CLOSE WINDOW

Gbr003.19: byang chub kyi sems kun 'dus 'od kyi rgyud
Wyliee-texts produced with BDRC’s OCR application

བྱང་ཆུབ་ཀྱི་སེམས་ཀུན་འངས་འོད་ཀྱི་རྒྱུད་ཅེས་བྱ་བ་བཞགས་སོ།། ་རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བིན་དྷ་པྲ་བ་ནི་ཏན་ཏྲ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་འདུས་འོད་ཀྱི་རྒྱུད་ཅེས་བྱ་བ། སེམས་ཉིད་རྫོགས་པ་ཆེན་པོ་ལ་ཕྱག་འཚ་ལོ།། ་དེ་ནས་སངས་རྒྱས་ཐམས་ཅད་རབ་ཏུ་རྒྱལ་ཞིང་དངས་པ་དང་། སྐྲག་པར་གྱུར་ཏེ་ཅང་མི་སྨྲ་བར་འཁོད་དེ།། དེ་ནས་དེ་བཞིན་གཤེགས་པ་ཐུགས་རྗེ་ཡེ་ཤེས་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་འོད་ཀྱི་འཕྲེང ་བྲ་རྣམ་པར་སྣང་མཛད་དེ་རབ་ཏུ་བསྐུལ་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་མགྲིན་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། སངས་རྒྱས་ཀུན་གྱི་ཐུགས། རབ་ཏུ་གསང་ཞིང ་དྲི་མ་མེདཿའདི་དག་ཐེ་ཚོམ་སྐྱེ་བའི་རྒྱུ། གསང་སྔགས་ལྟ་སྦེད་ངོ་མཚར་ཆེ། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་དེས ་གསང་སྔགས་ཀྱི་ཆེ་བ་བསྟན་པའི་ཕྱིར།། འདི་སྐད་ཅེས་གསུངས་སོ།། རབ་ཏུ་མི་གནས་གསང་བའི་ལུང་།། དབྱར་མེད་གསང་བའི་དོན་རྟོགས་པས།། དགེ་སྡིག་བླང་དོར་དབྱེར་མེད་པས།། ་སྡིག་པ་སྤྱད་པས་དམ་པའི་མཆོག། ཐེག་ཆེན་གསང་བར་ཞུགས་པ་ཡིས།། མཚམས་མེད་ལྔ་པོ་རྫོགས་བྱེད་ཅིང་།། རྣལ་འབྱོར་གནས་ལ་བཀུར་བ་དང་།། དམ་རྫས་ཟས་སུ་སྤྱོད་པ་དང་།། ལྷ་ཁང་མདོ་སྡེ་བསྲེག་པ་དང་།། ་ཡེ་ཤེས་རྣམ་གྲོལ་རྫོགས་པའི་ཀློང་།། ཐེག་པ་འདི་ལ་གནས་པ་ཡིས།། དེ་མ་ཐག་པར་གྲུབ་པར་འགྱུར།། ཞེས་གསུངས་པ་དང་།། སངས་རྒྱས་ཐ~ཾད་རྒྱལ་བར་གྱུར་ཏོ།། དེ་ནས་དེ་མ་ཐག་རྒྱལ་བས་བྱིན་གྱིས་བརླབས་ཏེ།། གསང་བ་ཤིན་ཏུ་རྣལ ་འབྱོར་དྲི་མ་མེད་པ་ཐུགསུ་ཆུད་དེ།། དྲན་པ་སླར་སྙེད་ནས་ངོ་མཚར་ཞིང་ཞུས་པའི་ཚུལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོཿསངས་རྒྱས་ཐཾཐ~ཾད་ཀྱིས།། མི་འབྱེད་བླང་དོར་མེད་པའི་ཐུགས།། ཐེག་པའི་སྙིང་པོ་རྟོགས་དཀའ་བ།། གཉིས་མེད ་གོམས་པའི་སྟོབས་ཀྱིས་གྲུབ།། དེ་ཉིད་ཀུན་གྱི་ཡུལ་མིན་ཏེ།། ཐུགས་རྗེ་དགོངས་པས་རིག་པ་བསྟན།། ལས་དང་བག་ཆགས་མི་གོས་པས།། གང་ཡང་འགག་པ་མེད་པར་སྤྱོད།། ཅེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐ~ཾད ་ཀྱི་རང་བཞིན་དེས།། དེ་དག་ལ་འདི་སྐད་ཅེས་གསུངས་སོ།། རྫོགས་པ་ཀུན་འདས་འོད་ཀྱི་རྒྱུད།། སྔ་མ་དག་ཏུ་མ་གསུངས་པའི།། ཕྱི་མ་ཟབ་མོ་བསྡུས་པའི་རྒྱུད།། འདིའི་རང་བཞིན་རྟོགས་པར་དཀའ།། འོན་ཀྱང་ཁྱེད་རྣམས། ་གྲོལ་བའི་ཕྱིར།། སྙིང་པོའི་རྣལ་འབྱོར་བཤད་པར་བྱ།། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་པས།། ཀུན་འབྱུང་དངོས་པོ་ཡོངས་ཀྱི་ལམ།། དུས་གསུམ་རྫོགས་པའི་ངོ་བོར་གནས། ་གསང་བ་ཀུན་འདུས་སེམས་ཀྱི་ལུང་།། གདོད་ནས་དག་པས་ན་མཁའི་གླེང་།། སྒོ་སྐུར་དགུ་པས་ཆོས་ཀྱི་དབྱིངས།། གདོད་ནས་ཀུན་གྱི་ངོ་བོར་བཤད།། ཆེས་སྐུ་གཉིས་མེད་རྫོགས་པའི་ཀློང་།། དགོངས་པའི་ཀློང་ལ་ཕྱོགས་རིགས་མེད།། ་ཁྱབ་པ་ཆེན་འོ་ན་མཁའི་འོད།། བརྡུལ་ཁྱབ་མཁའ་ལྟར་མུ་མཐའ་མེད།། འདུ་འབྲལ་མེད་པ་དྲན་པས་བསྟན།། རྒྱུ་རྒྱུན་མཚན་མ་ཀུན་བྲལ་བས། སྐྱེ་འཇིག་མེད་པར་འདུས་མི་བྱས།། གདོད་ནས་རིག་པ་གཉིས་མེད་པས།། སྣ ་ཚོགས་རང་བཞིན་ཀུན་ཏུ་བཟད།། ཐིག་ལོ་ཆེན་པོར་ཡེ་བསྟན་པས།། གང་ལྟར་སྣང་ཡང་ཆོས་ཀྱི་དབྱིངས།། མ་བསགས་ལྷུན་གྲུབ་ངོ་བོའི་ཕྱིར།། ཅི་ཡང་སྣང་ལ་དངོས་བཞི་མེད།། རང་བཞིན་གང་དུའང་མ་དེས་སྟེ།། རྟག་ཅིང་སྤྱད་པ་ཀུན ་ལས་འདས།། བརྡ་ལ་ཁྱབ་ཆེན་པོ་ཀུན་ཆུབ་པས།། རྣམ་པ་ཐ་དད་ཡུལ་ལས་འདས།། མཐའ་དང་དབུས་སུ་མི་འབྱེད་པས།། གོལ་དང་སྒྲིབ་པའི་ཆོས་མི་གནས།། ཕྱག་རྒྱ་ཆེན་པོར་ཡེ་གནས་པས།། བསྒོམ་དང་མི་བསྒོམ་ཡུལ ་ལས་འདས།། རིག་པའི་འཁོར་ལོ་རབ་བསྐོར་བས།། མཐའ་མེད་པར་ན་རབ་ཏུ་འཁྱིམ།། གདོད་ནས་ལྷུན་གྱིས་གྲུབ་པ་ལ།། རྒྱུ་རྐྱེན་རྩོལ་ལ་རག་མ་ལུས།། བདེ་ཆེན་རོལ་བས་བདག་གནས་པས།། མཚན་མའི་བདེ་ལ་རྟེན་མི ་འཆལ།། སྐུ་གསུམ་མཚན་མར་ལོ་བརྟགས་པས།། མཚན་མའི་འབྲས་ལ་རག་མ་ལུས།། གཅིག་དང་ཐ་དད་བཅོ་སུ་མེད།། ཐོག་ཆེན་སེམས་ཉིད་རྫོགས་པ་ལ།། མ་བཅོས་ཐབས་ཀྱིས་དེར་བཞག་ན།། བསམ་དང་བསམ་བྱ ་ཀུན་བྲལ་ནས། རྣམ་གྲོལ་རྫོགས་པའི་ས་ལ་སྦྱོར།། སྟོད་པའི་མཐའ་ལ་ཞེན་པ་དང་།། བདེ་བའི་འདོད་ལ་ཆགས་པ་དང་།། བཏང་སྙོམས་དོན་ལ་གང་ཞེན་པ།། ལོག་པའི་གྲོང་ཁྱེར་ཆེན་པོ་ཡིན།། གང་ཡང་ཞེན ་པ་མེད་པ་ནི།། གང་ཡང་བྱ་བ་སྙིང་པོའི་ལམ།། བར་ཆད་མེད་པའི་ཐབས་ཆེན་ནི།། སེམས་ཉིད་རྫོགས་པའི་ལམ་ཡིན་ནོ།། རང་སེམས་བྱང་ཆུབ་སྙིང་པོ་ལས།། གཞན་མེད་ཐིག་ལེ་བཅིག་པའི་ཕྱིར།། གཉིས་མེད་གསང་བའི་རང་བཞིན་དག། ་ཁྱབ་པ་ཆེན་པོའི་ཚུལ་དུ་བཞུགས།། ཀུན་འདུས་རིག་པ་སེམས་ཀྱི་གཏེར།། མ་བཙལ་ཐབས་ཀྱིས་གྲུབ་པ་ཡིན།། དབང་བསྒྱུར་ཡིས་རྒྱལ་པོ་ལ།། མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས།། གང་ལྟར་གནས་པ་དེ་ལྟར་གནས།། ་མ་ཁ་ཅོས་རང་བཞག་ཐབས་ཀྱི་གོ།། ཕྱག་རྒྱ་ཆེན་པོར་ཀུན་གནས་པས།། བསྐྱེད་ཅིང་སྒོམ་ལ་རག་མ་ལུས།། བརྗོད་བྲེལ་སྙིང་པོ་མཐར་ཕྱིན་པས།། སྔགས་དང་ཁོ་དོན་བྱ་ལྔས་འདས།། དུས་གསུམ་མི་འགྱུར་བསྟན་པའི ་ཕྱིར་ཏུ་ཆ་ཤས་དབེན་པའི་ངོ་བོས་བསྟོན།། སྐུ་མཆོག་འོད་དཔག་མེད་པའི་ཀློད། མཚན་དང་དཔེ་བྱད་ཆ་ལས་འདས།། མཚན་མའི་སྒྲོ་སྐུར་ཀུན་ཞི་ཡང་།། ཡེ་ཤེས་འབར་བའི་འོད་ཀྱིས་མཛེས།། རྒྱལ་པོ ་ཐབས་ཀྱི་མཛད་པ་ལྟར། མ་བྱས་ཐབས་ཀྱིས་དོན་རྣམས་རྫོགས།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས།། སྒྲོ་སྐུར་མེད་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་དེ་བཞིན་གཤེགས་པ་ཀུམ་ཏུ་བཟང་པོས།། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ལྟ་དགོངས་མཐར་ཕྱིན་གྱི་དོན་འདི་གསུངས་སོ།། ཀུན་གདོད་ནས་མཚན་ཉིད་མེད།། ཡེས་ན་མཁའི་རྒྱལ་པོ་ལས།། བདེ་ཆེན ་གསལ་བའི་ཉི་ཤ་ར་བས།། རྣམ་པར་རྟོག་པའི་སྒོ་སྐུར་གཅོད།། ཡིས་འཁོར་ལོ་འད་བོ་ཆེ།། ཕྱོགས་མེད་ཀུན་ལ་གསལ་བར་འཆར།། རིག་པའི་རྒྱལ་པོ་ཀུན་འདུས་པས།། བདེ་སྡུག་རྟོག་པའི་མཐའ་ལས་འདས།། ་ཞེན་པའི་འདང་ཤེས་ཀུན་བྲལ་བས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། སངས་རྒྱས་སེམས་ཅན་གཉིས་མེད་པས།། བསྒྲུབ་ཅིང་སྒྲིབ་པ་གསལ་དུ་མེད།། མ་ལུས་སྒོ་སྐུར་ཀུན་ཞི་བས།། ཆོས་ཀུན་ཡས་དགོངས་པའི་ཀློ། ་སྣང་སྲིད་བླ་མའི་ཕྱག་རྒྱ་བས།། མ་བརྗོད་ངོ་བོས་ཆོས་ཚུལ་སྟོན།། སྐྱེ་མེད་ཕྱག་རྒྱ་ཀུན་ཐེབས་པས།། འདུས་བྱས་མཚན་མ་མེད་པའི་ལམ།། བདག་ཉིད་དང་ལས་མ་ཡེངས་པས།། ཇི་ལྟར་མཛད་ཀྱང་གཡོ་བ་མེད།། བརྟུལ ་ཞིང་སྤྱད་པའི་ཆོས་མེད་པས།། སྤྱོད་ལམ་མ་བཅོས་དེ་བཞིན་ཉིད།། འཕྲ་ཞིང་ཤེས་པར་དཀའ་བའི་ཕྱིར།། བརྟག་ཅིང་གཉེན་པའི་ཡུལ་ཡས་འདས།། དམ་པའི་དགོངས་པས་ཀུན་གསལ་བས།། ཉེས་པའི་སྐྱོན་གྱིས་གོས ་པ་མེ།། སྐུ་གསུམ་རྫོགས་པའི་ཀློང་བརྡལ་བས།། འགྲོ་དོན་སྙིང་རྗེ་བྱ་དང་བྲལ།། དུས་གསུམ་ཆོས་ཉིད་སྙིང་པོ་ལ།། ཐུན་དང་བཅོས་ཚད་ཁར་མ་ལུས།། རིག་པའི་ཡེས་ལྷུན་རྫོགས་ལ།། དྲོད་དང་རྟགས་ལ་རྟེན་མི་འཚལ།། ་མ་བཞག་རང་གསལ་མི་གཡོ་བས།། ལྟ་ཞིང་བསྒོམ་དུའང་ཡོད་ཡིན།། ཡས་སྲོག་གིས་ཀུན་ཟིན་པས།། སྐྱེ་ཤི་ཐ་སྙད་ཡུལ་ལས་འདས།། ཐེག་ཆེན་སྙིང་པོའི་ལམ་རྟོགས་པས།། བརྒྱུད་པའི ་ལམ་ལ་འཇུག་མེད་བྱེད།། མ་བྱས་དོན་ཀུན་ལྷུན་རྫོགས་པས།། སྒོ་གསུམ་བརྩལ་པའི་འདུ་ཤེས་བཅད།། ཏིང་འཛིན་རིག་པའི་འཁོར་ལོ་ལ།། སྒྲོ་སྐུར་མཚན་མའི་ཆོས་མི་གནས།། མི་བསྐྱོད་བདེ་ཆེན་རྒྱལ་པོ་ལ།། ་གྲར་ལྟར་གནས་ཀྱང་ཉམས་མི་པ།། དངོས་པོ་ཕྱི་ནང་ཆོས་ཀུན་ནི།། གདོད་ནས་དྲི་མེད་དག་པ་ལ།། དེ་ཡང་དངོས་གྲུབ་མ་ཡིན་པས།། གང་ལྟར་མ་བཅོས་ཡིན་པར་དབྱེ།། བྱས་ཀྱང་སྒྲིབ་པར་མི་འགྱུར་ལ།། མ་བྱས་གོལ་བར ་མི་འགྱུར་གྱིས།། རྡོ་རྗེ་སྙིང་པོ་བསྟན་པ་ཅན།། ངེས་པའི་དོན་ལས་མ་ཡེངས་ན།། ཆོས་ཉིད་དོན་ལས་མ་འདས་པས།། གང་ཡང་མ་བཅོས་བཞག་པར་བྱ།། མཐོང་དང་མ་ངེས་པར་མཚམས་སུ།། བདེ་བ་ཆེན་པོའི་དོན་འཆར ་ཞིང་།། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ།། གང་དགར་བཞག་ཀྱང་གཡོ་མི་འགྱུར།། ལྟ་དགོངས་དབྱེར་མེད་གང་རྟོགས་པས།། དུས་ཅིག་རྣམ་གྲོལ་ལྷ་མགྲུབ་པའོ།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏ་ན་ཏྲ་ལས།། ་ལྟ་དགོངས་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་རང་བྱུང་ཡིས་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས།། ་འདི་སྐད་ཅེས་གསུང་སོ།། ཆོས་རྣམས་མ་ལུས་ཇི་སྙེད་པ།། རྒྱུ་ལ་མི་བལྟོས་སྙིང་པོའི་སྙིང་།། རྐྱེ་མ་ལ་མི་ལྟོས་འབྲས་བུའི་འབྲས།། གསང་བའི་གསང་བ་མཁའ་ལྟར་དག། ཐེག་པའི་སྙིང་པོ་རྫོགས་པའི་ལུང་།། མ་ལུས་ཅིག་དང་ཐ ་དད་མེད།། ཡཾས་མཁའ་འདྲ་ཁྱབ་པའི་ཀློང་།། བསྟན་པའི་རྩ་བ་ཆོས་ཀྱི་དབྱིངས།། དུ་ཁྲོད་བརྡལ་བའི་སྙིང་པོ་མཆོག། ཡུལ་སེམས་བྲལ་བའི་རང་བཞིན་གྱིས།། དེ་བཞིན་ཉིད་དེ་སྒྲོ་སྐུར་མེད།། ཐག་ཆེན་སེམས་ཉིད ་མཁའ་ལྟར་དག། མ་འདྲེས་གསལ་བར་སྣང་བའི་ཕྱིར།། ལྷུ་མ་གྲུབ་རོལ་པ་ཅིར་ཡང་སྡང་།། སྙིང་པོ་ཅིག་ཏུ་ཀུན་རྫོགས་པས།། རྫོགས་ཁྱབ་བརྡལ་བ་ཆོས་ཀྱི་སྐུ།། རྒྱུ་དང་རྐྱེན་ལས་མི་ལྟོས་པས།། མི་འཇིག་རྡོ་རྗེ་འགྱུར་བ་མེད། ་མི་བསྒྲིབས་གསལ་བར་ཀུན་མཁྱེན་པས།། ཡིས་ཀུན་གསལ་མཆོག་གིས་དང་།། ཐཾད་སམ་སུ་ལྷུམ་གྲུབ་པས།། སངས་རྒྱས་སེཾན་གཉིསུ་མེད།། མ་བཅོས་བསམ་སྤྱོད་ཀུན་བྲལ་བས།། ཆོས་ཉིད་སེམས་ཉིད་གཉིསུ་མེད ་བདེ་ཆེན་རིག་པར་འོད་གསལ་བས།། བཏང་སྙོམས་སྟོང་པ་རྣམ་པར་གཅད།། རིག་པ་འཁོར་ལོ་གཏེར་གྱི་མཆོག། མ་བསྐོར་ཞི་བ་དབྱིངསུ་འཁྱིམ།། འཁོར་ལོ་འོད་འབར་སྙིང་པོ་ཅན།། མཚན་དང་དཔེ་བྱད་ཀུན་ལས་འདས།། ཆེ་བའི ་ཆེ་མཆོག་ཆོས་ཀྱི་སྐུ།། དུས་གསུམ་འདུ་འབྲལ་མེད་པ་གནས།། རྫོགས་པ་ཀུན་འབྱུང་ལམ་གྱི་ཕུགས།། ཞེན་པའི་དུས་ཅིག་བཤད་པའི་ཕྱིར།། མངོན་གསུམ་རྫོགས་པར་རང་ལ་གནས།། ངེས་སྐྱེད་པ་དེ་མ་ཐག ་འགྱུར་མེད་ཡིས་མཁའ་ལྟར་དགསྙིང་པོ་རྫོགས་ལམ་བར་ཆད་མེད།། གང་ཡང་དམ་པར་མི་ལེན་པས།། དམན་པས་གཞན་དུ་དོར་བ་མེད།། ཡས་ལྔ་རྫོགས་སྙིང་པོ་ཉིད།། མ་འདྲེས་དབྱིངས་ལ ་རྫོགས་པའི་རྒྱུན། ཟབ་མོ་ཀུན་འདིས་སེམས་ཀྱི་གཏེར།། རྡོ་རྗེ་བླ་མའི་ལུང་ཐོབ་ཅིང་།། ངེས་པའི་བློ་དང་ལྡན་པ་སྭ་ན།། དབུལ་པོ་གཏེར་དང་ཕྲད་པ་ལྟར།། མཐོང་བ་ཙམ་གྱིས་ཆོག་པ་ཡིན།། ངེས་པའི་བློ་དང་ལྡན་མེད་ཅིང་།། ་ཐེག་ཆེན་རྫོགས་པའི་རིགས་མེད་ནི།། ཡོད་པ་གཏར་དང་ཕྲད་པ་ལྷུར།། བསྟན་ཀྱང་ཤེས་པ་རུ་ག་ལ་འགྱུར།། མི་སྐྱེ་མི་འགག་སྙིང་པོ་ལ།། རང་བྱུང་ཡིས་གསལ་བར་གནས།། ཡིད་བཞིན་ནོར་བུའི་སྙིང་པོ་ལྟར།། འཕེལ་དང ་འགྲིབ་པ་ག་ལ་ཡིན།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་ཏན་ཏྲ་ལས།། རང་བྱུང་ཡིས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས།། དོན་གྱི་སྙིང་པོ་ཞེས ་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འདི་སྐད་ཅེས་གསུངསོ།། ཐོག་མཐའ་མེད་པའི་ངོ་བོ་ནི།། ཀུན་བཟང་རིག་པའི་འཁོར་ལོ་སྟེ།། དུས་གསུམ་སྟོང་པར་གནས་པའི་ཕྱིར།། སྟོང་དང་མི་སྟོང་ཡུལ་ལས་འདས ་སངས་རྒྱས་སེམས་ཅན་དབྱེར་མེད་དེ།། དེ་བཞིན་ཉིད་དུ་ཅིག་པའི་མཚན།། ཐེག་པ་མཁའ་འདྲ་ལྟོ་པོ་ཆེ།། སྟོང་པ་ཉིད་དུའང་མི་གནས་པས།། སྐུ་གསུམ་མཚན་མར་རྟགས་པའི་ཡམ།། ཐོབ་པར་བྱ་བའི་ཡུལ་མེད་པས།། ་ནགང་ཡང་མི་བྱེད་སྙིང་པོར་རྫོགས།། མ་ལུས་ཀུན་དང་དབྱེར་མེད་པས།། གསལ་དང་སྒྲུབ་པ་ག་ལ་ཡོད།། འཁོར་དང་མྱ་ངན་འདས་པ་མེད།། མཐའ་དབུས་རྟོགས་པའི་རྒྱུད་ལས་འདས།། དྲི་མེད་མཁའ་ལྟར་རབ་ཞི་བས།། ་རང་བྱུང་འདུ་ཤེས་ཀུན་དང་བྲལ།། ཐིག་ལེ་ཆེན་པོ་རྒྱས་ཐེབས་པས།། ཆ་ཤས་མེད་དེ་སྙིང་པོར་མཚུངས།། ལྷུན་གྲུབ་རིག་པ་ཀུན་རྫོགས་པས།། སྒྲུབ་ཅིང་བརྩོལ་བ་བྱ་མི་དགོས།། གདོད་ནས་དག་པའི་རང་བཞིན་པས།། སྒྲིབ་བྱང ་གཉེན་པོ་བརྟེན་དང་བྲལ།། སྙིང་པོར་ཐམས་ཅད་རྟོགས་པའི་ཕྱིར།། ཚད་མར་གཏན་ལ་དབབ་མི་དགོས།། རིན་ཆེན་འོད་ལྟར་ལྷུན་རྫོགས་པས།། ཚོགས་བསགས་དངོས་གྲུབ་བླང་དུ་མེད།། ཡིས་རང་བྱུང་དྲི་མེད་པས།། ་དགེ་སྡིག་མཚན་མ་སེལ་མི་བྱེད།། བདེ་ཆེན་ཀློང་ལ་ཀུན་གནས་པས།། རྩོལ་བ་བདེ་ལ་རག་མ་ལུས།། ཀྭ་སྙིང་པོ་ཁར་ཆད་མི་གནས་པས།། བསྒོམ་ཞིང་དམིགས་དང་བྲལ་བར་གནས།། དུས་གསུམ་ཐེག་པའི་སྙིང་པོ་ལས ་མ་ཡེངས་དགོངས་པར་གནས་པ་ཡིན།། དུས་གསུམ་རྒྱལ་བ་རྣམས་ཀྱིས་ཀྱང་།། འདི་མེད་རྒྱལ་བ་འབྱུང་མི་སྲོ་དེ།། ཐེག་པའི་སྙིང་པོར་ཀུན་རྫོགས་པས།། ལམ་ཅིག་བགྲོད་པས་ཐ~ཾད་རྫོཊ།། མི་བཅོས་དགོངས་པའི་དོན་རྟོགས་ན ་ལུང་སྩོགས་ཚད་མ་རྣམས་མི་དགོས།། མ་བཅིངས་བཅིངས་པར་མཐོང་བས་ན།། མཚོན་པས་བཅིངས་པ་དུས་ཅིག་གཅད།། དབང་པོ་ཡིས་གསལ་བ་ཡི།། བདེ་མཆོག་རོ་མྱོང་ངོ་མཚད་ཆེ།། བསྟན་པའི་སྙིང་པོ་མ་བཏོགས་ན།། བརྩལ ་བས་ན་མཁའི་མཐའ་ཚོལ་འདྲ།། ཡས་འཁོར་ལོ་རང་དབང་ན།། མཚན་མའི་དབང་ཐོབ་ཐིག་ལེའི་རྒྱུ།། བག་ཆགས་དག་པའི་མེ་ལོང་ལ།། རྣམ་གྲོལ་དབང་པོ་རང་བཞིན་གསལ།། ཅིར་སྡུང་ཡས་དག་པ་ལ།། ་བལྟས་ཤིང་རིག་པ་མདོར་བར་འཆར།། མཁའ་ལ་འོད་ཀྱིས་བརྡལ་བ་ལྟར།། ཕྱོགས་མེང་རྒྱས་པར་གསལ་བར་བྱ།། སྙིང་པོ་ཀུན་འདུས་འཁོར་ལོ་ཅན།། མ་ལུས་རྫོགས་པ་ཆེན་པོར་གནས།། ཞེས་གསུངསོ།། ཀུན་འདུས་འོད་ཀྱི་ཏཱན?་ཏྲ ་ལྔས། སྙིང་པོ་རྫོགས་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་དགོངས་པ་དེ་ཁོ་ན་ཉིད་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འདི་སྐད་ཅེས་གསུངས་སོ།། སྣང་སྲིད ་ཕྱི་ནང་སྣོད་བཅུད་ཀུན།། རང་བྱུང་ཐིག་ལེར་རྒྱས་ཐེབས་པསུ།། ཡིས་ཆེན་པོའི་ཀློང་དུ་འཁྱིལ།། ཐིམ་འགྱུར་གས་ལ་ཡང་མི་མངོན་པའོ།། རྙོག་པའི་རྒྱུ་གཞི་བྲལ་གྱུར་ན།། དེ་མེད་འབྲས་བུ་མི་འབྱུང་བས།། མི་དམིགས་སྙིང ་པོ་རྫོགས་པའི་ལམ།། མ་བཅོས་གཞི་བཞག་སྙིང་པོར་གནས།། ཡིས་འོད་ཀྱི་ཀུན་ཁྱབ་པས།། ཐ~ཾད་རང་བྱུང་ཉི་མར་གསལ།། མཁའ་ལ་ཐུགས་རྗེ་ཇི་བཞིན་དུ།། ཡིས་ཚད་མེད་དེ་བཞིན་ཏེ།། སྒྲོ་འདོག་སེ་སྐུར་འདེབས་ཀུན་བཅད་པས ་དེ་བཞིན་ཉིད་དུ་རྣམ་པ་བརྡལ།། སྙིང་པོའི་སྙིང་པོ་རྫོན་པའི་ལམ།། བར་ཆད་མེད་པར་གསལ་བྱུང་ན།། ཕྱི་ནང་སྣོད་བཅུད་མ་ལུས་པ།། སྐྱེས་བུ་མིག་ནང་བྲལ་བ་ཡིས།། འཁྲུལ་བའི་བག་ཚཎ་སད་པ་ལྟར།། ཡིས་གཞན་ལས་མི་འབྱུང་ངོ ་གང་ཞིག་འདི་ལྟར་རྟོགས་གྱུར་ན།། འཇིག་པའི་བསྐལ་པའི་རྫས་བཞིན་དུ།། ཐ~ཾད་སྟོབས་འགྱུར་མ་ཡིན་པ།། ཉེས་སྟོབས་བག་ཆགས་མི་གནས་སོ།། ཐཾད་ཡིས་རྒྱས་བཏབ་པས།། མ་ལུས་ཀུན་དང་གཉིས་མེད་པ།། དམ་པ་འགའ ་ཡིས་རྟོགས་པ་ལས།། དམན་པས་ད་ལྟར་མི་རྟོགས།། རང་བྱུང་སྙིང་པོ་གཉིས་མེད་པ།། ཐོགས་མེད་རིག་པ་ཤར་བུ་བཞིན།། གདོང་ནས་བདེ་ཆེན་རྒྱལ་པོ་ལ།། མ་བཅོས་རིག་པ་ཡན་དུ་ཁྱེ།། ལྷུན་གྲུབ་ཕྱོ་ཊ་བྲལ་ཆེན་པོ་ལ།། ཞེན་པའི་འདུ་ཤེས ་བྲལ་བ་ཡིས།། ཡིས་གསལ་བས་མདངས་ཕྱུང་ནས།། རིག་པའི་སྙིང་པོ་དུས་ཅིག་འཇུགསྤྲོས་མེད་ལྷུན་རྫོགས་སྙིང་པོའི་ཀློང་།། ཀུ་ན་མཁའ་ཡངས་པའི་སྙིང་པོ་ལྟར།། མ་འདྲེས་ཡོངས་རྫོགས་སྙིང་པོ་ལ།། རིག་པ་གླེད་པ་ཙམ་ལ་གནས ་ཡིས་ཀློང་ཆེན་ཀུན་གནས་པས།། རྨོངས་པོའི་འཁོར་བའི་འདམ་ལས་གྲོལ།། མཚན་ཉིད་འདི་ཞེས་རྟགས་པར་དཀའ།། མ་རིག་ཡཾས་འོད་གསལ་བས།། སྒྲིབ་བྱང་ཡིས་བསྐྱེད་དུ་མེད།། སྒྲིབ་དང་སྙོག་པ་ཀུམ་དག་པས།། གཉེན ་པོས་བཅོས་ཤིང་དགུག་ཏུ་མེད།། གསང་བའི་ཐིག་ལེ་རང་བཞིན་དག། མ་རྩལ་རང་དགར་གནས་མོད་ཀྱང་།། གང་ཡང་མ་ཡིན་མི་གནས་པས།། ཕྱོགས་ཀྱི་རྐྱེན་གྱིས་མོ་གོས་སོ།། ཇི་ལྟར་རྔོན་པས་བུ་མ་དག། བདེ་མ་ཚིག་ཅིག ་གིས་སལ་བ་ལྟར།། དོན་དཔའ་བྲེལ་བའི་ཚིག་ཅིག་གིས། བརྟན་པའི་གྲོང་ཁྱེར་བཅས་བཅོམ་པའོ།། ཇི་ལྟར་ཐ་དད་དུ་མའི་གཟུགས།། མི་འགག་རོ་མྱོང་ཅིག་པ་ལྟར།། རྣམ་པའི་ཁྱད་པར་མ་བཀག་པ་ར། ་རྟོགས་པའི་ཁྱད་པར་ལ།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཡིས་སྟོབསུ་གྱུར་པ་ཡིན།། ཡིས་མ་གྱུར་མེད་པས་ན།། སྒྲིབ་པའི་ཁྱད་པར་ཅིག་མི་གནས།། གང་ཞིག་རྟོགས་པའི་སྟོབས་མེད་ན། ་གང་ལྟར་སྤྱད་ཀྱང་བརྟགས་པ་ཀུན།། ལོང་བ་མིག་བྲལ་ལམ་ཞུགས་ལྟར།། གང་ལྟར་སྤྱད་པ་གཡང་སར་འགྱུར།། དངོས་འདི་ཅིག་ལས་མ་གཡོས་ཀྱང་།། ཕན་གནོད་ནུས་པའི་ཁྱད་པར་གྱིས།། སྨན་གྱི་རྒྱལ་པོ་ག་བུར་ལྟར། ་བཅིངས་དང་གྲོལ་བར་སྣང་བ་ཡིན།། རྫོགས་ཆེན་ཐེག་པའི་སྙིང་པོ་འདི།། རང་བྱུང་ཐིག་ལེ་རྫོགས་པའི་ལུང་།། བསམ་གྱིས་མི་ཁྱབ་ཆོས་རྣམས་ཀུན།། བསམ་མེད་ཡོངས་རྫོགས་པར་བརྟག།། རྣམ་པའི་ཁྱབ་པར་གང་དག་ལས།། ་མ་བཙལ་དེ་དང་མཉམ་པར་སྐྱེ།། བརྩལ་ནས་ཁྱད་པར་གང་དག་ཀུན།། བཅིངས་པའི་མདུང་བར་སྣང་བ་ཡི་ནི།། མ་བཅོས་སེམས་ཉིད་རྫོགས་པའི་ལམ།། དེ་ཉིད་རྫོགས་ལ་གནས་པར་བྱ།། རྟེན་དང་བགྲོང་དཔར་མེ་པར་འབྱུང་།། ་འཇིག་རྟེན་ལོག་པའི་ལས་ལ་བསླད།། བྱ་བྲལ་རྫོགས་པའི་ལམྲ་ལཱས་གྲོལ།། བསྐྱེད་པ་མཚན་མའི་ལམ་ལ་གནས།། འཇིག་རྟེན་བརྩོལ་བའི་ལམ་པ་ཡིས།། རང་སེམྲ་རྫོགས་པ་མཐོང་མི་འགྱུར།། ཅེས་གསུངས།། ། ་ཀུན་འདུས་འོད་ཀྱི་ཏན་ཏྲ་ལས།། རིག་པ་དབྱེར་མེད་པར་བསྟན་པའི་ལེའུ་སྟེ། ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས།། ཡིས་སྒྲོ་སྐུར་མེད་པའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས། འདི ་སྐད་ཅེས་གསུངསོ།། རིག་པའི་རྒྱལ་པོ་བསྟན་པའི་བདག། བསྟན་པའི་ཐེག་པ་ཡོངས་ཀྱི་ཀློང་།། བསྟན་པའི་རྩ་བ་ཀློང་དགུའི་གཏེར།། གཅིག་ལ་རྫོགས་ཏེ་ཐ་དད་མེད།། སྙིང་པོའི་སྙིངྒེ་རྫོགས་པྲ་འདི།། ཁྱད་པར་གནས ་པྲ་བསྟན་པས་གསལ།། ཐེག་པའི་ཁྱད་པར་ཅི་བསྟན་པ།། འདུལ་ཐབས་དྲང་བའི་ཁྱད་པར་ཉིད།། ཀུན་ལ་མཐུན་པར་སྣང་མོད་ཀྱང་།། མདོ་དོན་ཡེ་ཤེས་རྟོགས་པ་ཅིག། སངས་རྒྱས་ཀུན་གྱི་གཏེར་གྱི་དབྱིག། ་རིན་ཆེན་ཕུང་པོ་ཕྱོགས་མེད་ཀློང་།། བརྩལ་བསྒྲུབ་མེད་དེ་གདོད་ནས་རྫོགས།། ཡོན་ཏན་ཆེན་པོ་དཔག་མེ་རེག། དུས་གསུ་མ་སངས་རྒྱས་ཡོན་ཏན་ཀུན།། སྙིང་པོ་ཅིག་ལ་རྫོགས་པར་ལཱ།། དེ་ནི་གསང་བའི་ཐས ་ངག་གིས།། ཚིག་གི་དོན་གྱིས་མཚོན་པར་བྱ།། རྒྱུད་དང་ཁྱད་པར་མངོན་སུམ་མ་ལུས་པ།། ལྷན་གྲུབ་རྟོགས་ལ་ཁྱད་པར་མེད་པར་གནས།། མ་རྟོགས་སྐལ་མེད་དོན་ལ་བཞུགས་པའི་ཕྱིར།། དེ་དག་བསྟན། ་པས་ཐ་མ་ཐོབ་པ་ཡིན།། རང་བྱུང་བ་རྡལ་བ་ཆེན་པོ་ཁྱབ་གནས་པ།། སྐལ་མེ་ང་མུན་པས་རྟོག་སྲ་པར་ག་ལ་འགྱུར།། སྙིང་པོ་འོད་འབར་ཀུན་ལ་ཁྱབ་གནས་ཀྱང་།། དམིགས་པ་མེད་ལ་མི་སྣང་དེ་བཞིནོ།། ། ་འོན་ཀྱང་བླུན་པོའི་འཁྲུལ་པ་གསལ་བ་བལྟར།། སྐད་ཅིག་མ་ལ་དོན་ཀུན་རྫོགས་པ་ཡིན།། ལྷུན་གྱིས་གྲུབ་པས་རང་ཉིད་དོན་བྱར་མེད།། གཅིག་ཏུ་གནས་པས་གཞན་དོན་བྱ་དང་བྲལ།། ཇི་བཞིན་བཞག་པས ་ཡེངས་མེད་དང་དུ་སྣང་།། འཁྲུལ་དང་མ་འཁྲུལ་ཁྱད་པར་གྱིས།། ཟླ་སྦྲུལ་དུང་ལ་ཞེ་ན་བཞིན་ནོ།། བྱ་བྲལ་རྫོགས་པའི་ཐིག་ལེ་ལ།། རང་བཞག་ག་པའི་གཏན་ཚིགས་ཀྱིས།། རང་བྱུང་སེམས་ཉིད ་རྫོགས་པའི་ཡང་།། དེ་མ་ཐག་པར་ཡོངསུ་ཤེས།། མ་བཅོས་ཀུན་འདུས་ཐུགས་ཀྱི་རྒྱུད།། གསང་བའི་ཞི་བ་ཟབ་མོའི་ལམ།། ཇི་བཞིན་མ་བརྩལ་བཞག་པ་ཡིས།། རྒྱུ་བ་མ་ལུས་དུས་ཅིག་གཅད།། བྱིས་པ་མ ་རབས་འདུ་ཤེས་ཀྱིས།། རྫོགས་པའི་ཀློང་ལ་ཅིར་ཤར་ཡང་།། ཡིས་རྟོགས་པའི་ཁྱད་པར་འཕགས།། ཡིས་སྲོག་གསུམ་འཁོར་ལོ་བསྐོར།། ཐིག་ལེ་ཆེན་པོ་གདོད་ནས་གནས།། ནམ་མཁའི་མཐའ་ལ་ལོངས ་སྤྱོད་པས།། བདེ་དང་སྡུག་བསྔལ་བྲང་དོར་མེད།། ཅེས་གསུང་སོ།། ཀུན་འདས་འོད་ཀྱི་གཏུན་ཏྲ་ལས།། སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ། དྲུག་པའོ།། ། ་དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས།། འཁྲུལ་པ་ངོས་བཟུང་བ་ཞེས་བྱ་བ་འདི་གསུངས་སོ།། སངས་རྒྱས་སེམས་ཅན་གཉིས་མེད་པས།། མ་རྟོགས་འཛིན་པའི་ཁྱད་པར་གྱིས།། གཅིག་ལ་རྐྱེན་དང་ཕྲད་པ་ཡིས། ་ནུས་པའི་ཁྱད་པར་སོ་སོར་སྣང་།། རྨོངས་འཁྲུལ་རྐྱེན་གྱི་ཁྱད་པར་གྱིས།། སྣང་བ་གཅིག་ལ་གཉིས་པར་མཐོང་།། ཐ་དང་གདོད་ནས་མི་གནས་པས།། དེ་དག་ཙམ་གྱིས་གྲོལ་བ་ཡིན།། སྣང་བའི་ཕྱོགས་མེད་ཀུན་ཁྱ ་ཕྱོགས་མེད་ཀྱང་།། ལྗོངས་ལ་མུན་པའི་ཚོ་གསུ་སྣང་།། བསྒྲུབས་པས་གྲུབ་པར་མ་གྱུར་ཀྱང་།། མཐོང་བས་མུན་པ་གས་ལ་མི་དགོས།། རྒྱལ་བུ་ལོང་པའི་མཚན་དཔེ་ལྷུར།། འགྲོ་ཀུན་ཡཻས་ངོ་བོར་གནས།། ་གཞན་ལས་རྙེད་པར་མི་འགྱུར་ཏོ།། མཐོང་བ་ཙམ་ལ་རག་མཁས་པའོ།། ཇི་ལྟར་གཅིག་གིས་ཅིག་བཙལ་བས།། ཕྲད་ཀྱང་མ་ཤེས་ཀུན་ཏུ་སྟོར།། བདེན་པའི་ཚིག་གིས་དཀྲོལ་འགྱུར་བས།། མ་ཤེས་དེ་ཉིད ་བསྟན་པར་ཟད།། བདེན་པོའི་ངག་དེ་མ་ཐོབ་པས།། གང་ལྟར་བཙལ་ཞིང་ལམ་བཀྲོལ་ཀྱང་།། བསྐལ་པ་བྱེ་བ་ཕྲག་བརྒྱད་བཅུ་རུ།། དེ་དག་ཤེས་རྟོགས་མི་འགྱུར་རོ།། བདེན་པའི་ངག་དང་ཕྲད་པའི་ཚེ།། གང་ཕྲད ་དུས་དེ་དེར་ངེས་འགྱུར།། ཇི་ལྟར་སྣང་བའི་སྦྱོར་བ་ཡིས།། ཤིན་ཏུ་སྒྲིབས་ལ་ཡུན་རིངས་པའི།། མུན་པའི་འཐིབས་པོ་མ་ལུས་པ།། སྐད་ཅིག་ཙམ་ལ་འཇོམས་པར་བྱེད།། གང་དུ་ཤེས་པ་མུན་པའི་ཚོགས།། དེ་མ ་ཟག་པ་རྣམ་པར་བཅད།། གཞི་གཅིག་སྟོབས་ཀྱིས་འཕགས་པའི་ཕྱིར།། སྤྱོད་པའི་འཁོར་ལོར་རྒྱུན་མི་བཙང་།། མ་ལུས་ཡིས་འོད་གསལ་ལ།། བླང་ངོར་དམིགས་འཛིན་ཀུན་ལས་འདྲས།། མཚན་མའི་སྒྲོ་སྐུར ་ཀུན་ཞི་བས། རང་བཞག་ཡིས་བསམ་མི་ཁྱབ།། ཡིས་འོད་ཀྱི་ཀུན་ཁྱབ་པས།། གསལ་དང་མི་གསལ་ཆེས་མི་གནས།། ཀུན་འབྱུང་སྙིང་པོ་ཞི་བའི་ལམ།། ཡིས་འཁོར་ལོར་རྒྱུན་མི་འཆད།། གནས་སྐབས ་ཁྱད་པར་མ་འདྲེས་ཀྱང་།། ཡིས་ཆེན་པོ་ཅིག་ཏུ་འཁྱིལ།། ཀུན་འདུས་འོད་ཀྱི་དཀྱིལ་འཁོར་ལ།། མ་ལུས་རྫོགས་པའི་ཚུལ་དུ་གནས།། ཆུ་ཡི་ཁྱད་པར་བསམ་ཡས་པ།། མ་འདྲེས་ལྷུན་གྱིས།། ་རྫོགས་པ་ལྟར།། གཉིས་མེད་གསལ་བ་བསམ་མི་ཁྱབ།། དེ་བཞིན་ཉིད་ཀྱང་དེ་ལྟའོ།། རིན་ཆེན་སེམས་ལ་དབྱེར་མེད་ཀྱང་།། ཡོན་ཏན་ཁྱད་པར་བསམ་མི་ཁྱབ།། གང་དག་ཉིད་ལ་དབྱེར་མེད་ཀྱང་།། ་ཡོན་ཏན་ཁྱད་པར་སྣང་བ་ལྟར།། ལྷན་གྲུ་བ་ཉིད་ལས་མི་གཡོ་ཡང་།། རྣམ་པ་ལྷན་གྲུབ་ཕྱོགས་རེགས་མེད།། རྟེན་མད་མ་ཁའ་མ་ཉམ་ཡིས་ལ།། རྟེན་བཅས་སྟེ་འག་གནོར་བ་ལམ།། དུས་ཅེ ་རྫོགས་པའི་ཡེས་ལ།། རཱ་མི་སྐྱེ་རྟག་འདོད་ནོར་པའི་ལམ།། རྫོགས་ཆེན་འཕྲ་མ་ན་རྣལ་འབྱོར་པས།། རྣམ་གྲོལ་འབྲས་བུ་གང་ལ་ཐོབ།། ཀུན་འབྱུང་ཐེག་པའི་སྙིང་པོ་ལ།། མཁའ་ལྟར་གནས་པའི ་དགག་ཏུའང་མེད།། ལྷུན་གྱི་གྲུབ་པས་སྒྲུབ་ཏུའང་མེད།། མ་ཡེངས་གནས་པས་སྒོམ་ཏུ་འདྲ་མེད།། བདག་ཡིན་ཉེས་པས་བགྲོད་དུ་འདྲ་མེད།། མཁའ་ལྟར་དག་པའི་རང་བཞིན་ལ། ཡེ་ས་གསལ་བ་མཛེད ་པས་བརྒྱན།། གཉིས་མེད་བདེ་ཆེན་ལྷན་གྱིས་གྲུབ།། རྒྱ་གསུམ་འདེབས་པས་འགྱུར་མི་སྲིད།། ཅེས་གསུངསོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས།། འཁྲུལ་པ་དང་མ་འཁྲུལ་བའི་ཁྱད་པར་གྱི་ལེའུ་སྟེ། ་ཧཱབདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས།། དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་འདི་སྐད་ཅེས་གསུང་སོ།། ཐམས་ཅད་རྣམ་དག་ཆོས་ཀྱི་དབྱིངས།། ་རྙོག་བྲལ་ཡིས་བདེ་ཆེན་ལ།། གཉིས་འཛིན་ལོག་པའི་སྟོབས་ཀྱིས་བསྒྱུར།། རྣམ་རྟོག་འཁོར་བའི་གཡང་སར་ལྷུང་།། མི་གཡོ་དང་པོའི་རང་བཞིན་ལ།། རྐྱེན་གྱིས་བརླབས་སྣང་ཇི་བཞིན་ནོ།། རིན་ཆེན་དག ་པའི་རང་བཞིན་ལ།། གང་དག་ཕྲད་པྲ་ར་དེ་རུ་གྱུར་ཀྱང་།། དེ་དག་ཡིནི་པས་སྣང་འགྱུར་ཏེ།། མེན་པས་གང་གིས་ངོ་བོ་མན།། དེ་བཞིན་མ་བཅོས་ལྷན་གྲུབ་ལ།། ཡོན་ཏན་ལྷན་གྲུབ་རྫོགས་པའོ།། རྫོགས ་པ་ཆེན་པོར་འགྲལ་འགྱུར་བས།། ཕྱིན་ཆད་མ་བརྩལ་རང་དགར་གནས།། བྱ་དང་མི་བྱ་མེད་པས་ན།། བླང་དོར་མ་ལུས་འཁོར་བའི་ལམྲ།། ཅེས་གསུངས་སོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས།། དེ་ཁོ་ན་ཉིད ་སྙིང་པོའི་ལེའུ་སྟེ། བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས།། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུང་སོ།། གདོད་ནས་རྫོགས ་པའི་སྙིང་པོ་ལ།། འབད་བརྩོལ་ཞེན་པ་མི་གནས་ཀྱང་།། ལྷུན་གྲུབ་བསམ་མི་ཁྱབ་སྦྱོར་བས།། བདག་གཞན་དོན་ཀུན་སྐད་ཅིག་རྫོགས།། མ་བཅོས་ཇི་བཞིན་འཕྲ་བ་ཡིས།། རྟོགས་སྤྱོད་འདུ་ཤེས་ཕྱོགས་དང ་བྲལ། ཁྱབ་པ་ཆེན་པོ་མཁའ་ལྔར་དག། དེ་བཞིན་ཉིད་དེ་ཆོས་ཀྱི་སྐུ།། ལོངས་སྤྱོད་ན་མཁའི་མཐར་ཐུག་སྟེ།། ཇི་སྙེད་པའི་རྣམ་པ་དག། བདེ་ཆེན་ཡིས་རོ་མྱོང་བས།། ལོང་སྤྱོད་རྫོགསྲ་པ་ཆེན་པོ་ཉི།། ། ་ཁྱབ་པ་ན་མཁའི་མཐར་ཐུག་པས།། སྤྲུལ་པ་ཆེན་པོ་རྒྱུན་མི་འཆད།། མ་ལུས་སྤྲུལ་པར་རྒྱུད་འཆུང་བ།། གཞན་པ་ཅུང་ཟད་ཡོད་མ་ཡིན།། འདི་དག་སེམས་ཉིད་རྫོགས་པཱ་ལ།། གདུལ་བྱ་བསམ་པའི་ཁྱད་པར་དུ།། ་རྒྱོ་མཚོ་རླབས་དང་རིན་ཆེན་ལྟར།། བེསྐཾ་ལྡན་རྣམས་ཀྱིས་ཤེས་པར་བྱ།། ཐེང་སྦྱིན་གྲུབ་ཆོས་དབྱིངས་པས།། ཐུགས་རྗེ་ཡུལ་ཡོད་མཱ་ཡིན་ཀྱང་།། གདུལ་བྱའི་དུས་ན་རིན་ཆེན་ལྷུར།། མ་ལུས་ཀུན་ལ་སྣང་བ ་ཡིན། \ུ0f7fསྒྲ་སྐར་ཆེ་ཆུང་མ་ལུས་པ།། ཡིས་རྫོགས་པའི་གསུང་གིས་ནི།། ཁྱབ་པ་ཆེན་པོ་བྱིན་བརླབས་ཀྱིས།། བསྟན་པའི་ཆོས་ཉིད་སྟོན་པ་ཡིན།། མཁྱེན་པའི་ཡིས་སྐད་ཅིག་ལ།། མ་རྫོགས་ཁྱད་པར་མི ་གནས་པས།། ཛཱི་ལྟ་བ་ལས་མ་གཡོས་ཀྱང་།། ཇི་སྙེད་མ་བཀླག་རྫོགས་པར་མཁྱེན།། བྱ་བྲལ་རྫོགས་པའི་འཕྲིན་ལས་ཀྱིས།། མ་ལུས་མཛད་པ་ཕྱོགས་རིགས་མེད།། ཐ~ཾད་མཛད་པར་གནས་གྱུར་པྲ། ་ཡེ་ནས་རྫོགས་པའི་མཛད་པ་ཡིན།། མ་ལུས་ལྷུན་གྲུབ་ཆོས་ཀྱི་དབྱིངས།། དབྱེ་བའི་ཁྱད་པར་ཡོད་མིན་ཡང་།། ཉི་མའི་འོད་དང་སྙིང་པོ་ལྟར།། རང་བཞག་ཙམ་ལ་རྫོགས་པ་ཡིན།། འདུས་བྱས་མ་ཡིན་རྡོ་རྗེ་ཡིན།། ་རང་བྱུང་ཉིད་པས་རྒྱུ་རྐྱེན་བྲལ།། རིམ་པ་མེད་པས་དུས་ཅིག་རྫོགས།། ལྷུན་གྱིས་གྲུབ་པས་གཞན་མི་བརྩོལ།། ཇི་ལྟར་འོད་ཀྱི་གཞལ་ཡས་ལ།། དུས་གསུམ་གསལ་བར་འཆར་བ་ལམ།། རིན་ཆེན་སྤྲིན་གྱི་སྙིང ་པོ་ལས།། དྲག་པོ་རླུང་གི་སྒྲས་མཚོན་ནས།། བདུད་རྩི་ཆར་པའི་སྙིང་པོའི་མི་ཐུས།། མ་ལུས་བསམ་པ་རྫོགས་པར་གནས།། སྙིང་པོ་རྫོགས་པའི་རང་བཞིན་ལས།། མོས་པའི་ཁྱད་པར་སྣང་བ་དང་།། ཕྱོགས ་མེད་རང་གིས་བྱིན་བརླབས་ཀྱིས།། ཇི་ལྟར་འདོད་པ་སོ་སོར་སྣང་།། ཞེས་གསུང་སོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས།། ལྷུན་གྱིས་གྲུབ་པའི་ལེའུ་སྟེ། དགུ་པའོ།། །། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དེས།། འཁོར་གྱི་ཚོགས་ལ་འདི་སྐད་ཅེས་བཀའ་སྒྲགས་པར་མཛད་དོ།། དེ་བཞིན་གཤེགས་པ་ཐཾད་ཀྱི་ཡིས་སྙིང་པོ་ཐུགས་ཀྱི་རྒྱུད། མ་བཅོས་ཇི་བཞིན་ཐཾད་ཀྱི། ་ཉོན་མོངས་ཞེན་པའི་འཕྲེང་ཟག་ཆོད།། མུན་པའི་དྲི་མ་ཀུན་གསལ་ནས།། མཁའ་ལྟང་རིག་པ་དུས་ཅིག་སྣང་།། རིག་པའི་སྙིང་པོ་ཀུན་འདས་འོད་།། ཕྱོགས་མཚམས་མེད་པར་རྒྱས་པར་གནས།། གསང ་བཕྱི་མའི་མན་ངག་སྟེ།། རྫོགས་ཆེན་རྩ་བ་ཡང་སྙིང་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། གསང་མཛོད་ཐུགས་ཀྱི་རྒྱ་མཚོ་ཡིན།། རྣམ་གྲོལ་འབྲས་བུ་རྫོགས་འདོད་པས།། ཐམས་ཅད་པ ་མེ་ལོང་བཞིན།། བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་།། བསྟན་པ་རྒྱ་མཚོ་ཐུགས་ཀྱི་མཛོད།། བསྐ་ལྡན་རིག་པ་འགའ་ཙམ་ལ།། འཕྲུལ་ཚིག་བརྡའ་ཡིས་བསྟན་པ་སྣང་།། འོན་ཀྱང ་རིན་ཆེན་བསྟན་པ་ལྟར།། རྟོགས་པ་ཙམ་གྱིས་ཆོག་པ་ཡིན།། ཡང་གི་སང་ཐུགས་ཀྱི་ཉི་མ་འདི།། གྲགས་པའི་ཆོས་བརྒྱད་མ་ཆགས་ཤིང་།། སྙེད་དང་བཀུར་བ་སྟི་དེ་བཞིན་པས།། རིན་ཆེན་དབྱིག་དང་ལུས ་སྲོག་དགྲ། ཕངས་མེད་གསེར་གྱི་རང་བཞིན་ལྟར།། བླ་མ་དམ་པ་སྲོག་འཛིན་ཅིང་།། ཏིང་འཛིན་ཤེས་རབ་བརྩལ་རྫོགས་པས།། བླ་མ་རིན་ཆེན་དབྱིག་ལྟར་བསྐུརཱ།། མན་ངག་སྙིང་ལྟར་འཚོ་བ་དང་།། མཆེད ་ལ་གུས་སེམས་དད་པར་ལྡན།། རིན་ཆེན་འཕྲུལ་གྱི་ཐབས་ལྡན་ན།། ཟང་ཟིང་སེར་སྣས་བཅིངས་པ་མེད།། འདི་ལ་གསང་བ་གཏེར་དུ་གཏད།། འདི་དག་རང་བཞིན་མི་ལྡན་པར།། གཡོ་རྒྱུ་མན་ངག་འདོད་པ ་དགཿབསྒྲལ་པ་བྱེ་བ་ཕྲག་བརྒྱར་ཡང་།། ཐུགས་ཀྱི་གཏེར་ཆེན་སྤྲོ་མི་བྱ།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས། གསང་བའི་གཏེར་གཏང་བའི་ལེའུ་སྟེ། བཅུ་པའོ།། ་བྱང་ཆུབ་ཀྱི་སེམས་ཀུན་འདུས་འོད་ཀྱི་གཏན་ཏྲ་རྫོགས་སོ།། ་