CLOSE WINDOW

Gbr005.12: byang chub sems dpa' 'khor lo rdo rje zhes bya ba'i rgyud
Wyliee-texts produced with BDRC’s OCR application

བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཞུགས་སོ།། ། ་རྒྱ་གར་སྐད་དུ། བཛྲ་ཙཀྲ། བོད་སྐད་དུ། འཁོར་ལོ་རྡོ་རྗེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལོ།། ཡངས་པ་ཆེན་པོ། ་ཡུམ་གྱི་མཁའ་ན། སྙིང་པོ་རྡོ་རྗེ་རབ་ཏུ་འབར་རོ།། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་རྣམས་ཀྱང་འོད་ཟེར་དུ་འབརོ།། བཅོམ་ལྡན་འདས་གསང་བའི་དཀྱིལ་འཁོར་ན། ་རྡོ་རྗེ་དཀྱིལ་འཁོར་ཤིན་ཏུ་གནང་བར་གྱུར་ཏོ།། ཡང་དག་པར་རྫོགས་པའི་བཅོམ་ལྡན་འདས་ནི། དགྱེས་པ་ཆེན་པོ་རོལ་པའི་ངང་དུ་འབྲེལ་མེད་དོ།། ཡེ་ཤེས་ཐིག་ལེའི་སྙིང ་བོ་ལས། སངས་རྒྱས་སེམས་ཡོངས་ཀྱིས་མེད། རྟག་པ་བརྟགས་པ་ལས་འབྱུང་བ། ཆོས་བཅོས་ལ་ནི་མཐའ་ཡས་མཆོག། རྣམ་ཤེས་ཕྱི་ནང་ཡུལ་རོལ་ན།། ལམ ་ལྔ་བསྡུས་པ་ཟག་མེད་ཆོས། བརྗོད་ཀྱི་མི་ལང་རྟོག་པའི་རྡུལ།། དེ་བཞིན་དབྱིངས་ལས་བསམ་ཡས་ཆར།། སྟོང་པ་ཞི་བ་རྣམ་ཤེས་ཀྱིས།། ཆོས་རྣམས་མ་ལུས་ཐ~ཾད་བསྡུས།། སྟོང་ཞིང ་དེ་ལས་འགྱུར་བ་མེད།། ཀུན་གྱི་རང་བཞིན་ལམ་མཆོག་འདི།། སྤྱོད་ཡུལ་གང་དུ་རྟག་མེད་པས།། ཇི་ལྟར་རྟག་པར་འགྲུབ་པ་ཀུན།། ཡིས་དབྱིངས་ལས་མ་སྐྱོད་ན།། བདེ་ཆེན་འཁོར་ལོ་རྟག་ཏུ་བསྐོར།། རྒྱུད་དྲུག ་འཁོར་བ་རྣམས་ཤེས་ཉིད།། ཀ་ཡི་ཨ་སྦྱོང་ཨ་ལ་རོལ།། རྡོ་ཞེ་སྡང་རྡོ་རྗེས་གཅོད།། ཡི་གེའི་ཚོ་གས་དང་བྲལ་བའི་ཕྱིར།། ཡི་གེ་ལ་ནི་ཡི་གེ་མེད།། ཡི་གེ་དང་ནི་ཡོ་གེའི་རྒྱུ།། ཡི་གེ་གཉིས་ཀ་ཡོད་པ་མ་ཡིན་ཏེ།། ཤྲེ ་རབ་ཐབས་ལ་རྟེན་པ་ཡི།། ཡི་གེ་འདོད་ལ་སྣང་བར་ཟད།། མི་དཔོགས་པའི་ཆོས་མཆོག་ལ།། དབང་སྦྱར་ཆེན་པོ་རྡོ་རྗེ་རོལ།། རྡོ་རྗེ་ལྟོ་བར་ཡིན་པ་སྟེ།། འབྲེལ་ཏེ་ཅིག་པར་གྱུར་པ་ནི།། ཀ་ལི་སྙིང་པོར་གྱུར་པ་སྟེ།། ཡི་གེ ་མེད་པའི་ཡི་གེ་ཡིན།། ཤེས་པ་ཤེས་བཞིན་མ་འཁྱམས་པར།། རང་གི་ངོ་བོ་གནས་པ་ནི།། རང་རིག་ཡས་ཞེས་བརྗོད་དོ།། ཤེས་ཀུན་དེར་འཁྱིལ་ཕུར་པ་དམ།། དྲང་པོ་དེ་ནི་བྱང་ཆུབ་སེམས།། རྡོ་རྗེ་ཁྲོས་ལྔ་ཉིད་གཟུག། ་ཡི་གེའི་སྙིང་པོ་ཉིད་དུ་གསལ།། ཞེ་སྡང་གསལ་བའི་རྡོ་རྗེ་ཡིས།། རྣམ་ཁྲག་འཐུང་བ་རྣམ་པར་བཅད།། ཡིས་གཏི་མུག་ཐིག་ལེར་དག། གཏི་མུག་འཁོར་ལོ་རྣམ་པར་སྤངས།། སྙིང་པོ་རྡོ་བརྩན་པའི་གནས།། དུ་ཁྲོད ་ཆེན་པོ་བརྡལ་པ་ནི།། ཡཾ་ས་རོལ་མོ་གཟིགས་ཤིང་སྤྲོད།། ཤེས་པའི་གཏི་མུག་སྣ་ཚོགས་པ།། མི་ཤེས་རྗེ་རྗེ་ཤེས་པ་ནི།། སྦྱིན་པ་ཆེན་པོའི་ཤེས་རབ་གཏེར།། ཡིག་རྒྱས་བཏབ་པའི་ཕྱག་རྒྱ་ཡིན།། རྣམ་ཤེས་རྟོག་སྤོད ་བྲལ་བ་ནི།། བྱང་ཆུབ་སྙིང་པོའི་ཐིག་ལེ་ཡིན།། གལ་ཏེ་འདོད་པ་ཡང་གཏང་ན།། ཉེས་མེད་རང་འབྱུང་ཡིས་པསོ།། དེ་ན་འཛིན་པའི་ནད་ཡོད་པས།། བསམ་ལས་འདས་པའི་ཤེས་རབ་བསྐྱེད།། ཤེས ་རབ་དྲང་བའི་དོན་ཉིད་ལས།། སེམསུ་འདུ་ཤེས་གང་ཡང་མེད།། དེ་ཉིད་རང་འབྱུང་ཡིས་ཉིད།། བརྩལ་བར་རྙེད་པར་མི་འགྱུར་ཏེ།། མ་བརྩལ་བ་ན་ཡིས་ཉིད།། སེམས་མི་ཤེས་པ་རྟག་ཏུ་གནས།། ཐ~ཾད་མ་ལས ་ཆོས་སོ་བཅོག། རང་བྱུང་ཡིས་ཉིད་ལས་མེད།། ཡིས་དེ་ལས་གཞན་པའི་ཆོས།། ཡིས་ཉིད་ཀྱི་མེ་མཉེས།། གལ་ཏེ་མཐོང་ཐོས་སྣ་ཚོགས་པ།། རྟོག་པའི་རྒྱུན་གྱིས་མཐོང་བར་ཟད།། ཅི་སྟེ་མཐོང་བ ་བདེན་འགྱུར་ན།། སངས་རྒྱས་ཀུན་འབྱུང་འབྱུང་མི་སྲིད།། ཁམས་གསུམ་ཡེ་སངས་རྒྱས་པ་ལ།། སྟོང་པ་སྟོང་པའི་སྦྱིན་པ་གཏོང་།། ཡཾས་ཆེན་པོའི་ཐིག་ལེ་གཏང་།། ཡིས་ཆེན་པོའི་ཐིག་ལེ་ལ།། ཆོས ་ཀྱི་དབྱིངས་ཀྱི་རྒྱན་པ་ཡིས།། འདུ་བྱེད་པའི་དཀྱིལ་འཁོར་ན།། ཤིན་ཏུ་ཡེ་ནས་རྔམ་པའི་ཞལ།། མི་རྟོག་པ་ལས་འབྱུང་བའི་གསུང་།། གསུང་གི་འབྲུག་གི་ཀུན་ཏུ་གྲག། བལྟས་པས་བསྲེག་པ་རྡོ་སྤྱན།། ་ཡེས་ཆེན་པོའི་སྤྱན་གདངས། པཱ།། གསང་བ་རྒྱ་མཚོ་རྡོ་རྗེའི་སྐུ།། མདད་ལྡན་མ་ཡིས་འཁེངས་པ་སྟེ།། དྲང་པོ་མ་ཆགས་རྡོའི་ས།། ཡིས་སྤྱན་དེ་པདྨའི་སྤྱན།། ཡི་གེ་འཕྲེང་སོགས་འོད་ཟེར་ཚུལ།། གསང་བ་མཆོག་གི ་རོལ་མོ་ཡིས།། ཟག་མེད་ཡིས་ཚིམ་གྱུར་པ།། ཐམས་ཅད་སྙིང་པོ་བྱང་ཆུབ་སྐུ།། ཀུན་ཏུ་བཟང་པོ་རྡོ་རྗེ་ས།། རྡོའི་མིང་ནི་བཅོམ་པའི་ཆོགསོ།། ཨ་ལ་སོགས་པའི་ཚོགས་ཟད་པ།། སེང་གེ་ལྟ་བུའི་ཆོས་ཆེན་པོ། ་ཆུ་ངུ་སྣ་ཚོགས་ཉིད་ལས་རྫོགས།། ཉིད་ལས་ཆོས་སྐུ་མི་འགྱུར་བ།། བསམ་མཆོག་སྨད་བྱུང་སྣང་བ་མེད།། སྣང་མེད་སྣང་བ་དངོས་ཡིན་པས།། སྣང་དང་མི་སྣང་མི་དམིགས་ན།། ཐོད་བྱང་ཆུབ་ཕུར་པས་གཏབ།། ་འཁོར་ལོ་རྡོ་རྗེ་ལས་ངོ་བོ་ངེས་པར་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་ཤིན་ཏུ་བསྟན་པའི་ཆོས།། འདོད་ཆགས་རྡོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ན།། ཉིད ་ལ་ཉིད་ཀྱི་ངོ་མཚར་བར་བཀའ་སྩལ་པ།། ཨི་མ་ཧོ། རྡོ་རྗེ་དངོས་གྲུབ་རྡོ་རྗེ་ལས།། སྤྱོད་ཡུལ་འགྱུར་བ་མེད་བཞིན་དུ།། བདག་དང་གཞན་དུ་རྟོགས་པ་ལས།། བག་ཆགས་འཁོར་ལོ་རྟོག་པས་འཁྲུལ།། ་སྣ་ཚོགས་པའི་ཆོས་རྣམས་དང་།། སངས་རྒྱས་སེམས་ཅན་སོ་སོར་འཛིན།། རྣམ་རྟོག་མདུད་པས་གདམས་པ་ལས།། ཡང་དག་དབྱིངས་ལས་གཡོས་པ་མེད།། མ་ཡོས་པ་ལས་བྱུང་རྣམས་དང་།། བཅོམ་ལྡན ་འདས་ཀྱི་འོད་ཀྱི་ཚུལ།། འཁོར་ལོ་རྡོ་རྗེས་བསྡུས་པ་ཡང་།། རང་འབྱུང་ཐིག་ལེའི་ངང་།། ཡིས་གཏི་མུག་མི་འབྱེད་པ།། ཆོས་ཀྱི་དབྱིངསུ་ག་ལ་མཐོང་།། མིང་དུ་རྟགས་འཁྲུལ་པས་ན།། དེ་བཞིན་ཉིད་ལས་གནས་པ་མིན།། སྔོན་དུ་སངས ་རྒྱས་འབྱུང་མེད་པས།། གསུངས་པ་སྣ་ཚོགས་འཁྲུལ་པའི་སྒྲ། ཆོས་ཀྱི་སྙིང་པོ་གསུང་དུ་མེད།། དེ་ཕྱིར་བརྗོད་དུ་རྡུལ་ཙམ་མེད།། གསང་མཆོག་དགེ་བ་ཞེས་བྱ་བ།། མིང་གིས་བརྒྱན་པ་སྒྲོ་བསྐུར་ཡིན།། ཚིག་ཏུ་བརྗོད་པ་རྣམ་པར་སྤང་།། ་རྣམ་ཤེས་སྒྱུ་མས་གཟུང་བའི་ཆོས།། ཡིས་སྒྱུ་མ་སྦྱར་ཤེས་ན།། རྒྱུ་དང་མིའི་རྒྱུའི་དྲན་དབང་ནི།། དམིགས་བྱ་མེད་པར་དྲན་དབང་བསྒྱུར།། ཐབས་ཀྱི་རྒྱལ་པོ་སྒྱུ་མ་ལྟོ།། ཤེས་པ་དྲི་གང་མི་འབྱུང་ཞིང་།། སྣང་བ་གང་ཡང་མི་མཐོང། ་བ།། དེ་ནི་བདེ་བ་ཆེན་པོའི་ས།། ཡིས་དབྱིངས་ལས་མི་བརྩོན་ཞིང་།། དྲན་མེད་ཡིས་ཀློང་གནས་པ།། མཉམ་དང་མི་མཉམ་དོན་ལས་འདས།། ཕ་རོལ་ཕྱིན་པོ་བཅུའི་མཚོ།། ཟབ་མོ་ཟབ་ལས་བརྒྱན་པ་ནི།། ཤེས་པསྙིང་པོར་ཐེམ་པ ་མ་ཆོས་སྐུ་བདེ་བ་ཆེན་པོ་ཡང་།། བསམ་པ་མེད་ན་རང་འབྱུང་སྐུ།། པད་མ་དག་པས་སྣང་བ་མེད།། མི་སྣང་བའི་དོན་དེ་ལ།། བསྒོམ་པ་མེད་ན་སྒོམ་པ་ཡིན།། ཤེས་པ་གང་ལ་མི་འཇུག་པ།། ཡིས་སྙིང་པོ་ཐིག་ལེ་ཡིན།། རྒྱལ་བ་ཀུན ་གྱིས་གཤེགས་ཤུལ་བདེ།། བྱང་ཆུབ་ཉིད་ཀྱང་མི་སྣང་བས།། བྱང་ཆུབ་ཉིད་ནི་མཐོང་བ་མིན།། ཆོས་ལས་དམིགས་པའི་ཆོས་གནས་པ།། འབྲས་བུའི་རྒྱུ་དང་རྒྱུའི་རྒྱུ།། མེད་པའི་ཡོད་པ་གཉིས་གར་འབྲེལ།། དེ་ལ ་མཉམ་དང་མི་མའམ་མཉམ།། བཤད་པར་ཐོབ་མེད་བྱ་བྲལ་ཆོས།། ཡང་དག་ཆོས་ལས་འབྱུང་བ་མེད།། འཁྲུལ་པའི་སངས་རྒྱས་ཆོས་ཀྱི་བྱེད།། བྱ་བའི་གནས་དང་བྱེ་མ་ཡིན།། འབྱོར་འདུམ་མེད་པ་སའི་ས།། སྙིང་པོ་དོན་ལ ་པའོ།། འདོད་ཆགས་ཉིད་ཀྱི་ཆོས་མཐོང་ཞིང་།། སྡུག་བསྔལ་ཉིད་ལ་སྔགས་བསྔལ་གྱིས།། མཚན་མ་རྡུལ་ཙམ་མ་མཐོང་ཞིང་།། སྡུག་བསྔལ་ཉིད་ཀྱི་ཆོས་ཐོས་པ།། བྱང་ཆུབ་མཆོག་ཆེན་ཀུན་གྱི་གཞི།། ཐིག་ལེ་ཙམ་ཉིད་ཉེས ་བཤད།། སེམས་ནི་ལམ་གྱི་ངོ་བོ་ཉིད།། སེམས་ཀྱི་ངོ་བོ་ཉིད་མེད་པས།། བསམ་གྱི་མི་ཁྱབ་མཐའ་ཡས་ཆོས།། ངོ་བོ་མེད་ཕྱིར་ཡོད་མ་ཡིན།། རྐྱེན་ཕྱིར་སྐྱེས་ཕྱིར་མེད་མ་ཡིན།། སེམས་ཀྱི་རྟོགས་པ་སྐྱེ་མེད་ཅིང་།། རྟོག་དེ་ཉིད་སེམ ་ཉིད་འདྲ།། ཆོས་རྣམས་ཀུན་གྱི་སྙིང་པོ་ནི།། རྩ་བ་མེད་པའི་རྩ་བ་ཡིན།། ཁ་དོག་མ་ངེས་འཇའ་ཚོན་འདྲ།། ཆེ་ཆུང་རིམ་པ་དེ་བཞིན་ཏེ།། ཆོས་ཞེས་རྟགས་པོ་ཆོས་ཀྱི་ཆོས།། སྤང་བ་མེད་པའི་ཆོས་བརླབས་ཕྱིར།། ཆོས་མེད་པ་ལ ་ཆོས་ཞེས་གསུངས།། ནམ་གྲངས་དག་གི་ཕྲག་ཡས་ཆོས།། སྒྱུ་མའི་རྒྱུ་ཡིས་བསྒྱུར་ཤེས་པ།། མ་སྐྱེ་སྒྱུ་མས་སྒྱུ་བསྒྲལ་ན།། འདས་པ་མེད་པའི་མྱ་ངན་འདས།། བྱང་ཆུབ་ན་མཁའ་མི་སྐྱེ་བས།། ནམཁའ་བྱང་ཆུབ་རྩབ ་བཅད།། དཔའ་བོའི་དཔའ་བོས་དཔའ་བོ་བསྒྲལ།། རང་བྱུང་ཡིས་ཅིག་གུལ།། ཆོས་རྣམས་ཕྱེ་མོའོ་མེད་པ་ནི།། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད།། རྣམ་པར་དག་པའི་བྱ་བ་མེད།། ཡེ་ཤེས་སྙིང་པོ་བདེ་གནས་ཏེ།། མི་གཡོའ་མཉམས ་པ་མི་བྱམ་པ།། ཕྱོགས་རྣམས་ཀུན་གྱི་ཕྱི་མོར་གསུངས།། ཐམས་ཅད་བདེ་མེད་བསྒྱུར་ཞེས་ན།། བྱང་ཆུབ་སེམས་ལ་ཨ་ཡིས་བརྒྱན།། ཡ་མཚན་ཆེ་བ་ལྷག་པའི་ཆོས།། བླ་རུ་བྱུང་ཙམ་མཐོང་བ་པོ།། སྨན་ཉིད་འཆི་མེད ་བྱང་ཆུབ་ཏུ།། ཕྱོགསུ་འཁྱམས་པ་རྡོ་རྗེ་འབྲེལ།། ཕྱོགས་ཀྱི་འབྲེལ་པ་མེད་པ་ནི།། སྐྱེ་བ་མི་སྐྱེ་སྐྱེ་བ་སྟེ།། ས་མ་ཡ་ཨ་ཏང་ཏའོ།། བླུན་པོ་ཡིས་གཏི་མུག་ལ།། རྟོགས་པའི་སེམས་ཉིད་སྐྱེ་མེད་ཅིང་།། སེམས་ཉིད་སྟོང་པ་སྐྱེ ་མེད་པ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཏེ།། ཡཾས་ཐིག་ལེ་དྲང་པོའི་ལམ།། བླང་བྱ་ལྷ་མོ་འཁྱིལ་བའི་སྒྲ།། ལེན་པ་ཟ་བྱེད་རྡོ་རྗེའི་སྒྲ།། ཁྲག་འཐུང་རྡོ་རྗེ་དུས་མེད་དུབ།། ཟིན་པ་བསྟན་པས་ཡབ་ཡུམ་འཁྱིལ།། དོན་ཆ ་རྒྱལ་བར་གྱུར་པ་ན།། རྡོ་རྗེ་རྒྱལ་པོ་ལྷ་མོ་རོལ།། རྡོ་རྗེ་སཱ་བཙན་པ་བདེ་བའི་རྒྱ།། དེ་བཞིན་ཉིད་ཀྱིས་ངང་ལས་རོལ།། ཀུན་ཏུ་བཟང་པོ་རང་འབྱུང་དབྱིངས།། ཐིག་ལེ་གཅིག་ལས་སྤང་བ་མེད།། ཤེས་རབ་ཡུལ་མེད་ཤྲེ ་རབ་སྐུ།། རྡོ་རྗེ་དྲིར་སྒྲ་མེད་སྒྲ།། རང་འབྱུང་རྡོ་རྗེ་དབྱིངས་ཀྱི་ལྷ།། དམ་པས་མིང་དང་མཚན་མ་མེད། མྱ་ངན་འདས་པའང་གང་ཟག་ཉིད།། སེམས་ཀྱི་དམིགས་པས་ནུས་མ་ཡིན།། ཡང་དག་ཉིད་ཀྱང་མི་མང ་བས་ངག་གིས་བཤད་པ་རྡུལ་ཙམ་མེད།། གཡོས་ཏེ་མཚན་མ་བྱུང་བ་ན།། མིང་དང་མཚན་མ་གང་ཡིན་ཡང་།། མེད་པར་རྟོག་པ་དེ་ཁོ་ན།། ཡང་དག་པའི་ཡི་གེ་ཡིན།། གཟུགས་སྒྲ་དྲི་རོ་རྡུལ་སྣ ་ས།། རང་གི་སེམས་ཉིད་སྣང་ལས་ཤར།། ཚོར་ཞིང་ཤེས་ན་མི་བདེན་པའི།། འདུ་ཤེས་འདུ་ཤེས་མི་སྐྱེའོ།། མི་བདེན་འདུ་ཤེས་མ་སྐྱེས་ན།། དེ་ཉིད་དེ་བཞིན་གཤེགས་པའི་མཛོད།། ངོ་བོ་ཉིད་ཀྱི་ཆོས་ཉིད་ལ།། ་ཡང་དག་ཉིད་ཀྱང་སྐྱེ་མེད་ཅིང་།། མིང་དང་མཚན་མ་སྐྱེས་པས།། དེ་ཉིད་དེ་བཞིན་ཉིད་ཅེས་གསུངས།། སྐྱེ་མོད་ཡང་དག་ཉིད་མཁྱེན་ན།། མི་བདེན་པའི་ཆོས་སྣ་ཚོགས།། མིང་དང་མཚན་མ་ཚིག་བཤད་དང་།། ་བྲལ་བས་ཡང་དག་ཡིས་སྣོད།། དོན་དམ་པའི་གདོན་པ་ཉིད།། མི་བདེན་ཆོས་སྐྱེ་མེད་ན།། མཚན་མའི་ཚོགས་དང་མ་འབྲེལ་པས།། མི་བདེན་རྒྱུན་ནི་བཅད་དུ་མེད།། སེམས་ལ་སེམས་ནི་མེད་མཁྱེན་ན།། ་སེམས་ཞེས་བྱ་བར་བཅད་དུ་མེད།། དེ་ནི་རང་འབྱུང་ཡེ་ཤེས་ཉིད།། རྣམ་ཤོས་ཡུལ་ལ་མ་སྐྱེ་བ།། རྣམ་པར་རྟོགས་པ་མེད་པ་སྟེ།། ཆོས་ཀྱི་དབྱིངས་ནི་པདྨའི་སྤྱན།། སེམས་ལ་སེམས་ནི་མེད་ཞེས་ཤིང་།། ་ཆེས་ལ་ཆེས་མེད་པར་ཤེས་ཏེ།། མིང་དང་གཟུགས་སྒྲ་སྣ་ཚོགས་པ།། དེ་བཞིན་གཤེགས་པ་སངས་རྒྱས་སྤོང་།། རྡོ་རྗེ་འཆང་རྒྱལ་ཐིག་ལེའི་འོད།། ཟབ་མོ་ཡེངས་པ་ཆོས་ཀྱི་དབྱིངས།། ཆོས ་ལ་གཟུགས་ན་མེད་པ་སྟེ།། ཤེས་པ་མེད་ཤེས་མེད་པར་གསུངས།། བྱང་ཆུབ་སེམས་དཔའ་ཐིག་ལེ་ཉིད་མི་འབྲེལ།། རབ་ཡིས་དབྱིངས་ཉིད་ནི།། ཡིན་དང་མ་ཡིན་མི་རྟོག་པས།། ཐམས་ཡིས་སྙིང་པོ་ཉིད།། སྡིག ་ཏོ་མཐོང་བ་མེད་པས་ན།། ཐམས་ཅད་གསང་བ་བྱང་ཆུབ་སྐུ།། ཐ~ཾད་ཆོས་ནི་མི་སྐྱེ་ཞིང་།། གང་ལ་ཡང་མི་འགོག་མི་བརྩོལ་ཏེ།། ཅི་བྱེད་གཡོས་པར་མ་མཐོང་ན།། སྤྱོད་པ་བཅད་པ་ཡོང་མི་དགོས།། ཅི་སྤྱོད་པ་ཉིད ་བྱང་ཆུབ་ཉིད།། སངས་རྒྱས་ཐིག་ལེ་སྤངས་པའི་སྤྱན།། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ལས།། སྒོ་སྣ་ཚོགས་སུ་གླེང་སྤངས་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང་པོས།། ཤིན་ཏུ་རྔམ་པའི་ཚིག་གསང་བ།། མི་འབྱུང་མི་འཇུག་པའི་སེམས།། རྡོ་རྗེ་ཁྲག་འཐུང་རྔམ་པའི་ཞལ།། ཡང་དག་པའི་ཆོས་ལམ་འདྲ།། སངས ་རྒྱས་བྱང་ཆུབ་སེམས་དཔའ་དང་།། མིང་བརྟགས་དོན་དུ་འདོད་པ་ནི།། སྐུར་བཏབ་སངས་རྒྱས་མཐོང་མི་སྲིད།། ཡང་དག་རྟེན་པར་དྲང་གྱུར་ན།། ཡང་དག་ཉིད་ལས་ཡང་དག་མེད།། མེད་པའི་ཕྱི་མོས་སེམས ་ཉིད་དེ།། སྡུག་བསྔལ་ལས་ལས་གྲོལ་བའི་ལམ།། སེམས་ཅན་སངས་རྒྱས་དེ་ལས་མེད།། མཉམ་མི་མཉམ་དང་མཉམ་མི་མཛད།། གྲོལ་དང་མ་གྲོལ་ཡེ་ནས་གྲོལ།། བརྩོལ་བསྒྲུབ་གཉེར ་གཉེར་བས་དོན་མི་མཐོང་།། ཅིར་ཡང་མི་དགོས་སྤད་བྱས་ནས།། བདག་དང་གཞན་ལ་འབྲས་བུ་ཐོབ།། ངོ་བོ་ཉིད་ཀྱི་གཞི་རྟོགས་ན།། མ་ནོར་བའི་ལམ་ལ་གནས།། མཐོང་ཐོས་དག་པ་ཞི་བའི་ཆོས།། ། ་བསྒོམ་པ་མེད་ན་བསྒོམ་པ་ཡིན།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལམ།། དེ་བཞིན་ཉིད་དུ་སེམས་བྱེད་པ།། རང་འབྱུང་དབྱིངས་ལས་གཡོས་མ་ཡིན།། འཛིན་པ་གཡོས་པ་མིན་པ་ན།། ཕལ་པའི་རྣམ་ཤེས་དག་དང ་མཚུངས།། བྱང་ཆུབ་ན་མཁའ་ཡོད་མ་མིན།། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། དངོས་པོ་གང་ཡོང་མ་ཡིན་པར།། སྟོང་པ་ཉིད་དུ་སྟོང་པར་ཤེས།། ཡིས་སངས་རྒྱས་དེ་ལ་མེད།། མིང་ཙམ་འཛིན་པའི་སྟོབས་བྲལ ་ན། ཤེས་རབ་གང་དུ་མི་འགྲོ་བ།། དེ་ནི་བྱང་ཆུབ་སྙིང་པོ་ཉིད།། ལོག་པའི་སྟོབས་ཀྱི་གཡེངས་པ་ཆེ།། རྟོག་པའི་དབང་ལས་བྱུང་བ་ལས།། ཆགས་པའི་སྟོབས་བྲལ་ཐིག་ལེའི་སྐུ།། བདེ་བ་ཆེན་པོས་གཡོས་པ་མེད།། ་རྡོ་རྗེ་ཁྲག་འཐུང་རོལ་པ་མི་སྐུ།། བློ་གློས་སྙིང་པོ་རྡོ་རྗེའི་བློ།། སྟོང་པ་ཉིད་དུ་དབེན་འཛིན་ཏེ།། སྟོང་པའི་སྟོང་པ་སྐྱེ་བས་ན།། འཛིན་པའི་ལྕགས་ཀྱུས་ཟིན་པ་སྟེ།། སྟོང་པའི་སྟོང་པས་བཅིངས་པའོ།། ཡེ་ཤེས་ཆེན་པོས ་རླུང་གཡོས་ན།། ཆོས་རྣམས་མི་མཉམ་སོ་སོའི་རླུང་།། ཡང་དག་ཉིད་དུ་མི་འགྱུར་བས།། གྲོལ་བས་གྲོལ་ཡོང་མི་འགྱུར་རོ།། ཡོད་མེད་གྲོལ་དང་མ་གྲོལ་མེད།། དེ་ནས་དག་པས་སྤང་མི་དགོས།། ན་མཁའ་ཉིད ་དང་མ་འབྲེལ་བས།། བྱམས་པའི་ཐིག་ལེ་སྙིང་བརྩེར་བཞག། དངོས་མེད་མི་རྟོག་མཐོང་བ་ནི།། དངོས་དང་མི་རྟོག་དངོས་དང་རྟོག། བྱ་བྲལ་ཆོས་ནི་མ་ཡིན་པས།། གྲོལ་བ་རང་འབྱུང་གཞན་མིན་ཏེ།། བྱང ་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ལས།། རྣམ་གྲངས་ངེས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས།། ཉིད་ཀྱི་ཆེ་བའི་ཡོན་ཏན་ལ ་ངོ་མཚར་བས།། ཉིད་ཀྱི་འདི་ལ་བརྗོད་པ། དྲག་པོ་དབེན་པ་རྡོ་རྗེའམ།། མི་ཚོར་མི་སེམས་གཏི་མུག་སེམས།། ཚིག་ཏུ་སྨྲ་བས་ལན་མི་སྨན།། རྒྱལ་བའི་ལྷ་རྒྱལ ་རྒྱུལ་བའི་གཙོ།། ཆོས་ལ་ཤེས་པ་བྱ་བ་དང་།། མཐོང་བྱ་བསྟན་བྱ་མེད་པ་ན།། ལན་བཏུབ་པས་ན་ཆོས་ཉམས་ཏེ།། ཤེས་པ་མཐོང་ས་ཡོད་པར་འགྱུར།། ་ཡོང་དག་ཉིད་དང་ཡང་དག་པ།། སྨྲས་ན་ཡང་དག་ཉིད་མ་ཡིན།། རྒྱུ་ལས་འབྲས་བུ་རྟེན་བྱེད་པ།། འཁྲུལ་པ་བྱིས་པ་རྣམས་ཀྱི་ལས།། སྟོང་པའི་ཐར་སྐྱུགས་རྒྱུ་བའི་ཆོས།། སྟོང་པ་བཞིའོ་ཞི་བས་བཅིངས། ་ཚོར་བ་ཡང་དག་མཚོར་བས།། ཞི་བའི་ཆོས་ལ་ཞི་བྱ་མེད།། ཡང་དག་ཉིད་དང་འབྲེལ་བྱ་དགསོ།། དངོས་པོ་རྣམ་པ་མཐོང་ན་ཡང་།། རྣམ་པ་ཅིར་ཡང་མི་དམིགསན།། དངོས་པོ་དངོས་མེད་སྒོམ་པའོ།། དེ་མ་ཟག ་ཏུ་དེར་འཚེར་ན།། དེ་ལ་ཡང་དག་ན་མཁའ་འབྱུང་།། དགོངས་པ་མཆོག་ཏུ་གྱུར་པ་ཡི།། ཟིན་པོ་ལྟ་བ་མི་ལྡན།། ལྟ་བ་ཐར་བར་འགྱུར་བ་དེ།། ལྟ་བའི་འདུས་ཤེས་ཟད་པ་མེད།། བྱང་ཆུབ་མཆོག་ཏུ་ལྟ ་བ་ཡི།། སེམས་ལ་བསྟོད་པས་འཕམ་པར་མེད།། གཟུགས་སྒྲ་དངོས་མེད་ལྟ་རུ་མེད།། སྟོང་དང་སྨད་པའི་དོན་མེད་པས།། བསྒོམ་བྱ་གཟའ་གཏ་དང་བྲལ་བ།། དྲང་སྲོང་གྲོལ་བའི་ཤུག་མ་སྟེ།། ་རྣལ་འབྱོར་པས་ནི་བསྟན།། བྱང་ཆུབ་སྙིང་པོ་མཚོལ་ན།། མི་ལེན་པས་ན་མཉམ་པ་ཉིད།། མ་བསྒྲུབས་པར་ནི་རང་བཞིན་འབྲུག། ཆོས་རྣམསོ་གང་ཡང་མི་འཛིན་ཅིང་།། ཤེས་པ་གང་ཡང་མི་ཤེས་ན།། མི ་རྟོགས་ཡེ་ཤེས་ཕུར་པ་ཡི།། མི་འགྱུར་འོད་གསྔལ་ཁ་ན་དམ།། དེ་ཆེ་ཕུར་པ་བསྐུལ་མི་བྱ།། དྲང་པོའི་ས་ནི་ལུས་རླུང་བསད་།། སངས་རྒྱས་ཐམས་ཅད་དེ་ལ་གནས།། བྱང་ཆུབ་སེམས་དཔའ ་འཁོར་ལོ་རྡོ་རྗེ་ལས།། གསང་བའི་མནྡ་ངག་གི་ལེའུ་སྟེ་བ་ཞི་བའོ།། །། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་རྫོགས་སྷོ།། ་རྒྱ་གར་གྱི་པཎྜི་ཏེ་ཛྙཱ་ན་གཱ་ར་བ་དང་།། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས།། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕོབ་པའོ།། །། བཀྲ་ཤིས་པར་གྱུར་ཅིགོ།། ་