CLOSE WINDOW

Gbr003.12: sku gsum gyi snang ba gsal bar ngo sprad pa'i rgyud
Wyliee-texts produced with BDRC’s OCR application

སྐུ་ག་སུམ་གྱི་སྒྲ་དྭགས་ལ་བར་ངོ་སྤྲད་པའི་རྒྱུད་ཅེས་བྱ་བ་བ་ཞུག་སོ།། ་རཙས?། རྒྱ་གར་སྐད་དུ་ཀ་ཀ་ཡ་ཏྲི་ཨ་ཀཱ་ལོ་ཀ་ཏན་ཏྲ་ན་མ། བོད་སྐད་དུ། སྐུ་གསུམ་གྱི་སྣང་གསལ་བར་ངོ་སྨད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་སྣང་བ་སྟོན་པའི་དཔལ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཀྱི་གནས། འབྱུང་བ་ལྔའི་བདག་ཉིད། འགག་པ་མེད་པའི་འོད་ཀྱི་གཞལ་མེད་ཁདྲ་ཞེས་བྱ་བ་ན། དཔལ་ཁྲག་འཐུང་གིསྲ་རྒྱལ་པོ་དེ། མཁའགྲོ་རྣམས ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པ།། ཆོས་སྐུའི་མཚན་ཉིད་ཇི་ལྟར་གནས།། འཁོར་ལ་པོ་སྤྲད་ཇི་ལྟར་བགྱི།། ལོང་སྐུའི་མཚན་ཉིད་ཇི་ལྟར་ལགས།། སྤྲུལ་སྐུའི ་མཚན་ཉིད་ཇི་ལྟར་ཁགས།། བདག་གིས་འཁོར་ལ་ཇི་ལྟར་བསྟན།། སྐྲ་ག་སུཾ་འདུ་འབྲལ་ཡོད་དམ་མེད།། འགྲོ་བའི་རྒྱུད་ལ་ཇི་ལྟར་སྦྱར།། གྲངས་དང་གོ་རིམིས་ཇི་ལྟར་ལགསུ།། སྐྱོན་དང་ཡོན་ཏན་ཇི ་ལྟར་གས་ལ།། ཁྲག་འཐུང་ཆེན་པོས་གསུང་དུ་གསོ་ལ།། ཅེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། སྐུ་གསུམ་གསལ་བའི་ངང་ནས་བཀའ་སྩལ་པ།། ཨེ་མཱ་ཧོ།། གསང་བའི་ངོ་སྤྲོད་བཞི། སྤྱད་ལུག ་ཐབས་དང་སྐྱོན་ཡོན་དང་། གོ་རིམས་གྲངས་རྣམས་རྣམ་པར་བཤད།། དྷརྨ་ཀཱ་ཡ་ཛྙ་ཏི་ལ། ས་ས་ཏ་ཏ་ར་དུ་པ་ཡ། ཞེས་གསུང་སོ།། ངོ་སྤ་གཞིའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ། དང་པོའོ།། ་ཙཿ། ཨེ་མ་ཧོ་གསང་བ་དག་ངེས་པར་ཟུང་།། ཆོས་སྐུ་རང་བྱུང་ཆེན་པོ་ལ།། གཉིས་མེད་མཚོན་པའི་ཡུལ་མི་ག་ནས།། མི་སྐྱེ་མི་འགག་རང་བཞིན་རྣམ་པར་དག། ཡོན?་ཏན་སྣང་ཚུལ་བརྡའ་དང་ངག་གྲི ་མཚོནདྷསྟོང་ཁྱབ་འགྱུར་མེད་གཡོ་བ་མེད།། དག་ཅིང་གས་ལ་ལ་གོས་པ་མ་ད།། ཕྱི་ནང་མེད་པས་གཟུང་འཛིན་བྲལ།། ནམཁའ་དང་ནི་རྡོ་རྗེ་དང་།། རྒྱ་མཚོ་ཤེལ་དང་ཉི་མ་ཡིས།། མཚན་ཉིད་གོང་དང་ལྡན་པའོ།། རང་རིག ་འཁོར་ལ་བརྡའ་དོན་སྦྱར།། འཐུན་དཔེ་མིག་གིས་ཡུལ་དུ་སྟོན།། མཚོན་ཚིག་རྣ་བའི་དབང་པོར་ཆུག། ཅེས་གསུངསོ།། ངོ་སྦེད་བཞི་ཡིས་རྒྱུད་ལས། ཆོ་སྐུ་ངོ་སྨད་པའི་ལེའུ་སྟེ། གཉིས་པའོ།། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་རང་གི་ངང་ནས་བཀའ་སྩལ་པ།། ཡིས་ལྔའི་རང་གདངས་ལས།། རྒྱལ་བའི་སྐུ་ལྔ་འཁོར་དང་བཅས།། ཆོས་ཉིད་ཀློང་ནས་འོད་གསལ་བ།། ཡཻ་ས་རྩེ་གཅིག་པའི་དགོད ་པ་སྟེ་རྩ་གཉེན་ལྕུག་འཁྲིལ་ལྡེམ་རྒྱན་གྱིས་མཛེས།། གསལ་འཚེར་ལྷུན་སྟུག་འོད་ཟེར་འཕྲོ།། རྣམ་རྟོགས་མི་མངའ་ཅིར་ཡང་ས་ལེ་མཁྱེན།། སྣང་ལ་དངོས་མེད་ཡིས་ལྷུན་གྱིས་གྲུབ།། འཇའ་མཚོན་ཆུ་ཟླ་མེ ་ལོང་འདྲ་འབག་བཅས།། སྣོད་ལྡན་པརྒྱུད་ལ་གདམས་ངག་རྣམ་གཉིས་སྤྱོད་ཅེས་གསུང་ངོ་།། ངོ་སྤྲོད་གