| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སམ་ཏི་མ་ཧཱ་ས་མམ་ཏ་བྷ་ཏྲ་ཛྙཱ་ན་བི་ཏ་གྷ་ཧེ་ནཱ་མ་ཏ་མ་ཏྲ། བོད་སྐད་དུ། རྫོགས་ལ་ཆེན་པོ་ཀུན་ཏུ་བཟང་ལོ་ཡེ་ཤེས་གསལ་བར་སྟོམ་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྗེ་། ་གིས་ངྱས་ཀུན་ཏུ་བཟོང་པོ་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ཀུན་ཏུ་བཟང་པོས་རིག། ལྔའི་ས་བྱས་ལ་བཀའ་སྩལ་པ།། རིག་པ་སྟོང་གསལ་གྱི་དོན་ཉམ་སུ་ལེན་པ་ནི།། དང་སྐེམས་བཟུང་དགོས་པས་སེམས་བཟུང་བ་ལ།། འདི་ལྟ ་སྟེ། ཉོན་ཅིག་རྡོ་རྗེ་སེམས་དཔལ་སོགས།། མཐོ་ལ་བཟུང་པ་དང་།། འཇམ་པོའི་རླུང་ལ་བཟུང་པ་དང་།། ཐིག་ལེ་ལ་བཟུང་བ་དང་།། རྡོ་རྗེ་སློ་དཔོམ་ལ་བཟུང་བ་དང་། དྲག་རླུང་འཁོར་ལོ་ལ་བཟུང་པ། ་ཡིག་འབྲུ་ལ་བཟུང་བ་དང་།། འགྲོ་བ་བཟང་མོ་ཤེས་རང་ཨ་ལ་བཟུང་བ་དང་།། རྡོ་རྗེ་སློ་དཔོན་ལ་བཟུང་པ་དང་།། དྲག་རླུང་ལ་བཟུང་པ་དང་།། ན་མཁའ་ལ་བཟུང་བའོ།། དེ་ལ་མཐོ་ལ་བཟུང་བ་ནི།། མཐོ་ལྕགས་ལ་དེ་ལ་མིག ་ཕྱིར་འབྲིངས་ལ།། དེ་ལ་ཤེས་པ་གཏད་ལ་ཐུམ་གསུམ།། ལྔ་འམ་བདུམ་ལ་སྩོགས་པ་སྒོམ་མོ།། རི་མོ་ལ་བཟུང་ལ་ནི།། རི་མོའི་ནང་དུ་ཤེས་ལ་བསྐྱིལ་ལ་བཟུང་དོ།། འཇམ་རླུང་ལ་བཟུང་པ་ནི།། སྟེང་རླུང་གནམ་འོག་རླུང ་བསྡམས་པར་རླུང་རང་ས་ར་བཞག་ལ་དབུགས་པར་འགྲོ་ཚུར་འགྲོ་ཨ་ཧཾ་ལ་གཏད་ལ་ཁ་ཟུང་ལའོ།། ཐིག་ལེ་ལ་བཟུང་པ་ནི།། སྨིན་ཕྲག་དུ་ཐིག་ལེ་སེ་ར་ཡེ་རེ་བའམ།། སྣ་རྩེར་ཁས་མ་ཡ་ལ་བཟུང་པའོ།། གདུགས་ལ་བཟུང་བ་ནི། ་འོག་ཏུ་རྒྱ་གདུགས་སམ།། སྟེང་དུ་རང་ཉིད་བསམས་ལ།། གདུགས་དེ་འཁོར་བ་ལ་ཤེས་པ་བཟུང་ངོ་།། འཁོར་ལོ་བ་བཟུང་ཁ་ནི།། ནན་ཏར་མ་ཟིན་ན་བླ་མས་ཤོག་བུའི་གདུགས་བྱས་ལ་དེ་སྐོར་སྣ་རུ་སྤོས་དུད་བཏང་།། རྣ་བར་དྲིལ་བུ ་བསིལ་ལ་བཟུང་ངོ་།། ཡིག་འབྲུ་ལ་བཟུང་བ་ནི།། སེམས་ཀྱི་གནས་ས་གཞི་རུ།། ཧཱུཾ་ངམ་ཨ་ལྟ་བུ་ལི་ཡི་གེ་ལ་མ་ཡེངས་པར་གཏད་ལ་བཟུང་ངོ་།། འགྲོ་བ་བཟང་མོ་ཤེས་རབ་མ་ལ་བཟུང་བ་ནི།། ཡབ་ཡུམ་མཁའ་སངས་བསླབ་པ་བྱས་ལ།། ་དབང་པོ་གཉིས་སྤང་དེ་བྱང་ཆུབ་སེམས་དཔའི་རྐེད་པར་སླེབ་པ་ལ་བཟུང་བའོ།། རྡོ་རྗེ་སློ་དཔོན་ལ་བཟུང་བ་ནི།། སྤྱི་བོར་བླ་མ་བསམ་ལ་དེ་ལ་བཟུང་ངོ་།། དྲག་རླུང་ལ་བཟུང་བ་ནི།། ཤེས་པའི་འགྲེང་འདོག་བྱས་ལ་བཟུང་ངོ་།། ན་མཁའ ་ལ་བཟུང་བ་ནི།། མདུན་གྱི་ན་མཁའ་ལ་ཤེས་པ་གཏད་ལ།། ཁབ་དམིག་ལ་སྐུད་ལ་འཛུད་པ་འམ།། གཞུག་རྡུད་པ་ལྟ་བུ་རྣམ་པ་དུར་བྱས་ལ་བཟུང་བའོ།། དེ་རྣམས་མ་ཡེངས་པར་བྱས་ལ་བཟུང་བར་བྱའོ།། ཞེས་གསུངསོ།། ་རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་དང་པོའོ།། ། དེ་ནས་ཡང་བཀའ་སྦལ་ལ།། དེ་ནས་ལོག་ནོན་བསྟན་པ་ནི།། སེམས་བཟུང་ལ་ལ་རླུང་སྐྱེས་ན།། ཤེས་པ་རྒོད།། སྒྲ་ཟེད་པོར་འོང་།། གཉིད ་མི་ལེབ་མོ།། དེ་ལ་སྒྱུ་ས་ཉེ་བྱ།། ཟས་བཅུད་ཅན་བརྟེན་ནོ།། འབྲིས་པ་སྐྱེས་ནས་གསེར་པོར་མཐོངད་པ་ལ་སྩོགསས་བྱུང་ན་བསིལ་བཏ་ངོ་།། དད་པམ་སྐྱེལ་མཐོ་བ་དང་། འཕྲོག་པ་དང་། དཔལ་མེ་དྲེ ་བྷྱ་ན།། བཅག་ཁམས་པ་ཡང་།། ཞེས་གཟུངས་སོ།། རྒྱུད་སྐྱེ་མའི་ཕྱི་མ་ལས་ལེའུ་གཅེས་པའོ།། ། དེ་ནས་ཡང་བ། ལསྩལ་པ་ནི།། དྲྀ་ལྟར་སེམས་ཟིན་ནས་རིས་པ་སྟོང་གསལ་དུ་ཤེས་པ ་དེའི་ངང་དུ་རིག་པ་གསལ་བསྒོམ་པའོ།། དེ་ལས་ཡ་ཡེངས་པར་སྤྱོད་པའོ།། དེ་འཆི་བའི་དུས་སུ་དྲན་པ་དང་སྐྱོ་བ་བསྐྱེད་དེ་གདམས་ངག་གིས་འཕོ་བར་བྱའོ།། དེ་ལས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའོ།། ཞེས་གསུང་།། ་རྒྱུད་གྱི་སའི་ཕྱི་མ་ལས་ལེའུ་གསུམ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། རྒྱུད་འདི་ནི་རྒྱུད་སྔ་མའི་ཁོ་སློང་བ་ཞེས་བྱ་བ་ཡིན་པས།། རྡོ་རྗེ་སེམས་དཔལ་གཅེས་སྦས་ཀྱིས་བཟུང་ཞིང་བཅང་བར་བྱའོ།། ཅེས ་སྦལ་ཏེ་ཆོས་ཉིད་ཀྱི་ངང་དུ་གྱུར་ཏོ།། ཅེས་གསུངས་སོ།། ཀུམ་ཏུ་བཟང་པོ་ཡེ་ཤེས་གས་ལ་ཡང་སྡོམ་པའི་རྒྱུད་གྱི་མའི་ཕྱི་མ་ལས་ལེའུ་སྟེ་ཁམ་པའོ།། ། མཐར་དུག་པའི་རྒྱུད་ཅེས་བྱས་པ་ཛཿས། ་