CLOSE WINDOW

Gbr004.18: byang chub sems kyi man ngag seng chen mchongs pa'i rgyud
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟན་པ་ཐུགས་རྗེ་ཆེ་མངའ་བོ།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་ལི་ཡི།། རིག་པ་ཟ ་ཀྱི་བརྒྱུད་པ་ཡིས།། སེན་དྲུག་སེང་ཆེན་འཆོངས་པའི་རྒྱུད།། འཁོར་རྣམས་ཀུན་ལྔ་བསྟན་པ་ནི།། སེང་གེ་རྒྱུ་ལ་རྫོགས་གང་དག་རྩལ་འབྱོར།། ཕྱོགས་བཅུ་ཀུན་བདེ་གང་ལ་ཐོགས་པ་མེད།། རྫལ་གསུམ ་ལུས་ཨོཾ་རྫོགས་པས་དེ་བཞིན་ཀུན་ཏུ་འཚོང་།། གང་པོ་ཐོགས་པ་མེད་པས་དེ་བཞིན་ཀུན་ཏུ་འདི།། དེ་བཞིན་ཡན་ངག་སྙིང་པོ་བྱང་ཆུབ་སེམས།། ཡིས་འཚལ་དྲུག་རྫོགས་པས་གང་ལ་འམ་པ་མེད། ་ཐ~ཾད་ཐིག་ལེ་ཅིག་པས་དེ་བཞིན་དཔལ་མཆོད་།། དེ་ལ་ཐོག་པ་མེད་པས་དོར་མེད་ཀུན་ཏུ་བདེ།། གང་ལ་ཐོག་པ་མེད་པས་མན་ངག་སེང་ཆེན་འཚོང་ཞེས་སོ།། བྱང་ཆུབ་ཀྱི་སེམས་མ་ན ་ངག་སེང་ཆེན་འཆོངས་པའི་རྒྱུད།། དོན་རྡེག་ཚིག་གི་ཡང་དག་དོན་བསྟན་པས།། སེང་གེ་བརྩལ་རྫོགས་གང་ལ་ཐོགས་མེད་ལྟར།། མན་ངག་དོན་རྫོགས་བྱང་ཆུབ་སྙིང་པོ་ཉིད།། ག་པ་ལྟར་མཆོང་ཡང ་ཐོག་སཱ་མེད་ཀུན་ཏུ་བདེ།། གང་ལ་བློ་མྱི་གནས་པས་ཐོགས་མེ་དཱ་ས་ལ་འདུག། མ་ན་ངག་སེང་ཆེན་མཆོངས་ཏེ་གང་ལ་ཐོགས་པ་མེད།། བྱང་ཆུབ་མྱུ་གུ་ཉིད་ལ་དྲན་རྟོགསུ་རྒྱུ་བ་མེད།། དྲམ་འདྲེ་ཤེས ་པའི་སྙིང་པོ་དེ་དོན་གྱིས།། བརྡས་མཚོན་དམ་པས་དང་ལ་དྲང་ཉིད་བཞག། མན་ང་ཤ་སེང་ཆེན་འཆོངས་ཏེ་གང་ལ་ཐོག་པ་མེད།། མ་ཡེངས་བཏང་སྙོམས་རབ་ལྡན་ཤེས་པའི་མཆོག་གཟུང་འཛིན ་གཉིས་བྲལ་སྙིང་པོའི་དོན་ལ་བཞག། ཇི་ལྟར་ཡང་དག་མ་ཡིན་གང་ལྟར་མི་འཇོག་པ།། མན་ངག་སེང་ཆེན་འཆོངས་ཏེ་གང་ལ་ཐོགས་པ་མེད།། གང་ལ་མི་སེམས་སེམས་པའི་དོན་དང་བྲལ།། ནིར་སྣང ་ཅིར་མེད་འདི་ཞེས་བསྟན་པ་མེད།། མི་གཡོ་གང་ཡང་མི་སེམས་ཉམས་ཀྱི་མྱོང་ཆགས་མེད།། མན་ངག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་པ་མེད།། འགྱུར་མེད་དབྱིངས་ན་ཐོགས་མེད་ཡིས་འཚོང་།། མི་རྟོགས། ་མི་འཛིན་སྒོམ་པར་བྱ་བའི་ཡུལ་དང་བྲལ།། ཇི་ལྟར་སྣང་ཡང་འཇིག་པ་མེད་པ་བདེ་བ་ཆེན་པོའི་ངང་།། མན་ངག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་པ་མེད།། གང་ལ་ཆགས་མེད་སྤྱོད་མེད་སྣང་བ་རང་བཞིན་མེད།། ་དེ་བཞིན་བློ་གནས་མ་ཡེངས་རྟོགས་དང་བྲལ།། གང་ལ་དང་གནས་བདེ་བའི་ངང་ལ་གནས།། མན་ངག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་པ་མེད།། སེམས་ལ་སེམས་བལྟ་གང་ལ་མཐོང་མེད་གསལ།། ་མ་མཐོང་མཐོང་བ་དེ་དོན་རྣམ་པར་དག། རིག་པ་རྒྱུན་གསལ་དང་ལ་ངང་གནས་པས།། མན་དག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་པ་མེད།། གསལ་ལ་གསལ་ལོ་རྟོག་པ་ལས་འདས་ཤིང་།། གས་ལ ་རྟོག་མེད་དེ་མ་ཡེངས་དང་གནས་པ།། རིག་པ་ལྷུན་ཆགས་བདེ་བ་ཆེན་པོའི་མཆོག། མན་ངག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་པ་མེད།། ལྟ་བ་བལྟར་མེད་མན་ངག་བཞག་པ་མེད།། འདི་ཞེས་མཐོང ་མེ་བདོན་ཉིད་སྒོམ་དུ་མེད།། བདེ་བའི་ངང་ལ་དང་གནས་དགོངས་པའི་མཆོག། མཱན་ངག་སེང་ཆེན་འཚོང་སྟེ་གང་ལ་ཐོགས་བླ་མེད།། སེང་ཆེན་དགུ་འཆོངས་མན་ངག་དོན་གྱི་དབྱིག། གདེང་ཆེན་མན་ངག་དོན ་ལྡན་ཡང་།། ཐུགས་རབ་གསལ་བའི་དཀྱིལ་འཁོར་འདིར་བཅངས་ན།། སྐྱེ་བ་འདི་ལ་འབྲས་བུ་མངོན་སངས་རྒྱས།། འདི་གཟུང་ཐུགས་ཀྱི་དཀྱིལ་དུ་གཏེར་དུ་ཆོངས།། ཞེས་བསྟན་ཏོ།། བྱང་ཆུབ་སེཾས ་ཀྱི་མན་ངག་སེང་ཆེན་འཆོངས་པའི་རྒྱུད།། ཨཱི་རྫོགས་སོ།། །། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚ། ་