CLOSE WINDOW

Gbr003.9: rin po che 'khor lo zhes bya ba'i rgyud
Wyliee-texts produced with BDRC’s OCR application

རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད་བཞུགས་སོ།། ་རྒྱ་གར་སྐད་དུ། རང་ན་ཙཀྲ་ནཱ་མ་ཏན་ཏྲ། བོད་སྐད་དུ། རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད། གསང་བདག་ཆེ་ལ་ཕྱག་འཚལ་ལོ།། བསྟན་པ་སྟོན་པ་འཁོར་གནས ་དུས། ངོ་མཚར་ཆེན་པོའི་ཚིག་ལྔ་ཡིས།། སེམས་དཔའ་རྡོ་རྗེ་ལ་སོགས་ལ།། གསང་བདག་ཆེན་གྲོ་བཀའ་སྩལ་པ།། སངས་རྒྱས་སེམས་ཅན་རྒྱུ་གཅིག་ཀྱང་།། ཕྱི་ནང་སྣོད་བཅུད་གཉིས ་སུ་བཟུང་།། ཡེ་ཤེས་འཁྲུལ་པ་གཉིས་སུ་སྣང་།། མུན་པའི་ནང་འཁྱམས་དོན་མི་གསལ།། གཅིག་ལ་འཕྱར་སྒོ་གཉིས་སུ་བྱུང་།། གཅིག་གིས་དྲུག་གི་འབྲས་བུ་མྱོང་།། མིང་མ་ཐོགས ་ལས་ཤུགས་ཀྱིས་འཁྲུལ།། རིན་ཆེན་འཁོར་བའི་གནས་སུ་འཁྱམས།། སྣང་དང་མི་སྣང་གཟུགསུ་འཁྲུལ།། ཅེས་གསུངས་པ་དང་། སེམས་དཔའ་རྡོ་རྗེས་སླར་གསོལ་པ།། ་སངས་རྒྱས་སེམས་ཅན་གཞི་གཅིག་ལ།། གཉིས་སྣང་ཤེས་པའི་མཚན་ཉིད་རྣམས།། གཅིག་པ་ལགས་སམ་ཐ་དད་ལགས།། ཅེས་གསོལ་པ་དང་།། གསང་བདག་ཆེན་པོས་ལན་གསོ། ་པ། མིང་མ་ཐོགས་ཀྱི་སྤྱིས་ནས།། སྣང་བ་དག་དང་མ་དག་གཉིས།། མཚན་ཉིད་གཉིས་སུ་སྣང་མོད་ཀྱང་།། མིང་མ་ཐོགས་སུ་ཅིས་ཅིག། གཅིག་མིན་གཉིས་ཀྱང་ཡིན ་མ་ཡིན། དཔེར་ན་ག་པུར་སྨན་དུག་བཞིན།། དུག་མིན་སྨན་ཀྱང་ཁོ་ན་མེན།། སྨན་དུག་ག་བུར་སྤྱིས་ཅིག། རྐྱེན་དང་གང་འཕྲད་སྨན་དུག་གོ།། མིང་མ་ཐོགས་ཀྱི་སྤྱིས་ནས།། འཆར་སྒོ་རྣམ་པ ་གཉིས་སུ་བྱུང་།། མ་རིག་འཁྲུལ་པའི་འཆར་སྒོ་དང་།། རིག་པ་ཡེ་ཤེས་འཆར་སྒོ་གཉིས།། སྤྱིས་དེ་ལས་འབྱུང་བ་ཡིན།། འཁྲུལ་པ་བཟང་ངན་ཁྱད་པར་ལས།། རྟོགས་དང་མ་རྟོགས་གཉིསུ ་སྣངགསང་བདག་ཡེ་སངས་རྒྱས་པ་ཡིན།། རྟོགས་ནས་སངས་རྒྱས་ཆོས་ཀྱི་སྐུ།། བསྒོམས་ནས་སངས་རྒྱས་ལོང་སྤྱོད་སྐུ།། མཉན་ནས་སངས་རྒྱས་སྤྲུལ་པའི་སྐུ།། སྐུ་གསུམ་ཞིང་ཁམས་དག ་ཏུ་སྣངམ་རྟོགས་འཁྲུལ་པའི་ཤེས་པ་སྟེ།། ཀུན་གཞི་འོད་ཀྱི་ཁང་བུ་ནས།། མ་རིག་པའི་འཁྲུལ་པ་ནི།། དྲན་པ་འཕྲ་མོའི་ཡིད་བྱུང་བས།། ཡིད་ཀྱི་དྲན་པས་འཚོལ་ཁྲོ་བྱས།། བདེ་སྙམ་མི་བདེ ་སྐམ་བྱུང་བས།། བདེ་སྙམ་ཉམ་སུ་མྱོང་བ་ཡིས།། འབྲལ་མི་ཕོད་པའི་ཆགས་སེམས་སྐྱེ།། མི་བདེ་སྙམ་པའི་སེམས་བྱུང་བས།། མི་བདེ་ཡིད་ཀྱི་འཚོལ་ཁྲོ་བྱས།། ངའོ་སྙམ་པའི་དྲན་པ་སྐྱེས།། བདེ་སྡུག་སེམས་ལ་ཡུན་རིངས ་པསཿགསལ་སྙམ་མི་གསལ་སྙམ་གཉིས་འབྱུང་།། གསལ་མི་གསལ་ལ་ཡིད་རྟོག་སྐྱེས།། འོད་གཟུགས་རིག་གཟུགས་གཉི་སུ་བྱུང་།། རིག་པ་སྟོང་པའི་སྙིང་པོ་ཅན།། ཀུན་འབྱུང་རིན་པོ་ཆེའི་གཏེར།། འདོད་དགུ་ལོང་སྤྱོད་ཟ ་མཐའ་མེད།། ཐམས་ཅད་འབྲས་བུ་འཆར་བའི་གཞི།། གསང་བདག་ཆེན་པོ་ངས་སྤྱད་ཀྱིས།། སེམས་དཔའ་རྡོ་ལེགས་པར་ཉོན།། ཅེས་གསུངས་སོ།། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ། དང་པོའོ།། ། ་དེ་སྐད་གསོལ་པའི་ཚིག་རྗེ་སུ།། གསང་བདག་ཆེན་པོའི་རང་བཞིན་ལ།། སེམས་དཔའ་རྡོ་སླར་གསོལ་པ།། ཀུན་གཞི་སྤྱིས་ཅིག་པ་ལ།། འཆར་སྒོ་གཉིས་སུ་བྱུང་བ་དེ།། བྱས་པ་ལགས་ས་བྱུང་བ ་ལགས།། བྱས་ན་འདུས་བྱས་དངོས་ཡིན་པས།། བསྒྲུབས་པ་རྣམས་ཀྱང་དོན་མེད་འགྱུར།། བྱུང་བའི་མཚན་ཉིད་ཡིན་པས་ན།། ངག་ལས་བྱུང་ངམ་གཞན་ལས་བྱུང་།། ཅེས་གསོལ་པས།། གསང་བདག་ཆེན་པོས ་ལན་བཏབ་པ།། ག་བུར་དག་གི་རང་བཞིན་ལ།། སྨན་དུག་མིང་དུ་མ་བརྟགས་ཀྱང་།། སྨན་དུག་གཉིསུ་སྣང་བ་ལྟར།། ཀུན་གཞི་འོད་ཀྱི་གཟུགསུ་སྣང་།། འོད་ལ་འདོད་པའི་སེམས་སྐྱེས་པས།། འདོད་ཁམས་ལྷ་རུ ་ཤུགས་ཀྱིས་འཁྲུལ།། འོད་ལ་ཡང་དག་དངོས་སུ་བཟུང་།། གཟུགས་ཁམས་ལྷ་རུ་ཤུགས་ཀྱི་འཁྲུལ།། འོད་ཀྱི་རང་བཞིན་མ་ཤེས་ཤིང་།། ཅི་ཡང་མིན་པའི་ཡིད་སྐྱེས་པས།། གཟུན ་མེད་ཁམས་སུ་ཤུགས་ཀྱིས་འཁྲུལ།། འོད་ལ་རིག་པའི་རྩལ་སྐྱེས་པས།། རྩལ་ལ་གདེང་རྙེད་རྟོགས་པ་ཤར།། རིག་ལ་ཡུན་རིངས་གནས་པ་ཐོབ།། འོད་ལ་ཆགས་ཤིང་ཞེ་སྡང་སྐྱེ།། དམྱལ་བའི་གནས་སུ ་ཤུགས་ཀྱིས་འཁྲུལ།། འོད་ལ་ཆགས་ཤིང་འབྲལ་མི་ཕོད།། ཡི་དགས་གནས་སུ་ཤུགས་ཀྱི་འཁྲུལ།། གང་ཡང་མི་ཤེས་དོན་མི་གསལ།། བྱོལ་སོང་དག་ཏུ་ཤུགས་ཀྱི་འཁྲུལ།། འོད་གཟུགས་བཟང་ངན ་ཕྲག་དོག་སྐྱེས།། མི་རྣས་དག་ཏུ་ཤུགས་ཀྱི་འཁྲུལ།། ང་ལས་མེད་པའི་སེམས་སྐྱེས་པས།། ལྷ་མིན་ངག་ཏུ་ཤུགས་ཀྱིས་འཁྲུལ།། རྩ་བ་མ་རིག་གཉིས་ཡིན་པ་ས།། སྣང་དང་མི་སྣང་གནོད་བྱེད་པས།། ་འདྲེ་ཀུན་དག་གི་དཔེའ་ཡིས་བསྟན།། གཞི་ནི་ཀུནཱ་ག་ཞི་རྣམ་ཤེས་ཡིན།། ཆགས་ལས་ཞེ་སྡང་ལུས་སུ་འཁྲུལ།། འདོད་ལྔས་འདོད་ཆགས་ཤ་རུ་འཁྲུལ།། གཏི་མུག་ཤ་ཟའི་གཟུག་སུ་བྱུང་།། བདེན་རྫུན ་རྣམ་པ་སྣ་ཚོགས་བྱུང་།། ལྷན་ཅིག་སྐྱེས་པའི་མ་རིག་པས།། ཀུན་རྟགས་མ་རིག་རྟོག་པ་འབྱུང་།། ཡིད་གཉིས་ཕྱི་ནང་གཉིས་གཟུང་།། ཡུལ་ལ་འཇུག་ཅིང་སྒྲིབ་རྣམས་སོག། འབྱུང་འཇུག་ཕྱི་ནང་དག ་ན་ཏུ་ལྟོཿཞེས་གསུང་སོ།། རིན་ཆེ་འཁོར་ལོའི་རྒྱུད་ལས།། འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ། གཉིས་པའོ།། ། དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེམས་དཔའ་རྗེས ་ཡང་གསོལ་པ།། གཞི་དང་འཁྲུལ་བའི་མཚོན་ཉིད་དེ།། འདྲ་བའི་དཔེ་ནི་ཙ་ཡིས་མཚོན།། གཞི་དང་འཁྲུལ་པའི་ཁྱད་པར་ཅི།། འཁྲུལ་གཞི་རྩད་ནས་ཇི་ལྟར་བཅད།། དེ་སྐད་གསོལ་པའི་ཚིག་བས་ནས།། ་གསང་བདག་ཆེན་པོས་ལན་བཏབ་པ།། གཞི་ནི་ཀུན་གཞི་རྣ་པར་ཤེས།། འཁྲུལ་པ་ཀུན་ཏུ་ཚོལ་བའི་ཡིད།། གཞི་ནི་ཡེ་ནས་ཡོད་པ་སྟེ།། འཁྲུལ་པ་ཡིད་རྟོག་བློ་བུར་པ།། གཞི་ནི་རིག་པ་རྒྱུ་ཡིན་ཏེ།། ་འཁྲུལ་པ་རྣ་རྟོག་དུ་བུར་སྣང་།། ད་མིཊ་ཐག་མཐོ་གཞི་དེ་ལས་སུ།། ཆུ་སྦྲུལ་མིར་འཁྲུལ་དཔེ་ཡིས་མཚོན།། བཅོས་བསྲང་འཕེལ་འགྲིབ་རྒྱུ་རྐྱེན་བྲལ།། འཕོ་འགྱུར་བྱ་བརྩལ་འགྱུར་བ་མེད།། དངོས་མེད། ་མ་བཅོས་ལྷུནཱ་གྱིས་གྲུབ།། བློ་བུར་ཆོས་ལས་རག་ལས་མེད།། མ་བཅོས་མ་བསླང་མ་བརྩལ་དོན།། འཛིན་བཅས་བློ་ལས་ཁྱད་པར་གྲོལྔ།། ཀུན་གཞི་རྣམ་ཤེས་མ་རིག་གཞི།། ལྷན་ཅིག་གནས་པའི ་མ་རིག་དེ།། ཡིད་ཀྱི་རྣམ་པར་ཤེས་པའི་གཞི།། འགྱུ་བའི་ཡིད་ཀྱི་ཤེས་པ་དེ།། ཉོན་མོངས་ཅན་གྱི་ཡིད་ཀྱི་གཞི།། ཉོན་མོངས་འགྱུ་བའི་ཤེས་པ་དེ།། སྒོ་ལྔ་རྣོ་བར་ཤེས་པའི་གཞི།། ཕྱིར་ལྟ་ནང་ལྟ་ཡིད ་གཉིས་ཏེ་རྩ་འཁྲུལ་པ་གཞི་ལ་མེད་པར་བཅད།། ཅེས་གསུང་སོ།། རིན་པོ་རྗེ་འཁོར་ལོའི་རྒྱུད་ལས།། འཁྲུལ་གཞི་བཙད་ནས་བཅད་པའི་ལེའུ་སྟེ། གསུཾ་ཥའོ།། ་དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེམས་དཔའ་རྡོས་ཡང་གསོལ་པ།། འཁྲུལ་པ་བསལ་ཞིང་བཟློག་པའི་ཐབས།། ཁྱད་པར་ཆོས་ནི་ཡོད་དམ་མེད།། དེ་སྐད་གསོལ་པའི་ཚིག་གས་ན་ནས།། གསང ་པ་དག་ཆེན་པོས་ལན་བཏབ་པ།། འཁྲུལ་པ་གས་ལ་ན་ཐད་ཀར་བས་ལ།། འཁྲུལ་བ་བཟློག་ན་རྒྱུ་ནས་བཟློག། སྒོ་ལྔ་ཡུལ་ལ་གསལ་དུས་སུ།། སྣང་བའི་མཚན་ཉིད་ཤེས་པས་བཟློག། ཉོན་མོངས་རྣཾ་ལྔར ་གསལ་བའི་ཚེ།། བློ་བྱར་འཁྲུ་ལྔ་པར་ཤེས་པས་བཟློག། ཡིད་ཀྱི་ནང་དུ་བལྟས་པའི་ཚེ།། བློ་ཡི་ས་འཛིན་པར་ཤེས་པས་བཟློག། བདེན་པའི་ཆོས་ལ་ཐེ་ཚོམ་ཟ།། མི་བདེན་ཆོས་ལྔ་ཡང་དག་འཛིན།། བདྲིན ་རྫུན་ཤེས་པ་སྐྱེས་པའི་ཚེ།། མ་རིག་འཁྲུལ་བར་ཤེས་པས་བཟློག། ཅི་ཡང་མི་ཤེས་མི་གཱསལ་ཚེ།། གདས་པ་རྒྱུད་ལ་ཐེབས་པས་བཟློག། སྣང་ཡང་མི་འགེ་ཊ་མི་བསྒྲུབ་ན།། ཕྱི་རི་འཁྲུལ་པ་སོལ་བ་ཡིན ་གསལ་ཡང་ཡུལ་ལ་མི་འཇུག་ན།། རྟེན་གྱི་འཁྲུལ་པ་སོལ་བ་ཡིན།། ནང་དུ་བདག་འཛིན་མི་སྐྱེ་ན།། འཕྲེང་གི་འཁྲུལ་པ་སོལ་བ་ཡིན།། ཕྱི་ནང་ཤེས་པས་མ་བཟུང་ན།། བློའི་འཁྲུལ་པ་སོལ་བ་ཡིན ་ཡང་དག་དོན་ལ་གདེང་རྙེད་ཅིང་།། འཛིན་དང་ཐེ་ཚོམ་མ་སྐྱེས་ན།། མ་རིག་འཁྲུལ་པ་སོལ་བ་ཡིན།། རིག་པ་སྟོང་པའི་སྙིང་པོ་ཅན།། སྙིང་བློ་ངོ་ཡིས་ཟིན་པའི་ཚེ།། རྩོལ་བསྒྲུབ་འཁྲུལ་པ་སོལ་བ་ཡིན།། ་རྒྱུད་ཀྱི་བྱ་བ་མཐོངས་པའི་ཚེ།། ཞེན་ཆགས་འཁྲུལ་པ་སོ་ལ་བ་ཡིན།། གཉེན་པོ་ཀློང་དུ་གྱུར་པའི་ཚེ།། རྐྱེན་གྱི་འཁྲུལ་པ་སོལ་བ་ཡིན།། ཡིས་ཀྲོང་དུ་གྱུར་པའི་ཚེ།། མ་རྟོགས་འཁྲུལ་བསོལ་བ་ཡིན།། ་ཡིས་རྒྱུན་ཆད་མེད་པའི་ཚེ།། དུམ་བུའི་འཁྲུལ་པ་སོལ་བ་ཡིན།། རྟོག་པ་རང་དང་མི་འབྲལ་ཏེ།། འཁྲུལ་པ་ཐཾད་མ་སྤངས་སོ་ལ་ཞེས་གསུངསོ།། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས།། འཁྲུལ་པ་བསལ་ཐབས། ་ཀྱི་ལེའུ་སྟེ། བཞི་པའོ།། །། དེ་སྐད་གསོལ་བའི་ཚིག་རྗེས་ལ།། སེམས་དཔའ་རྡོས་ཡང་གསོལ་པ།། འཁྲུལ་པ་སོལ་ནས་ལྟ་བའི་དོན།། ཉམ་སུ་བླངསུ་ཡོད་དམ་མེད།། ་དེ་སྐད་གསོལ་བའི་ཚིག་གས་ནས།། གསང་བདག་ཆེན་པོས་ལན་བཏབ་པ།། འཁྲུལ་པ་ལོག་ནས?