CLOSE WINDOW

Gbr004.17: byang chub kyi sems man ngag khyung chen lding ba'i rgyud
Wyliee-texts produced with BDRC’s OCR application

རྒྱ་རྒྱ་རྒྱ།། ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ།། བདྲེ་བ་ཆེན་པོ་ལ་ཕྱག་འཚལོ།། སྟོན་པ་ཐུགྲ་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས ་བརླབས་ཀྱིས་བཤད་པ་ཡིས།། རིག་པ་ཐབས་ཀྱི་རྒྱུད་པ་འདི།། ལྟ་བ་ཁྱུད་ཆེན་ལྡིང་བའི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། ཁྱུང་ཆེན་གཤོག་དྲུག་རྫོགས་ནས་སྣང་སྲིད་མཁའ་ལ་ལྔ་པ།། ་ཕྱོགས་བཅུ་ས་ཕྱོགས་གུང་ལ་འདྲ་ཉམ་ང་མེད།། སྣང་སྲིད་ཁྱུང་ཆེན་གཤོགས་རྫོགས་མཁའ་ལ་བདེ།། གཤོག་དྲུག་ལུ་སཱ་ལ་རྫོགས་པས་ལྷུང་བའི་ཉམ་ང་མེད།། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེཾས ་ཐད་རྫོགས་པའི་ཐིག་ལེ་ཆེན་པོའི་ངང་།། འདི་ལ་ཅིག་མེད་ཐིག་ལེ་ཆེན་པོའི་ངང་།། འདི་ལ་ཅིག་མེད་དུ་མ་མེད་པའི་དོན།། སྙིང་པོ་ཉིད་དུ་གྱུར་པས་དེ་བཞིན་ཉིད་དུ་བདེ།། འདི་ལ་སངས་རྒྱས་སོན་གཉིས་པ ་གདོད་ནས་མེད།། ལྟ་བ་ག་ཤོ་ག་རྫོགས་མཁའ་ལ་ལྡི་ཏྲ་ཞེས་པའོ།། བྱང་ཆུབ་སེམ་ས་ཀྱི་མན་ངག་ཁྱུང་ཆེན་ལྡིང་བའི་རྒྱུད།། རྡོ་ཚིག་གི་ཡང་དག་དྲོན་བསྟན་པ།། ཁྱུད་ཆེན་ག་ཤོག་རྫོགས་མཁའ་ལྡིང་གང ་ལ་ཉམ་ང་མེད།། རྫོགས་པའི་རྫོགས་པ་བྱང་ཆུབ་སྙིང་པོ་ཉིད།། ཐ~ཾད་རང་བཞིན་ཉིད་དེ་གང་ལ་ཉམ་ང་མེད།། མ་བ་ཟློས་ཐིག་ལེ་གཅིག་པ་སྣ་སྲིད་ཡེ་སངས་རྒྱས།། དོན་གྱི་ཁྱུང་ཆེན་ཆོས་ཀྱི་དབྱིངས་ན་ལྗི ་ཐིག་ལེ་དང་ཏེ་གང་ལ་ཉམ་ང་མེད།། སྣང་སྲིད་ཕྱི་ནང་རང་བཞིན་ཀུན་སངས་རྒྱས།། གདོད་ནས་མཱ་བཅོས་སྙིང་པོ་དེ་བཞིན་ཉིད།། གདུགས་པའི་ཐ་སྙད་ཀུན་ལྔ་གང་ཡང་སྤངས་མེད།། འདི་ཞེས་བསྟན་པའི ་དོན་མེད་སྟོན་པ་ཅང་མི་གསུང་།། ལྟ་བ་ཁྱུད་ཆེན་ལྡིང་ཏེ་གང་ལ་ཉམ་ང་མེད།། ལྟ་བ་བལྟར་མེད་ཡིད་ལ་འདི་གཞག་མེད།། སྒོམ་དུ་ཅང་མེད་གཟུང་འཛིན་ཡུལ་མི་གནས།། མ་བཅོས་དེ་བཞིན་ཉིད་ནས་མན་ངག ་དོན་གྱི་ཀློང་།། གང་ལ་ངང་གིས་གནས་པར་རིག་པ་རང་ལ་གསལ་བའི་ཟེར།། མན་ངག་ཁྱུད་ཆེན་ལྡིངས་ཏེ་གང་ལ་ཉམྱ་ང་མེད།། སྙིང་པོ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་ཉིད་ནི།། གདོང་ནས་རྣམ་དགྲ་གང ་ལྟར་འཆར་མི་མཛད།། མི་སྤོང་མི་ལེན་བཀག་དང་མ་བཀག་མེད།། མཉམ་པ་ཆེན་པོ་མཛད་སྤྱོད་རྣམ་པར་དག། སྤྱོད་པ་ཁྱུང་ཆེན་ལྡིངས་ཏེ་གང་ལ་ཉམ་ང་མེད།། གཞི་རྩ་ཐིག་ལེ་གཅིག་པས་གསལ་བའི་ཐ་སྙད ་མེདཿདམ་ཚིག་ཁྱུད་ཆེན་ལྡིངས་ཏེ་གང་ལ་ཉམ་ང་མེད།། མ་བརྩལ་ལྷུན་གྲུབ་རང་བཞིན་ཡེ་སངས་རྒྱས།། རང་བྱུང་ཡིས་ཐིག་ལེ་ཉག་གཅིག་མ།། གཞན་ནུས་བཙལ་དུ་མེད་དེ་ཡེ་ནས་སྐེ ་བྲོ་བྱང་ཆུབ་སེམས།། ཐད་འདི་ཉིད་འདི་ལས་གཞན་མིན་པས།། འཕྲིས་ཁྱུད་ཆེན་ལྡིངས་ཏེ་གང་ལ་ཉམ་ང་མེད། མི་གཡོ་མ་ཡེངས་གང་ལ་སེམས་པ་མེད།། མི་འཛིན་མི་རྟོག་དེ་བཞིན་ཉིད་དུ་གས་ལ།། ་རིག་པ་རྒྱུན་ཆགས་གསལ་བ་ངང་གི་གཟེར།། གང་དུ་མི་འགྱུར་དེ་བཞིན་ཉིད་དུ་གནས།། སྒོམ་པ་ཁྱུང་ཆེན་ལྡིང་སྟེ་གང་ལ་ཉམ་ང་མེད།། ཆོས་རྣམས་ངོ་བོ་སྙིང་པོ་བྱང་ཆུབ་སེམས།། གཏིང་དཔག ་གཅད་དཀྲོའུ་ན་མཁའ་རྒྱ་མཚོའི་ཀློང་།། ལྗོན་ཀུན་འབྱུང་ཡིད་བཞི་ནོར་བུའི་ཚུལ།། སྙིང་བྲོ་ཅིག་ཏེ་ཆུ་ཟླའི་ཉི་ཟེར་འདྲ།། ཀུན་ཀྱང་ཡོངས་བརྡུལ་ཐུག་རྗེ་ཆེན་པོའི་ངང་།། ཐུགྨ་རྗེ་ཁྱུད་ཆེམ་ལྡིང་ཏེ་གང་ལ་ཉམ ་ང་མེད་རྩ་སྙིང་པོ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་ཉིད་ནི།། རྒྱུ་ལ་རག་མ་ལུས་པས་རྐྱེན་གྱིས་འཇིག་མཐའ་མེད།། ཀུན་གྱི་རྒྱུ་ཉིད་འབྲས་བུའི་མཆོག་གྱུར་པས།། ཚོགས་གཉིས་མ་ཁསགས་རང་བཞིན་ལྷུན ་གྱི་རྫོགས།། རྒྱུ་འབྲས་ཁྱུད་ཆེན་ལྡོངས་ཏེ་གང་ལ་ཉིད་མེད།། ངེས་པའི་ཁྱུང་དགུ་ལྡིངས་པས་སྣང་སྲིད་ཡེ་སངས་རྒྱས།། འཁོར་བ་རྩ་བ་བཅད་ཀྱང་མྱ་ངན་འདས་པ་མེད།། ས་ལམ་སྒོ་ཕུགས་མེད་པར ་ལྷབ་བྷཱུ་རྡུས་ཐིག་སེ་དང་།། འདི་ཞེས་བསྟན་དུ་མེད་པས་ཡང་དག་རྒྱུད་ཀྱི་མཆོག། ཁྱུང་ཆེན་ལྡིང་བ་མན་ངག་དོན་གྱི་རྒྱུད།། ངེས་པའི་དོན་སྟོན་ཀུན་གྲོལ་ཐུགས་ཀྱི་གཏེར།། བག་ཆགས་སྒྲིབ་སྣརེལ་རྣམ་དགྶ། ་རྒྱུ་བའི་རྒྱུན།། ཉོན་མོངས་བདུད་འདུལ་འདུད་རྩི་ཆེན་པོའི་སྤྱད།། རྒྱ་དང་སྟོན་བྱུ་ས་ལ་བརྗིད་ཕྱུགའམ།། གང་ལ་སེཟླས་གཉིས་མེད་ཅིང་ཆགས་པ་ཀུན་ཛྭལ་བའི།། ཡང་དས་ཐུགས་ཀྱི་སྲས་མཆོ ་ཁྱོད་ལོ་གཏང་།། ངེས་པར་འདི་བཟུང་ཐུགས་ལ་ཐུགས་ཀྱི་ཆོངས།། ཞེས་བསྟོད་དོ།། བྱང་ཆུབ་ཀྱི་སེམས་མན་ངག་ཁྱུང་ཆེན་ལྡིང་བའི་རྒྱུད།། ས་མ་ཡ་སོ་ཕག་ཤྲི་ཐབས་རྫོགས་སོ།། ་