག་ན་རྡོ་རྗེ་མངོན ་སྒྲུབས་ཏེ།། སྤོང་ལེན་བརྟུལ་ཤུགས་སྤྱོད་པའི་དབང་།། དགེ་བར་བསྐུར་ནས་སྡིག་པ་མེད།། གནང་བ་སྒྲུབ་ཅིང་ལུང་ལ་རྟེན།། དེ་ཡང་སྤྱོད་ལོག་དངོས་གོལ་ཏེ།། མཚན་མ་གཡོན་གྱི་ལཾ་ལ་ཞུགས།། ཀམ་ཆགས་རང་ཀ་སྲེག་པ་སྤོངས།། ཆ་ཌ ་པི་གཡོན་གྱི་ལམ་གྱི་ཁྲིད་།། བདེ་ཚོན་ལམ་དང་དེ་དྲལོ།། རྒྱ་ཕུག་འཁོར་ལོ་རྩིགས་པའི་ཁང་།། འདའ་ན་ཀོ་ཤ་ལིང་ཕུག་ཏུ།། གསེར་གྱི་བྲེག་ཕུག་ཡུ་བ་ཅན།། དེ་ནང་རྡོ་རྗེ་གདན་སྙིང་སྟེ།། རིན་ཆེན་འབར་གསལ་བྱེད་ཀྱི།། ཕྱོགས ་མཚམས་རྒྱས་པའི་གུར་ཕུབ་ཏུ།། ཡི་གེ་མེད་པའི་འབྲུ་གསུམ་སྟིམ།། སྣ་རྒྱུད་ལུང་གི་གཏེར་ཆེན་བཀྲོལ།། ཕྱོགས་མཚམས་བཅས་པའི་འཁོར་ལོ་བཅས།། རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན།། རྒྱུ་བ་མེད་པའི་རིག་པ་སྐྱེ།། རང་བཞིན ་གསལ་བའི་འོད་ལ་ཞུགས།། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན།། སྤྱིར་བླུགས་ཚངས་པའི་དབང་བསྐུར་ཏེ།། བདེ་ཆེན་ས་ལ་བཀོད་པའོ།། བཅོས་མའི་སྦྱོར་བ་ལ་རྟེན་ནས།། རྣལ་མའི་སྦྱོར་བ་རྟོགས་པར་བྱ།། འདྲ་འབག་ལྷན ་ལུས་བཞིན་དུ། རྟགས་ཀྱི་དེ་ཉིད་དོན་མཚོན་བྱ།། བཅོས་མའི་དབང་བསྐུར་རྟགས་ཀྱི་བརྡའ།། མཚོན་ནས་རྟགས་ནི་སྤང་བར་བྱ།། རྣལ་མའི་དབང་བསྐུར་ཆེན་པོ་ནི།། བྲལ་བའི་རྣལ་འབྱོར་གང་དག་ནི།། གང་ཞིག་མིག་དང་བྲལ་ཡིན། ་འདི་ཉམས་རྣལ་འབྱོར་ལམ་འཆོལ་བ།། རྒྱ་མཚོ་འཇིང་ལ་སྟེགས་བཅས་ལ།། ནམ་མཁའ་དངོས་པོར་རྙོགས་པ་འདྲ།། བདེ་བ་ཆེན་པོའི་མན་ངག་འདི།། རྨུས་ལོངསཉ་ནས་གཟུགས་སྣང་ཞིང་།། སྐལ་ངན་ལས་ཀྱི་སྒྲིབས་པ་ལ། ་སྲོག་ལུས་བྲལ་ཡང་ཁང་དབྱུང་ནས།། བློ་ངན་དད་པ་ཆུང་བ་དང་།། ངང་གི་བློ་འཕངས་དམའ་བ་དང་།། ཐོས་པ་ཆུང་བའི་བློ་སྦྲམ་དང་།། ཐེག་པ་དམའ་ལ་ཞུགས་པ་དང་།། རླུང་རྐྱེན་ངན་པས་དྲེགས་པ་དང་།། ངར་འཛིན་དྲེག་པ་གཅོར ་དང་། འཇིག་རྟེན་བྱ་བའི་རྒྱུར་སྒྲུབ་དྲང་།། ཐབས་ཀྱི་བཅུད་ཆེན་འཛག་པ་དང་།། སྐམ་ཆགས་ངན་པས་འཛིན་པ་དང་།། སྣོད་ཀྱི་དྲི་མ་མཱ་དག་པས།། བསྒྲུབ་བྱ་དམ་པར་མ་སེམས་དང་།། བླ་མ་སྲོག་ཏུ་མི་འཛིན་པ།། ཐ་མའི ་སྤྱོད་པ་ཉམས་པ་རྣམས།། སྒྲིབ་བཞིན་བྱུང་འཁོར་སྤང་བར་བྱ།། སྲོག་ལུས་བྲལ་ཡང་ལས་ཀྱི་བྲལ།། མཚེ་ཆེན་གསེར་གྱི་འོག་བཞི་ལྟར།། མི་འགྱུར་བརྟན་པའི་སེམས་ཀྱི་བཟུང་།། གལ་ཏེ་བཅས་པའི་རྒྱརལ་ན།། ན་རག ་རྡོ་རྗེའི་གདན་བཞི་སྟེ།། ཆང་པོའི་རིགས་སུ་ངེས་པ་ཡིན།། རྣམ་སྨིན་འཇོག་རྟེན་འདི་ལས་འབྱུང་།། དམ་ཆེན་རྡོ་རྗེ་མཁ་འགྲོའི་ཚིགས།། བོས་པ་བཞིན་དུ་འདུས་གྱུར་ནས།། ཤ་ཁྲག་ལ་སོགས་དངོས་སུ་ཟ།། ངམ་ཤོང ་སློང་གི་སློང་བཉིད།། པ་ལ་སྣརོན་ནཱ་ཀྱི་དུ།། ནྱ་དུས་སྦྱིན་པ་ག་ནི།། ས་མྦྷ་ཧྨཱ་དྷཱ་དྷཱི་རྒྱས་འཟུང་།། ཛིན་པ་ཏད་མྦྷ་ད།། ཡ་རྒྱམ་པ་ལས་ཀྱིས།། གསང་ངའི་བ་ས་མ་འཇུག། ་མཛོརྡོ་རྗེ་སེམས་དཔའ་ནི།། སུམ་ཅུ་རྩ་གསུམ་བུམ་ཐོགས་ཏེ།། སྲོག་ཤིང་རྡོ་རྗེ་རྩེ་དགུ་འབར།། གསེར་གྱི་འཁོར་ལོ་འབར་བ་བཞག། གསང་བའི་ཏིང་འཛིན་བདག་པོར་བསྒྲགས།། དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་།། དེ་ཡང་སྐྱོང་བུ་ཐོ་བཱ། ་ཀུན་དགའ་སྙིང་པོ་བྱ་བ་ཡིན།། ལག་ན་རྡོ་རྗེ་གསང་བདག་གིས།། འཁོར་ལོ་འབར་བའི་ལྟེ་བར་བཞག། ན་མཁའ་མཐའ་དང་མཉམ་པའི་རྒྱུད།། གློང་དགུ་བམ་པོ་ཉིས་ཁྲི་གཟུང་།། སྤྱི་བླུགས་ཚངས་པའི་དབང་སྐུར་ནས།། དུས་མཐའ་ཉིད ་ཀྱིས་ལ་བཀོད།། འཛམ་གླིང་བྱིང་དུ་རྒྱལ་ཐེབ་བྱས།། སེམས་རྒྱུད་རིག་པའི་ཐོར་ཅོག་ཅན།། རྒྱལ་གྱི་རིག་ཅན་དྲ་མའི་ཡུལ།། རྒྱ་ཕུག་ད་ན་ཀཽ་ཤའི་གླིང་།། ཕུག་ཏུ་གསང་བའི་གནས་རབ་བཅས།། ལུང་གསུམ་རྒྱུད་པའི་རྩ་བའི་དོན། ་དགུ་གསུམ་རྒྱུད་པའི་རྩ་བའི་དོན།། དགུ་གསུམ་སྤྲས་པའི་མན་ངག་འདི།། སེམས་ལ་གླེན་ཞིང་བདེ་ལ་འགོད།། ཡིད་ལ་བཅངས་ཤིས་ལུས་ལ་བཅངས།། བཀའི་བདེ་ཆེན་མ་མཐོང་བ།། ཕྱི་ནང་རྒྱུད་པའི་ལུང་ལ་རྟེན།། ལུས་ངག་སེམས ་ཀྱི་བྱ་བརྩལ་གྱིས།། སྐམ་ཆགས་འདོད་པའི་ཆུ་བོ་སྐྱེད།། བདེ་ཆེན་སྲོག་དང་བྲལ་མཐོང་ནས།། གསལ་རབ་གནས་སུ་དབུག་ཆེན་ཕྱུང་།། རྣ་རྒྱུད་འཕྲུལ་མིག་རྡོ་རྗེ་ཟམ་པ་འདི།། བཀའི་བཅུད་བསྡུས་ཐུགས་ཀྱི་སྙིང་ཁུ་སྟེ།། ངང་པའི་མཆུ་ཡིས ་འོ་མ་ཆུ་སྡུས་འམ།། ནག་འཇོག་པོས་རིན་ཆེན་ཕྱུང་བ་སྟེ།། རྒྱ་མཚོ་གླིང་གིས་ཁ་འབྱབས་བཞིན།། བཀའ་བདུད་རྩི་བསྡུས་པ་ཡིན།། སྤྱི་བླག་ཚངས་པའི་དབང་ཆེན་ནི།། ཐབས་ཀྱི་རྒྱལ་བའི་རིམ་པར་བསྟན།། རྗེས་སུ་མཐུན་པའི་བཞི་དང་བཅས། ་འཇུག་པ་རྒྱུའི་རིམ་པ་དང་།། སྨན་པའི་ཁྱད་པར་ཀུན་སྤངས་པའོ།། ཀུན་རྫོགས་ཚངས་པའི་དབང་བསྟན་དང་།། བརྡའ་དོན་འགྲོལ་བའི་རིམ་པ་ཡིན།། ཐུགས་བརྟོལ་རྣ་རྒྱུད་མན་ངག་སྦྱིན།། འཕྲུལ་གྱི་མེ་ལོང་དགུ་བསྐོར་བཞིན།། རྒྱལ་བས་དངོས་གྲུབ ་མན་ངག་སྦྱིན།། གསལ་ཕྱེད་རིན་ཆེན་རབ་འབར་བསྟན།། མི་འགྱུར་བསྟན་པའི་དབང་བསྐུར་ལ།། དྲན་པ་རྐྱེན་གྱི་མན་ངག་སྤྲིན།། དྲན་རྟོགས་རླུང་གིས་སྐྱེད་བྱེད་བྱ།། གཡོ་འཛིན་རླུང་གི་མན་ངག་སྤྲིན།། སེམས་ཉིད་མི་བསྟན་སྤྲོས་འཚལ་བས།། ་བ་ཐིག་ལེའི་མན་སྤྲིན།། བདེ་བ་ཆེན་རང་བྱུང་བནི་བརླབས་པས།། མི་འགྱུར་བསྟན་པའི་སྤོང་བ་བསྟམ།། བསྟན་ནས་མི་འགྱུར་ལྷུན་གྱི་ཚེ།། བདེ་ཆེན་རིག་པས་བསྒྲུབ་པར་བྱ།། དང་པོའི་ཡན་ལག་བསྟན་བྱས་པ།། གནས་དང་སློབ་དཔོན ་དཀྱིལ་འཁོར་དང་།། སློབ་མ་དག་དང་འཇུག་རྣམས་དང་།། དུས་དང་འཇུག་པའི་ཡོན་ཏན་ད་།། གནས་ནི་རྣམ་གཉིས་གསུངས་ཏེ།། གཞིའི་གནས་དང་རྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ།། རྒྱ་ཉིད་བྲལ་བའི་དངོས ་གཏོང་།། བད་གཤེགས་རྒྱལ་བམ་ལུསོ་དང་།། ཨུ་དྲུག་མས་རྒྱམ་མས་ཅད་ཀྱི།། བཟུགས་སནས་རང་འབྲང་ཁུང་བ་ཕར།། ཆང་དང་བྲལ་བའི་རིན་ཆེམ་ཁང་།། མི་འགྱུར་རྡོ་རྗེའི་སྐྱིལས་ཀྱང་།། རབ་སྲུང་སེ་ཤེས་གནསསས་ལ། ་གནས་ཉིད་གནས་ལ་གནས་པ་མེད།། དེ་ལས་འབྲང་ཞིང་དེ་རུ་འདུས།། དེ་ཅིང་དེའི་རང་བཞིན་གནས།། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། སྨད་འབྱུང་ཐིག་ལེའི་གནས་ཞེས་བྱའོ།། རྟེན་གནས་ཁྱད་པར་བརྟན་བྱ་བ།། དོན། ་གྲུབ་རྡོ་རྗེ་རིགས་ཅན་འདི།། དང་པོ་བདེ་བའི་གཞི་ཡིན་པས།། ཡེ་ཤེས་རྒྱུ་ལས་བྱུང་བ་ཡི།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། བར་ན་སེའི་བསིལ་ལྗང་ངམ།། དོན་གྲུབ་རིན་ཆེན་སུལ་མངས་སམ།། རྒྱ་ཕུབ་ཀོ་ཤིང་གླིང་ཕུག་གམ།། དོན་སྒྲུབ ་བཀྲ་ཤིས?་ཁང་བུའང་རུང་།། ཡེ་ཤེས་སྟོབས་དང་རིག་པའི་བྱིན་རླབས་དང་།། བདེ་བའི་གནས་སུ་བདུད་རྩི་བཅུད་སྤེལ་མ།། རྣལ་འབྱོར་ཚེ་འཛིན་རིག་པའི་བྱིན་རླབས་སྟོང་།། དེ་ན་སྙིགས་མའི་རྒྱུ་ཅན་དང་པོ་སྟེ།། རྐྱེན་ལྔ་རྣལ་འབྱོར་ཡིན་ན། ་རྟེན་བཞིར་གཟུང་།། དཀྱིལ་འཁོར་རང་འབྱུང་ཡེ་ཤེས་ཏོ།། མ་བཅོས་དངོས་བཞི་དཀྱིལ་འཁོར་གསུམ།། ཐམས་ཅད་ཡེ་ཤེས་རང་རིག་གསལ།། མཁའ་ལྟར་ཁྱབ་པའི་བདེ་ཆེན་པོ།། ཡེ་ཤེས་དཔག་མེད་ཡོན་ཏན་གསལ། ་སྙིང་པོ་ལེན་པས་མ་རྡུ་ལ།། རང་ལ་རྫོགས་པས་ལྷུན་གྱིས་གྲུབ།། ཡོན་ཏན་རྫོགས་པས་ཡོན་ཏན་རྫོགས།། ཐིག་ལེར་འདུས་པས་གཙོའི་བརྒྱན།། སྣོད་བཅུད་འདུས་པས་ཐིག་ལེ་ཆེ།། འབར་བ་དཔག་མེད་གཞལ་ཡཱ ་ཁང་།། གདོད་ནས་གྲུབ་པས་རབ་གནས་རྒྱས།། ངོ་བོ་གསལ་བར་འབྱུང་འཇུག་མེད།། བདག་ཉིད་གསལ་བས་སྐྱེད་པ་མེད།། རྒྱ་དབྱིབས་བྲལ་བས་ཡོངས་སུ་རྫོགས།། ཡོན་ཏན་ལྷུན་གྲུབ་གྲུ་བཞི་ཡིན།། རང་རིག་ནི ་ཤེས་ཆེརན་པོ་ལ།། མ་ལུས་ཀུན་འདུས་ཟླགམ་ཡིན།། མཚན་མའི་སྐམ་ཆགས་མ་ལུས་འཇོམས།། གྲུ་གསུམ་དྲག་པོའི་གཞལ་ཡས་ཡིན།། འཛིན་རྟོག་བྲལ་བས་དང་གིས་ནི།། ཞི་བ་ཆེན་པོའི་གཞལ་ཡས་ཡིན།། ཡེ་ཤེས ་འབར་བ་ལྷ་མེ་བ།། དངོས་པོ་འཇོམས་པའི་ཁྲོ་ཆེན་ཡིན།། ལྷན་ནེ་ལྷ་དེ་འོད་དུ་ཞུ།། གཉིས་མེད་ཐིག་ལེའི་རང་བཞིན་ཅན།། རྡོ་རྗེ་ཉི་མ་ལྷ་ཆེན་པོ།། འདི་ནི་རང་བཞིན་རྣལ་མ་ཡི།། ། དཀྱིལ་འཁོར་ཆེན་པོ་འདོད་ཡིན་བཏེ།། ཁྲོ་དང་ཞི་བ ་ལ་སོགས་པའི།། གནས་པའི་དཀྱིལ་དུ་ལུས་བདག་པ།། ལས་རྣམས་མ་ལུས་ཀུན་སྒྲུབ་པ་འི།། རྣལ་མའི་དཀྱིལ་འཁོར་ཆེན་པོ་རུ།། ཞུགས་པ་མེད་པར་དངོས་གྲུབ་པའི།། རྣལ་མའི་འབྱོར་པ་དམ་པ་ཙམ།། དང་པོའི་སེམས ་དཔའི་རྣལ་འབྱོར་པས།། སྤོངས་ཏེ་སེམས་ཀྱི་མ་མཚོན་ན།། རྒྱལ་པོ་ཕྲུ་གུ་འཁྱམས་པ་བཞིན།། རང་གི་མཚན་ཉིད་མི་རྟོགས་སོ།། བདག་ཉིད་ཁམས་ཀྱི་རང་བཞིན་ཅན།། མྱ་ངན་འདས་པའི་བདག་ཉིད་ཅན།། མ་ལུས ་གཅིག་རྫོགས་འཁོར་ལོ་ཡིན།། བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི།། ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན།། ལོངས་སྤྱོད་རྫོགས་པ་མ་འདྲེས་ཡིད།། ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ།། སྐམ་ཆགས་ལྔ་ཉིད་རིགས ་ལྔ་ཡིན།། ནས་ཤེས་གཅིག་བདག་རིགས་ཅིག་ཉིད།། ཤེས་པའི་བྱེ་བྲག་རྣམས་མཐའ་ཡས།། རྒྱལ་བ་བརྡུལ་རྙིང་འཇིག་རྟེན་སྒྲོལ།། ཙི་ཏི་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་གནས་ཆེན་སུ་མཐའ་ཡས།། ་སྒྲ་སྐད་མ་ལུས་རྣམས་མང་ཡང་།། མི་ཟད་རྒྱན་གྱི་འཁོར་ལོའི་གསུང་།། གཟུངས་མཆོག་སྐུའི་དཀྱིལ་འཁོར་རྫོགས།། དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན།། མི་བཟང་བརྒྱན་གྱི་འཁོར་ལོ་ཐུགས།། གནོད་བཅུད་ཡེ་ཤེས། ་ལ་འཁོར་ཡིན།། སེམས་ཉིད་རབ་འབམ་དཀྱིལ་འཁོར་ཡིན།། དུས་གསུམ་ཁམས་གསུམ་བདག་ཉིད་ཅན།། སྐམས་ཆགས་དྲུག་གི་མཚན་ཉིད་ནི།། རྒྱུ་དྲག་གནས་པའི་མཚན་ཉིད་ཡིན།། རྩ་དྲག་ས་བོན་བདག་ཉིད་ཅན ་ཙི་ཏ་འཁོར་ལོ་རིན་ཆེན་ཆེ།། ཟག་པ་ཟད་པའི་མཚན་ཉིད་དེ།། རྩ་གསུམ་འདུས་པའི་ཐིག་ལེ་ཅིག། རྩ་བཞི་ཐིག་ལེར་བཅས་པ་ནི།། ཡེ་ཤེས་ལྔའི་བདག་ཉིད་སེམས།། རྩ་བརྒྱད་ཐིག་ལེའི་རིང་བཞིན་ནི།། ཁྱད་པར་དབང ་བོའི་ལམ་དང་འབྲེལ།། ཡུལ་རྣམས་བདེ་བའི་ཐིག་ལེ་ལས།། དངས་མ་ཕྱི་ནང་མཉན་ཉིད་ཅན།། ནམ་མཁའ་ཁམས་ཀྱི་ཕྱེ་བ་ཡིན།། ཡེ་ཤེས་གཉིས་མེད་ཐིག་ལེའི་ངང་།། དབུས་ཀྱི་ཐིག་ལེ་ཟླུམ་པོ་ཡི།། ཕྱོགས་འཚམས ་བརྒྱད་ཀྱི་མདུན་སྒྲོ་ན།། ས་བོན་དྲུག་དང་ཨོཾ་དང་ཨོཾ།། ཐིག་ལེ་སོ་སོའི་ནུས་པ་ཅན།། དབུས་ཀྱི་ཐིག་ཐུང་ཨའི་རང་བཞིན།། ཥྛ་རེ། དང་འབྲེལ་བའི་ཐིག་ལེ་བརྒྱད།། རང་འབྱུད་ཡེ་ཤེས་བདེ་བ་བཅུད།། ཐིག་ལེ་འཁྱིལ་བའི་ཚུལ་དུ་གན ་བརྒྱད་འཁོར་བའི་རྩི་འཁོར་ལོ།། གཉེ་མེ་འཁྲིལ་བའི་ཚུལ་གཞི་མཏེ།། དབང་པོ་དངས་མའི་བཅུད་དང་འབྲེལ།། བདེ་གཤེགས་དེཀྱིལ་འཁོར་བརྗོད་ལས་འདས།། མཚན་དང་དཔེ་བྱད་རང་བཞིན་རྫོགས།། སྤྲུལ་པའི་འཁོར་ལོ་གཟུ ་ཁམས་ཏེ། དབུས་ཀྱི་ཐིག་ལེ་རྒོད་པའི་ལ།། སྤྱི་བོ་གཏད་ནས་འཁྱིལ་པའི་གཟུགས།། ཐིག་ལེ་བཞི་དང་ཡང་དག་འབྲེལ། དངོས་འཛིན་བདེ་བའི་རྒྱུ་མས་གྲང་།། མཁས་པས་བདེ་བ་སྤྱད་པར་བྱ།། རྩ་བཞི་འབྲེལ་བའི ་ཐིག་ལེ་བཅུད།། བསམ་གཏན་བཞིའི་སྡེ་བཅན།། ཕྱི་རོལ་འཁོར་ལོ་འདབ་བརྒྱད་ཅན།། ཐིག་ལེ་བཅུ་ཕྱེད་དང་འབྲེལ།། དང་པོ་ཉིད་ནི་འདྲེན་མ་ཡིས།། བཞི་དང་བཅུ་ནི་འདོད་པ་ཡི།། ཐུན་མོངས་བདེ་བ་ཉིད་ཡིན་ནོ།། གཉིས ་ནི་རིག་པའི་རྫིང་གི་འགྲམ།། འདུས་པའི་མདུད་ཆད་མེའི་འགྲམ།། ཐིག་ལེ་གཉིས་ནི་སྒོ་མེང་ཡིན།། རྒྱུད་རྣམས་ཀུན་གྱི་ཐུན་མོངས་གི། བདེ་བ་མྱོང་བར་བྱ་བ་ཡིན།། གཡས་གཡོན་འདུས་པའི་ཐིག་ལེ་མཆོག། ལོངས ་སྤྱོད་འདུད་པའི་རྩེ་ཡིས་ཟིན།། ཆོས་ཀྱི་ཐིག་ལེ་དང་པོའི་བཅུད།། གཉིས་སུ་འཁྲིལ་ཞིང་ཛག་པའི་རྩེ།། ཐིག་ལེ་འཁྱིལ་བ་བཞི་གནས་ཏེ།། བདེ་བ་ཆེན་པོས་འགེང་དང་འཛག། འཁོར་ལོ་བཟློག་དང་རྩ་གསུམ ་རྒྱོས།། རང་བྱུང་བདེ་བ་རྒྱས་བཏབ་སྟེ།། རླུང་དང་ཡེ་ཤེས་དངས་མའི་བཅུད།། འདྲེས་པ་རྡོ་རྗེ་ཉི་མའི་ཚུལ།། འཁྱིལ་ནས་བདེ་བའི་རོས་གངན།། ཁམས་གསུམ་ཡེ་ཤེས་ཆེན་པོ་དེ།། ཇི་བཞིན་རླུངས་སུ་ཕེབས། ་པ་ཡིན།། བར་གཅོད་རྐྱེན་དང་བྲལ་བ་ཡིན།། ལོངས་ཕྱེད་འཁོར་ལོ་འདོད་པའི་ཁམས།། བདེ་བ་ཆེན་པོའི་ཁམས་གཟུགས་མེད་པ།། དངོས་པོ་མེད་པའི་སྙིང་པོ་ཅན།། བདེ་བ་འབྱུང་བ་རྒྱའི་ཚོགས།། ་ལོངས་སྤྱོད་བདེ་བའི་ཐིག་ལེ་ཅན།། རྣམ་དག་ཆོས་སྐུའི་རང་བཞིན་ཡིན།། རང་རིག་བདེ་བ་ཆེན་པོ་ལ།། རྒྱུ་དྲུག་ལོངས་སྤྱོད་གནས་ལ་སོགས་པ།། མྱ་ངན་འདས་པའི་སྐུ་གསུང་ཐུགས།། རང་རིག་བདེ་བ་ཆེན་པོ་ལ ་དྲུག་ལོངས་གནས་ལ་སོགས།། མ་ངན་འདས་པ་སྐ་གསུངསོ་ཐུགས།། མ་ལུས་རྫོགས་དཀྱིལ་འཁོར་ཏེ།། རང་གི་སྦར་བའི་ཏིང་འཛིན་ལ།། སྨན་དྲངས་མོས་པའི་ཡིད་སྨོན་ཡིན།། བློ་ཡི་སྦྱོར་བ་རྟོག་པ་སྟེ།། བཅོས་མའི ་ཐབས་ཀྱི་སྦྱོར་བ་ཡིས།། ཇི་བཞིན་དངོས་ལ་མི་འཇུག་པར།། བཅོས་མའི་བརྙན་མ་མངོན་བྱེད་མ།། དོན་དུ་དམིགས་ནས་འཇུག་བྱེད་ཀྱང་།། དཔེར་ནོ་སྤྲེའུ་དང་སྤྲེ་འབག་བཞིན།། དེ་ཡིས་དེ་དོན་མི་འབྱུང་བ།། བཅོས་མའི ་དཀྱིལ་འཁོར་སྤང་བར་བྱ།། དེ་ན་རང་འབྱུང་དཀྱིལ་འཁོར་འདི།། ཇི་བཞིན་མངོན་གསུམ་ཁོ་ན་པས།། འདི་ལ་དེ་བཞིན་ནན་ཏོན་བྱ།། བཀྲ་གསལ་གཟུགས་དང་བརྗོད་བྲལ་བ་སྒྲ།། དངོས་བྲལ་རང་བཞིན་མེད་པའི་དྲི ་མུ་ཁ་ཐིག་ལེ་དབྱིངས་ཀྱི་དང་།། སྣ་ཚོགས་དབྱིངས་ཉིད་བྱུ་གཱའི་གློང་།། ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག། བདེ་བ་ཆེན་པོ་གཅིག་གཱི་དང་།། ཡེ་ཤེས་མཐའ་མེད་པར་འཇུག། འདི་ནི་རང་བཞིན་དཀྱིལ་འཁོར་ཡིན།། ་འདི་ལ་སློབ་དཔོན་རྣམ་གཉིས་ཏེ།། བརྡ་དོན་སྒྲོལ་བའི་སློབ་དཔོན་ཡིན།། ཤེས་རབ་མཆོག་ལྡན་ཏིང་འཛིན་ཐོབ།། དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ཅན།། བསྟན་པའི་བཅུད་ཕྱུང་ཐེག་པའི་ཡ་ཐོག་ལ། ་བདེ་གཤེགས་སྲས་དང་སྨན་པའི་སངས་རྒྱས་དང་།། རེ་ཐག་ལས་ཤིང་མི་རྟོག་ཐུགས་རྗེབ།། ནང་གི་དྲི་མ་དབྱངས་པས་འཇིག་རྟེན་ཆོས་བརྒྱད་སྤངས།། སྨོན་ལམ་མ་ནོ་དག་པས་བཀའ་མངའ་བདག་ཅན།། ཤེས་རབ་དང ་ལྡན་བརྩོན་འགྲུས་ཁྱད་འཕགས་པས།། མ་ནོར་དོན་རྟོག་གདུང་རྒྱུད་མ་ཆད་པ།། སྣོད་བཅུད་རྟོག་ཅིང་གཞན་གྱི་སེམས་ཤེས་པ།། སྣོད་ལྡན་མཆོག་ཏུ་སྨིན་བྱེད་ཐུགས་རྗེའི་བདག། འདི་འདྲའི་བླ་མ་རྗེས་སུ་བཟུང་བྱས་ཏེ། ་སྲོག་ལུས་བྲལ་ཡང་བླ་མ་ཡིད་ཀྱི་བཟུང་།། རྒྱལ་བའི་སྲས་ཆེན་ཆོས་ཀྱི་རྒྱལ་ཚ་བ་ཡིན།། མ་ནོར་དོན་གྱི་བླ་མ་ནི།། རང་སེམས་སློབ་དཔོན་ཀུན་གྱི་བདག། མ་ནོར་དོན་གྱི་བླ་མ་ནི།། རང་སེམས་སློབ་དཔོན་ཀུན ་གྱི་བདག། ཐམས་ཅད་རང་རིག་རྒྱལ་པོ་བྲིས།། སེམས་ཉིད་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་རོན་ཆེན་བདག། རྒྱལ་བ་ཀུན་གྱི་བླ་མ་ནི།། རང་རིག་ཡིས་ཆེན་པོ་ཡིན།། འདི་ནི་སངས་རྒྱས་ཐ~ཾད་ཀྱི།། མཆོག་ཏུ ་བཀུར་ཞིང་རྗེསྒྲ་བཟུང་།། རང་རིག་ཡིས་རྒྱལ་པོ་འདི།། གསང་བསྔགས་གཏེར་གྲི་མཛོད་འཛིན་ཅིང་།། བསྟན་པ་རྒྱ་མཚོ་སྒྲོག་པའི་བདག། མན་ངག་རིན་ཆེན་གཏེར་གྱི་ཀྲོང་།། ཡིས་སྒྲོན་མེ་ལྷམཱ་མེ་བ།། འཛི ་རྟེན་ཀུན་གྱི་སྙན་པ་པོ་བླ་མ་སངས་རྒྱས་རིན་ཆེན་སེམས།། མ་བཅོས་དེ་ཉིད་ལམ་སྟོན་པའི།། བྲ་མ་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སློབ་དཔོན་དམ་པ་ཡིན།། སློབ་མ་རིན་སེམས་རང་བཞིན།། ཀུན་གྱི་རང ་།། དངོས་དེ་ཉིད།། དེ་ཉིད་དེའི་ཕྱག་རྒྱ་ཅན།། དེ་ཡི་དབང་གི་དེ་ཐོབ་ཅིང་།། དེར་འདུག་དེ་ལ་རག་ལས་པས།། དེ་དག་དེའི་རིགས་ལས་བྱུང་།། སྐམ་ཆགས་དྲུག་ལྡན་རྐྱེན་བཞིའི་བླ་དག། རྣམ་དག་བདེ་ཡམ་འཇོག ་དང་བཅས།། ཐ~ཾད་སེམས་ཀྱི་དེ་བདག་ཉིད།། སྤྱོད་ཡུལ་སེམས་ཀྱི་རང་བཞིན་ཅན།། སློབ་མ་རྡོ་རྗེའི་རིགས་ཅན་ཏེ།། ལྷུན་གྲུབ་བླ་མའི་རང་བཞིན་དེ།། དེའི་བཀའ་བརྟགས་རྡོ་རྗེ་ཅན།། ཐད་མི་འགྱུར་རྡོའི་དབྱིངས།། དེས་ན ་སློབ་མ་རྡོ་རྗེའི་བུ།། རིགསུ་ངེས་པའི་བཀའ་བརྟགས་ཡིན།། ཐཾད་སློབ་མ་རྡོ་རྗེ་ཉིད།། དེ་ཉིད་བླ་མ་རྡོ་རྗེའི་སྟོབས།། རྡོ་རྗེའི་ངང་གཅིག་རྡོ་རྗེ་ཉིད།། རྡོ་རྗེའི་ཡེ་ཤེས་ཁྱབ་བརྡལ་ཡས།། དེ་ན་རྡོ་རྗེ་ལྷུན་གྲུབ་པའོ།། བྷྲ་མའི་རིམ་པ ་རྣལ་འབྱོར་ཅེ་ན།། དེ་ཉིད་སྤུང་དང་འཐོར་བ་ཡིན།། རིག་པ་ཉམས་སུ་དེར་བཞག་ན།། སྦྱོར་བ་མ་ནོར་རིགས་ཅན།། རིགས་རྒྱུད་དག་པའི་རྣལ་འབྱོར་པ།། མན་ངག་རིན་ཆེན་གཏེར་དུ་འཆང་།། བླ་མ་རིན་ཆེན་སྲོག་ཏུ་འཛིན།། ཏིང ་འཛིན་ཤེས་རབ་རྩལ་དུ་རྫོགས།། ལྷག་པའི་ཡིས་ཉི་མ་ཤར།། དང་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས།། རྩོལ་བས་ལུས་ངག་བརླག་སྟོང་དུ།། གྱུར་ཀྱང་དོན་གྱི་འདོན་མི་གཏོང་།། བདེ་བ་འབེབས་པའི་ཡན་ལག་ཡིན།། བྲམ ་རྡོ་རྗེ་སྲོག་གྱུར་ཏེ།། ལུས་ངག་སེམས་ཀྱི་རྒྱུ་མེད་པར།། རྡོ་རྗེའི་ལུས་གྱུར་ནས་འགྲུབ།། རྡོ་རྗེ་བླམ་གཞན་སེམས་ཅད།། རྒྱལ་སྲས་ཡིད་ཀྱི་བྲི་ཅན་དེས།། ཁོངས་སེམས་འཇིག་རྟེན་སྤྱོད་ལུས་དག། བགེགས་ཀྱི་ཚོར་ནན ་མངས།། གཏེར་ཁྱིམ་རིག་པའི་སྒོ་སྡོམ་སྟེ།། མན་ངག་ཉམ་པའི་རྒྱུ་ཡིན་པས།། ལུས་དང་བྲལ་བའི་ཡན་ལག་རྒྱུས།། གླང་ཆེན་ལུས་སུ་མི་ཐོབ་ལྟར།། མན་ངག་ཉམ་པའི་ཐབས་རྣམས་ཀྱི།། བྱང་ཆུབ་ལུས་སུ་ཐོབ་མི་འགྱུར།། དེས་ན ་བླ་མ་སྲོག་ཡིན་པས།། ལུས་ངག་སེམས་ཀྱི་དུས་གསུམ་དུ།། རང་སྲོག་བྲལ་བའི་ལས་མི་བྱེད།། གྲགས་དང་རྙེད་པའི་སེམས་ལོག་གིས།། ཉམ་པར་གྱུར་པའི་མཐུ་ཤེས་པ།། ནང་དང་ཕྱི་རྒྱུད་སེམས་སྦྱངས་པ།། འཁྲུལ་པའི་སེམས ་བརྒྱད་རྣམས་སྤངས་ཤིང་།། དོན་མཐར་ཕྱིན་པའི་བརྩོན་འགྲུས།། མི་ལྡོག་རིགས་པའི་ངེས་པའི་རིགས་རྒྱུད་ཅན།། རྡོ་རྗེའི་ཡུག་ན་རྒྱན་མཐོང་ན།། བདག་སེམས་དགའ་བའི་ཚོར་བ་སྐྱེ།། གྲགས་སེམས་རྒྱལ་བའི་ཆོས་ཐོས་ན།། རྗེ་སུ ་མཐུན་པའི་ཡིད་ཀྱིས་མོས།། བླ་མ་རྡོ་རྗེ་སྐེ་ལྡན་དེས།། ལུས་ངག་སྤྱོད་པ་ཅི་བྱས་ཀྱང་།། གཡོ་རྒྱུ་མེད་པས་དགའ་བྱེད་ཅིང་།། མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས།། ཐུན་མོང་དྲི་མ་ཀུན་འཇོམ་ཤིང་།། ཉི་མའི་འོད་བཞིན་ཞི་བྱེད་པ།། ་བྲམ་རྡོ་རྗེ་སྐུ་གསུང་ལ།། རྟག་ཏུ་རང་གི་ཡིད་འདོག་ཤིང་།། ཐུགས་ཀྱི་ཇི་ལྟར་སེམས་དཔའ་ལྟར།། གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང་།། རྟག་ཏུ་མཆོད་པ་འབུལ་བྱེད་པ།། དེ་ནི་རིགས་ཀྱི་བུ་ཡིན་ཏེ།། བདེ་བའི་ཞིང ་འགྱུར་སྐ་ལྡན་དེ།། རྡོ་རྗེ་རིན་ཆེན་དག་ལ་སྐྱོན།། བདེ་གཤེགས་ཉིད་དུ་ངེས་ལུང་བསྟན།། དུས་མཐའི་འབྲས་བུ་ས་ལ་བཀོད།། དེ་ནས་རྡོ་རྗེ་བླ་མ་ངེས།། དོན་རྟོགས་གསལ་བའི་མངོན་གསུམ་མམ།། ལུས་དང་སེམས་ཀྱི་བརྡའ ་རྣས་སྒྱུམ་པ་ཁྲིམ་མས་ཅའ་ཡིས།། དབས་ཀྱི་གམས་པ་ཡ་རྗེའི་གངནསཔ། མིག་གས་ས་ལྡན་ནས།། སྦྱིན་པ་ས་ཕྱི་རིམ་པར་། ཀྱིལ་ཡན་ལག་དང་། ཡ་མ་ཐསྨྲ་ས་ས། ་སྒྲུབ་ལུས་རང་སེམས་ཀྱི་ལས།། དངོས་གང་ཐིག་ལེའི་མཚན་ཉིད་ནི།། འདོད་རྩོལ་སྤྲོས་པཐཾང་འགགས།། བརྗོད་པར་བྱ་བའི་ལུང་བསྟན་མིན།། སྐ་ལྡན་སེམས་ཀྱི་དཀྱིལ་འཁོར་དུ།། བདེ་ཆེན་ཤར་བའི་རྣལ་འབྱོར་རམ།། རྩོལ་སྒྲུབ ་ལུས་དང་སེམས་ཀྱི་ལས།། དངས་གང་ཐིག་ལེའི་མཚན་ཉིད་ནི།། འདོད་རྩོལ་སྨྱོས་བཛང་འགགས།། བརྗོད་པར་བྱ་བའི་ལུང་བསྟན་མིན།། སྐ་ལྡན་སེམས་ཀྱི་དཀྱིལ་འཁོར་དུ།། འདི་ཆེན་ཤར་བའི་འརྣལ་འབྱོར་རམ།། དེ་རྫོགས་ཀླུ ་དུ་འབེབས་འདོད་པས།། གསང་སྔགས་འཕྲུལ་གྱི་ལན་ཆེན་ནམ།། བསྟན་པ་བློ་ཡི་རིམ་པས་བསམ།། རང་འདོད་ཐ་མལ་སྨད་ལས་ཀྱི།། རིམ་པ་གང་ཅི་དེ་བཞིན་དུ།། ཐབས་ཀྱི་རྒྱལ་པོས་མཐར་ཕྱིན་བྱ།། གསལ་བ་རིན་ཆེན ་འཕྲུལ་སྣང་ངམ།། བཅུད་ལེན་སྨན་དང་མ་གི་ཏ།། གང་ལྡན་དེ་ནི་འབད་རྩོལ་མེད་པའི་ལས།། རྩོལ་སྒྲུབ་འབད་རྩོལ་ཅི་བྱེད་ཀྱང་།། དེ་ནི་བྱ་རྩལ་མེད་པ་ཡིན།། ཨོཾ་བཛྲ་སུ་ལཾ་མཾ་བཾ།། མ་མ་རུ་རུ་ཏི་ཏ་ཨ་བེ་པྲ་བ་ལ་སྭ་ཧཱ།། ་འདི་ནི་ནམ་མཁའ་འགྲོ་དོན་པ་ཡིན།། དང་པོ་རྟགས་གི་མངོན་ཤེས་ཡིན།། དོན་དང་ལྡན་པའི་གནོད་རིགས་ནས།། ཐབས་ཆེན་སྤོར་བརྩལ་བར་བྱ།། སྐ་ལྡན་བློའི་ཁྱད་པར་གྱིས།། སོ་སོའི་བསྟན་པ་རིམ་པ་བཞིན།། ་འདོད་པའི་སྨོན་པས་རྗེས་འཇུག་ན།། སོ་སོ་གྲུབ་མཐའི་རིམ་པ་བཞིན།། དབང་བསྐུར་ཤེས་རབ་རིམ་པར་བསྐྱེད།། རྣམ་རྟོག་སྤྲོས་པ་ཐང་བཅད།། སེམས་ཀྱི་དམིགས་པ་ཟིན་འགྱུར་ཏེ།། རྣམ་རྟོག་སྨིན་པའི་དངོས་པོར་འགྱུར།། ་ཡང་ན་དངོས་པོ་དོན་ཅིག་ལ།། སེམས་ཀྱི་བྱེ་བྲག་ཀུན་སྐྱེ་ན།། སེམས་དཔའ་ལས་སུ་འཇུག་པ་སྟེ།། དེ་ནས་ཚོངས་པ་ཆེན་པོའི་དབང་།། དམ་པ་འདི་ནི་སྐུར་འགྱུར་ན།། འདི་ནི་སྐད་ཅིག་དུས་མཐའ་ཡིས།། སེམས་དཔའ་ཆེན་པོ་ཉིད ་དུ་འགྱུར།། དངོས་སུ་ཡིས་ཀུན་ཁྱབ་ཅན།། ཟག་པ་མེད་པའི་རྩེ་མོར་ཕྱིན།། སྟོན་མ་ལུས་རྫོགས་པའོ།། རྣམ་རྟོག་གྲུབ་མཐའ་མ་སྦྱར་བའི།། ཐ་མལ་དངོས་འཛིན་རྟོག་པ་ཅན།། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ།། འདོད་པའི ་སྨོན་པས་རྗེས་སྒྲུབ་ན།། དྲང་པོ་མི་སྤོང་མ་འདྲེས་པར།། སྦྱང་བ་སྲུང་བ་ལ་སོགས་པའི།། དྲག་པོའི་རྩོལ་བས་སེམས་སྟོབས་བསྒྱུར།། རང་གི་སེམས་རྟོགས་སྤོང་བྱེད་པ།། དེ་ནས་དེ་བདེ་ཆེན་པོ་སྦྱིན།། དེ་ནི་རིག་པའི་དུས་མཐའ་ཡིས། ་རྒྱལ་བའི་སྲས་སུ་ངེས་པ་ཡིན།། བདེ་ཆེན་གཤེགས་ཉིད་དོང་སྐལ་པ་མཉམ།། ཡེ་ཤེས་ན་མཁའི་མཐའ་དང་མཉམ།། རིག་པའི་རྒྱལ་པོ་ཀླུ་ལྟར་ཟབ།། སྔོན་དུ་འཇུག་པའི་སྟོབས་མེད་ཀྱང་།། རྩལ་ཆེན་རིག་པའི་ངང་ལ་རྫོགས།། ་སོང་གེ་ལྟེ་ཐག་བསྐྱེགས་འམ།། བྱ་རྒོད་གཤོ་རུ་གཤུགས་པ་བཞིན།། སེམས་ལ་ཤར་ཡང་སྟོབས་མ་རྫོགས།། རྟོག་པ་རླུང་གིས་སྤར་བ་ཡིསཾ།། སེམས་ཀྱི་རྒྱུ་བ་མ་ཟིན་ཏེ།། དངོས་པོ་རླུངས་སུ་མ་ཕེབས་ཤིང་།། རིག་པའི་རྩལ ་དེན་མ་འང་བའོ།། འདི་ལ་རིམ་པ་མེད་པ་སྟེ།། དང་པོར་དངོས་ག་ཞིའི་དཀཱི་འཁོར་བསྐྲུན།། ཀུན་རྫོགས་དཀྱིལ་འཁོར་ལུས་ལ་རྫོགས།། འཕྲུལ་གྱི་མན་དག་རྣ་བར་གཞུག། སེམས་ལུང་བསྒོམ་པའི་མན་ངས། ་བསྟན།། རྒྱ་རྟག་གདང་བའི་ཆོ་ག་བྱ།། བཀྲ་ཤིས་ཡན་ལག་ཀུན་ལྡན་པའི།། དང་པོར་དངོས་གཞིའི་དཀྱིལ་འཁོར་བསྟན།། སེམས་དང་མཐུན་པའི་གནས་ཆེན་དང་།། གསལ་བྱེད་རིན་ཆེན་འབར་བ་དེ།། ཅི་བསྟན་རའི་འོ་མས་ཏེ ་སེར་ཆུ་ཞུན་མའི་རྩི་བཏང་སྟེ།། བེ་དུ་སེམ་ད་ཡི་སྩོགས།། ཁ་བྱུགས་དྲི་མ་བྲལ་བར་བ།། ངན་ཤིང་དཀར་པོའི་སོལ་བ་ཨོཾས།། བཞུ་བའི་དངུལ་ཆུ་ཞུན་མར་ཕྱག།། སྐེ་བ་བདུན་པ་ཚངས་པའི་ཞག།། འཕྲལ་གྱི་འོ་མ་མར་མེ་ཡི། ་དུད་པས་མིག་ལ་བྱུགས་འགྱུར་ན།། མིག་སྤྲིན་བཏེག་ནས་བལྟས་གྱུར་ན།། སྟོང་ཆེན་མི་འཇིག་རྒྱུ་གཅིག་པོའོ།། གང་གི་ཕྱོགས་དེ་གསལ་བར་འགྱུར།། དེ་ནས་སྒོ་བརྒྱད་ལྡན་པའི་ཁྲི།། ཡིད་མཐུན་ཕྱུག་པ་ཀུན་བྱས་ཏེ།། ལག་ན་རྡོས ་བྱིན་རླབས་ཏེ།། རྩིབས་བརྒྱད་འཁོར་ལོ་གྲུ་བཞི་བྱ།། སྒྲོ་དབྱེ་ལས་རྣམས་ཐོབ་པར་བྱ།། དང་པོ་སེམས་བསྐྱེད་འཇུག་གི་བར།། བསྟན་པའི་ལུས་སུ་མ་རེག་པས།། ལག་ན་རྗེས་བྱིན་བརླབས་པའི།། བསྲུང་དང་བསད་པའི་རིག་པ་གདག། ་ཡོ་མྱོང་ཚུམ་ལ་འང་གྱུར་བསག་ས། ཨོཾ་འཛྲལ་ཀྲི་བྲུ~ཾ་པཊ། ཨོཾ་བཛྲ་ལ་ཀྵི་ཨཱ་ཏ་ཛྭ་ལ།། ཧ་ལ་ལྀ་ཧཱུ~ཾ་ཧཱུ~ཾཊ། ཨོཾ་འཛྲམ་ཀྲ་མ། སྲས་མཛརྦ།། མརྫ། ཧཱུ~ཾ་ཧྲཱི་ངྒེ།། དེནས་སྲོག་འཛིན་ཐམ་ལ།། ལུས་དང་ས་མྱོང ་ན་དང་འདོད་པའི་སེམས་འཛིན་པ་དྨ།། མོས་དང་འདོད་པའི་བྱི་འབྱུད།། སྒྲ་ལྡན་རིགས་ཀྱི་ནི།། དམ་གཅིག་ལ་བསྟན་པ་བྱ།། འཇིག་རྣན་འམས་ནིམ་ལུས་ལས།། རབ་འབྱམས་ཀུན་ཏུ་རྨུགས་འགྱུར་ན།། རྐྱེན་དངམས་ཀྱིས་འབྲང ་མང་ཡང་གསུམ་ལས་མངའ་མི་བྱ།། གདམ་ངག་རིམས་ཀྱིས་སོ་སོར་འབྱིན།། རྒྱལ་ཐེབ་ཐུ་བོ་དེ་ལ་སྐུར།། དང་པོར་དུས་དང་བྲལ་བ་ནས།། མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན།། གཉིས་དང་ལྡན་པས་མཐར་ཕྱིན་འགྱུར།། ཟླ་ཕྱེད་འབྲིང ་གི་ཐུན་མཚམས་ཏེ།། གཞན་དུ་ཡང་གྲངས་དེ་ཉིད་ཀྱིས་རྫོགས་སོ།། དེ་ལས་གཞན་པར་ཡང་ན་ཏེ།། སྤྱོད་པའི་ཡན་ལག་ཉམས་པའོ།། དང་པོར་བཅུ་གཅིག་ཞག་གི་དུས།། ནུས་པའི་ཚོགས་བསག་པར་ཆོད་བསྲུང་།། རྡོ་རྗེ་གོ་ཡི་ལུས་སྲུང་ངོ་།། ་འཕོ་བའི་དུས་འཚམས་ཉི་ཤུ་དྲུག། ཐུན་མཚམས་བརྒྱད་དུ་སྒྲོམ་བྱ་བ།། དངོས་པོ་ཕྱི་ནང་ཟད་ལ།། བུ་ངོས་ཇི་ལྟར་བཟུང་བ་ཡི།། རྣམ་རྟོག་ཞེན་པའི་ཡུལ་དེ་ལ།། བརྟགས་པས་དེ་ཉིད་ངེས་བཟུང་བྱ།། དེ་བཞིན་ཐུན་མཚམས་བརྒྱད་ལ་ནཱི།། ་བཅུ་དྲུག་དག་ཏུ་རྣམ་ཕྱེ་སྟེ།། བདག་ཉིད་བརྒྱན་དང་བཅས་པའི་ལུས།། གསལ་བའི་ཡུལ་ལས་བརྟག་བྱ་སྟེ།། མི་གཡོ་སེམས་དཔའ་ཐ~ཾད་བཟུང་།། རྩེ་གཅིག་རྟོག་པའི་དངོས་པོར་དམིགས།། དེ་ནས་ཐུན་ཕྱེད་བརྒྱད་པ་ལ།། སྟོང་པ་ན་མཁའི ་འདུ་ཤེས་དངོས།། ཆད་པའི་སྟོང་པ་ཉི་ཆེ་དེ།། བརྟག་ཅིང་དེ་ཉིད་ངོས་བཟུང་བྱ།། དེ་དག་རིམ་པའི་དོན་རྣམས་ནི།། ཐུན་མོང་བློ་ཡི་ངོས་ཟིན་ནས།། རྡོ་རྗེ་མི་བཟློག་གོ་བསྐོན་ཏེ།། བུ་ཁྱོད་སྤོངས་པའི་དྲི་མ་ཅན།། བསྐལ་པར་སྦྱོར་བའི་སྔགས ་།། དངོས་ནས་དེ་ཉིད་བདེ་བར་གསལ།། དངོས་དང་གཅོང་རོང་འཁོར་བའི་མུན་པ་ཉིད།། དེ་ཉིད་ཡིས་སྒྲོན་མར་སྦར།། སྙིང་མའི་གནས་ངན་ཁམས་གསུམ་ཉིད།། རྒྱལ་བའི་ཞིང་ཁཾས་བདེ་བར་བསྒྱུར།། ངའི་ཚིག་འདི་བདུད་རྩིའི་བཅུད ་ཡཻས་སྒྲོན་མའི་འོད་འབར་ཅན།། རིག་པའི་སྟེང་དུ་ནན་ཏན་བྱའོ།། དེ་ནས་མཐར་ཕྱིན་ཐུན་མཚམས་ནི།། ཉི་ཤུ་རྩ་བཞི་འམ་བཅུ་གཉིས་ལ།། འཇུག་ཅིང་ཞུགས་པའི་ཡོན་ཏན་ཏེ།། མཐོང་བའི་ལམ་དང་ལྡན་པར་བྱ།། ཕྱི་རོལ་ནང་ན་གནས་པ ་ཐ~ཾད་སྤང་བའི་གཞི་མེད་དེ།། དེ་ཉིད་དོན་དེ་ཡིན་རོལ་རོ།། ཕྱི་རོལ་ཡུལ་ལ་སོགས་པ་ཡི།། གཉིས་པའི་དངོས་པོ་མི་དམིགས་པའི།། ཐ~ཾད་སེམས་ཉིད་ཁོ་ན་སྟེ།། དེ་ཡང་དངོས་གྲུབ་ཡོད་མ་ཡིན།། དང་པོར་གཉིས་པ་མེད་པས་ན།། ་དེ་ནི་གཉིས་མེད་རྟག་པ་ཡིན།། གཉིས་པར་གཉིས་སུ་མེད་པས་ན།། གཉིས་མེད་དག་པའི་དྲང་བ་ཡིན།། གསུམ་པ་ཀུན་མེད་ཐ~ཾད་ལྡན།། བདེ་ཆེན་རང་རིག་ཡིས་ལ།། འདོད་པ་ཀུན་སྤངས་ཆགས་ཆེན་པོ།། ཡིས་ཀུན་གྲུབ ་བདེ་བའི་ཀློང་།། སྒྱུ་མ་ལྡན་གྲུབ་ཡུལ་ལ་རོལ།། དེ་ནི་བཅོས་མེད་ལྷུན་རྫོགས་པའོ།། དེ་ནི་རྣམ་པར་དེ་སྒྲུབ་ན།། ཡུལ་གྱི་རྣམ་པ་སེམས་ཉིད་དེ།། དེ་ཉིད་དེ་ལ་གསལ་བ་དང་།། དེ་མ་གྲུབ་པར་དེ་ལྡོག་པས།། དེ་ཉིད་དེའི་རང་བཞི ་ཏེ། དེ་རིག་དེ་སྣང་དེ་ཁོ་ན།། ཉི་མ་འམ་རིན་ཆེན་འབར་བ་བཞིན།། འོད་དང་ངོ་བོ་དེ་ཉིད་ལས།། ཡུལ་དང་གཞན་གྱིས་བྱས་པ་ཡིན།། རིག་པའི་ཡེས་སྐར་གསལ་བ།། སེམས་ཉིད་དྲི་མ་མེད་པ་ལ།། ནམ་མཁའི་ཁམས ་སྦྱོར་བའི་སེམས།། འཛིན་པའི་རླུང་དང་དེ་ཉིད་རླུང་།། ལས་རླུང་རྟེན་པས་སྤར་བ་བཞིན།། དེ་ན་དེ་བཞིན་བདེ་བར་སྣང་།། སྣང་ཡང་སྦྱོར་བ་མེད་པ་ཡི།། གཉིས་མེད་བདེ་བའི་ཡིས་ཡིན།། རང་འབྱུང་ཡིས་རྩལ་མེད་པས།། ་བདེ་བ་ཆེན་པོའི་ངང་དུ་འཚེར།། ལུས་དང་བྲལ་བའི་ཡིས་ནི།། དུས་གསུམ་མཐར་རྨུགས་འབྱུང་མི་འགྱུར།། དེ་བྲལ་དེ་ཉིད་མི་སྲིད་དེ།། ངོ་བོ་གཅིག་པས་མཉམ་རྫོགས་ཡིན།། འདུ་འབྲལ་མེད་པའི་ཡིས་ནི།། རྒྱུད་དང་བྲམ ་བས་རང་བཞིན་ཅན།། དེ་ནི་སྲིད་པར་མི་རུང་སྟེ།། བདག་ལ་ཡོན་ཏན་རྫོགས་པ་དང་།། མེ་དང་ཚ་བར་འབྲེལ་བ་བཞིན།། མངོན་སུ་བདེ་བ་ཆེན་པོར་གསལ།། བདེ་ཆེན་བདེ་བར་རྒྱས་འགྱུར་ན།། ཡུལ་དུ་སྣང་ཡང་ཐིག་ཡོ་འམ།། ་རིག་པར་སྣང་ཡང་རྟོག་པ་སྟེ།། ཡུལ་དང་བྲལ་ཡང་རྟོགས་གེགས་ཡིན།། གཉིས་སུ་སྣང་ཡང་མཚན་མ་ཡིན།། སྤྲོས་པ་བཀག་ཀྱང་རྨུགས་པ་ཡིན།། རང་ལ་རྫོགས་ཀྱང་ང་རྒྱལ་ཡིན།། ཡོན་ཏན་བརྗོད་ཀྱང་ཀམས་ཆགས ་སྐྱེ།། དེ་ནས་བདེ་ཆེན་རོལ་པའི་རྒྱས།། ཐིག་ལེ་དབྱིངས་སུ་གདབ་པར་བྱའོ།། དེ་ནས་ཡུལ་མེད་སེམས་མེད་པས།། ཡུལ་གྱི་མཚན་ཉིད་བསྟན་པར་བྱ།། རྟོག་མེད་དང་ལ་ཤར་བ་ཡི།། ལུས་དང་བྲལ་བའི་ཡིས་ནི།། ཚིག་ལ། ་སྒྲོ་བཏགས་ཐ་སྙད་ཡིན།། བསྟན་རྟོགས་པ་ལ་སོ་གྲོལ་བའི།། ཡིས་ཆེན་པོའི་མཚན་ཉིད་ཅན།། ཡུལ་འཛིན་རྟོག་པ་དག་བྱེད་པའི།། མ་བཅོས་དང་གི་ཡིས་གསལ།། དེ་ཉིད་རྟོགས་པ་རྣམས་སྤངས་ཏེ།། སེམས་ཉིད་གས ་ཡུལ་དང་བྲལ།། ངན་དུ་གསལ་བས་བག་ཆགས་བྲལ།། དེ་ཉིད་མཐོང་བས་ཐེ་ཚོམ་མེད།། རྒྱུ་བ་མེད་པར་ཀླུངས་སུ་ཕེབས།། རང་གིས་གསལ་བས་རྟོག་སྒྲིབ་མེད།། གང་ཡིན་པས་གོ་ལས་མེད།། རྣམ་དག་ས ་ཀྱི་ཡིས་ཡུལ།། བདེ་བར་གཤེགས་པ་ཡིས་ཡུམ།། ཡོན་ཏན་ཀུན་ལྡན་བུ་མེ་དེ།། ཐབས་ཀྱིས་མཉེས་པའི་གསུམ་རྫོགས་ནས།། བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ།། བདེ་བ་ཆེན་པོར་མངོན་དུ་བསོ།། བདེ་བ་ཆེན་པོར་བསྟན་པར་བྱ།། ་རིན་ཆེན་གཏེར་གྱི་མན་ངག་སྦྱིན།། སྐ་ལྡན་བདེ་བའི་རྒྱུ་ཅན་ཏེ།། ངན་རྟོག་འདོད་པའི་བག་ཆགས་ནི།། རང་འབྱུང་བདེ་བ་ཆེན་པོར་འབྱུང་།། རང་ལུས་འདོད་རྒྱལ་ཆེན་པོ་འབྱུང་།། རྣམ་རྟོག་ཡིས་སྒྱུར་བྱེད་པ།། མ་བཅོས་བདེ་བའི་ཐིག་ལེར། ་ཤར།། རྡོ་རྗེ་མེ་རྟོག་ཐབས་ཚན་རྩི།། སྒྱུར་བྱེད་ཨ་ཀར་རྟ་བཞིན་ནོ།། རང་འབྱུང་དཀྱིལ་འཁོར་ལུས་ལ་དགོད།། རླུང་དང་མེ་དང་བདེ་བའི་ཁམས།། འཁོར་ལོ་རཱིམ་དང་རིམ།། སྟོབས་དང་དྲག་པོའི་ཐབས་དང་ཐབས།། བདེ་བའི ་ལགས་ཀྱི་འདུ་བྱེད་ཀྱིས།། དེ་ནི་རིམ་བཞི་ན་བོདེ་བཱ་དབབ།། རྒོད་མའི་ཁ་དང་རྫིང་ཆེན་རྫོགས།། སྦྱར་ཞིང་རྩ་གསུམ་གྱིན་དུ་བརླབས།། འབར་བུ་མྱུ་གུ་དྲང་ཞིང་ཞི་བ།། ཉིད་ཁྲུའི་བདེ་བའི་སྡོང་དུ་དབབ།། བདེ་བ་ཆེན་པོའི་བཅུད་རླབ ་བས།། རྩི་ཏི་རྒྱས་ཤིང་འཁོར་ལོ་དག། རིན་ཆེན་རྫིང་གི་པདྨ་མ་རྒྱས།། ཐུང་ངུ་ཨ་ལ་འབབོ་ཙམ་ཕོད།། ལུས་འདར་དམིག་མ་འཛུམ་ཞིང་འབར།། སེམས་ཀྱི་དམིག་པ་སྦུར་གྱུར་པ།། སེམས་ཉིད་ཚོར་བ་བདེ་བ་སྟེ། ་བདེ་བ་རང་འབྱུང་ཀློང་དུ་དབབ།། གཙུག་གཏོར་སྦྱར་བ་རྡོ་རྗེ་ཡིས།། དེ་བ་རང་རྩཝ་འཇམ་དཔལ་མུ་ཏྲ་དང་།། བདེ་བྱེད་ཨིནྡྲ་བོ་དེ་དང་།། ཨུཎ་དེ་ཏག་ཨཀྵ།། དེ་བ་ཨ་མེན་ཅན་ཏྲ་ལྔས།། ཚིག་དབང་ནོས་ནས་ཐ་མའི་ལུས།། རྒྱལ ་བ་ད་ལ་ལྔའི་རིག་སུ་བྱས།། མངོན་གསུམ་བདེ་བའི་དབང་འདི་ནོས།། རྒྱལ་བའི་ཕྱག་རྒྱ་མངོན་དུ་བཏབ།། རྒྱལ་པོ་ཉིད་ཀྱི་རོལ་པ་མཛད།། དེ་བཞིན་ཐ་མའི་སྐུ་ལྡན་གང་།། ཐོག་མར་རིན་ཆེན་ཚིག་དབང་སྐུར།། ཐ~ཾད་རང་འབྱུང་ཐུགསུ ་དབབ།། དེ་ནས་བདེ་བའི་ཐབས་སྦྱིན་ཏོ།། ཡིས་བདེ་བའི་འཁོར་ལོ་ལས།། རིམ་གྱི་ལས་ནི་སྤྱད་བྱ་བ།། ཀ་ར་ནཱིའི་བསྟན་བཅོས་ལས།། གསུང་པ་བདེ་བ་རྒྱས་པའི་ཆོས།། བརྒྱ་ཕྲག་གཉིས་དང་བཅུ་ཕྲག་གསུམ།། དེ་ལ་སོགས་པའི ་མ་ལུས་ཆོས།། མགོ་དང་ལུས་དང་ཡན་ལག་རྣམས།། བདེ་བའི་འཁོར་ལོ་རིམ་པས་རིམ།། གནས་འཐུན་པའི་སྤྱོད་པ་བྱ།། བདེ་བ་ཆེན་པོའི་དབུགས་དབྱུང་ན།། བདེ་གཤེགས་རྒྱལ་བ་ཐོད་ཀྱི།། རང་བཞིན་བདེ་བའི་འཁོར་ལོ་ཉིད། ་རྒྱལ་དང་བྲལ་བའི་སྡོང་གསུམ་པ།། ཐཾད་ཡཻས་བདེ་བར་དབབ།། བདེ་མཆོག་མུ་ཁའི་མན་ངག་སྦྱིན།། མཚན་ལྔ་ན་གང་རུང་རྒྱལ་མ་དེས།། མགོ་ལ་བདེ་བའི་རོལ་པ་བྱ།། རྩ་མདུད་བགྲོད་ནས་བདེ་བ་བཀུག། བྲང་དང་ཨོག་ཀོ་སྦར། ་བདེ་བ་འདོད་པ་གསུམ་ལག་གིས།། ལེས་རྒྱལ་པོ་རིག་པར་བྱ།། མགོ་བོ་སྐྲག་ཅིང་སྨིན་མ་ལོངས།། མིག་དམར་དེ་བཞིན་མདོག་དམར་སྟེ།། ཡིས་རིམ་པ་སྤོར་བོར་བྱ།། སྦྱོར་བའི་ཡན་ལག་སྔ་མ་བཞིན། རྩ་མདུད་ལགའི།། ་ཀར་འི་ཆོས་ཀྱང་རིམ་པར་བྱ།། རྩ་མག་ལག་གི་མཱནན་བྱས་ཏེ།། འཕར་ལ་བནད་ཅིང་རྒྱུ་བ་དཔྲལ།། མྱུ་གུ་ཁ་ནི་ཤིན་ཏུ་དབྱེ།། སྣུམ་དང་བསྤུ་ལྡང་བ་དང་།། ཆུའི་ཟིལ་པ་མདོགས་བདེབ།། རང་ལུས་མན། ་གི་ཟད་ཀར་དབྱུང་།། དེ་ནས་བདེ་བའི་རིམ་པ་བཞིན།། ལེག་པའི་སེམས་ཀྱི་རྣ་བར་བྱ།། འདབ་བཞི་ལྟེ་བའི་ཡིས་གནས།། མོ་ཕྱིན་བདེ་བས་གང་འགྱུར་ཞིང་། མི་འཁྲུག་བདེ་བས་གཡོས་འགྱུར་ཏེ།། རིན་ཆེན་ཡེས་རྫིང་རྒྱས ་སྟེ།། འདོད་དང་བསམ་གཏན་བདེ་བའང་འབྱུང་།། འཁྱིལ་བའི་ཐིག་ལེ་བཞི་སྒོ་ནས།། འཇིག་རྟེན་སྤོང་བའི་བདེ་བའང་འབྱུང་།། རྡོ་རྗེ་སྒོ་རྩ་ཁམས་སའི་བཅུད།། བདེ་བའི་མ་ནུའི་རྩ་སྒོ་གསུཾ།། འཕེལ་བ་ཟླ་བའི་གཟུགས་ཅན ་གཉིས།། ཁ་སྦྱར་བདེ་བ་རྒྱས་པར་བྱ།། ལག་པ་གཉིས་ཀྱི་འཁྲིག་སྒོར་གསུཾ།། འཕེལ་ནུ་མ་མཆན་ཁུང་སྟེ།། རྩ་ནཱ་ཀྲེ་དྲང་སུ་ཀ་གླིང་།། འདུ་བྱེད་ལས་ཀྱི་སྦྱོར་བ་ཡིས།། བདེ་བ་འཕེལ་དང་ཐིག་ལེ་རྒྱས།། མུ་ཁ་བཞིན ་དུ་འཛག་པར་འགྱུར།། འཁོར་ལོ་ཁ་སྦྱར་བཀུག་དང་དཀུག། འདོད་ཀུན་བྲལ་བའི་ཡན་ལག་འཁྱུད།། ཀ་རའི་སྦྱོར་བའི་དམིག་སྤྲོད་ཀྱིས།། སུ་ཀ་དང་ནི་སུ་ཀ་དབྱེ།། ཐིག་ལེ་འཁྱིལ་བའི་སྒོ་དབྱེ་ན།། དང་པོ་མི་སྲིད་དྲི་མའང་འཚར ་ལུས་ཀྱང་ཁ་དོག་དམར་པོར་པོར་འགྱུར།། གཡོ་དང་འབར་བ་ལ་སོགས་འབྱུང་།། ཤེས་པ་ལྷག་པ་སྐྱེ་བར་འགྱུར།། ཀུན་ཏུ་རྟོག་པ་ཉམས་པར་འགྱུར།། གང་གཏང་དམིག་པའི་ཡུལ་དེ་ཟིན།། ལུས་ལ་རླུང་གི་འབེན་པ་། ་རྣ་རླུང་གིས་ལས་རྣམས་འདད་པ་འགྲུབ།། དར་ནི་རྡོ་རྗེ་ཆུ་ལམ་ནས།། ཡེས་ཆེན་པོ་འབྱུང་བ་ཡིན།། ལུས་ནི་བསྐྱེད་ཅིང་སྨིན་པར་བྱ།། རྡུལ་ཕྲན་ཟིལ་པ་རླུང་གིས་བསྐྱོད།། གནས་གསུམ་བདེ་བའི་སྟི་གནས་སུ།། ཐིག་ལེ་རྡོའི་གཟུམ ་སུ་ཆགས།། སྤྲོས་ཀྱང་བདེ་བའི་གནསུ་བསྡུ།། རྡོ་རྗེ་རྒྱལ་པོ་ཐབས་ཆེན་ཡིན།། རྡོ་རྗེ་ཡིས་ནི་ཞིབ་བྱ་ཞིང་།། འབར་བས་རྩེ་མོ་དྲིས་ཕྱིས་བྱ།། ལག་གི་སྦྱོར་བའི་མུ་ཁ་དབྱེ།། རིག་མ་ལྷ་མོ་རྡོ་རྗེ་ཡི།། པདྨ་ཁ་དབྱེ་རྗེས་མཐུན་པར། ་འབྲང་སྦྱོར་ཨུ་ཏྤལ་ཏ་ཀོས་བྱ།། ཨ་ཀར་རྒྱལ་པོས་དུ་རུ་སྐུ།། ཀླུ་འབྲུག་འབྲས་བུའོ་སྙིང་པོ་དང་།། རའི་མར་དང་དེ་བཞིན་བྱ།། སྒོ་ལྔ་གཉིས་ཀྱི་སྦྱོར་བྱ་སྟེ།། ལག་གི་སྦྱར་ན་རྣ་ཕུར་བྱའོ།། རྩ་གསུམ་འདོད་པའི་དབུས་སུ་བཟུང། ་དེ་བཞིན་གཡས་གཡོན་བླ་གོ་པར་བྱ།། ན་ཡིད་གཞོན་ལ་རབ་ཏུ་བྱ།། སྨན་ནམ་ཞིབ་པས་སྣུམ་པར་བྱ།། གལ་སྟེ་བདེ་བར་འབྱུང་འགྱུར་ན།། རིན་ཆེན་རྫིང་དུ་མཆུ་བརྩུགས་ཏེ།། རྔུབ་ཅིང་འབར་བས་བརླབ་བྱ་ན།། དེ་ནི་དེ་རྩམ་འགྲུབ་པ ་འགྱུར།། འདར་དང་རྒྱལ་བ་ལ་སོགས་ཏེ།། མཐུན་པའི་རྟགས་རྣམས་བྱུང་གྱུར་དང་།། འཁྲིལ་དང་འདོད་པའི་པྲ་ཀྲིང་བྱའོ།། རང་འབྱུང་བདེ་བ་མངོན་གསུཾ་བྱའོ།། ཐབས་ཀྱི་ཕ་རོལ་ཕྱིན་པར་བྱའོ།། ཐབས་ཀྱི་ཕྱག་བརྒྱ་ཆེན་པོ་རྟེན།། བཅུད་ཆེན་འབྲེལ་པ་རླུང་གི་བསྡུ ་ཐིག་ལེ་འཁྱིལ་པ་སྒོ་བྱིན།། སྟོང་སྨད་རྒྱས་པའི་རླུང་སྡུས་ཏེ།། བེམས་པོ་རླུང་གིས་འཕེན་བསྡུད་བྱ།། གཡོ་བ་ཉམ་སུ་མྱོང་འགྱུར་ནས།། རྣ་ཆེན་རྫིང་གི་རྔུབ་པར་བྱ།། རྡོ་རྗེའི་རྫིང་ལ་ཐུབ་པ་རྔུབ།། རླུང་རྣམས་སྡམ་པས་ཡིས་དྲང་།། བུ་གའི་གསུམ་འབབ་ཐིག་ལེ་ཡི།། བདེ་བས་ན ་པ་བཞིན།། རྡོ་རྗེ་མེའི་གཟུགས་འབར།། བདེ་བའི་ཡིས་རང་འབར་སྐྱེ།། ཐིག་ལེ་རྡོ་རྗེ་ཁར་དབྱུང་མིན།། ཡིས་ལུས་ཅན་རྡོ་རྗེའི་གཟུགས།། ཐཾད་ཡིས་ལུས་ཅན་ཡིན།། བདེ་བ་ཆེན་པོར་ལྷུན་གྲུབ་པའོ།། འདོད་རྒྱལ ་ཐབས་ཀྱི་རིམ་པ་ཡང་།། ཐ~ཾད་རང་འབྱུང་ཡིས་པས།། ཡུལ་དང་ཤེས་པ་གང་སྒོ་ནས།། ཚངས་ཆེན་རྡོའི་དབང་བསྐུར་བྱ།། རང་ལ་རྫོགས་པའི་ལྷུན་གྲུབ་སྤྲིན།། སྐམ་ཆགས་འདོད་ལ་མོས་པ་དང་།། སྤྱོད་ཡུལ་ཐ~ཾད་སེམས་ཉིད་པས།། ཐ~ཾད་སེམས ་ཉིད་རེག་པར་བྱ།། རིག་མའི་རེག་བྱ་བདེ་བ་ཡིན།། བདེ་བ་རང་རིག་ཆེན་པོ་སྟེ།། དེ་ཉིད་མ་ལུས་ཀུན་དངོས་ཅན།། སྤོང་ལེན་མེད་པའི་ཡིས་ཏེ།། མ་བཅོས་ལྷུན་གྲུབ་ཉིད་དུ་གསལ།། དུས་མཐའི་སྐད་ཅིག་དེ་ཉིད་ཀྱིས།། འཇིག་དང་རྟེན་དང ་འཇིག་རྟེན་འདས།། བདེ་བ་ཏིང་འཛིན་ཐ~ཾང་ཐོབ།། རྒྱུད་རྣམས་ལ་བསྟན་མ་ལུས་པའི།། ཆོས་ཀུན་མ་ལུས་དུས་ཅིག་རྫོགས།། དེ་ནི་སྤྱི་བླག་ཚངས་པའི་དབང་།། ཨེ་མ་ཧོ་རྡོ་རྗེའི་རིགས་ཀུན་བདག། གུས་པའི་སེམས་ཀྱི་བླ་མ་བཟུང། ་ཚངས་པ་ཆེན་པོ་ཡིས་ཀྱིས།། རང་འབྱུང་ཡིས་ཀློང་བརྟོལ་བའི།། མ་བཅོས་བདེ་བའི་དཀྱིལ་འཁོར་འདི།། སྤྲོས་མེད་རིག་པའི་མོ་ཁ་ལ་ཞོག། བདེ་བ་ཆེན་པོའི་ཡིས་ཏེ།། རྒྱལ་བ་ཀུན་གྱི་གསང་བའི་ཡུམ།། རྡོ་རྗེ་འཕྲུལ་གྱི ་ཐབས་ཆེན་རྩི།། འདི་སྦ་ཞིང་རྣག་པར་བཟུང་།། སངས་རྒྱས་མ་ལུས་འདུས་པའི་མཁའ།། བ་ག་ཡང་བའི་ཐོག་ལེའི་ཀློང་།། དུས་གསུམ་རྒྱལ་བའི་གསང་མཆོག་དབྱིངས།། ཁམས་གསུམ་མ་ལུས་བདེ་བའི་ཞོང ་ཡེ་ཤེས་སེལ་བའི་མཁའ་དབྱིངས་ནས།། མི་འགྱུར་བསྟན་པའི་སེམས་ཀྱིས་གཟུང་།། ཁམས་གསུ་བདེ་བ་ཆེན་པོ་སྤྱོད།། ཐམས་ཅད་མེས་རོལ་པ་ཡི།། བདེ་བཆེན་པོར་སྒྱུར་བྱེད་པ།། མེས་རོལ་པའི་ཐིག་ལེར་ཐིམ། ཧོ།། ་དེ་ཉིད་ཐབས་རྒྱལ་རྟོག་པ་ཡིས།། ཡིས་དཀྱིལ་འཁོར་ལམ་དུ་ཞུགས།། བདེ་བ་ཆེན་པོའི་རོལ་པ་བྱ།། རང་འབྱོར་རྫོགས་པའི་དཀྱིལ་འཁོར་དུ།། བདེ་བའི་ཡིས་མེ་ངོན་དུ་ཞུགས།། རིག་པའི་རྒྱལ་པོར་བདེ་བར་ཤར།། ་ཡེ་སཾ་དམིགས་པ་སྒྲོལ།། མ་བཅོས་རང་སྣང་ལྷན་གྲུབ་པའོ།། བཀྲ་གསལ་སྐུའི་དཀྱིལ་འཁོར་དུ།། རང་རིག་བདེ་བ་ཆེན་པོར་འཁྱལ།། ཆགས་མེད་ཡེ་ཤེས་བརྗོད་དང་བྲལ།། ཚིག་གི་ལམ་ཆད་དགྲ་གཉེན ་བརྟག་བྲལ་མ་ཆགས་རྡོ་རྗེའི་གསུང་།། རྣམ་དག་ཡིས་དཀྱིལ་དུ།། རྣམ་དག་ཡིས་གསུང་དུ་འཁྱི་ལ།། དངོས་བྲལ་རང་བཞིན་མེད་པའི་དྲི།། རྟོག་འཛིན་བྲལ་བས་ཆགས་མེད་པས།། ཡོན་ཏན་དཀྱིལ་འཁོར་ནམ ་མཁའ་འདྲ་བར།། འཛིན་མེད་ཡེ་ཤེས་ཀློང་དུ་འཁྱིལ།། མུ་ཁཱ་བདེ་བ་ཆེན་པོའི་དབྱིངས།། འཛིན་མེད་ལོངས་སྤྱོད་རྣམ་དག་པའི།། མ་ལུས་བསྒྲུབ་བྱེད་ཐིག་ལེ་ཡི།། ཡོན་ཏན་རྫོགས་པའི་དཀྱིལ་འཁོར་དུ།། ་རོལ་པའི་ཡིས་ཐིག་ལེར་འཁྱིལ།། བདེ་སྡུག་དཔྱིང་ཕྱུག་བ་གའི་ཀློང་དཀྱིལ་དུ།། ལས་ཀྱི་དཀྱིལ་འཁོར་ཡིས་སྒྲོན་མར་འབར།། བདེ་མཆོག་དབྱིངས་སུ་སྡུད་པའི་ཐིག་ལེར་ཐིམ།། མ་ལུས་རྫོགས་པའི ་།། དཀྱིལ་འཁོར་མཆོག། མ་རྟོག་བདེ་བའི་དཀྱིལ་འཁོར་དུ།། མ་ལུས་དཀྱིལ་འཁོར་ཐིག་ལེར་ཐིམ།། གང་སྣང་རང་རིག་ཡིས་ཉིད།། མྲ་བཅོས་མཁའ་སྙམ་དཀྱིལ་འཁོར་དུ།། ཆགས་མེད་ཐིག་ལེའི ་དབང་སྐུར་བས།། གསང་བའི་ཡེས་སྤྲང་པོ་ཆེ།། སྤྱོད་ཡུལ་མཱ་ལུས་ཐ~ཾང་ཀུན།། ཡིས་ཆེན་པོའི་རོས་གང་བ།། རྣམ་པ་སྣ་ཚོགས་ཡིས་ཉིད།། ཡེས་ལྔའི་བདེ་བ་རྒྱུས།། མི་འགྱུར་རྡོ་རྗེ་ཚངས་པའི་དབང་།། ཀུན་རྫོ ་བདེ་བ་ཆེན་པོར་ཐིམ།། ཐ~ཾད་ཡིས་མཉམ་ཉིད་ལ།། ཕྱོག་གཅིག་བདེ་བ་འདོད་པའོ།། ཕྱོགསུ་བལྟོས་པས་གྲུབ་པ་མེད།། རྣམ་པའི་མཚན་ཉིད་རང་བཞིན་རླུང་།། བདེ་བ་ཆེན་པོར་ལྷུན་གྲུབ་པ།། ཐ~ཾད་རྒྱས་པའི་དབང ་ཆེན་ཏེ།། ཡཾས་རོལ་པའི་ཕྱག་རྒྱ་ཅན།། རང་ལུས་མ་བཅོས་དེ་བཞིན་ཉིད།། རྒྱལ་བའི་སྐུ་རུ་ལྷུན་གྲུབ་པ།། ཕྱག་རྒྱ་སྐུའི་དབང་ཆེན་ཡིན།། རྒྱུ་དྲུག་འཁོར་བའི་ལུས་རྣམས་དང་།། ཨོཾ་ས་སྤྲུལ་པ་རྒྱ་མཚོའི་སྐུ།། ་མ་ལུས་རང་བཞིན་ལྷུན་གྲུབ་པོ།། སྐུ་མཆོག་བརྒྱན་གྱི་འཁོར་ལོའི་དབང་།། མྱ་ངན་འདས་དང་འཁོར་བ་ཡི།། སྒྲ་སྐད་རབ་འབྲིང་མ་ལུས་པ།། མ་ལུས་ལྷུན་གྲུབ་རྡོ་རྗེའི་གསུང་།། གསུང་གི་ཕྱག་རྒྱ་ཆེན་པོའི་དག ་དྲན་རྟོག་མ་ལུས་རྡོ་རྗེའི་སེམས།། ཐུགས་ཀྱི་ཡིས་མཁའ་མཉམ་པ།། ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས།། སྤྱི་བླུག་ཡིས་རྒྱལ་པོའི་དབང་།། རང་རིག་ཡིས་རྒྱུན་མི་ཆད།། བདེ་བ་ཆེན་པོ་མི་འབྲལ་གཟུགས།། རང ་ཡུས་ཡེས་རིམ་པོ་ཆེ།། མ་ལུས་བདེ་ཆེན་ལྔ་རྒྱས་བཏབ།། རྣམ་པ་མ་ལུས་མཆོག་ལྡན་པའི།། ཡཻས་སྟོང་པ་ཆེན་པོའི་གོ།། ཡིས་འཁྱིལ་བ་རྡོ་རྗེ་བུམ།། བདེ་བ་ཆེན་པོའི་རོས་གང་བ།། མ་ལུས་དག་པས་ཆུ་ཡི་མཆོག། གསྔ། ་བའི་ཡིས་དཀྱིལ་འཁོར་ཆེ།། མ་ལུས་འདུས་པས་བཅུད་ཀྱི་བདག། གསལ་བའི་ཡིས་བདེ་ཆེན་པོ།། མ་ལུས་ཀུན་འདུས་རིག་པའི་དབང་།། རང་འབྱུང་རྒྱལ་པོའི་མིང་གི་མཚོན།། ཐ~ཾད་རང་འབྱུང་རྩལ་གྱི་ཐོབ།། བསྐུར་བས་ཐོབ ་བའི་དབང་རྣམ་བྲལ།། བསྐུར་མེད་གཞན་ནས་མ་ཡིན་ཏེ།། ཐོབ་མེད་མ་ལུས་མངོན་དུ་ཐོབ།། མི་འགྱུར་རྡོ་རྗེ་ཚངས་པའི་དབང་།། ཀུན་མེད་རྫོགས་བདེ་བ་ཆེན་པོར་ཐིམ། ཧོ།། དུས་གསུམ་རྒྱལ་བ་ཐ~ཾད་ཀྱི།། ཐུགས་ལ་རྣག། ་པའི་མན་ངག་བཅུད།། ཐ~ཾད་བསྟན་པ་རང་ལ་རྫོགས།། ལྷུན་གྲུབ་བདེ་བ་ཆེན་མི་རྟོག་པ།། མ་བཅོས་དེ་ཉིད་བདེ་བའི་ཀློང་།། ལྷུན་གྲུབ་རང་འབྱུང་ཡས་མཁའ་ཁྱབ་པ།། མ་བཀག་རིག་པའི་མཁའ་ལ་རྫོགས།། རང་འབྱུང ་རིག་པའི་བདེ་ཆེན་པོ།། ཡོན་ཏན་ལྷུན་གྲུབ་རྫོགས་པའི་ཀླུང་།། སྤྲོས་མེད་ཐིག་ལེ་ཆེན་པོར་ཤར།། མི་རྟོག་ཡིས་མ་ལུས་གསལ།། འཛིན་རྟོག་བྲལ་བའི་ཚིག་མེད་ཡུལ།། རང་རིག་ཅིར་ཡང་མི་རྟོག་པས།། ཡིས་རྒྱལ་པོ་མ ་ལུས་གསལ།། ཅིར་ཡང་མི་རྟོག་བདེ་བ་ཆེན་པོར་མིན།། ཅིར་ཡང་མི་རྟོག་དམིགས་སུ་མེད།། ཡི་གེ་རྣམ་རྟོག་སེམས་ཀྱི་རྒྱུ་བ་མེད།། ཡིས་རང་རིག་མ་རིག་ལུས་ཀུན་བྲལ་ལོ།། རང་རིག་རྣམ་པ་ཡིས་སྐུ།། བདེ་ཀློང་མངོན་དུ་གསལ་བ་ཉིད། ་རྟོག་མེད་ཡིས་རོལ་པ་སྟེ།། རྣམ་དག་སྒྱུ་མའི་ཡེས་ཀློང་།། རང་རིག་ཡིས་སྒྱུ་མའི་ངང་།། རང་འབྱུང་སྒྱུ་མར་མངོན་དུ་གསལ།། ལྷུན་གྲུབ་སྒྱུ་མའི་རང་བཞིན་གསལ།། རང་སེམས་ལྷུན་གྲུབ་རིན་པོ་ཆེ།། རང་། ་རིག་མཁའ་ཁྱབ་རྡོ་རྗེའི་སྐུ།། སྒྱུ་མའི་ཡིས་སྤྲུལ་པའི་སྐུ།། གསལ་བྱེད་ཁམས་གསུམ་གཟུགས་བརྙན་འཚང་།། མ་ཧཱ་རཀྵ་ཨ་ཧྱ་ཀྵ་ཨ།། འབྲུ་གསུམ་ལྡན་པའི་སྔགས་དང་བཅས།། རྡོ་རྗེ་རིན་ཆེན་དབུག་སུ་ཞུག། ་པར་གཅོད་རླུང་ཡང་དཔྲལ་བར་བྱ།། བཅཝོ་ལྔ་ཐོ་རེངས་དུས་སུ་བསྟན།། འཕྲལ་ཚིག་རིག་པའི་ངང་གིས་བསྡེབ།། བརྡའ་དོན་བྲལ་བའི་རྒྱལ་བུ་བཞིན།། ནོར་བུས་ནས་བརྡའ་བཀྲོལ་ཏེ།། འཁོ་ལོ་བཞི་ལ་དབང་བྱེད་ཅིང་།། ་སྟོབས་བརྒྱད་མཐུའི་བདག་པོར་བསྐུར།། དེ་བཞིན་སྐལ་ལྡན་རིགས་ཀྱི་བུ།། རང་སྣང་བརྡའ་དོན་གྲོལ་ཐོབ་ནས།། རང་རིག་མཚན་ཉིད་མ་བཅོས་པ།། སྔོན་དུ་བསྟན་པའི་མན་ངག་སྤྲིན།། ཁམས་གསུམ་མངོན་དུ ་གསལ་བ་ཡིན།། སྒྱུ་མའི་ཡིས་ལྷུན་གྲུབ་པ།། འཕྲུལ་གྱི་ཡིས་བསྟན་བྱ་ཞིང་།། ཆགས་མེད་ཡིས་ཀློང་དུ་བཞུགས།། ཐབས་ཀྱི་ཡེ་ཤེས་མངོན་གསུམ་དུ།། སྐད་ཅིག་དུས་མཐའ་ལྷུན་གྱི་གྲུབ།། ལྷུན་གྲུབ ་བདེ་ཆེན་ཚངས་པའི་གསུངས།། ཐོད་རྫོགས་པའི་བདེ་ཆེན་པོ།། རང་འབྱུང་ལྷུན་གྲུབ་རྡོ་རྗེ་སྟེ།། རྡོ་རྗེ་གསུམ་ལུས་ཀུན་གྱི་དངོས།། འདུས་པ་ཐིག་ལེ་དགུ་ཡི་བདག། སྙིང་པོ་ལྔ་འདུས་རྡོ་རྗེ་རྒྱ་མ ་བེདེ་ཆེན་དྲུག་བསྡུས་རིག་པ་བརྒྱ།། ཀུན་གྲོལ་བདེ་བའི་ལམ་ལ་གཟུག། སུང་གསུམ་བརྒྱད་པའི་འོད་ཆེན་འདི།། ལྔ་དང་ངག་དང་གནྡྷ་གྱི་འོད།། མ་ཨཱས་བཞིར་འགྱུར་དངོས་མེད་པ།། @ ་བཞི་ཐ་སྙད་ཀུན་བདག་ཉིད།། ཡི་གེ་རྣམ་རྟོག་རྒྱུ་བ་བྲལ།། ནམ་མཁའ་དངོས་མེད་སྟོང་པ་བཞིན།། བྲལ་ཀྱང་མ་ལུས་སེཾས་ཀྱི་གཏེར།། འདོད་ཡོན་ལོངས་སྤྱོད་རྒྱལ་བའི་ཡུཾ།། དེ་ཉིད་ལོངས་སྤྱོད་གཏེར ་གྱི་བཅུད་བདེ་བའི་ལོང་སྤྱོད་རང་རིག་མཆོག། ཞིང་ཁམས་གཞལ་ཡས་བདེ་བའི་གནས།། གསང་བའི་གནས་ཆེན་གནས་པའི་བདག། རྒྱུ་དང་བྲལ་བའི་དངོས་གཞི་ཅན།། ངོ་མཚར་རྨད་འབྱུང་དེ་ཉིད ་བཅུད་།། མ་ལུས་འདུས་པའི་རིན་པོ་ཆེ།། བརྗོད་བྱ་མ་ལུས་ཀུན་འདུས་པའི།། རྒྱལ་བ་བསྟན་པ་ཀུན་གྱི་གཙོ།། ཟུགས་ཀྱི་བཅུང་འདུས་དེ་ཉིད་ལམ།། སྤྱོད་ཡུལ་བྲལ་བའི་རང་རིག་ཉིད།། བདེ་གཤེག། ་རྒྱལ་བ་ཀུན་གྱི་ཐུགས།། དངོས་གཞི་བྲལ་བའི་རང་རིག་ཉིད།། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས།། མ་ལུས་འཕྲོས་པ་ཀུན་གྱི་རྒྱུ།། ཟག་པ་མེད་པས་འདུས་མ་བྱས།། དུ་སྙན་པ་ཀུན་འདུས ་ཐིག་ལེའི་བརྡུང་།། རིག་མའི་ངང་གསལ་ཡེ་ཤེས་སྨོན།། འཕེལ་འགྲིབ་མེད་པསན་མཁའི་དབྱིངས།། སྡུག་བསྔལ་དག་པས་དགེ་སློང་འཁྱིལ།། སྤད་དུ་མེད་པས་སྲིད་དང་གྲོལ།། རེ་བོ་མེད་པོས་འདིསས ་པ་བཅོམ། ཤེས་རྒྱུད་བཅད་པས་ཡུལ་དང་བྲལ།། རྐམ་ཆགས་ལྔ་བྲལ་རང་འབྱུང་བས།། འཁོར་བ་རྣམ་དག་ཡེ་ཤེས་ཀློང་།། བྱེད་བསྣོལ་ཏིང་འཛིན་རིམ་སྤངས་པས།། མཉམ་རྫོགས་ཆེན ་པོའི་ཐིག་ལེ་ཅན།། གཙང་དང་རྨེ་བའི་ལེ་རྟོག་འདོར།། ཐ~ཾད་མ་ལུས་ཡིས་ལ།། སྤྱོད་པ་རྣམ་དག་རྟོག་མེད་པ།། ཇི་ལྟར་འདོད་དགུ་བདེ་བ་སྤྱོད།། མི་རྟོག་བདེ་ཆེན་ཤོར་བ་ཉིད།། དེ་ཉིད་སྤྱོད་པ་རྒྱ་མཚོ་སྟེ།། ལུས་ངག་གཙོ་རུ་འཇམ ་བྱེད་པ།། དེ་ཡང་སྤྲོད་ཉིད་སྤོད་མེད་པ།། རང་འབྱུང་ལྷན་གྲུབ་དེ་ཉིད་ལ།། ཡན་ལག་ཀུན་རྫོགས་ཁྱད་པར་ཆ།། མ་དམིགེས་སྒྱུ་མའི་བདེ་མཆོག་ནི།། གཉུག་མར་གསལ་ན་ལྟ་བ་ཡིན།། གདེང་དུ་ཕེབས་ནས་སྒོམ་པའི་མཆོག ་སྙིང་པོར་ཆུབ་པས་དཀྱིལ་འཁོར་ཡིན།། རང་ལ་རྫོགས་ན་དབང་བསྐུར་ཡིན།། དེ་ཉིད་ཉམ་ལེན་སྤྱོད་པའི་མཆོག། བདེ་མཆོག་མི་གཡོ་འབར་བའི་ཀློང་།། མི་ལྡོག་བདེ་བའི་ཀླུངས་གྱུར་པ།། དེ་ནི་སྒྲུབ་པའི་དངོས་གྲུབ་མཆོག། ་འདི་འདའ་བ་ཡི་དམ་ཚིག་སྟེ།། ཕྱག་རྒྱ་སྒྲུབ་པའི་ཡུང་ཆེན་པོ།། མ་ལུས་ཞིང་ཞུམ་གྱུར་པས།། བདེ་བ་ཆེན་པོའི་མཆོད་པ་ཡིན།། རང་ལ་རྫོགས་པས་ཕུལ་བ་ཡི་ནི།། བྱིན་གྱི་བརླབས་པས་ཡི་ནས་དག། རྟག་ཏུ་མཆོད ་བས་རེལ་པའི་གནས།། གཉིས་མེད་འགྱུར་བས་མཛེས་པའི་བརྒྱན།། མ་ལུས་རྫོགས་པའི་རིན་པོ་ཆེ།། སྨད་འབྱུང་ངོ་མཚར་ཆེ།། ཀུན་རྫོགས་ཕོ་བྲང་སྙིང་པོ་དེར།། བླ་མ་རིན་སྲོག་འགྱུར་དེས།། ཐ~ཾད་རྟོག་པའི་གདེང་ལྡན་ན།། དཔ ་ཕྱག་རྒྱལ་པོས་ཞུགས་པ་ཡིན།། ཐབས་དང་ལྡན་པས་རབ་གནས་ཡིན།། རབ་གནས་ལ་བས་སྤྱན་དྭངས་ཡིན།། འཛིན་དང་བྲལ་བས་དྲི་མ་དག། མོས་དང་ལྡན་ན་སྨོན་ལ་འཕངས།། ཆགས་དང་བྲལ་ན་བླ་མ་མཉེས།། དགུ་རུམ ་སྦས་པའི་ཐིག་ལེ་དེ།། གདེང་དུ་བསྟན་ན་དེ་ཉིད་མཆོག། བསྲུང་མཚམས་མ་ཡིན་སྟོན་མཚམས་ཀྱི།། དམ་ཚིག་འདི་ཡང་སྨད་འབྱུང་གི། ཐུན་མོངས་དམ་ཚིག་ཁྱད་པར་ཅན།། བསྲུང་བ་མེད་པའི་སྡོམ་པ་ཅན།། རྟོག་དང ་ལྡན་པའི་རྣལ་འབྱོར་ལ།། དངོས་སུ་གྲུབ་པའོ་མི་དགོས་ཏེ།། རྡོ་རྗེ་ཆོག་གི་བརྗོད་པར་བྱ།། ངང་ཕུག་གླིང་གཱི་རིན་ཆེན་སྒོ།། རྒྱ་མདུད་སྣ་མདུང་སྒོ་དང་བཅས།། ཁྲོལ་ན་གཏེར་ཁྱིམ་བདག་པོ་མཛོད།། ལོངས་སྤྱོད་གཏེར ་ལ་རོལ་པ་བཞིན།། རྡོ་རྗེ་ཚིག་གི་མདུད་ཁྲོལ་ན།། བྱང་ཆུབ་གཏེར་གྱི་མངའ་བདག་མཛོད།། དེ་ཉིད་ཁྲོལ་ན་མིག་ཕྱེ་བ།། བདེ་ཆེན་རྟོག་ན་དཀྱིལ་འཁོར་མཐོང་།། ཐབས་བྱིན་ན་མངའ་བདག་སྟེ།། རྡོ་རྒྱལ་པོ་ཐོབ་པ་ཡིན། ་བདེ་གཤེགས་ཉིད་བསྐལ་པ་མཉམ།། བྱང་ཆུབ་རྡོ་རྗེའི་རིག་ངེས་པའོ།། མཐར་ཕྱིན་ཏིང་འཛིན་རིམ་པའི་ས།། མ་བགྲོད་སྨན་ལ་ཞུགས་པ་འམ།། གྲུབ་མཐའ་ཤེས་པར་མ་བསྒྱུར་བའི།། ཐུན་མོངས་བློ་ཅན་པ་ཏའི་བཟེབ། ་དགྲོལ་བའི་ཐབས་དང་དེ་ཚིག་བསྟན།། ཕྱག་རྒྱ་ཆེན་པོ་རྫོགས་པར་བསྐྱེད།། ཀུན་ཁྱབ་ཡིས་འབར་བའི་ས།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་།། ཁྲོ་དང་ཞི་བའི་དཀྱིལ་འཁོར་དང་།། འདུས་པའི་ཡིས་ལུས་ཆེན་པོ། ་།། གསལ་བར་སྐྱེད་ལས་མངོན་གསུམ་བྱ།། གཟུང་དང་སྤྱོད་པའི་དེ་ཚིག་སྦྱིན།། བདེ་ཐོབ་ཐུན་མཚམས་བར་པའི་ས།། མངོན་གསུམ་འཇུག་པའི་དབང་རྣཾས་རྫོགས།། དགེ་སྡིག་ལས་ཀྱི་རྣམ་རྟོག་མེད།། རྣམ་སྨིན་ངན་པ་མི་གོཿ། ་པས།། རང་རིག་ཆགས་མེད་བདེ་ཐོབ་པས།། ལྷན་གྲུབ་མཉམ་རྫོགས་ཉིད་ལ་རོལ།། རང་གསལ་བདེ་བའི་ཁྱོད་བསྒྲུབས།། མ་ཆགས་སྤྱོད་པའི་ཡིས་རྟོགས།། རང་སེམས་རྟོགས་པའི་སྟོབས་དང་ལྡན།། རྣམ་རྟོག་བྲལ་བའི་བྱང་ཆུབ་སེམས།། ཉིད ་འགྱུར་བདེ་བའི་ལོངས་སྤྱོད་བོས།། འབྱུང་བ་བཞི་ལ་སྨིན་གྲུབ་པྲ།། ནམ་མཁའ་རྡོ་རྗེ་ཟ་སུ་གྱུར།། དེ་ནི་རྡོ་རྗེ་རྒྱལ་པོ་ཡི།། གཉིས་མེད་རྡོ་རྗེས་ཚིམ་པར་བྱའོ།། རྡོ་རྗེ་ཚིག་གི་ལམ་ནས་སྨྲ།། དོན་རྟོག་ཕྲ་བའི་ཚིག་གིས་དམན།། བཤད ་གཅིང་ཁུ་བ་ལ་སོགས་ཏེ།། རྟོག་རང་ཁ་ན་མ་ཐོའི་ཟས།། ས་ལ་སོགས་ཏེ་འབྱུང་བ་བཞི།། དངོས་པོའི་རྫས་ནི་ཐ~ཾད་ལ།། སྦྲང་རྩི་རའི་འོ་མ་དང་།། བཟང་དྲུག་ལྕེ་དཔོག་དཀར་པོ་དང་།། ཆ་དང་རྡོ་རྗེ་ཁུ་བར་བཅས།། ཆུ་ཡི་གཏོར ་ཏེ་ཟོས་འགྱུར་ན།། རྩི་རུ་ཆགས་ཤིང་གནོད་མི་ནུས།། དུག་ལའང་སྔགས་ཀྱིས་བཏབ་པ་བཟའ།། དེ་ཡིས་རྗེས་སུ་སེམས་འཇུག་པས།། སེམས་ཉིད་རྣམ་རྟོགས་བྲལ་བས་བྱ།། དུས་གསུམ་ལུས་ངག་མི་འཇུག་སྟེ།། འཇུག་པའི་ཐུན ་མཚམས་དུས་ཀྱིས་བྱའོ།། རྗེས་སུ་མཐུན་པའི་ལས་བྱ་སྟེ།། རང་རིག་ལྷུན་གྲུབ་རྡོ་རྗེའི་ངང་།། སྨྲ་བརྗོད་ཁ་ན་མ་ཐོའི་ལས།། འདོད་རྟོག་ངན་པའི་ཚིག་སྨྲས་ཀྱང་།། མ་ལུས་ཡིས་རྡོ་རྗེའི་སྒྲ།། མ་ལུས་སྒྲལ་ཚིག་དོན་མེད།། དེ་སྐད ་བརྗོད་དེ་བག་ཡངས་ཀྱི།། རྡོ་རྗེ་ངག་ཀྱི་སྤྱོད་པ་བྱའོ།། རྡོ་རྗེ་ལུས་ཀྱི་སྤྱོད་པས་ནི།། ཨེ་མ་ཧོ་མཉམ་རྫོགས་ཁྲིག་ལེ་སྐུའི་བཅུ་ད།། ཆགས་མེད་རྡོ་རྗེ་ལུས་ཀྱི་ལས།། ལུས་ཀྱི་ལས་ལ་གཉིས་མེད་དེ།། ཐ~ཾད་ཡིས་རང་རིག་བྱས།། གང་བྱེད ་རྟོག་མེད་ངང་དུ་ཤར།། ཐ~ཾད་རྒྱུ་མ་ལྡན་པས།། མ་ཆགས་འཛིན་མེད་ངང་གི་ས་གཙང་།། དཔེར་ན་མིགས་འཕྲུལ་སྒྱུ་མ་བཞིན།། དེ་ལ་དེ་ལ་དགོད་པ་བདེ།། དེ་ལ་རྒྱུ་དྲུག་ཐ~ཾད་བསྡུས།། རྣམ་རྟོག་འཛིན་པ་དངོས་སུ་བསྒྲལ།། སྲོག་གཅོད ་མ་བྱིན་ལེན་པ་དང་།། འདོད་ལོག་ལ་སོགས་ལུས་ཀྱི་ལས།། བག་ཚ་ཁ་ན་མ་ཐོ་དང་།། ཐཾད་དེར་ནི་ཉམས་སུ་བླངས།། མངོན་གསུམ་བཤད་པའི་ལས་རྣམས་ཀྱིས།། ལ་ཐག་ཆོད་ཅིང་ཐེ་ཙོམ་བྲལ།། ཉམ་ཉོང་བདེ་བའི་རྒྱལ་པོའོ།། ་གང་ཟག་རྣལ་མའི་དོན་ཐོབ་པ།། འདོད་དང་ལྡན་པའི་ཐབས་ཆེན་གྱི།། བདེ་དེས་བྱང་ཆུབ་འཚོལ་བྱེད་པ།། ཐབས་ཀྱི་བྱ་བའི་ཚིག་གི་མིན།། ཞི་དང་རྒྱས་པའི་རང་བཞིན་ཅན།། རྩོལ་བ་མེད་པས་རང་འབྱུང་ཡིན།། དེ་ནི་ཡུལ་བྲལ་ཡིས ་སོ།། རང་འབྱུང་ཡིས་ཀུན་གྱི་བདག། ལུང་བཅུ་རྫོགས་པའི་ཐིག་ལེ་ཅན།། རང་ཡུལ་རྟོག་པའི་ཡིས་ཏེ།། དེ་བཞིན་ཡིས་བདགས་གཞི་ཅན།། རྒྱུ་རྟེན་བྲལ་བས་དངོས་གྲུབ་མེད།། ཆོས་ཀུན་ན་མཁའི་རང་བཞིན་ཅན།། ལུས ་དང་བྲལ་བས་ཡན་ལག་མེད།། དངོས་བཞི་མེད་པས་རྟགས་དང་བྲལ།། ཀུན་སྤང་ཀུན་གྱི་དངོས་གཞི་ཅན།། རྟོག་པའི་གསལ་རླུང་ཡིས་རྒྱུས།། བདེ་ཆེན་ཤར་བའི་ཡིས་རླུང་།། དེ་ཉིད་དེ་ལྡན་དེ་གྲུབ་སྟེ།། གཡོ་བ་མེད ་པར་ཀུན་ཁྱབ་ཅན།། ཤར་བ་མེད་པར་ཀུན་ཏུ་གསལ།། འདི་ནི་སྨིན་ལམ་ཤེས་པ་བཞིན།། ཤར་བ་མེད་པར་ཀུན་ལ་གསལ།། འདི་ནི་སྨིན་ལ་ཤེས་པ་བཞིན།། རྒྱུ་བཞི་བྲལ་བའི་རིག་དེ།། རྒྱུ་ལ་རྩལ་འཛིན་ཐབས་འཕྲོ ་རིག་པའི་ངང་གསལ་བདེ་བར་འཁྱིལ།། སྤྲོས་པ་མ་བཀག་ཐིག་ལེར་བསྡུད།། མ་བཅོས་ལྷུན་གྲུབ་ཆེན་པོར་བཤར།། མ་སྐྱེས་སེམས་ཀྱི་ཐིག་ལེ་ལ།། རྩོལ་སྒྲུབ་བྲལ་བའི་ལམ་མཆོག་ཡིན།། དགྱེས་ཆེན་སྡུད་པའི་ཐིག་ལེ་ཡིན།། ་རྒྱུ་འབྲས་རྡོ་རྗེའི་ངང་ལ་བསྡུས།། ཐཾད་རང་སེམས་ངོ་བོའི་ཕྱིར།། འཛིན་རྟོག་སྤྲོས་པ་ཐོད་ཞི།། བྱེད་རྩོལ་རིག་པའི་ངང་གིས་འགྲུབ།། བརྩོལ་བསྒྲུབ་བྲལ་བའི་ལམ་མཆོག་ཡིན།། དགྱེས་ཆེན་བསྡུད་པའི་ཐིག་ལེ་ཡིནི།། རྒྱུ་དྲུག་རྟོག་པ་ཐ~ཾད་དང་།། ་མྱ་ངན་འདས་པས་རྒྱལ་བའི་ཐུགས།། མ་ལུས་བྲལ་བདེ་ཆེན་རིག་པའི་ངང་།། ཇི་བཞིན་མ་བཅོས་དང་དུ་གས།། ལྷུན་རྫོགས་སྤྲོས་པ་མེད་པ་ཡི།། གཅིག་འདུས་མ་ལུས་ཀུན་གྱི་བདག། རྣམ་པར་རྟོག་པའི་རྒྱུ་བ་བྲལ།། དུས་གསུམ་བྲལ་བའི་རང ་རིག་ཉིད།། བརྩེལ་དང་བྲལ་བས་རྒྱུན་མི་འཆད།། རྣམ་རྟོག་མཚན་མ་ཇི་སྙེད་པ།། ཇི་བཞིན་མི་འགྱུར་དེ་ཉིད་གསལ།། གནས་འགྱུར་རྒྱལ་པོའི་ལུང་ཆེན་ཡིན།། བྱེད་ཐ~ཾད་མ་སྤངས་པས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སེམས ་ཀྱི་རིག་པ་མ་ལུས་འདུས།། བསྒྲུབ་པའི་ལམ་མཆོག་ཀུན་གྱི་བདག། འདོད་པའི་འབྲས་བུ་ཀུན་དངོས་ཅན།། རྩོལ་བསྒྲུབ་དོར་བ་རྒྱུ་འབྲས་ཀྱི།། ལུས་ཅན་མ་ལུས་ཐམས་ཅད་འདུས།། འདོད་རྩོལ་བྱེད་པ་རྒྱུ་རྐྱེན་བྲལ།། བླང་དོར་མོས་འད། ་རྩེལ་བཀའ་བའི།། མཐར་ཕྱིན་ཆེ་བའི་འབྲས་འདོད་པ།། རྨོངས་པི་ཆུ་རྒོད་ན་མཁའ་ལ།། གསེར་གྱི་ཐེམས་ཀས་འཆོལ་དང་འདྲ།། སྡུག་བསྔལ་ལས་གྲོལ་འདོད་སེམས་ཀྱིས།། འདོད་པའི་ལོག་ལྟ་སྤྱི་འབྲེལ་བརྟག། འདི་ནི་རིན ་ཆེན་གཏེར་གྱི་དངོས།། དོན་གཅིག་རྣམ་པ་ཀུན་སེམས་བདག། འགྲེལ་མེད་ལྷུན་གྲུབ་རྣམ་གྲོལ་ལུང་།། ཀུན་རྫོགས་རྗེ་བཞིན་འབྲས་བུའི་མཆོག། རྒྱུ་འབྲས་དབྱེར་མེད་ཐིག་ལེའི་ངག། བྱ་མེད་ལྷུན་རྫོགས་སེམས་ཀྱི་གཏེར།། དཔེ་བྱད ་མཚན་ཆེན་རྫོག་སྟེ།། ཕྱག་བརྒྱའི་མཚོན་ཆའི་ཕྱག་རྒྱ་དྲི་མ་མེད།། དྲན་རྟོག་མི་འགྱུར་གསལ་བའི་ཐུགས།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཅན།། འདོད་སོགས་ཏིང་འཛིན་བདེ་བའི་རོ།། ཡན་ལག་ཏིང་འཛིན་སྟོབས་དང་ལྡན།། ་མི་རྟོག་བདེ་བ་ཅིག་ཏུ་འཁྱིལ།། མ་ལུས་ཀུན་འགྲུབ་དབྱེ་བ་ཅན།། མི་རྟོག་ཡིས་བདེ་བའི་ཐུགས།། དཔག་མེད་ཏིང་འཛིན་འབུམ་ཕྲག་སྒོ།། སྐལ་ལྡན་དང་པོ་ཉིད་ནས་རྫོགས།། རྒྱུ་དྲུག་འགྲོ་བ་མ་ལུས་པའི།། ལུས་སྣང་རྣོ་བ ་ཇི་སྙེད་པ།། གཟུགས་སྣང་རག་པས་སྡུས་པ་ཀུན།། ཐ~ཾད་འཁྱིལ་པའི་ཡིས་སྐུ།། ཚད་ལས་འདས་པའི་སྐུ་རྫོགས་ཏེ།། མ་ལུས་འདུས་པ་སྐུ་ཡི་བཅུད།། གྲགས་སྟོང་འཛིན་པ་ཆ་བྲལ་གསུང་།། རྒྱུ་དྲུག་སྒྲ་སྐྱེད་ལ ་སོགས་ཏེ།། རབ་འབྲིང་ཡི་གེ་བརྗོད་པ་ཀུན།། མ་ལུས་སྐྱེ་མེད་རྡོ་རྗེའི་གསུང་།། སྨང་འབྱུང་ལྷུན་གྲུབ་ཆེན་པོ་ཉིད།། མི་རྟོག་བརྡ་མཇལ་ཐཾད་གོ། ཐཾད་སྟོན་པའི་རིག་པའི་སྒོ།། སྒྱུ་མ་ཆུ་ཟླ་བདེ་བ་གློང་།། མི་རྟོག་ཐབས་ཀྱི་ཡིས་འདི། ་མ་བཅོས་རང་འབྱུང་ཆེན་པོ་ལ།། རྣམ་པའི་ཡིས་ཐབས་ཀྱི་རོལ།། རྒྱལ་བའི་དགོངས་པ་གློང་བརྟོལ་བའི།། རྣམ་པའི་ཡིས་བདེ་ཆེན་འདི།། མངོན་དུ་སྣང་ལ་མཐོང་བ་མེད།། རང་ལ་རྫོགས་ན་གྲུབ་པ་མེད།། འདི་དང་བྲལ་ན ་རྟོག་པའི་བདག། མཚན་མདུད་པ་འགྲོལ་མི་འགྱུར།། དེ་ནས་སྐ་ལྡན་རིག་ཅན་དེས།། བདེ་བ་ཆེན་པོའི་རྒྱས་བཏབ་པའི།། མི་རྟོག་ཡིས་ལྷུན་གྲུབ་པ།། བདེ་བའི་རོལ་པས་བསྒྲུབ་པ་བྱ།། རླུང་དང་རྟོག་པ་བསླང་པ་ཡིས།། རྒྱུན་དང་བཅས ་པའི་ཡིས་ཏེ།། བདེ་ཆེན་ཡིས་རླུངས་སུ་ཕེབས།། རླུང་ནི་རྣམ་པ་གཉིས་ཡིན་ཏེ།། རིག་པའི་རླུང་དང་བེམས་པོའོ།། བེམས་པོ་ལ་ནི་རྣམ་པ་གསུམ་སྟེ།། སྲོག་འཛིན་ཤེས་པའི་རྟེན་ཉིད་དང་།། ལུས་གཟུང་བཅུད་དང་འདྲེས་པ ་དང་།། སྙིང་མ་ལུས་ཀྱི་ལས་བྱེད་པ།། གྱེན་དུ་རྒྱུ་དང་ཐུར་དུ་རྒྱུ་བའོ།། རིག་པའི་རླུང་ནི་གཅིག་ཡིན་ཏེ།། བྱེ་བྲག་བརྒྱད་དང་དཔག་མེད་པའི།། རླུང་ནི་གཅིག་གི་འཕེན་པ་ཡིན།། རྟེན་པ་ལས་རླུང་ཟིན་པ་ཡིནི།། བདེ་བའི་རོལ་པ་ཡིས ་སྐུ།། འབད་རྩོལ་བྲལ་བའི་བདེ་ཆེན་ལས།། ལྷུན་གྲུབ་ཐབས་ལ་རྟེན་པས་གྲུབ།། ཡེས་རང་རིག་ཆེན་པོ་སྟེ།། ངང་གི་མི་ལྡོག་ཐབས་ཀྱི་མཆོག། སྐ་ལྡན་ཡིས་རྒྱལ་པོ་དེས།། བར་པའི་མཐུན་མཚམས་བཅུ་གཉིས་ཀྱིས།། ་ཡཾ་ས་རིག་པའི་ཕུར་པས་ཐེབས།། རྟོག་པ་གཞོན་པའི་རླུང་དང་འཕྲད།། འདོད་པ་དམིགས་པའི་ཡུལ་དང་འཕྲད།། མཐར་ཕྱིན་དུས་འཚམས་གཅིག་གིས་ཀྱང་།། ཡེ་ཤེས་ཐིག་ལེའི་དངོས་གྲུབ་ཐོབ།། བདེ་ཆེན་པོར ་བསྒྱུར་བའི་ཐབས།། འདི་ཁྱེར་བའི་ལམ་མཆོག་ཏེ།། རྒྱུ་འབྲས་མེད་པའི་མནྡཱར་ཕྱིན་ནི།། དང་པ་རིག་པའི་རླུང་གཟུངས།། ཉིན་དང་མཚན་གྱི་ཐུན་གཉིས་ལ།། ཉི་ཁྲི་རིག་སྟོང་དྲུག་རྒྱུ་ལྡན།། བཟ་ཟའི་འཐུན་འཚན་བཅུ་གཉིས། ་ཀུན་འདར་འཕོ་བ་ཅིག་ཡིན་ཏེ།། སྙིང་མ་བཅུའི་ཅིག་འཕོ་ཡིན།། རངས་མའི་འཕོབ་བསྟན་པར་བྱ།། འདི་ཉིད་རིམ་པ་འདི་ཡིན་ཏེ།། ཡིས་འཇའ་ཚོན་ལྟ་བུའི་འོད།། བདེ་བ་ཆེན་པོའི་ཡིས་ཏེ།། ཁམས་གསུམ་རང་འབྱུང་ཆེན་པོ ་སྟེ།། མི་གཡོ་ཐིག་ལེ་དག་བྱས་ཏེ།། རྔུབ་པས་རྒྱལ་བ་བུ་པ་བཞིན།། སྤྲོས་པ་དེ་ཉིད་ཤབས་པ་ལྟར།། ཡིས་རླུང་གིས་སྟོང་པར་བྱ།། ཨ་པདྨ་འདས་ནས་ལྡང་གི་བར།། གཡོ་མ་རང་འབྱུང་ཐིག་ལེ་བྱ།། དེ་ནས་ཐིག་ལེའི་རྟག་འབྱུང ་ཁམས་སྙོམས་རང་ལུས་བདེ་བ་རྒྱས།། ཉམས་དང་བྲལ་ནས་མཁའ་ལ་འདུག། ཚོར་བ་བདེ་བ་ཆེན་པོར་སྐྱེ།། རྒྱུ་བ་གསལ་ཞིང་བྱེ་བྲག་ཤེས།། དེ་ནས་བདེ་བ་འཕྲོ་བ་ཡི།། ལེས་རླུང་ལ་བརྔུབ་པར་བྱ།། དེ་ཉིད་ཐབས་ཀྱི་ཡོས ་དགུག། དཔེར་ན་རགས་པ་གྱེན་འགྱུའི་རླུང་།། ཀུན་འདར་འཕྲ་བའི་རླུང་བཞིན་དུ།། གསང་བའི་པདྨའི་ལྟེ་བ་ནས།། ནས་འདུས་པའི་ལྟེ་བ་ནས།། ཤིན་ཏུ་འདྲ་ཞིང་ངལ་བ་ཡི།། ཡེ་ཤེས་རླུ་ཀླུང་གི་ལྷུན་གྲུབ་པ།། བདེབ ་ཆེན་པོའི་རྒྱུ་བ་བྱ།། རླུང་ནི་ཐུན་ཕྱེད་ཕྱེད་ངག་ཏུ།། སྟོབས་ཀྱིས་སྡང་བར་ནུས་འགྱུར་ན།། དེ་ནས་སྒྲུབ་མེད་ལ་སླབ།། ལུས་བསྲང་བདེ་བའི་བག་ཡངས་ཀྱིས།། ཨོཾ་དང་ཧཱུཾ་དུ་སྦྱར་བྱས་ཏེ།། གསང་བར་ལྟོ་བར་དམིགས་བྱ་སྟེ།། རྔུབ ་དང་འབྱུང་བའི་རིམས་ཀྱིས་ཏེ།། གནས་པའི་བདེ་བས་རྒྱས་པར་བཟུང་།། ལུས་གཟུངས་དབུགས་བཅུད་ཉིད་དུ་བསྲེ།། དེ་ལ་འཐུན་པའི་རྟག་འབྱུང་སྟེ།། རེགས་པས་ལུས་གཟུངས་རྒྱས་འགྱུར་ཏེ།། བདེ་བ་ཆེན་པོའི ་ཡིས་སྐྱེ།། ནས་སྒོ་དང་དབང་པོའི་ལམ།། ཀུན་ཏུ་སྤྱོད་ནུས་འཇུག་ལྡང་མེད།། འཕོ་བ་མེད་པའི་འགག་པའང་འགྲུབ།། དབང་པོའི་ལམ་ནས་རང་རིག་ཏུ།། ཡིས་ཆེན་པོའི་འདྲེས་ནས་འབར།། སྐལ་པ་དུ་མའི་དབུག་ཀྱང་སྡུད།། ་གནོད་པ་མེད་པར་གདམ་པའང་འགྲུབ།། འདི་ནི་ཐབས་ཆེན་གང་བའི་ལས།། བདེ་བ་ཆེན་པོར་རྒྱས་ཐེབ་པྲས།། རོལ་པའི་ཀླུངས་སུ་ཕེབས་པ་ཡིན།། དེ་ནས་བདག་ཉིད་རང་འབྱུང་གི།། བདེ་བ་ཆེན་པོའི་ཐིག་ལེར་གསལ།། རང་གིས་མཚན ་ཉིད་མ་བཅོས་པའི།། བདེ་བའི་དཀྱིལ་འཁོར་རང་ལུས་གསལ།། རང་འབྱུང་བདེ་བའི་ཕུར་པས་ཐེབས།། ཕྱོགས་བཅུ་མ་ལུས་ཐ~ཾད་ཀུན།། ཡིས་ཆེན་པོའི་འོད་ཀྱི་ཁྱབ།། ཡི་ས་ཆེན་པོའི་འོད་ལ་ཞུགས།། རང་འབྱུང་གསུང་གི་ཟེར་ལ ་རོལ།། ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས།། མི་འགྱུར་ཡིས་ཀླུངས་སུ་ཕེབས།། དེ་ནས་བདེ་ཆེན་འཁོར་ལོ་བསྐོར།། རང་འབྱུང་ཡིས་རྣ་པའི་ལུས།། རང་གི་མཚན་ཉིད་མ་བཅོས་པ།། བདེ་བ་ཆེན་པོར་སྐུ་གསུཾ་ཐིག་ལེར་ཤར།། ་བདེ་བ་ཆེན་པོར་རང་རིག་ཉིད་དུ་གྲུབ།། མ་བརྩལ་རྫོགས་པས་ཡིས་སྐུ།། བཀྲག་གས་བདེ་བ་ཆེན་པོའི་གཟུགས།། རང་རིག་སྒྱུ་མའི་ཡིས་གསལ།། ཆགས་མེད་ཅིར་ཡང་མི་རྟོག་པ།། ཐཾད་རང་འབྱུང་ཡོས་སྐུ།། འགྱུར་མེད་མ ་བཀག་ཀློང་དུ་ཤར།། དེ་ཉིད་མཐུན་པའི་ལས་ཅིག་ལ། མཐུན་པའི་དམིགས་པ་བསྒོམ་པར་བྱ།། དེ་བཞིན་དངོས་པོ་མ་ལུས་པ།། དྲན་པའི་ཟག་པ་གདག་བྱ་སྟེ།། རང་འབྱུང་བདེན་པ་སྲུང་འོག་སྟེ།། སྤྱོད་ཡུལ་ཞིང་ལའི་ཕྱག་རྒྱས། ་བཏབ།། གང་འདོད་དེ་དེའི་ལུང་གསལ་བ།། གང་ཞིག་གང་དང་ལྡན་འགྱུར་བ།། དེའང་དེས་སྨིན་པར་འགྱུར།། དེ་ཉིད་དེའི་ཕྱག་རྒྱ་ཅན།། དེ་ནི་དེ་མེད་དགྲོལ་བར་འགྱུར།། འདི་ནི་དེ་དེའི་ཐབས་ཆེན་ཡིན།། པད་མཙོན ་གྱི་གསེར་གླིང་ཁང་།། གཟུགས་བརྙན་མཐོང་ཡང་སྐྲག་ཅིང་འགྲོས།། དྲན་པས་སྡུག་བསྔལ་དྲག་པོ་བསྐྱེད།། དགའ་བའི་གླིང་དང་འཁྲུག་པའི་གླིང་།། གནས་པ་བདེ་དང་ཞེ་སྡང་སྐྱེད།། ངད་པའི་སྐུ་ལྡན་སྨིན་པར་བྱའོ།། ་དྲུག་གས་མཐུན་མཚམས་བཅུ་གཉིས་ལ།། མན་ངག་འབང་པའི་རྩོལ་བས་བསྒྲུབ།། དེ་ནས་རང་འབྱུང་བདེ་ཆེན་ཏེ།། སྤྱོད་ཡུལ་ཐཾད་མ་འདའ་ལ།། ཐོད་ཡིས་རྣམ་པར་གསལོ།། ཁྱབ་རྡལ་ཆེན་པོའི་ངང་ལ་རྫོགས ་ཡིས་རིག་པའི་ཀློང་དུ་འུབ།། མཁའ་ལྟར་ཁྱབ་པ་ས་མུ་མཐའ་མེད།། སྐྱེ་འགྲོ་རྡོ་རྗེའི་ས་རུ་ཆུབ།། མ་བཅོས་ཐིག་ལེ་མངོན་སངས་རྒྱས།། རང་འབྱུང་སྙིང་པོ་རྡོ་རྗེའི་རྒྱན།། ཡོན་ཏན་ལྷུན་གྲུབ་རྡོ་རྗེའི་རྒྱན།། བཀོད་པ ་མེད་པར་རང་རྫོགས་པ།། ཁམས་གསུམ་བདེ་བའི་ལོངས་སྤྱོད་དང་།། རིན་ཆེན་ལྷུན་གྲུབ་བྱང་ཆུབ་ཞིང་།། རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར།། མ་ལུས་འདུས་པའི་ཐིག་ལེ་ཅན།། བདག་ཉིད་སངས་རྒྱས་ཀུན ་གྱི་དངོས།། རྡོ་རྗེ་རྒྱལ་པོ་ཀུན་ད་མེད།། ལོག་རྟོག་དངོས་པོ་ཐ་དད་པ།། ལྷུན་གྲུབ་བདེ་བ་ཀློང་ན་གསལ།། མ་འདྲེས་གསང་བའི་བདེ་ཆེན་པོ།། གང་དང་གང་གི་གང་རྣམས་ནི།། དེ་དང་དེ་ཉིད་དེ་དེ་རུ།། དེ་ཉིད་དེ་རུ་དེ་དེར་སྣང་།། ་དེ་ཉིད་དེ་ཡི་རང་བཞིན་པས།། དེ་རྟག་དེ་ལ་ལྷུན་གྱི་གྲུབ།། མ་ལུས་རྣམ་དག་ལྷུན་གྲུབ་པ།། རིག་པ་རང་འབྱུང་འདོད་རྫོགས་པ།། དང་པོའི་ཐུན་མཚམ་བཅུ་གཉིས་ཏེ།། གདོན་མི་ཟ་བར་བཅུ་ཡིས་འགྲུབ།། ཟླ་ཕྱེད་ཟླ་བ་ལྔ་ཡི་ཞག། རྣམ ་པ་མཚན་ཉིད་འདོད་རྣམས་ལ།། རྒྱུ་བ་བྲལ་བའི་མངོན་གསུམ་ལ།། རིམས་ཀྱིས་ཅིག་ཆར་གོམ་པར་བྱ།། སྤོང་ལེན་འཛིན་རྟོག་རེ་དོགས་དང་།། བདེ་སྤོང་གཙང་རྨེ་ཟློག་སྲིད་པ།། གྲུབ་མཐས་ལོག་རྟོག་འདོད་བརྩོལ་བ།། གྲགས་པའི ་ཐ་སྙད་གཡོ་འཕན་པའོ།། རང་འབྱུང་རྒྱལ་པོས་ཐོགས་མེད་པར།། སྤྱོད་པ་རྒྱ་མཚོར་ཅི་བདེར་སྤྱོད།། གང་ལྟར་སྤྱོད་པ་རྫོགས་ལོངས་སྤྱོད།། ལུས་ངག་བྱ་བ་མ་ལུས་པ།། ཡུལ་དང་གདུལ་བྱ་བློ་ཡི་རིམས།། ཉམས་པར་མི་འགྱུར་ཐུབ ་ཀྱིས་སྤྱད།། རང་འབྱུང་སྤྱོད་པའི་རྒྱལ་པོར་བྱ།། ཁྱད་ཆེན་ན་མཁར་ཕུར་བ་བཞིན།། ཆགསོ་མེད་ཉམས་ངའི་སེམས་མེད་ཅིང་།། གནས་མེད་གནས་པར་མི་བྱའོ།། རིག་པ་རང་འབྱུང་མཁའ་ལྟར་ཁྱབ།། སྐྱེ་མེད་ལུས་ནི་རྡོར ་སྐུ།། བདེ་བའི་ཐབས་ཀྱིས་རྡོ་རྗེའི་བསྒྲུབ་པར་བྱ།། བེམས་པོའི་རླུང་ཉིད་ལུང་སྙན་པ།། བསྡུད་དང་དངས་པའི་རླུང་དེ་ཉིད།། ལུས་གཟུངས་རླུང་ལ་སྙིམ་པར་བྱ།། དངས་མའི་ལུས་གཟུང་བཅུད་དུ་འདྲེས།། མི་ཤིགས་རླུང་དང་ཅིག ་ཟ་བའི་ཁམས་དང་བྲལ་གྱུར་ནས།། ཐུན་མཚམས་ཟས་ལ་རྟེན་པས་ནི།། ཐིག་ལེ་འཁྱིལ་བའི་སྒོ་ཕྱེ་ནས།། སྲོག་གཟུངས་བཅུད་དང་འདྲེས་གྱུར་ཏེ།། རིམ་ཆེན་རྫིང་གི་དན་རྒྷའི་ཡམ། ཁུ་ག་གཉིས་སྒོ་ཡན་ཆོད་དུ།། རྡོ་རྗེ་ཏིལ་འབྲུའི། ་གཟུགས་སུ་འཁྱིལ།། ཡིས་རླུང་དང་ཁུ་བ་ཁྲག། དངས་པ་འཁྱིལ་བ་བདེ་བའི་བཅུད།། ཡོངས་སུ་འཁྱིལ་བ་རང་འབར་གཟུགས།། སྙིག་མ་བྲལ་མ་སྟོབས་དང་ལྡན།། རང་འབྱུང་བདེ་བ་ཆེན་པོའི་ཟས།། མི་འགྱུར་བདེ་བ་ལྷུན་གྱི ་ཚེ།། ཐོབ་ནས་རང་འབྱུང་ལྷན་གྲུབ་ཏུ།། སྐད་ཅིག་དེ་ལ་འགྲུབ་པར་བྱ།། འདི་ནི་རབ་འབྲིང་ཐུན་མཚམས་ཀྱིས།། ངེས་པར་འགྲུབ་སྟེ་གཞན་དུ་ན།། ཟླ་བ་གཞི་ཡིས་གདོན་མི་ཟ།། འདི་ནི་ངོ་མཚར་ཡ་མཚན་གྱི།། སྨད་འབྱུང་ཐབས ་ཀྱི་འཕྲལ་ཆེན་ཡིན།། བདོ་གཤེགས་མ་ལུས་དགོངས་པ་ཡི།། རྒྱལ་བ་རྣམས་ནི་ཀུན་གྱི་བཅུད།། རྡོ་རྗེ་ཟམ་པ་སྣ་རྒྱུད་འདི།། སྙན་པ་ཀུན་གྱི་སྙིང་ཁུ་འདི།། བཀའ་ཡི་རྒྱལ་པོར་ཕྱུང་བ་སྟེ།། རྒྱུད་ཀྱི་རྒྱལ་པོ་ལུང་གི་མདོ།། མན ་ངག་སེམས་ཀྱི་ཚངས་འཛིན་པ།། བསྟན་པའི་འཁོར་ལོ་འདུས་པའི་རྩེ།། རྒྱལ་བ་མངོན་དུ་སྟོན་པའི་ཡི།། ངོ་མཚར་འཕྲུལ་གྱི་ལྡེ་མིག་ཡིན།། ཐབས་རྒྱལ་འདི་དང་བྲལ་བ་ཡི་ནི།། སྐལ་ངན་རྣམས་ནི་མུན་པར་ལྷུང་།། བསྐལ་པ ་བྱེ་བ་མཐའ་གླག་པར།། བཙལ་ཀྱང་འགྲུབ་པར་མི་འགྱུར་རོ།། འདི་ན་དངོས་གྲུབ་ཡ་མཚན་གྱི།། མངོན་གསུམ་འཕྲུལ་གྱི་ལྡེ་མིག་སྟེ།། དུས་མཐའ་སྐད་ཅིག་དེ་ཉིད་ལ།། གང་ཡིན་དེ་ཡི་སྔོན་དུ་སྟོན།། རང་འབྱུང་ཉག་ཅིག་མངོན་གསུ ་།། འདི་ལས་གཞན་པའི་ཤེས་པ་མེད།། མན་ངག་བསྟན་པས་རྒྱལ་བའི་གྲལ་དུ་འཇོག། འདི་ནི་ཚིག་དང་བྲལ་བས་སྟེ།། ཐུན་མཚམས་གསུམ་དང་ལྡན་པ་ཡིན།། རྡོ་རྗེ་འཛིན་པ་ཉིད་དུ་འགྲུག་གཞན་དུ་བསྟན་པའི་མཚན་ཉིད་ཀྱིས། ་ངེས་པར་གདོན་མི་ཟ་བར་འགྲུབ།། གནས་ནི་བྲག་དང་ཆུ་ལ་བཞག། སྲོག་དང་བྲལ་བའི་ཁ་བཞིན་བསྡམ།། འདི་གནས་ལྡན་པའི་སེམས་ཅན་ནི།། ཁམས་གསུམ་བྱུགས་ཀྱང་ཅིག་ལྡན་མིན།། འདི་ནི་སྲིད་བཞིན་དགྲ་ལ་སྟོན།། ་པའི་ཆོས་བརྒྱད་གཅོར་གཞོག་ནས།། ཉམས་པའི་སེམས་ཀྱིས་འཕྱེལ་འགྱུར་ན།། འདི་ལ་རྡོ་རྗེ་དམྱལ་གནས་སུ།། ངེས་འགྱུར་ཐེ་ཙོམ་མེད་པར་ངེས།། དེས་ནི་སྙན་པའི་བཀའ་དང་བསྣུན།། བཀའ་ཡི་བཅུད་འདུས་ཐུགས་ཀྱི་ཉིད ་ཁུ་ཡི།། ལག་ན་རྡོ་རྗེས་རྣ་རྒྱུད་སེམས་ལ་བསྟིམ།། རྡོ་རྗེའི་རྔམ་པ་བསྟན་ནས་འཕྲུལ་གྱི་ལུང་བཅུ་ཕོག། ལུང་བསྟན་སྐལ་ལྡན་རྣམས་ཀྱི་སེམས་ལ་ཐིམ།། རྣ་རྒྱུད་སྤྱི་དྲུག་ཚངས་པ་དབང་གི་རྒྱུད་རྫོགས་སྷོ ་