| Wylie | e-texts produced with BDRC’s OCR application |
སྙིང་པོ་འཇུགས་པར་གྱུར་ཅིག།། རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ས་མ་ནྟ་བྷེ་དྲ་བི་ཏ་གུ་ཧྱ་ནཱ་མ་མ་ཏ་མེ་ཏྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་ཁར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ཅེས་བྱ ་དཔལ་རྡོ་རྗེ་སེམས་དཔལ་ལ་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ཀུན་ཏུ་བཟང་པོས་ཡང་བཀའ་སྩལ་པ།། ཉོན་ཅིག་དཔལ་རྡོ་རྗེ་སེམས་དཔའ།། སྟོང་གསལ་རིག་ལ་ཆོས་སྐུར་རྟོག་པར་འདོད་ན།། དང་པོ་སེམས་འཛིན་བྱས་ལ།། ་དེ་ནས་ལམ་དུ་བླང་བ་ནི།། སྒོམ་ཡོད་ཐབས་ལ་རྟེན་པ་ཞེས་བྱའོ།། སྒོམ་མེད་ཤེས་རབ་ལ་རྟེན་པ་ནི།། དེ་ནས་འདི་རིག་པ་སྟོང་གསལ་དུ་ཤེས་པའོ།། དེ་གཉིས་དབྱེར་མེད་ཅེས་བྱ་བ་ཏེ།། དེ་ལྟ་བུ་ཡ་མ་བྲལ་བར་ཤེས ་པར་བྱའོ།། ཅེས་བཀའ་སྩལ་ཏོ།། རྒྱུད་ཕྱི་མ་ལས་ལེའུ་དང་པའོ།། ། དེ་ནས་གཞན་ཡང་བཀལ་སྩལ་པ།། སྣང་སྲིད་འདི་ངེས་པ་མེད་པའི་ཕྱིར་ན་སེམ་སོ།། དེ་ཅིའི་ཕྱིར་ཞེས་ན།། སྣང་བ་ངེས ་པ་མེད་ལ་ནི།། དཔེར་ན་ཆུ་ལ་ཉལ་ཁང་ཁྱིམ་དུ་མཐོང་།། ཡི་དགས་ཀྱིས་སྣག་ཁྲག་ཏུ་མཐོང་།། མི་ཆུ་རུ་མཐོང་སྟེ།། དེས་མ་ངེས་པ་མེད་དོ།། དེས་ན་སྣང་བ་འདི་རང་གིས་སེམས་ཀྱི་འཁྲུལ་སྣ་།། སེམས་རང་བྱུང་ཡེ་ཤེས་སྟོང ་གསལ་དུ་སྣང་བའོ།། ཞེས་གསུང་སོ།། རྒྱུད་ཀྱི་རྫ་ལས་ལེའུ་གཉིས་ལའོ།། ། དེ་ནས་བཀའ་སྩལ་པ།། སྣང་ལ་འདི་ཡེ་ནས་མེད་བཞིན་དུ་སྣང་བ་ཡིན་ཏེ།། མེན་པ་ལ་ཡིན་པར་བཟུང་བས་འཁྲུལ་ཏེ། ་ངཡ་དག་ཏུ་གཟུང་ནས་དེ་ལས་ཉོན་མོངས་པ་འབྱུང་སྟེ།། དེས་འཁོར་བར་འཁྱམས་ལ་ཡིན་ཏེ།། རིག་ལ་སྟོང་གསལ་རྟོགས་པས།། ནད་ཉམས་ཕྱིར་ཤར་བས་སྣང་བ་ལ་འཁྲུལ་སྣང་དུ་མཐོང་བའོ།། ན་བུམ་ལྟ་བུར་བུན་ནེ་ལོ་དེ་མཐོང ་ནཿཉོན་མོངས་པ་ལས་ལོག་ནས་ཤིན་ཏུ་ཆོས་ཉིད་དམ་པར་འགྱུར་ཏེ།། རྣལ་འབྱོར་གྱི་དབ་པདྨམ་པའོ།། ཞེས་གསུང་སོ།། རྒྱུད་ཕྱི་མ་ལས་ལེའུ་གསུམ་པའོ།། ། དེ་ནས་དཔལ་ཀུན་ཏུ་བཕང་པོས་བཀའ་སྩལ ་པཿདེ་ལྟར་རྡོ་རྗེ་སེམས་དཔས་དེ་ཡི་དོན་ཉམ་སུ་བླང་ཞིང་།། བླ་མེད་ཡེ་ཤེས་གསལ་བའི་རྒྱུད་འདི་བཟུང་བར་བྱའོ།། ཞེས་བཀའ་སྩལ་པས།། འཁོར་རྣམས་ཐམས་ཅད་ཡི་འང་བར་གྱུར་ཏོ།། ཞེས་གསུང་སོ།། རྫོགས་པ ་ཆེན་པོ་ཀུམ་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས་ལེའུ་བཞི་པ་རྫོགས་སྷོ།། །། རྒྱ་གར་གྱི་འཁན་པོ་གུ་རུ་ཤྲི་སིང་ཧ་དང་།། ལོ་ཚ་བ་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ།། ་