་ཡཾས་འཆར།། འཁོར་བའི་ཤེས་པ་མ་སོལ་ན།། རང་གི་ཡཾས་ངོས་མི་ཟིན།། སྙམ་བྱེད་བྲེ་དང་མ་བྲལ་ན། ་དེ་ཤེས་རྒྱུད་ལ་འཆར་མི་བཏུག། དེ་ན་འཁྲུལ་པ་བཟློག་ཐབས་གཅེས།། གཞི་རྩ་མེད་པའི་ཡིས་ནི།། རང་བཞིན་དག་པའི་ལྟ་བ་ཡིན།། བྱ་བྲལ་འཛིན་པ་མེད་པ་ནི།། མ་བསླད་སོ་མའི་ལྟ་བ་ཡིན།། འཁྲུལ ་པས་མ་བསྒྲིབས་ཡིས་ནི།། རྟོགས་པ་གདེང་གི་ལྟ་བ་ཡིན།། མ་ཆེ་མ་བསྐོལ་མི་གནས་ན།། ཡིན་མན་མེད་པའི་ལྟ་བ་ཡིན།། སྤྲོས་པའི་ཆོས་རྣམས་ཤུགས་གྲོལ་ན།། ཕྱོགས་བྲལ་ཆེན ་པོའི་ལྟ་བ་ཡིན།། རྐྱེན་རྟོག་ཁ་རུ་མི་འགྲོ་ན།། ལྟ་བ་ག་དེང་དུ་སྐྱོལ་བ་ཡིན།། གོང་འོག་ཁྱད་པར་མ་མཐོང་ན།། ཐིག་ལེ་ཉག་ཅིག་ལྟ་བ་ཡིན།། བཟང་ངན་བླང་དྲོར་མི་སྐྱེ་ན།། འཁྲུལ་རྟོག་ཐཾད་ནུབ་པ་ཡིན། ་སྐམ་བྱེད་ཤེས་པ་མཱི་སྐྱེ་ན། བློའི་ཆོས་ལས་གྲོལ་བ་ཡིན།། སེམས་ལ་ཁུ་ཁྲིག་མི་ཟ་ན།། གེ་རྟོགས་ན་པཱས་ཤར་བ་ཡིན།། སྣང་བ་ཡུལ་གྱིས་མི་གནོད་ན།། ཕྱིའི་སྒྲོ་འོདོགྲ་ཆོད་པ་ཡིན།། བདེན་པའི་དོན་ལ ་ཡིད་ཆེས་ན།། ནང་གཽ་སྒྲོ་འདོ་རུ་ཆོད་པ་ཡིན།། སྡུག་ཁ་སྔལ་ཤེས་པ་མི་འབྱུང་ན།། ལྟ་བ་གནད་ལ་ཕེབས་པ་ཡིན།། དགེ་སྡིག་ཤེས་པ་མི་སྐྱེ་ན།། བདེ་ཆེན་གནད་ཀྱིས་ཟིན་པ་ཡིན།། འགྱུར་བཟློག་ཤེས་པ་མི ་སྐྱེ་ན། རིག་པ་བསྟན་ལ་ཕེབས་པ་ཡིན།། འཁྲུལ་པའི་ཤེས་པ་མི་སྐྱེ་ན།། གདེང་གིས་གཏན་ལ་ཕེབས་པ་ཡིན།། རྒྱུ་རྐྱེན་ཆོས་ལ་མི་རེ་ན།། རང་བྱུང་གནད་ལ་ཕེབས་པ་ཡིན།། རིག་པ་རྩལ་རྣས་རྫོགས་པ་ན ་སྟོབས་ཀྱི་གནད་ལ་ཕེབས་པ་ཡིན།། སྟོང་པ་འཆལ་པར་མ་སོང་ན།། རིག་པ་གནང་ལ་ཁེབས་པ་ཡིན།། རིག་པ་གཟུང་འཛིན་མི་སྐྱེ་ན།། སྟོང་པ་གཏན་ལ་ཕེབས་པ་ཡིན།། རིག་སྟོང་ཐ་དད་མི་སྐྱེ་ན།། ་གཉིས་མེད་གཏན་ལ་ཕེགས་པ་ཡིན།། གསལ་འགྲིབ་ཤེས་པ་མི་སྐྱེ་ན།། ཡིས་གནང་ལ་ཕེབས་པ་ཡིན།། ཞེས་གསུངས།། རིན་པོ་ཆེ་འཁོར་ལོའི་རྒྱུན་ལས།། འཁྲུལ་པ་ལས་བཟློག་པའི་ལྟ་བ་བསྟན་པའི་ལེའུ ་སྟེ། ལྔ་པའོ།། ། དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེཾས་དཔའ་རྡོས་ཡང་གསོལ་པ།། ལྟ་བ་རྟོལྡ་ན་སྒོམ་པའི་དོན།། ཉམ་སུ་བླང་དུ་ཡོད་དམ་མེད།། དེ་སྐད་གསོལ་པའི་ཚིགགས་ནས། ་གསཔ་བདག་ཆེན་པོས་ཡན་བཏབ་པ།། ལྷ་སྒོམ་བཀྲོལ་བ་མེད་པ་ལྔ།། ལྟ་ཞིང་གནས་པ་སྒོམ་པ་ཡིན།། བསྒོམ་བཞིན་འཆང་བ་ལྟ་བ་ཡིན།། ལྷ་སྤྱོད་བྱིང་བའི་སྐྱོན་ལས་གྲོལ།། བསྒོམ་གནས་རྒོད་པའི་རྐྱེན་ལས ་གྲོལ་བྱིང་རྒོད་རྐྱེན་ལས་གྲོལ་བནྡ།། མི་སྒོམ་བསྒོམ་པའི་རང་བཞིན་ཅན།། མི་གནས་གནས་པའི་བསྒོམ་པ་ཡིན།། མྱ་བརྩལ་རང་སོའི་བསྒོམ་པ་ཡིན།། མི་སྲོང་མི་སྒྲིམ་མི་རྩོལ་བཱའོ།། མ་སྒོམས་དོན་གྱི་སྙིང ་པོ་ཅན་འཆུ་ཐོ་རྒྱུན་ཏུ་འབབ་པ་བཞིན།། ཆད་ཅིང་འབྲེལ་པའི་སྦུབས་དང་བྲལ།། ལྷ་སྐོམ་མ་མཉམ་བཀོལ་བ་མེད།། སྤོ་བསྡུ་བཅོས་བསྲང་གསལ་འགྲིབ་མེད།། མ་བཅོས་དོན་གྱི་སྙིང་པོ་ཅན།། རྩོལ་བསྒྲུབ་འགྱུ ་བའི་གནས་མ་ཡིན།། མ་བཀོལ་སྒོམ་པའི་དངོས་ཡིན་ཏེ།། ཇི་བཞིན་མ་བཅོས་རང་བཞིན་གནས།། ལོག་རྒྱུན་གྲོལ་ནས་དོན་རྒྱུ་ཅན།། བསམ་གཏན་རང་གནས་དོན་རྒྱུད་ལྡན།། གཞན་ལ་མི་ལྟོས་རཔའི་ནི་ནག་རྦྷ ་ཏིང་འཛིན་རྒྱུན་ཏུ་གནས་པའི་མཆོག། ཏིང་འཛིན་ཉམ་སུ་བླངས་པའི་ཆོས།། དེ་ཉིད་རྣམ་པ་ཐ~ཾད་དུ།། ཏིང་འཛིན་འབྱུང་འཇུག་མེད་པར་གནས།། ལོག་རྒྱུན་འགཊ་ན་དེ་རྒྱུན་གསལ།། ནད་གསོ ་དུག་རྣམས་འཇོམས་པ་ནི།། དེ་ཉིད་མཐུ་དང་ལྡན་པ་ཡིན།། དུས་གསུམ་སངས་རྒྱས་ཐ~ཾད་ཀྱིས།། ཏིང་འཛིན་འདི་ལ་གཙོར་གནས་པ།། ཀུན་ནས་གང་དུ་མི་འབྲལ་ཞིང་།། མེད་ནས་བྲལ་བ་ག་ལ་ཡོད།། ཕྱི་དང ་ནང་གི་འཁྲུལ་པ་རྣམས།། གྲོལ་བ་ཉིད་ནི་ཡིན་ཟིན་པས།། དེ་དང་མི་འབྲལ་དོན་ལྡན་ནོ།། འཁྲུལ་པའི་ཞེན་པ་ལས་གྲོལ་ཏེ།། དེ་ཉིད་ངེས་རྙེད་གཞན་ན་མེད།། མི་དམིགས་བསམ་གཏན་བསྒོམ་པར་བྱ།། རང་ལ་གན ་པའི་ཡཾ་ས་ནི།། རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ།། འཕྲ་ཞིང་ཞི་ལ་རྟག་ཏུ་མེ་ད།། ཟུ་དུ་ན་རྣམས་འཇོམས་མཛད་པ།། ཏིང་འཛིན་སྨན་གྱི་རྒྱལ་པོ་ཡིན།། ཞེས་གསུངསོ།། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས།། བསྒོམ ་པ་བསྟན་པའི་ལེའུ་སྟེ། དྲུག་པའོ།། །། དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེམས་དཔའ་རྡོས་ཡང་གསོལ་པ།། ལྟ་བསྒོམ་བཀྲོལ་བ་མེད་པ་ལ།། གོལ་སྒྲིབ་བརྡ་རོ་ཤ་ཇི་ལྟར་བཅད།། ་དེ་སྐད་གསོལ་བའི་ཚིག་གསན་ནས།། གསང་བདག་ཆེན་པོས་ལན་བཏབ་པ།། གང་རྟོགས་དུས་ནས་དོན་གསལ་ན།། གོལ་སྒྲིབ་འཁྲུལ་པའི་ཆོས་མེད་པས།། རིག་གནས་རྐྱེན་གྱི་ག་ལ་ཚུགས།། དེ་སྐད་གསུངས ་པའི་ཚིག་རྗེས་ལ།། སེམས་དཔའ་རྡོས་ཡང་གསོལ་པ།། རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང་།། དེ་མ་རྟོགས་ཀྱི་གང་ཟག་ལ།། གོལ་ས་སྒྲིབ་པ་ཇི་ལྟར་འབྱུང་།། དེ་སྐད་གསོལ་བའི་ཚིགས་ན་ནས།། གསང་བ་དག ་ཆེན་པོས་ལན་བཏབ་པ།། དེ་མ་རྟོགས་ཀྱི་གང་ཟག་ལ།། གོལ་ས་སྒྲིབ་པ་གཉིས་སུ་བསྟན།། འགྲོ་སྒོ་ནོར་པའི་གོལ་ས་ཡིན།། གནས་དོན་མ་རྟོགས་སྒྲིབ་པ་ཡིན།། སྒོ་ལྔར་འཁྱམས་པ་འཁྲུལ་པ་ཡིན།། གོང་མའི ་འོག་ཏུ་འགྲོ་སྒོ་ནོར།། གོལ་ས་ཞེསུ་ངས་བཤད་དོ།། སྒྲིབ་གཉིས་བྱའི་མིག་བཞིན་དུ།། མ་སྒྲིབས་དག་ཏུ་ངས་བཤད་དོ།། ཡས་གོལ་མས་སྒྲིབས་ཐེག་པ་རྣམས།། རྫོགས་ཆེན་མན་ངག་ཚིག་གཅིག་གིས།། གོང་འོག ་གོལ་སྒྲིབ་བརྡར་ཤ་བཅད།། འཕྲང་གསུམ་ནང་དུ་སྐུངས་བརྩད་ལ།། རྫོང་གསུམ་ནང་དུ་བརྩིགས་ལ་དབབ།། རྒྱལ་པོ་བརྩོན་དུ་བཟུང་བ་དང་།། བློན་པོ་སྐྱར་ལ་འདོན་པ་དང་།། དགྲའི་བུ་རྣམས་བསད་པ་དང་།། དགྲ་གཉེན ་ཆ་མ་ལ་ཕེབས་པ་ཡིན།། བཟློག་བཅསུ་གཉིས་ཀྱི་འཁྲུལ་བྱུང་ན།། འཁོར་འདས་གོལ་སྒྲིབ་བརྡར་ཤ་བཅད།། ཅེས་གསུངསོ།། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས།། གོལ་སྒྲིབ་བརྡར་ཤ་བཅད་པའི་ལེའུ་སྟེ། བདུན་པའོ།། ་དེ་སྐད་གསུངས་པའི་ཚིག་རྗེས་ལ།། སེཾས་དཔའ་རྗོ་ལ་སོགས་ལ།། གསང་བདག་ཆེན་པོའི་རང་བཞིན་གྱིས།། གོས་སྒྲིབ་བརྡར་ཤ་ཆོད་པ་ཡི།། ཉམས་བླངས་སྤྱོད་པ་འདི་གསུང་སོ།། རིག་པའི་སྙིང་པོ་ཉམ་བླངས་ན།། ་སངས་རྒྱས་དགོངས་པ་འགྱུར་ཟློག་མེད།། མན་ངག་གདེང་འདོན་ཉམས་བླངས་ན།། འཁོར་བའི་འཁྲུལ་པར་འགྱུར་མི་སྲིད།། རྩེ་གཅིག་ཏིང་འཛིན་ཉམས་བླངས་ན།། ལས་དང་བག་ཆགས་སྒྲིབ་མི་སྲིད།། ་རརླུརུང་བྱུང་ཡས་ཉམས་བླངས་ན།། སྨྲ་རྐྱེན་ཆོས་ལ་བློ་མི་སྐྱེ།། ལུས་ངག་ཡིད་གསུམ་ཅི་སྤྱད་ཀྱང་།། བདེ་ཆེན་སྤྱོད་ལ་འགྱུར་བཟློག་མེད།། དེ་རྟོགས་ཉཾ་སུ་བླངས་ན་ནི།། གཟུང་འཛིན་ཞེན་པ་བཟློག་པར་འགྱུར།། རིག་པ་ཕྱོགས ་རིགས་མེད་པ་ཡིས།། གང་ལྟར་སྤྱོད་པས་ཞེན་མི་འབྱུང་།། བླུན་པོ་དམན་པའི་སྤྱོད་ཡུལ་མིན།། ལུས་ངག་སེམས་ཀྱི་སྤྱོད་པ་རྣམས།། དམན་པའི་སེམས་ལ་བསྟན་པ་ཡིན།། དངོས་པོའི་ཡིད་ཆེས་མ་སྐྱེས་པར།། ལྟ་བའི ་ཚིག་ལ་བློ་གཏོད་པ།། ཀུན་ཏུ་བཟང་པོས་ཁས་བླངས་ཀྱང་།། གོལ་ས་འཁྲུལ་པ་ཉིད་དུ་འགྱུར།། ཀུན་ཏུ་བཟང་པོས་ཡོངས་མཉམ་ཀྱང་།། རྟོགས་མ་རྟོགས་ལ་ཡོངས་མི་མཉམ།། སྐལ་མེད་དོན་དུ་མ་སྤྱད་ན།། མུན་པའི་སྐྱེ ་མཆེད་དག་ཏུ་བསྟན།། ངོ་བོ་ཉིད་ཀྱི་རྣལ་འབྱོར་པ།། གང་ལྟར་གནས་ཀྱང་གྲོལ་བར་འགྱུར།། མཚན་མའི་འཁྲུལ་པ་ལས་གྲོལ་ཏེ།། དེ་ཉིད་ངེས་རྙེད་གཞན་ན་མེད།། ཉམ་བླངས་ངེས་པར་གྲོལ་བར་འགྱུར།། མི་སྤང་ཉམ་སུ་བླང ་པའི་དོན། འགྲོ་འདུག་དུས་རྣམས་ཐཾད་དུ།། འདུ་འབྲལ་མེད་པར་རང་བཞིན་གནས།། བྱུང་བའི་ཆོས་ནི་དགག་མི་བྱ།། མེད་པའི་ཆོས་ནི་བསྒྲུབ་མི་བྱ།། སྤངས་པས་སྤོངས་པར་མི་འགྱུར་ཏེ།། བསྒྲུབས་པས་འགྲུབ་པར་ག ་ལ་འགྱུར། རྒྱུ་འབྲས་གཞན་ལས་མ་བྱུང་ན།། རྒྱུ་འབྲས་མེད་པའི་ཡིས་ཡིན།། འཁྲུལ་རྒྱུན་ཆད་ནས་དོན་རྒྱུན་ལྡན།། གང་དུ་གནས་ཀྱང་མི་འབྲལ་ཞིང་།། རྟོགས་ན་འབྲུལ་པ་ག་ལ་ཡོད།། ཕྱི་དང་ནང་གི་འཁྲུལ་པ་རྣས། ་མཆེད་དུ་མ་སྤངས་གྲོལ་བར་འགྱུར།། དགོས་པའི་དོན་རྣཾས་འབྱུང་བ་ཡིན།། ཡིད་བཞིན་རིན་པོ་ཆེའི་རྒྱུད།། དེ་ཉིད་མཁས་ལས་བྱུང་བ་ཡི།། ལོག་པར་རྟོགས་པ་ག་ལ་ཡིན།། ཞེས་གསུངསོ།། རིན་པོ་ཆེ་འཁོར་ལོའི ་རྒྱུད་ལས།། ཉམ་སུ་བླངས་པའི་སྤྱོད་པའི་ལེའུ་སྟེ། བརྒྱད་པའོ།། ། རིན་པོ་ཆེ་འཁོར་ལོའི་རྒྱུད་རྫོགས་སོ།། ་