CLOSE WINDOW

Gbr004.7: bar do gsang ba phyi ma'i rgyud
Wyliee-texts produced with BDRC’s OCR application

གུ་རུ་ཤྲཱི་སི་པ་ཧ་བ་ཏས་རྡོ་རྗེ་ཡང་དབང་གཏེར་ལ་དུ་ཁྲོད་གསང་ལུང་དུ་གནང་བའོ།། ། རྒྱ་གར་སྐད་དུ། བར་དོ་གྷུ་ཧྱ་ཏ་མ་ཏྲ་ནཱ་མ།། བོད་སྐད་དུ། བར་དོ་གསང་ལ་ཕྱེ་མའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེ ་དཔའ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཁ་རྡོ་རྗེ་སེམས་དཔས་གསོལ་པ།། བཅོམ་ལྡན་འདས་རྡོ་རྗེ་ཀུན་ཀུམ་ཏུ་བཟ་ཀ། བར་དོ་ལ་སོགས་གསུངས་པ་ཡིས།། རྣལ་འབྱོར་པ་ཉིད་སངས་རྒྱས་པའི ་དུས་སྐྱའི། རིམ་པ་བཤད་དུ་གསོལ།། ཅེས་ཞུས་པས།། རྒྱལ་ལ་ཀུན་ཏུ་བཟང་པོས་བཀལ་སྤྲུལ་ལ།། རྡོ་རྗེ་སེམས་དཔལ་ཉོན་ཅིག། སྠི་ར་གང་ཟག་རྣལ་འབྱོར་པ་ཉིད་སངས་རྒྱབ་ལ་དུས་རྣམས་ལ་ག་སུཾ་སྟེ།། ཚེ་འདི་ལས་ངྱས་པ་ལ་ལུས ་སྤྱད་ལ་གནད་ཆེ་བས།། ལུས་སྤྱད་པ་ལ་བཅུད་ལེམ་གྱི་གདམ་ངག་བསྟམ་པ་དང་།། བར་དོར་སངས་རྒྱལ་ལ་བླ་མའི་གདམས་ངག་དྲན་པ་གནད་ཆེ་བའི་འཕོ་བའི་གདམས་ངག་བསྟན་པ་དང་།། ལམ་གྲངས་རྒྱུད་ནས་སངས་རྒྱབ་ལ ་དམ་ཚིག་དང་ལྡན་པས་གལ་ཆེ་ཁས།། དམ་ཚིག་དང་སྡོམ་པ་དང་བསམ་ལ་བཟང་པོ་ལ་གནས་པར་བྱའོ།། ཞེས་བཀའ་སྩལ་ལས་རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན། ཉིད།། བཅུད་ལེམ་གདམས་ངག་བཤད་དུ ་གསོལ།། ཞེས་གསོལ་པཱ།། བཅོམ་ལྡན་འདས་དཔལ་ཀཱམ་ཏུ་བཟང་པོས་རྡོ་རྗེ་སེམས་དཔལ་ལ་བཀའ་སྩལ་པ།། བཅུད་ལེམ་གདམས་ངག་བསྟན་པ་ནི།། དངས་མ་ལྔ་ཡི་ཚེ་སྒྲུབ་སྟེ།། ས་ཡི་དངས་མ་ཤ་ཡིས་གསོས།། རྡོ་ཡི་དངས་མ་རུས ་པས་གསོས།། ཤིང་གི་དངས་མ་སྟོབས་ཀྱི་གསོས།། རྩི་ཡི་དངས་ཨ་བཅུད་ཀྱི་གསོས།། མེ་ཏོག་དངས་མ་བཀྲག་གིས་གསོས།། དགུན་ཡང་མི་སྒམ་བདུད་རྩི་བཞི།། འདི་དགུ་ལྡན་པར་གསོགས་བྱས་ལ།། རིམ་ལྔ་དག་གི་རྒྱ་ཡི་གདབ།། ཨོཾ་བཛྲ་སཏྭ ་ཧཱུཾ་ཁཾ་རོ་ཙ་ན་ཨཽ།། རང་ན་སཱ་བྷ་བཱ་ཏྲྀ། ཨ་མི་དེ་བ་ཧྲི། ཀརྨ་བ་ཛ་ཨ། ཨ་ཡུ་ཕ་ལ་སི་དྷི་བྷྱཱཾ། བྱང་ཆུབ་སེམས་ནྡོ་ལསྣུ་བྱ།། འདི་ཟོས་ཡོན་ཏམ་བརྗོད་མི་ལ་པ།། བཅུ་ཐུབ་པ་ཡང་རྒྱ་ཆེ་རཱ་འགྱུར།། འཆི་བ་དྲག་ནི་སླ་བར་བྱེད།། བརྒྱད ་བརྩི་ལོ་མ་པ་དྲུག་བ.རུ་ལྟར།། སེང་གེ་གླང་ཆེན་རྨ་བྱ་ཁྱུང་།། བཀླགས་མདངས་མེ་ཏོག་པདྨ་བཞིན།། སྤོམའི་ཆང་རི། འཛིམ་ཀུན་གྱིས་རློང།། མ་མོ་མངལ་འགྲོས་སྟོང་གྲོ་བྱེད།། བདུད་རྩི་འདི་ཡིས་ཡོན་ཏན་གྱིས་། ཚེ་ལ་དབང ་པའི་རིགས་འཛམ་འགྲུབ།། ཅེས་གསུང་སོ།། བཅུད་ལེན་བསྟན་པའི་ལེའུའི་སྐབ་སྟེ། དང་པོའོ།། །། དེ་ནས་གཞན་ཡང་འཀའ་སྩལ་པ།། འཇོ་བའི་རྒྱུད་དག་རྒྱུད་ལྔར་བསྟན།། དྲན་པས་སངས་རྒྱའི་གདམས་ད ་ནི། རྩོལ་མེད་འཕོ་བའི་དོན་བསྟམ་པ།། འགྲོ་བའི་གྲཝ་དྲུག་སེམས་ཅན་ལ།། ཡེ་ཤེས་རེ་རེའི་ཆ་ཡོད་དེ།། འགྲོ་བ་མི་ལ་ཡིས་ལྔ།། འདུས་པའི་ཆ་ནི་ཡོད་པས་ན།། འཇམ་གླིང་ལོ་རྗེས་རྒྱ་ས་དེ་ཡིན།། དེ་ལ་སངས་རྒྱས་བསྟ་མ་ཚང་བས ་དྷནྡ་པས་སངས་རྒྱའི་གདན་ས་དག་དོན།། འཆི་ཁུརྲ་དྲན་པས་སྐྱེལ་མའི་ཚུལ།། དབུག་ཆད་ཡེ་ཤེས་འབྱུང་ལ་ནི།། སུ་མའི་ཚུལ་དུ་ཕྲད་པ་ཡིན། ཐ་ན་ཞིང་ཁམས་འཕོལ་ལ།། དམ་ཚིག་སྡོམ་པ་དྲན་པར་བྱ།། ་དེའི་ངང་ལ་བསམ་པ་ནི།། བཟང་པོའིངང་དུ་འགྲོ་བར་བྱ།། ཞེས་བཀའ་སྩལ་པ་དང་།། རྡོ་རྗེ་སེམས་དཔའ་ལ་ཡང་བོས་ནས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་རྒྱུད་འདི་ནི།། ཤིན་ཏུ་གསང་བའི་རྒྱུད་ཅེས་བྱ་བ་ཡིན་ཏེ།། ་བར་དོ་གསང་བའི་རྒྱུད་ཕྱི་མ་ཞེས་བྱ་བ་དུ་བཟུང་ཤིག། ཅེས་གསུང་སོ།། རྒྱུད་གཟུང་བའི་ལེའུ་ཡི་སྐབས་ཏེ།། གཉིས་པའོ།། །། བར་དོ་གསང་བའི་རྒྱུད་ཕྱི་མ་ཞེས་བྱང་རྫོགས་སྷོ།། ་