| Wylie | e-texts produced with BDRC’s OCR application |
རྫོགས་ཆེན་གསང་བའི་སྒྲོན་མའི་རྒྱུད་ཀྱི་སྐུས་དོན་བཞུག་སོ།། ་དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ།། མན་ངག་གི་རྒྱལ་པོ་འདི་ལ་སྤྱི་དོན་གསུམ་སྟེ། གླད་ཀྱི་དོན་དང་། གཞུང་རྒྱས་པ ་དང་། ཞུང་ས་གདམས་ཤིང་གཏད་པ་ཡོན་ཏན་དང་བཅས་པའོ།། གླད་དོན་ལ་གཉིས་ཏེ། མཚན་མ་བསྟན་པ་དང་། ཕྱག་འཚལ་བའོ།། གཞུང་རྒྱས་པ་ལ ་གསུམ་སྟེ། གླིང་བཞི་དང་། གླེང་སྤང་བ་དང་། ཤེས་པར་བྱ་བའི་ཡུལ་ཉམས་སུ་བླང་བའི་མན་ངག་གི་དོན་ཏོ།། གླེང་བཞི་ལ་གཉིས་ཏེ། བསྡུས་པ ་དང་བྱ་རྒྱས་པའོ།། དེ་ལ་ལྔ་ཏེ། སྟོན་པ་དང་། གནས་དང་། འཁོར་དང་། སྡུད་པ་པོ་དང་། དུས་ཤུགས་ལས་སྟོན་པའོ།། གླེང་བསླང་བ་ལ་གཉིས ་ཏེ། འཁོར་གྱི་བསླང་བ་དང་། སྟོན་པས་སྤང་བའོ།། དང་པོ་ལ་གཉིས་ཏེ། ཤུགས་ལས་བསླང་བ་དང་། དངོས་སུ་བསླང་བའོ།། སྟོན་པས་བསླང་བ ་ལ་གསུམ་སྟེ། ཉན་པར་གདམས་པ་དང་། བློ་རབ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅན་གྱི་ཡུལ་གྱི་མན་ངག་དྲང་། འབྲེང ་ཡོད་པ་ཁྱད་པར་ཅན་གྱི་ཡུལ་སྙན་པའོ།། དོན་ཉམས་སུ་སྤང་བ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། མན་ངག་དངོས་སོ།། དང་པོ་ལ་གཉིས་ཏེ། ཁུངས ་དང་སྣོད་རྟག་པ་དང་། དབང་གི་སྨིན་པར་བྱ་བའོ།། དང་པོ་ལ་གཉིས་ཏོ།། མེ་དོར་བསྟེན་པའི་ངོས་ནས་ཞུས་པ་དང་། རྒྱས་པའི་ངོས་ནས་བཀའ་སྩལ ་པའོ།། དེ་ལ་གསུམ་སྟེ། ཉན་པར་གདམས་པའི་ངོས་ནས་བཤད་པར་དམ་བཅས་པ་དང་། དོན་གྱི་ཁུང་བླ་མའི་མཚན་ཉིད་དང་། སྣོད་བློག་མའི་མཚན་ཉིད ་དོ།། བླ་མ་ལླ་གསུམ་སྟེ། རང་དོན་གྱི་ཡོན་ཏན་དང་། གཞན་དོན་གྱི་ཡོན་ཏན་དང་། ཞབས་བསྡུས་པའོ།། སློབ་མ་ལ་གཉིས་ཏེ།། རང་བཞིན་གྱི་ཡོན ་ཏན་དང་། རྒྱས་པའི་ཡོན་ཏན་ནོ།། དེ་ལ་གསུམ་ཏེ། བླ་མ་འཁོར་བའི་འཇིག་པའི་སྐྱབས་སུ་མཐོང་བ་དང་། སྦྱངས་པའི་ཡོན་ཏན་དངོས་དང་། སྐྱོ་བས་བྱང་ཆུབ་འདོད་པ་ཉིད་སྟོང ་དང་ལྡན་པར་གདམས་པའོ།། དབྱང་གིས་སྨིན་པར་བྱ་བ་ལ་གཉིས་ཏེ། མདོར་བསྟན་པའི་ཚུལ་གྱིས་ཞུས་པ་དང་། རྒྱས་པར་གསུངས་པའོ།། དེ་ལ་གཉིས་ཏེ། ཉན་པར ་གདམས་པ་དང་། དབང་བསྟན་པའོ།། དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གཉིས་ཏེ། རྟེན་དག་པའི་ཕྱིར་ཐུན་མོང་གི་དབང་དང་། བཅུད ་འདའི་ཉིད་ཀྱི་དབང་ངོ་།། དང་པོ་ལ་གཉིས་ཏེ། ཕྱི་དབང་དང་། ནང་དབང་ངོ་།། ཁྱད་པར་བཅུད་ཀྱི་དབང་ལ་གཉིས་ཏེ། དབང་གི་ངོ་དོ་རྡུལ་ཚན་ལ་རག་ལུས་པ་དང་། ཐོབ་པའི ་སྩལ་བསྟན་པའོ།། དེ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ།། རྒྱས་པ་ལ་དྲུག་སྟེ། རང་སེམས་ཐོང་བས་གཞན་ལ་རག་མི་ལས་པ་དང་། ཟབས་ཤེས་རབ་འབྲེལ་བལ ་བདེ་ཆེན་གྱི་དོན་གསལ་བ་དང་། མཚན་མའི་བློ་གྲོལ་བ་དང་། རང་བྱུང་ཡེ་ཤེས་མྱོང་བ་དང་། རང་རིག་རང་གསལ་བས་ཡུལ་ལ་རག་མི་ལས་པ་དང་། སེམས་ཉིད་མ་བཅོས ་པ་རང་སྣང་བའོ།། མན་ངག་དངོས་ལ་གཉིས་ཏེ། མི་མཐུན་པའི་ཕྱོགས་འདུད་བསྟན་པ་དང་། མན་ངག་ཉམ་སུ་བླང་བ་དངོས་སོ།། བདུད་བསྟན་པ ་ལ་གཉིས་ཏེ། བདུད་དངོས་དང་། དེ་སེལ་བའི་ཐབས་སོ།། བདུད་དངོས་ལས་དང་པོ་པའི་སྤྱོད་ཡུལ་དུ་བསྟན་པ་ལེའུ་ལྔ་པ་ལ་གཉིས་ཏེ། ཞུས་པ་དང་། ་ལན་ནོ།། དེ་ལ་གསུམ་སྟེ། ཉམ་པར་གདམས་པ་སྟེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། བསལ་བའི་ཕན་ཡོན་དང་བཅས་པའོ།། རྒྱས་པ་ལ་གསུམ ་སྟེ། སྱ་བའི་བདུད་བཞི་དང་། ལམ་ནོར་པའི་བདུད་དང་། ཆེད་བྱད་ཀྱི་བཞིའོ།། བར་པ་ལ་གཉིས་ཏེ། ཁྱད་པར་གྱི་བཞི་དང་། སྤྱིར་འགྲོ་བའི་དྲུག་གོ། བདུད་སེལ ་བའི་ཐབས་ལེའུ་དྲུག་པ་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ།། དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གསུམ་སྟེ། བསྔལ ་ཐབས་རང་གི་ངོ་བོ་དང་། སེལ་བའི་ཡོན་ཏན་དང་། དེ་ཡང་རང་ལ་འཆང་བང་བསྟན་པའོ།། ཉམ་སུ་བླངས་པའི་མན་ངག་དངོས་ལ་གཉིས་ཏེ། མན་ངག་གི་སྟོབས་ཀྱི ་འཇུག་པའི་རིམས་ཀྱིས་བསྟན་པ་དང་། ཐོས་བསམ་གྱི་སྟོབས་ཀྱི་འཇུག་པ་ཅིག་ཆར་བའོ།། གང་མ་ངག་གི་སྟོབས་ཀྱིས་འཇུག་པ་ལེའུ་བཞི་པ་ལ་གཉིས་ཏེ། ཞུས་པ་དང ་ལན་ནོ།། དེ་ལ་གཉིས་སྟེ། ཉན་པར་ག་དམ་པའི་ངོས་ནས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་བརྒྱུད་ཏེ། དཔེ་དང་། དོན་དང་། སྔགས་དང་། ་ཏིང་ངེ་འཛིན་དང་། ཉམས་དང་། རྒྱུད་ལ་བཙའ་བའི་ཐབས་དང་། སྐྱོན་བཅོས་པའི་ཐབས་དང་། མཐར་ཕྱིར་པའི་ཉམས་ཡོན་ཏན་དང་བཅས་པའོ།། དཔེ་ལ་གཉིས་ཏེ། ་དཔེ་དངོས་དང་། དོན་ཡེ་གནས་སུ་བསྟན་པའོ།། དོན་རྟོགས་པའི་ཐབས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དེ་ལ་བཞི་སྟེ། ཐབས ་དམིགས་ལ་བསྒོམ་པ་དང་། དེ་སྩལ་རང་སྣང་བའི་ཚུལ་དང་། མཐར་ཕྱིན་པའི་ཚད་དོ།། སྟེགས་ལ་གསུམ་སྟེ། ལུས་ཀྱི་རྣགས་དང་། ངག་གི་རྟགས་དང་། ་སེམས་ཀྱི་རྟགས་སོ།། ཉམས་ལ་བཞི་སྟེ། སེམས་ཀྱི་ཉམས་དང་། ངག་གི་ཉམས་དང་། གདམས་པ་བརྗོད་པ་དང་། སྤྱོད་ལམ་གྱི་ཉམས་ཡོན་ཏན་དང་བཅས་པའོ།། ་རྒྱུད་ལ་བཅཝ་ཐབས་ལ་གཉིས་ཏེ། ཐོག་བབས་སུ་བཞག་པ་དང་། མ་ཡངས་པར་བྱའོ།། རྟག་པ་བཅོས་པ་ལ་བཞི་སྟེ། བློ་ཐ་མ་ཚིག་གི་ལྟ་བའི ་བཅོས་ཐབས་དང་། བློ་རབ་ཀྱི་བཅོས་ཐབས་དང་། བློ་འབྲིང་གི་བཅོས་ཐབས་དམས་པ་དང་བཅས་པ་དང་། ཞར་ལ་སྟོགས་པ་རང་ཀ་མའི་སྐྱོན་བསྟན་པའོ།། མཐར་ཕྱིན ་པའི་ཉམས་ལ་གཉིས་ཏེ། ཉམས་དང་། ཡོན་ཏན་ནོ།། ཉམས་ལ་གསུམ་སྟེ། ལུས་ཉམས་དང་། ངག་ཉམས་དང་། སེམས་ཉམས་གཉིས་ཀྱི་ངོ་བོའོ།། ཐོས ་བསམ་གྱི་སྒོ་ནས་འཇུག་པ་ལེའུ་བདུན་པ་ལ་གཉིས་ཏེ། ལྟ་བསྒོམ་གཉིས་ཞུས་པ་དང་། ལན་ནོ།། དེ་ལ་གསུམ་སྟེ། རྟེན་སྨིན་པར་བྱ་བ་སྔོན་དུ་སེམས་པའི་དོན་དུ་བཤད ་པ་དང་། ལིང་ཏོག་སེམྦ་པ་ལྟ་བུའི་ལྟ་བ་དང་། བདུད་རྩི་ཉམས་སུ་ལེན་པ་ལྟ་བུ་བསྒོམ་པའོ།། འཕེན་སྡུད་ཀྱི་དོན་གྱིས་ལྟ་བ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ་རྒྱས་པར་བཤད་པ་དང་། དེ་ལ་བཅུ་སྟེ། ལྟ་བའི་ངོ་བོ་སེམས་སུ་ཐག་གཅད་པ་དང་། དེ་ཉིད་འཛིན་བྲལ་ཡིས་སུ་བསྟན་པ་དང་། ཡོན་ཏན་གཟང་ཟླ་འཛིན་འཇོམས་དང་། རང ་བཞིན་སྣང་སྟོང་གི་མཐའ་ལས་གྲོལ་བ་དང་། བརྟགས་པའི་བློ་གྲོས་པས་ཁྱད་པར་གྱི་གདམས་པ་བསྟན་པ་དང་། དེའི་གཏན་ཚིགས་མཐའ་བྲལ་གྱི་ལྟ་བ་དང་། ལྟ་བའི་ངང ་ལ་ཕྱི་ནང་གི་རྟོག་པ་དག་པ་དང་། ལྟ་བ་སྩོགས་ན་བསྒོམ་པ་གོལ་ས་མེད་པ་དང་། ལྟ་བའི་ངོ་བོ་དང་། ལྟ་བའི་ཡོན་ཏན་ནོ།། རྟོག་པ་དག་པ་ལ་གཉིས་ཏེ། ཕྱི་ནང་གི་རྒྱུ ་བ་མ་གྲུབ་པ་བློ་རབ་དང་། བློ་འགྲིང་ལ་དཔེ་བསྟན་པའོ།། བསྒོམ་པ་ལ་གསུམ་སྟེ། བསྒོམ་པ་རང་གི་ངོ་བོ་དང་། སྐྱོན་བཅོས་ཐབས་དང་། ཐུན་གྱི་བྱེ་བྲག་གོ།། ངོ་བོ་ལ ་གསུམ་སྟེ། གཞག་ཐབས་དང་། ངོ་བོ་དཔེས་དངོས་དང་བཅས་པའོ།། གདམས་པ་བརྗོད་པའོ།། སྐྱོན་བཅོས་ཐབས་ལ་གཉིས་ཏེ། རགས་པ་བཅོས་ཐབས་བློ་དམན་གྱི ་ཡུལ་དང་། འཕྲ་བ་བཅོས་ཐབས་ཉམ་སུ་བླང་བའི་ཡོན་ཏན་དང་བཅས་པའོ།། བློ་རབ་ཀྱི་སྤྱོད་ཡུལ་ལེའུ་བརྒྱད་པ་ལ། བསྒོམ་པའི་གནས་དང་། ངོ་བོ་བསྟན་པ་ལ་གཉིས་ཏེ། ་ཞུས་པའི་སྒོ་ནས་དགོས་ཆེད་གདམ་ངག་གི་ངོ་བོ་བསྟན་པ་དང་། ལན་གྱིས་རྒྱས་པར་བཤད་པའོ།། དེ་ལ་གཉིས་ཏེ། ཉན་པར་གདམས་པ་དང་། རྒྱས་པར་བཤད་པ་སྔོས་སོ།། ་དེ་ལ་གཉིས་ཏེ། སྦྱིན་བསྟན་པ་དང་། བྱེ་བྲག་ཏུ་རྒྱས་པའོ།། སྤྱིར་བསྣུན་པ་ཏིང་ངེ་འཛིན་གྱི་ཕན་ཡོན་ལ་གཉིས་ཏེ། རླུང་གཞུང་མ་ནོར་བ་དང་། གཞན་ག ་གོལ་བའོ།། རང་གཞུང་ལ་གཉིས་ཏེ། གཽདམ་ངག་རང་གི་ངོ་བོ་དང་། དེའུ་འཐད་པའོ།། བྱེ་བྲག་རྒྱུས་པ་ལ་གཉིས་ཏེ། ལྟ་བ་དང་། བསྒོམ་པའོ།། ལྟ་བ་ལ་གཉིས་ཏེ། ་སྔོན་དུ་འགྲོ་བའི་གདམ་པ་དང་། ལྟ་བ་དངོས་སོ།། སྔོན་འགྲོ་ལ་གསུམ་སྟེ། གདམ་ངག་དཀོན་ཞི་སྤྱོད་དཀའ་བས་བཙ་བའི་ཐབས་དང་། ཤེས་ཚུལ་གདམས་པ་དང་། སྤུ་གྲི ་སྟེ་བུའི་གཏན་ཚིགས་བསྟན་པའོ།། ལྟ་བ་དངོས་ལ་བཞི་སྟེ། ངོ་བོ་མཐོང་བའི་ཚུལ་དང་། མཐོང་བའི་དོན་དང་། རྟོགས་པའི་ཡོན་ཏན་དང་། རྟོགས་པའི་ངོ་བོ་དང་། ཞབས ་བསྡུས་པའོ།། བསྒོམ་པ་ལ་གསུམ་སྟེ། ཉམ་སུ་བླང་བའི་ངོས་ནས་མཐུན་པའི་གནས་བསྟན་པ་དང་། མི་མཐུན་པ་ཡོད་པ་དང་། བསྒོམ་པའི་ངོ་བོ།། དེ་ལ་གཉིས་ཏེ།། མ ་ནོར་པའི་ངོ་བོ་དང་། ནོར་བའི་འབྲས་བུ་དང་བཅས་པའོ།། བློ་རབ་བསྒོམ་པའི་ཉམས་ཤར་ལུགས་ལེའུ་དགུ་པ་ལ་གཉིས་ཏེ། ཉམས་ཀྱི་ཡེ་ཤེས་ངོས་བཟུང་ཞུས་པ་དང་། ལན་ནོ།། ་དང་པོ་ལ་གཉིས་ཏེ། མདོ་བསྟན་པ་དང་། རྒྱས་པར་བྱཤད་པའོ།། དེ་སྭ་ལྔ་སྟེ། ཡེས་ངོས་བཟུང་བ་དང་། རིག་བྲ་སྤྱི་བླུགས་དང་། ཚོགས་དྲུག་ལྕུག་པྲ་དང་། ཡུལཱ་སེམ?། ་ཐུག་ཕྲད་དང་། སེམས་ཉིད་དང་གླ་ནས་སོ།། ཡིས་ངོས་བཟུང་བ་ལ་གཉིས་ཏེ། དཔེ་དང་། དོན་མཐའ་བྲལ་ཡེས་ཡཻ་ནས་བསྟན་པའོ།། རིག་པ་སྤྱི་བླུགས་ལ་གཉིས ་ཏེ། དཔེ་དང་། དོན་ཆོས་མཉམ་པ་ཉིད་ལས་མི་འདའ་བའོ།། ཆོས་དྲུག་ལྷུག་པ་ལ་གཉིས་ཏེ། དཔེ་དང་། དོན་རྟོག་མེད་ཡིས་ལ་འདྲིས་པར་བསྟན་པའོ།། ཡུལ་སེམས ་ཐུག་ཕྲད་ལ་གཉིས་ཏེ། དཔེ་དང་། དོན་ལ་ཡུལ་གོང་གི་སེམས་ཕྱོགས་མེད་དུ་མཁྱེན་པའོ།། གནསཱ་ལ་གཉིས་ཏེ། དཔེ་དང་། དོན་དོགས་པའི་རྒྱ་མཚོ་ལ་རྟོག་རླུང་གིས་མི ་བསྐྱོད་པར་བསྟན་པའོ།། ཡོད་པ་ཁྱད་པར་ཅན་གྱི་ཡུལ་གོང་གི་ལེའུ་བཞི་པའི་ཁ་སྐོངས་ལེའུ་བཅུ་པ་ལ་གཉིས་ཏེ། ངོ་བོའི་དྲོས་ནསྭ་ཞུས་པ་དང་། ལན་གྱི་བཤད་པའོ།། དེ་ལ ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གཉིས་ཏེ། གཅིག་ཚར་དུ་རྟོགས་པ་དང་། རིམས་ཀྱིས་པའི་ཐབས་ལ་བརྟེན་པའོ།། དེ་ལ་བདུན་སྟེ། རྟེན་པ ་གནས་དང་། དམིགས་པའི་གདམ་ངག་དང་། ཐུན་ཚད་དང་། ཉམས་ཤར་ལུགས་དང་། ཟིན་པའི་རྟགས་དང་། ཟིན་པའི་འབྲས་བུའི་ཡོན་ཏན་སེམས། ་ལ་སྣང་བའོ།། དམིགས་པའི་གདམ་ངག་ལ་གསུམ་སྟེ། དམིགས་པ་དངོས་དང་། དེ་བླ་མ་ལ་རག་ལས་པ་དང་། མ་ཡེངས་པའོ།། ཐུན་ཚད་ལ་གཉིས་ཏེ། སྤྱིར་བསྟན ་པ་དང་། བྱེ་བྲག་ཏུ་བསྟན་པའོ།། ཟིན་པའི་རྟགས་ལ་གསུམ་སྟེ། ཕྱི་དང་། ནང་དང་། ཞར་ལ་གཞག་ཐབས་བསྟན་པའོ།། དེ་ལ་གཉིས་ཏེ། གཞག་ཐབས་དངོས་དང་། ་ཏིང་ངེ་འཛིན་གྱི་ངོ་བོ་བསྟན་པའོ།། རིམས་ཀྱིས་འཇུགཔའི་ཡུལ་མི་དམིགས་པའི་ཏིང་ངེ་འཛིན་གྱི་གུ་ཞག་ཐབས་ལེའུ་བཅུ་ཅིག་པ་ལ་གཉིས་ཏེ། གཞག་ཐབ ་ཞུས་པ་དང་། ལཱན་ནོ།། དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་པ་ཤད་པའོ།། དེ་དྲུག་སྟེ། གཞག་ཐུ་བས་དང་། བྱང་ཆུབ་སེམས་པ་ཙལ་པའི་ཐབས ་དང་\ུ0f7fཏིང་ངེ་འཛིན་གྱི་ཚད་དང་། དྲོད་རྟགས་དང་། ཡོ་ནི་ཏན་སྐྱེད་ཚུལ་དང་། འབྲས་བུའོ།། གཞག་ཐབས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པའོ།། དེ་ལ ་གསུམ་སྟེ། ཆོས་ལྔ་དང་ལྡན་པའི་ཚུལ་དུ་གཞག་པ་དང་། གཅིག་ཆ་རུང་གཞག་པ་དང་། བཅོས་པར་གཞག་པའོ།། བཅའ་ཐབས་ལ་གྲཉིས་ཏེ། མདོར་བསྟན་པ ་པ་དང་། རྒྱས་པའོ།། དེ་ལ་གསུམ་སྟེ། དོན་ལ་མ་ཡེངས་པ་དང་། གངམ་ངག་དང་མ་བྲལ་བ་དང་། ཐམས་ཅད་སེམས་སུ་ཤེས་པས་མི་མཐུན་པ་མེད་པའོ།། བཅོས ་ཐབས་ལ་གཉིས་ཏེ། མདོའི་དྲང་། རྒྱས་པའོ།། དེ་ལ་གསུམ་སྟེ། བློ་བྱས་ཀྱི་ལྟ་བས་བཅོས་པ་དང་། རིག་པ་སྐྱོང་གསལ་གྱི་ལྟ་བས་བཅོས་པ་དང་། རྟོག་པ་ཡཻ་སུ་གསལ ་བྱས་བཅོས་པའོ།། ཚད་ལ་གཉིས་ཏེ། མདོ་དང་། རྒྱས་པའོ།། དེ་ལ་གསུམ་སྟེ། གསལ་བའི་ཚད་དང་། ཡུལ་གྱིས་མི་གནོད་པའི་ཚད་དང་། ཉམས་འཛིན་དག་པའི་ཚདོ།། ་དྲོས་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གཉིས་ཏེ། ཕྱི་རྟགས་དང་། ནང་རྟགས་དང་། གསངས་རྟགས་དང་།། ཡོན་ཏན་སྐྱེ་ཚུལ ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ།། དེ་ལ་གསུམ་སྟེ། ཡེ་ཤེས་དང་། སྙིང་རྗེ་དང་། ལྷག་མཐོང་ངོ་།། སྐྱེས་བུ་གཉིས་ཀའི་རྒྱབ་རྟེན་ལྟ་སྤྱོད་བསྒོམ་གསུམ་ལེའུ་བཅུ ་གཉིས་པས་བསྟན་པ་ལ་གཉིས་ཏེ། ཞུས་པའི་ངོས་ནས་མདོར་བསྟན་པ་དང་། ལན་གྱིས་རྒྱས་པར་བཤད་པའོ།། དེ་ལ་གསུཾ་ཏེ། ཉན་པར་གདམས ་ཏེ། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པའོ།། དེ་ལ་གསུམ་སྟེ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། ལྟ་བ་ལ་གསུམ་སྟེ། གནས་ཚུལ་བསྟན་པའི་ངོས་ནུས་གོལ ་ས་དག་པ་དང་། རྟོགས་པའི་ཐབས་འབྲས་བུ་དང་བཅས་པ་དང་། དཔེ་ངོ་བོ་ཡུལ་བྲས་བསྟན་པའོ།། བོར་ལ་གཉིས་ཏེ། ཐབས་དང་། འབྲས་བུ་ལྟ་བ་གཉིས་གཉིས་སུ་མེད་པའོ།། ། ་བསྒོམ་པ་ལ་གཉིས་ཏེ། གཞག་ཐབས་དང་། ངོ་བོ་དང་། གཞག་ཐབས་ལ་གཉིས་ཏེ། གཞག་ཐབས་མ་ནོར་བ་དོན་དང་བཅས་པ་དང་། ནོར་བའོ།། དེ་ལ་གཉིས་ཏེ། རང་བཞིན་གྱིས་ནོར ་པ་དཔེས་བསྟན་པ་དང་། དམན་པ་དག་ལ་ལྟོས་པས་ནོར་པའོ།། བསྒོམ་པའི་ངོ་བོ་ལ་གཉིས་ཏེ། ཡིད་བྱ་བ་དང་བྲལ་བ་ཉིད་ཡང་དག་པའི་ལམ་དུ་བསྟན་པ་དང་། མ་བཅོས་པ་ཉིད་སངས ་རྒྱས་ཀྱི་དགོངས་པར་བསྟན་པའོ།། སྤྱོད་པ་ལ་གཉིས་ཏེ། ལས་དང་པོ་པའི་སྤྱོད་པ་ལ་ཞེན་ན་སྐྱོན་དུ་འགྱུར་བ་དང་བཅས་པ་དང་། ཡེ་ཤེས་ལ་དབང་བའི་སྤྱོད་པའོ།། དེ་ལ་བཞི་ཏེ། ལྷ་སྒོམ ་ལས་མ་ཉམས་པ་དང་། ཐོ་གྲ་ཆགྲ་མེད་པ་དང་། ཆེད་འཛིན་བྲལ་བྲལ་བ་དང་། གཉིས་འཛིན་ཐད་སོར་གཅོད་པའོ།། གང་ཟག་གཉིས་ཀཱའི་ལྟ་བ་ལེའུ་བཅུ་གསུཾ་པས་ཀུནཱ་གཞི་བསྟན་པ་ལ་གཉི་སྟེ ་མདོར་བསྟན་པའི་ཚུལ་གྱིས་ཞུས་དང་། རྒྱས་པའོ།། དེ་ལ་གཉིས་ཏེ། ཉན་པར་གདམས་པ་དང་། དོན་དངོས་སོ།། དེ་ལ་བཅིག་སྟེ། རྟོགྲ་པཱ་སྟོན་དང་། ཀུན་གཞིའི་མཚན་ཉིད་དང་། རྟོག་པའི་རྟགས ་དང་། རྟོག་པ་པོ་ལ་འོག་མིའི་འབྲས་བུ་མི་འབྱིན་པ་དང་། རྟོག་པའི་དོན་ཉིད་འབྲས་བུ་རང་འཆར་བའི་མཚན་ཉིད་དང་། ཆོས་ཐ~ཾད་དེའི་དང་ལ་རྫོག་པ་དང་། མཚན་གྱི་དོན་དང་། གོལ་ས་དག་པ་པས ་བསྟན་པ་དང་། དེས་མི་མཐུན་པ་དག་པ་དང་། ཞབས་བསྡུས་པའི་ཚུལ་གྱི་ཡོན་བསྟན་པའོ།། ཆོས་ཐད་དེའི་ངང་ལ་རྫོག་པ་ལ་བཞི་སྟེ། འཁོར་བ་རྫོགས་པ་དང་། འདས་པ་རྫོག་པ་དང་། ་རྒྱུའི་ཐེག་པ་རྫོགས་པ་དང་། འབྲས་བུའི་ཐེག་པ་རྫོག་པའོ།། མཚན་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། སྐྱེས་བུ་གཉིས་ཀའི་ཉམ་སུ་བླང་བ་ལ་ཐོས་བསམ་སྒོམ་གསུཾ། ་དང་ལམ་ལྔ་རིམ་པ་བཞིན་དུ་རྫོགས་པ་ལེའུ་བཅཝོ་ལྔ་པ་གཉིས་ཏེ། མདོར་བསྟན་པའི་ཚུལ་གྱིས་ཞུས་དང་། ལན་ནོ།། དེ་ལ་གཞི་སྟེ། ཉན་པར་གདམས་པ་དང་། ཤེས་རབ་གསུམ་རྒྱས་པར་བཤད ་པ་དང་\ུ0f7fལམ་ལྔ་དང་། གདམ?་པའི་ངོས་ནས་ཞབས་བསྡུས་པའོ།། ལམ་བསྟན་པ་ལ་ལྔ་སྟེ། ཆོས་ཀྱི་ལམ་དང་། སྦྱོར་བའི་ལཾ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལཾ་དང། ་མཐར་ཕྱིན་པའི་ལམ་མོ།། འབྲས་བུའི་ཚུལ་གྱིས་རྒྱུད་ཀྱི་སྟོན་བསྟན་པ་ལེའུ་བཅུ་དྲུག་པ་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ།། ལན་ལ་གསུཾ་སྟེ། ཉན་པར་གད་མ་སྟེ་མདོར་བསྡུས་པ་དང་། རྒྱས ་པར་བཤད་པ་དང་། རྒྱུད་ཀྱི་ངེས་ཚིག་གོ།། རྒྱས་པ་ལ་བཞི་སྟེ། ཉེ་བར་བསྟན་པ་དང་། མི་ཐུན་པ་འཇོམས་པ་དང་། ཁམས་གསུམ་ལས་གྲོལ་བ་དང་། ཡིས་ཀྱི་ལུསུ་གྱུར་པའོ།། ཞབས ་དོན་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ།། དེ་ལ་གཉིས་ཏེ། ཉན་པར་གདམས་པ་དང་། གཏད་པའོ།། དེ་ལ་ལྔ་སྟེ། སྡུད་པ་པོ་ཉིད་ལ་སྣང་བ་དང་། གཏད་པའི་ངོ་བོ་དངོས་དང་། སྙིངས་མའི ་དུས་འབྱུང་བར་ལུང་བསྟན་པ་དང་། དེའི་རྟེན་གྱི་ཡོན་ཏན་བསྟན་པ་དང་། རྒྱུད་ཀྱི་ཡོན་ཏན་སྤྱིར་བསྟན་པ་དང་། རྒྱུད་གསུང་བའི་བྱ་བ་ཚར་བའོ།། མན་ངག་ཁྱད་པར་ཅན་གྱི་བྱེད་འབྲེལ ་སྦས་པའི་མིག་འབྱེད། ནོར་བུ་སིལ་མ་བསྡེབས་པའི་མདོ་ལྟ་བུ་རྫོགས་སྷོ།། མངྒ་ལ ་