| Wylie | e-texts produced with BDRC’s OCR application |
ཐིག་ལེ་གསང་བ་བརྡའ་རྒྱུད་ཅེས་བྱ་བ་བཞུགས་སོ།། ་རྒྱ་གར་སྐད་དུ། ཏི་ལ་ཀ་གྷུ་ཧྱ་ཨ་ཏི་ན་ཏན་ཏྲ་ན་མ། བོད་སྐད་དུཐིག་ལེགསདྲ་བའི་བརྡའ་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ ་འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ། མེ་རི་འབར་བའི་རྩེ་མོ།། སྲི་ལ་མུ་ཁར་དུ་ཁྲོད་ཀྱིས་བརྒྱན་པའི་གནས་ན། ་ཐུན་མོངས་ཀྱིས་འཁོར་དགའ་རབ་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་དང་། ཐུན་མོང་མ་ཡིན་པའི་འཁོར། རྡོ་རྗེ་རྣལ་འབྱོར་མ་རྣམས་དང་། ལྷན ་ཅིག་ཏུ་བཞུགས་སོ།། དེ་ཡི་ཚེ། བཅོམ་ལྡན་འདས་བརྗོད་བྲལ་བརྡའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱཻ་ཀྱཻ་བཅོམ་ལྡན་རྡོ་རྗེ ་འཆང་། འདུས་པའི་འཁོར་ཚོགས་དོན་ཆེད་དུ་ཏིང་ངེ་འཛིན་ལམ་རྣལ་བར།། བརྡའི་རིམ་པ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་བརྗོད་བྲལ་གྱི ་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་ལྡན་རྣམས་ཀྱི་དོན་ཆེད་དུ། ཟབ་མོ་བརྡའའི་རྒྱུད་ངས་བཤད་ཉོན།། ཅེས་གསུངསོ།། ་ཐིག་ལེ་གསང་བ་བརྡའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ། དང་པོའོ།། །། དེ་ནས་གསང་བའི་བདག་པོས་ཞུས་པ།། ཀྱེ་སྟོན་པ་རྡོ་རྗེ་འཆང་།། གཞི ་ཡི་འདུག་ཚུལ་བརྡའ་དུ་གསུངས།། ཅེས་གསུངས་པས།། སྟོན་པས་གསུངས་པ། སྣརོན་ཡུལ་རང་གསལ་བདེ་བ་ཅན་ཞེས་བྱ་བ་ན། རྒྱལ་པོ་ཀུན་སྣང་ཞེས་བྱ་བ་ལ། ་འདིངས་པའི་སྟན་མེད་དེ་རྒྱ་མཚོ་སྟན་དུ་སྟིངས།། བགོ་བའི་གོས་མེད་དེ། ནམཁའ་གོས་སུ་གྱོན།། བཟའ་བའི་ཟས་མེད་དེ།། འབྱུང་གཞི་ཟས་སུ་ཟོས།། ཉིན་མཚན་མེད་པར ་ལྕེ་སྤྱང་གིས་མིག་ཡིན་པས།། མུམ་པ་རྒྱབ་ཏུ་བོར།། སྣང་བ་ཁོང་བར་བཅངས།། སྐྱོན་དང་བྲལ་སྟེ་རིན་པོ་ཆེའི་སྤྱན་ལ་བསྟིས།། ལུས་ངག་ཡིད་གསུམ་བརྩལ་ཆེ་བས།། ་སེང་གེ་བརྩོན་དུ་བཟུང་།། སྣང་བ་གཞན་དུ་སྒྲུབ་ཏུ་མེད་པས།། ཉི་མ་མཚན་ཁུང་དུ་སྨྲས།། ཐད་བསད་ཅིང་ཟོས་པས།། ཐ་མ་ཅིག་ཀྱང་མྲ་ཆགས་པས།། གཅིག་པུ་ལུས་པས།། གླེང་བའི་ཟླ ་མེ་ད་དེཿདགྲ་ཟིན་མེ་ད་པས་ཤིན་ཏུ་སྐྱིད་ཀྱང་སྡོང་མ་ཚུགས་སྐད་དོ།། ཐི་ག་ལེ་གས་བའི་བརྡའུ་རྒྱུད་ལས།། གཞི་མཚོན་པའི་བརྡའ་བསྣུན་པའི་ལེའུ་སྟེ། གཉིས་པའོ།། ་དེ་ན་ས་ཡང་གསང་བའི་བ་དག་པོ་ས་ཡང་ཞུས་པ།། ཀྱཻ་ཀྱཻ་བཅོམ་ལྡན་རྡོ་རྗེ་འཆང་།། སྨྱུང་བ་སྣ་ཚོགས་ཇི་ལྟར་ཤར།། འཁོར་འདས་གཉིས་ཇི་ལྟར་སྣང་།། མ་ནོར་བདྲའ་ཡིས་འཁོར་ལ་གསུངས།། ་ཅེས་གསོལ་ཏོ།། སྟོན་པས་བཀའ་སྩལ་པ་ཀཱ་སྔོན་ཡངས་པ་ཅན་གྱིས་ཁྱིམ་དུ།། ཉི་མའི་སྤྲིན་ལས།། རང་གིས་མ་ཚོར་བ་དང་།། སྤྱན་གྱི་ནང་ནས་མཛེས་པའི་ལྷ་མོ་ལྔ།། ཡུལ་མེ་ལོང་ཅན ་དུ་ཤ་ར་ནས།། དེ་གཉིས་སྦྱོར་བ་སྐྱེས་པས།། རིན་པོ་ཆེ་བརྩེགས་པའི་ཕོ་བྲང་།། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞི་དང་བཅས་པ་སྐྱེས་ཏེ།། ཆུ་ཤིང་སྙིང་པོ་ཅན་བྱ་བའི་རྒྱལ་པོ་དང་།། དེ་ཡི་བཙུན ་མོ་དང་སྲས་སུ་བཅས་པ་ཕྱིས་སྐྱེས་ནས།། ཆུའི་སྐུ་བཅེས་པ་མཛེས་པའི་བརྒྱན་དང་རི་མོར་སྣང་སྟེ།། ཀུན་ཏུ་སྣང་གི་ཉི་མ་དང་ཆས་ནས་བཞུགས་སྐད་དོ།། དེ་ནས་རྒྱལ་པོ་འཁོར་དང་བཅས་པས་འབངས ་དོན་དང་མཆིས་བྱས།། བསྐྱེད་ཀྱིའི་ཕོ་བྲང་བ་ཤིག་སྐད་དོ།། རྒྱལ་ཐེ་བ་འབངས་ལ་བཞག། རྒྱལ་པོ་བཞི་འཁོར་དང་བཅས་པ་གུང་ལ་གཤེགས་སྐད་དོ།། ཐིག་ལེགས ་བའི་རྒྱུད་ལས། ལོང་སྐུའི་སྣང་བྱ་བ་རྡ་ར་བསྟན་པའི་ལེའུ་སྟེ། གསུམ་པའོ།། །། དེ་ནས་སྟོན་པས་གསུངས་པ། སྔོན་ཁྱེའུ་ཀུན་ཏུ་རྒྱུག་བྱ་བ་ལ། ་ཞི་ཐ~ཾང་སྐྱེ་བྱ་བ་ཡོད་དེ། ནོར་བུ་ཅན་བྱ་བ་དང་། གཞའ་མཚོན་ཅན་བྱ་བ་དང་། མེ་ལོང་ཅན་བྱ་བ་དང་། གསུམ་ཡོད་དེ། ཁྱེའུ་བཞི་བདུད་ཧ་ལི་ཀ་ནག་པོས། ས་བོན་དུ་མྲྀ་ཤཾ་ཀུན་བསྐྱེད་ཀྱིས ་བོན་བཏབ། རྫ་མཁན་མོས་ཞིང་བཅུས། ལུང་བརྩལ་ཟས། འབྲར་བྱེད་བྲལ། རྨེ་ཤ་ཅན་དུ་སྐྱེས་སོ།། མུན་པའི་མི་དྲུག་ལྗོངས་སྤྱོད་སྐད་དོ།། ཐིག་ལེ་བསང་བའི་བརྡའ་རྒྱུད་ལ་སྲ།། འཁྲུལ་པའི ་གངར་བསྟན་པའི་ལེའུ་སྟེ། བཞི་པའོ།། །། དེ་ནས་ཡང་གསང་བའི་བདྲག་པོས་ཞུས་པ། ཀྱཻ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། འཁྲུལ་སྣང་ཡིས་ཟློག་ཕྱིར་དུ།། བཟློག ་པ་ཐབས་ཀྱི་བརྡའ་རྣམས་གསུངས་ཅེས་གསོལ་ཏོ།། སྟོན་པས་བཀའ་སྩལ་པ། སྔོན་ཡུལ་མུན་པའི་གླིང་བྱ་བ་ན། རྫ་མཁན་ཀུན་བསྐྱེད་བྱ་བས། སྟོན་མོ་ཆེན་པོ་གཅིག་སྐྱེ་བས། ཤ་དུག ་བྱུང་ནས་ན་བ་ལ། ཡུལ་མེ་ལོང་ཉི་མ་ཅན་བྱ་བ་ན། སྨན་པ་ཀུན་ཏུ་གསོ་མཁྱེན་བྱ་བ་བཀུག་ནས། སྨན་པས་ནད་པའི་རྩ་གཟིགས་པས། ནད་འདུ་བ་རྣམ་བཞི་ལངས། དུག་ཁོང་དུ་སོང་བར ་མཁྱེན་ནས། ནད་པ་རྣམས་ལ་སྨན་རྒྱུ་གཅིག་ཏུ་བསྲེས་ནས་བཏང་བས། ནད་སོས་པར་གྱུར་ཏོ།། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། སྟོན་པས་གང་ཟག་གི་བློ་དང་སྦྱར་ནས། ཐེག་པ ་རིམ་པ་དགུར་གསུངས་པ་དོན་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་རྒྱ་ནག་པོའི་ཡུལ། སྟ་ག་ཤི་ནག་པོའི ་ནགས་ཚལ་བྱ་བ་ན། མུ་སྟེགས་མུན་པའི་གོ་རྨནྡན་བྱ་བ་གཅིག་གིས། ལྟང་མོ་ཞིག་བྱས་པས། མུན་པའི་མི་དྲུག་གིས་ཐོག་རྗོད་ནས་ཡོད་པ་ལ། རྒྱ་དཀར་པོའི་ཡུལ་ནས། གྱད་ཀྱི་མི ་བརྒྱད་ཀྱིས་རྒྱལ་པོ་དང་དགུ་བྱོན་ནས། མུན་པའི་མི་དྲུག་གིས་ཁྲོམ་བསྐོར་མ་ནུས་པར་རྒྱལ་པོ་འཁོར་བཅས་ལ་བལྟས་པས། ཡིད་ཤོར་ནས་རྒྱ་དཀར་པོའི་མི་དགུ་པོའི་ཕྱིར་འབྲངས་པས། ་ཡོན་ཏན་སོ་སོར་ལོབས་ཏེ།། རྨ་ནག་པོའི་སྤྱོད་པ་ནི་བོར། རྒྱ་དཀར་པོ་དང་ཆོས་བསྟུན་པས། མུ་སྟེགས་མུན་པའི་གོ་ཆ་ཅན་ཡེ་མུག་ནས་ལྕེབས་སོ།། མུན་པའི་མི་དྲུག་ལ་མེ་ལོང་གཅིག ་ཙཿ། བསྟན་པ་ས་མར་མེ་རེ་རེ་ཤར་སྐད་དོ།། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འགྲོ་དྲུག་བློ་དང་སྦྱར་ནས་ཐེག་པ་རིམ་པ་དགུ་བསྟན་པས་རྟོགས་པ་སོ་སོར་སྐྱེས་པའི་ལེའུ་སྟེ། ་དྲུག་པའོ།། །། དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་བྱུང་པོ་ལ་པད་མོ་བ་དེའི་རྩལ་དུ། ཤེལ་གྱི་ཁྱེའུ་ཉི་མའི་སྤྱན་གྱིས། ངོ་མཚར་བའི་ལཱུ་མ་ར་གཅིག་བྱས་པས ་ཡ་མཚན་གྱི་ཤིང་གཅིག་སྐྱེས་ཏེ། ལོ་འདབ་མེ་ཏོག་འབྲས་བུ་དུས་གཅིག་ཏུ་སྨིན་ཏེ། སེམས་ཅན་ཀུན་གྱི་བསོ་ས་སུ་གྱུར་སྐད། ཤིང་དེའི་རྩེ་མོ་ན་བྱ་ཁུ་བྱུག་སྐད་སྙན་ཅིང་སུནྡུ་ཀ་སྡུག། སྤུ་ཁ་བཅུ་དང ་ལྡན་པས། སྐད་ཕྱོགསོ་བཅུར་སྒྲོགས་པས། ཀུན་གྱི་སྒྲ་སྒྲོགས་པ་འཕྲོགས་སོ།། ཤྲིང་དེའི་རྩ་བ་ན་གསེར་གྱི་སེང་གེ་འབྲུག་གི་སྒྲ་ཅན་ལ། རལ་གྲི་ཁ་མངས་ཀྱི་མཆེ་བ་སྐྱེས་པ། མིག་ཕྱོགས ་བཅུར་ལྟ་ཞིང་སྐད་སྒྲོག་པ་གཅན་ཟན་འཕྲ་མོ་ཀུན་སྲོགུ་གཅོད་པ་ཞིག་ཡོད་སྐད་ཤིང་དེའི་བསྐྱེད་པ་ན་མུ་ཏིག་གི་འཕྲེང་བ་འབྲུམ་བུ་བཅུ་དྲུག་ཏུ་བཅས་པས། ཀུན་གྱི་རྒྱན་དུ་མཛེས་སྐྲད། ཤིང་དེའི་ཁོང ་པབ་ནས་བར་སྣང་གི་ན་མཁའ་ནས། རིན་པོ་ཆེ་གསེར་གྱི་ཉི་མ་ཤེས་པས། འགྲོ་བ་ཀུན་གྱི་སྣང་བ་བྱེད་སྐད། ཤིང་དེའི་རྩ་བ་བཞི་ཕྱོགས་བཞིར་གྱེས་པས་རྩ་བ་ན། སེང་གེ་གཅིག་གི་ཅིག་གི་ཁ་ནས་མེ ་ལོང་ཅིག་ཐོགས། དེའི་ནང་ན་ཤེལ་གྱི་སྐུ་འོད་ཀྱི་གང་བ་གཅིག་གསལ་ཞིང་འདུག་སྐད། ཡལ་གཅིག་གི་རྩ་བ་ན། གཡུ་ཡི་ལུ་མའི་ནང་ན་གསེར་གྱི་ཉ་མོ་མིག་མེད་པ་གཅིག་འདུག། དེ་མི་འགུལ་བ ་ཅིག་འདུག་སྐད། ཡལ་གཅིག་གི་རྩ་བ་ན། བྱ་ཁྱུད་གཅིག་ལ་སྲིན་པོ་མགོ་དགུ་མི་གཅིག་པ་ཞོན་ནས། ལག་པ་བདུན་གྱིས་འགྲོ་བ་ཀུན་གྱི་སྲོག་གཅོད་པ། སྤྱི་བོ་ནས་ཐོག་འབེབས་པ་ཞིགས ་འདུག་སྐད་ཡལ་གཅིག་གི་རྩུ་བ་ན་མེ་ལོང་གཅིག་གི་ནང་ན། ཤེལ་གྱི་ཁྱེའུ་ཞལ་དྲུག་པ་གཅིག་ལ། ལྷ་མོ་ལྔས་བསྐོར་ནས་སྦྱོར་བ་ཅིག་འདུག་སྐདདོ།། ཡལ་གོ་འཕྲ་མོ་ཟད་ནས། གསེར་གྱི ་བྱིས་ཆུང་སྐད་སྐན་པ་སྣ་ཚོགས་སྒྲོགས་པ་ཅིག་འདུག་སྐད། དེ་ཀུན་གྱིས་མི་མཐོང་སྟེ། ཏི་པ་རའི་བུ་མར་མེའི་སྤྱན་གྱིས་མྲཐོང་ངོ་།། མཐོང་ནས་ཡ་མཚན་གྱི་ལྷུམ་ར་དེ་ཀུན་ལ་སྒྲོགས་སོ་སྐ་དང། སྒྲོགས ་པ་ཐོས་ནས་ཡ་མཚན་སྐྱེས་ཏེ། དེ་ཀུན་ལ་ལྟ་སྐད་དོ།། ཐིག་ལེ་གསང་བ་བདེ་བའི་རྒྱུད་ལས། རྩ་བའི་རྒྱུད་དང་ཡེ་ཤེས་གའི་རྒྱུད་ཀྱི་དོན་བརྡའ་རུ་བསྟན་པའི་ལེའུ་སྟེ། བདུན་པའོ།། ། ་ཡང་སྟོན་པས་བཀའ་སྩལ་བ། ལྷ་ཁང་ཅིག་གི་ནང་ན། གཙོ་བོར་ཤེལ་གྱི་སྐུ་ཀུན་ཏུ་གཞལ་དུ་བཞུགས་སྐད། དེའི་ཐུགས་ཁ་ནས་མར་མེ་ཅིག་ལ་འོད་ལྔར་ཤར་བས། འོད་ཀུན་ཏུ་གསལ་མ་ནུས་པར། ལྷ ་ཁང་གི་སྒོ་ན་འོད་བྱ་ཕོ་ཙམ་ཅིག་ཀུན་ལ་སྣང་ཞིང་འདུག་སྐད། དེ་ཡི་ཐུགས་ཁ་ནས་མར་མེ་ཅིག་ལ་འོད་ལྷུར་ཤར་བས་ནས། འོད་ཀུན་ཏུ་གསལ་མ་ནུས་པར། ལྷ་ཁང་སྒོ་ནས་འོད་བྱ་བ། ་ཙམ་གཅིག་ཀུན་ལ་སྣ་བ་ཞིང་འདུག་སྐ་ད། དེ་ལ་བལྟས་པས་ལྷ་ཁང་གི་གཙོ་བོ་མཐོང་སྐད། དེར་ཡ་མཚན་སྐྱེས་ནས་གཙོ་བོ་ལ་བལྟས་པས། བྱིན་བརླབས་ཞུགས་པས་ཕ་དང་མ་བྲལ་བས། འཁོར ་གསུམ་ཡོངས་སུ་དག་པར་བྱས་ཏེ། གངས་དཀར་ཤེལ་གྱི་བྲག་ཕུག་ཏུ་སོང་སྐད་དོ།། ཐིག་ལེ་གསང་བའི་རྒྱུད་ལས། དོན་གྱི་བདེན་པ་མཐོང་བས་རང་བཞིན་གྱི་དགོངས་པ་ལ་གནས་པའི་ལེའུ་སྟེ། ་བརྒྱད་པའོ།། ། ཡང་བཀའ་སྩལ་པ། ཁྱེའུ་མར་མེ་ཅན་བྱ་བ་ལ། ཁྱེའུ་སྣང་བ་དམ་པའི་དཔལ་ཞེས་བྱ་བ། མཱ་ར་མེ་བཞི་བཏང་བས། ཡུལ་བཞི་མུན་པ་བསེལ་ངོ་སྤྲོད་བཞི། ་ཡུལ་རྣམ་དག་པདྨའི་མཚལ་བྱ་བ་ན། ལྷ་མོ་པ་ན་ཏ་ཤ་ན་མ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་སྲེད་ཅེས་བྱ་བ་འདུག་པ་མཐོང་།། དེར་མར་མེ་ཅིག་ལ་བལྟས་པས། ཡུལ་མེ་ལོང་གཡའ་དག་ལས་ལ་བྱ ་བན། རྒྱལ་པོ་གཟུགས་ཆེན་སྙིང་པོ་པདྨའི་སྤྱན་བྱ་བ་ལ། རྒྱལ་པོ་སྡེ་བཞི་འཁོར་དང་བཅས་པས་བསྐོར་ཏེ། གྲོ་དང་གྲོས་མི་བྱེད་པར། འཁོར་གྱི་ཚིགས་རྒྱུན་མི་ཆད་པར་བྱེད་པ་མཐོང་སྐད་དོ།། མར་མེ ་གཅིག་ལ་བལྟས་པྲས། སྤུ་ཕྱི་དུས་གཅིག་ལ་དྲན་ཏེ། ས་རྣམས་དུས་ཅིག་ཏུ་མཐོང་སྐད་གཅིག་ལ་བལྟས་པས། ཤེལ་གྱི་ཁྱེའུ་མར་མེ་ཅན་ལ། ཁོ་རང་གིས་མཚོར་མ་མཐོང་བརླ། རིན་པོ ་ཆེའི་ཁང་པ་ན། རིན་པོ་ཆེའི་ཁྱེའུ་ལྔ། རྟག་ཏུ་ཞབས་རྟོག་བྱེད་པ་དང་། མི་འབྲལ་བར་མཐོང་སྐད་དོ།། ཐིག་ལེ་གསང་བའི་བརྡའའི་རྒྱུད་ལས། ངོ་སྦེད་གཞིའི་དགོངས་པ་བརྡར་བསྟན་པའི་ལེའུ་སྟེ། ་དགུ་པའོ།། ཀ་དེ་ནས་ཡང་སྟོན་པ་ས་བཀའ་སྩ་ལཱ་པ། སྔོན་པི་རབ་ཀྱི་རྩེ་མོ།། རྒྱ་མཚོ་ཉི་མའི་ཙན་བྱ་བ་ན། ཀླུའི་རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ཡོད་སྐད། ཁོ་བོ་སྐྱེ ་ནས་རི་རབ་ཀྱི་རྩེ་མོ་ནས། ཡར་མར་བལྟས་པས། རྣམ་དག་པདྨའི་མཚལ་བྱ་བ་ན། རིན་པོ་ཆེའི་ཁང་པ་ཉི་ཟླས་བརྒྱན་པོ་བྱ་བ་མཐོང་སྐད། དེར་བྱོན་པས། སྔར་གྱི་གནས་པས་ཉམས་དགའ་ནས་བསྡུས ་པས། རླུང་ཅན་གྱི་གྲོང་ཁྱེར་ན། བློམ་པོ་ཀུན་བྱེད་བྱ་བ་འདུག་པ་མཐོང་སྐད་དོ།། དེར་བྱོན་བློན་པོས་བཀོས་པ་ཁས་བླངས་སྐད། རྒྱལ་བློ་ན་ས་སྔར་ཁས་བླངས་སྐད། དེ་ནས་བློན་པོ་ཀུན་བྱེད་ཀྱིས། རྒྱལ་པོ ་སྤྱན་མངའ་ན་གྲོས་དང་བློ་བྱས་ནས། མུར་བྱེད་ཀྱི་རྟལ་ཞོན་ནས། འགྱུར་བྱེད་ཀྱི་འཕྲང་ལ་ཕྱིན། རྩོད་པའི་སྒོ་གསུམ་དུ་བྱོན་ནས། རིན་པོ་ཆེ་སྣ་ལྔ་བརྩལ། རྒྱལ་པོ་ལ་ཕུལ་བས། མཉེས་པ་དང་ཚིམ ་བ་བྱུང་ནསཿབློན་པོ་ཡེ་མུག་རྒྱལ་པོ་ལེ་ལོ་ཤོར་བ་ས་རྒྱལ་པོ་ཐུགས་ནོན་པའི་བློན་པོ་ལ་ཆབ་གས་ལ། རྒྱལ་བློན་བྲལ་བུས་མཆོད་པ་ཆག་ཀྱང་། འཐབ་ཟླ་མེད་པས་ཤིན་ཏུ་བདེ། ་ཏེ། རྒྱལ་པོ་ཡུལ་རིམ་པར་ཕྱུང་ནས། རྣམ་དག་པདྨའི་ཚལ་ན་བཞུགས་སྐད་དོ།། ཐིག་ལ་གས་པཱ་བའི་བརྡའུ་རྒྱུད་ལས། སེམས་དང་ཡེས་ཀྱི་བརྡའ་བསྟན་པའི་ལེའུ་སྟེ། བཅུ་པའོ།། ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ཡུ་ལ་རྨེ་ཤའི་གྲོང་ཁྱེར་རྣ་བ་འགྱུར་གྱི་མཚལ་ན། རི་རབ་ཀྱི་ཁོང་སེ་ང་རིན་པོ་ཆེའི་གཞལ་ཡས་ཁང་ན། རྒྱལ་པོ་ཀུན་སྣང་བྱ་བ་ཡོད་པས། ཕོ་བྲང་གི་སྒོ ་གཅད་དེ། གདན་ལ་བཞུགས་པས། སྒོ་གཅད་པའི་སྟོབས་ཀྱིས་བློན་པོ་རྩོན་ལ་ཟིན་སྐད། དམངས་བྱ་བྱེད་ཅན་ཆན་ལ་ཕེབས་སྐད། ཕྱིས་ཀྱང་བློན་པོ་ཟིན་སྐད་དམངས་ཆབ་ལགས་ལ་ནས་ཅིག ་ཏུ་བཞུགས་ཀྱང་། སྐྱོ་བ་མེད་སྐད་དོ།། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས་ཉམས་སུ་བླངས་པའི་བརྡའ་སྟེ་ལེའུ་བཅུ་ཅིག་པའོ།། ། དེ་ནས་ཡང་སྟོན་པས་བཀའ་སྩལ ་པ། སྔོན་རི་རབ་ཀྱི་ཁོང་སེང་ན་ཉི་ཟླ་མཛེས་པའི་སྒོ་ཁང་བྱ་བ་ཅིག་ཡོད་སྐད་དོ།། དེ་འཕན་པར་བྱེད་པའི་རླུང་གིས་བཏེག་ནས་འགྲོ་སྐད། དེའི་ནང་ན་སྦོམ་ཆེན་ཀུན་ཏུ་མི་གཡོ་བ་བྱ་བ་ཅིག་བཞུགས་སྐད་དོ།། ་ཛ་ཙམ་དུ་འདུ་འཛི་དང་གཡེང་བ་བྱུང་ཡང་ཁོང་དགོངས་པས་དཀྲུགས་ཀྱང་མི་འགྲོ་བར་གནས་སྐཱ་དུ། ཐིག་ལེ་གསང་བའི་བརྡའ་རྒྱུད་ལྔས། དགྲོངས་པ་ལ་ཡེངས་མ་ཡེངས་མེད་པར་བསྟན་པའི་བརྡའི ་ལེའུ་སྟེ། བཅུ་གཉིས་པའོ།། ། དེ་ནས་ཡང་འཀའ་སྩལ་བ་སྔོན་རིན་པོ་ཆེ་ལ་བྱས་པའི་ཁང་པ་ཅིག་ན་ཁྱེའུ་ན་མཁའི་སྙིང་པོ་བྱ་བ་འདུག་པས། ཁང་པའི་མཐོངས་ན། ་སྒོ་ནས་ཁོའི་བྱད་ཀྱི་མ་དང་ས་ཤ་ར་བས་ཁོ་ལ་ཁང་པ་ཡོད་མེད་མེད་པར་འདུག་པ་ལ་ཁང་པ་ཞིག་པས་ཀྱང་གར་ཡང་མ་གྲོས་པར་རངས་དེ་ན་འདུག་སྐད་དོ།། ཐིག་ལེ་གསང་བའི་བརྡའ་རྒྱུ་ད་ལས ་ཆོས་སྐུ་ཟངས་ཐལ་གྱི་བརྡའི་ལེའུ་སྟེ། བཅུ་གསུམ་པའོ།། ། སྟོན་པ་ས་བཀའ་སྩལ་པ། སྔོན་ཀོ་ས་ལའི་རྒྱལ་པོ་གསྔལ་རྒྱལ་གྱིས། གྱིར་གླིང་འཕྲུལ་གྱི་རྟ་ལ། ་གསེར་གྱི་སྒྲོ་ག་བཅུ་ག་ནས་ཚར་གྱིས་འགྲོ་མ་ཤེས་པར་འདུག་སྐད་ཐིག་ལྡེ་གསང་བའི་བརྡལ་རྒྱུད་ལས་ཨ་ནུ་མན་ཆད་བཟུང་རྟོགས་ཀྱི་འཆིང་བར་བསྟན་པའི་ལེའུ་སྟེ། བཅུ་བཞི་པའོ།། ་དེ་ནས་སྟོན་པས་བཀའ་སྩ་ལ་པ། སྔོན་ཁྱེའུ་ཀུན་གསལ་གྱིས། རང་གི་བྱད་ཀྱི་སྣང་བ་མ་ཤེས་པས་གྱིར་གླིང་འཕྲུལ་གྱི་རྟ་ཕོ་དེ། སྦྲུལ་དང་རྔ་མང་གིས་གདམས་པས། རང་གི་བྱེད་ཀྱི་རྣམ ་པ་ཤེས་པས། འགྲོ་ལ་མི་དགོས་པར་རང་གྲོལ་དུ་སོང་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྫོགས་ཆེན་རང་གྲོལ་དུ་བསྟན་པའི་ལེའུ་སྟེ། བཅཝོ་ལྔ་པའོ།། ་དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ཡུ་ལ་ཡངས་པ་ཆེན་པོ།། པདྨོ་བ་དེ་བརྩལ་གྱི་གྲོང་ཁྱེར་ན། རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ལ། ནོར་བུ་ར་ནི་པོ་ཆེ་ཟླ་མ་ཏོག་ཡོད་སྐད། དེའི་ནང་ན་རིན་པོ ་ཆེའི་ཕྲ་མོ་བསམ་གྱིས་མི་ཁྱབ་པ་ཅག་ཡོད་སྐད། དེ་ནས་རྒྱལ་པོས་ཞབས་འཆག་ཏུ་བྱོན་པས།། རྒན་མོ་ལིང་ཐོག་བྱ་བ་དང་ཕྲད་ནས་སྨྲས་པ། དེ་བར་དུ་རྐུན་མོ་མི་ལྔས་ཟ་མ་རྟོག་ཁྱེར་ཏེ། རྨ་ཤཱའི ་གྲོང་ཁྱེར་དྲུག་ཏུ་མུན་པའི་མི་དྲུག་གིས། ནོར་བུ་བཀུར་སྟི་ཕྱག་པས། ནོར་བུ་ལས་དགོས་འདོད་མ་བྱུང་སྐད། མུན་པའི་མི་དྲུག་ཀྱང་ཡིད་བྱུང་སྐད། ཕྱིས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ ་པ་བྱ་བའི་འདམ་པོ་མི་ཅིག་བྱུང་སྐད། རྒན་མོ་ལྟོ་མར་རིག། སྔོན་ཇི་ལྟར་བརྐུས་པའི་ལོ་རྒྱུད་བརྗོད་པས། རྒྱལ་པོ་ཐུགས་ནུར་སྐད་ནས་རྒན་མོ་ལ་ཆ་བ་གསལ། རྐུན་མོ་དྲན་དུ་བཅད། མུན་པའི ་མི་དྲུག་ཀྱང་བསད། རྨེ་ཤའི་གྲོང་ཁྱེར་དྲུག་བཅོམ་རྒྱལ་པོ་དང་ནོར་བུ་ཟ་མ་རྟོག་ཀྱང་ཕྲད་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས་འཁྲུལ་ལུགས་དང་གྲོལ་ལུགས་བརྡར་བསྟན ་པའི་ལེའུ་སྟེ། བཅུ་དྲུག་པའོ།། ། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་གྱི་ཤེལ་གྱི་ཁང་བུ་དྲི་མེད་ཟངས ་ཐལ་གྱི་ནང་ན། རྒྱལ་བུ་ཀུན་ཏུ་གཟིགས་བྱ་བ་གནས་པ་ལ། རིན་པོ་ཆེའི་བུམ་པ་ན་མརཱ་མེའི་སྙིང་པོ་ལྔ་ཡང་། ཁོས་གཅིག་ཏུ་མ་མཐོང་བར་གཅིག་པོར་གནས་སྐད་དོ།། ཐིག་ལེ ་གསང་བའི་བརྔའུ་རྒྱུད་ལས།། མྱ་ངན་ལས་འདསྲ་པའི་དགོངས་པ་བརྡར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ་དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་མ་མཁའ་སྟོང་པའི་ངང་དུ་མར་མེ་སྟོང་ཤར་བསའོད་འདུས་ནུས་སྙིང་པོ་མ་འདྲེས་པར་སྔོ་སོར་གསལ་ཏེ། མར་མེ་ལ་རང་འོང་ལས ་གཞན་མེད་དོ་སྐད་ངོ་།། ཐིག་ལེ་གསང་བའི་བརྡའུ་རྒྱུད་ལསརང་སྣང་ལས་གཞན་མེད་པར་བསྟན་པའི་ལེའུ་སྟེ། བཅཝོ་བརྒྱད་པའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཡོངས་སུ་གཏང་བ་འདི་གསུངས་སོ།། ཨེ་མ་ཧོཿགསང་བའི་བརྡའ་རྒྱུད་འདི་ཀུན་གྱི་ཐུན་མོང་མ་ཡིན་པས། ཀུན་ཏུ་མི་སྒྲིབ་རང་གསལ་བས ་xxx ་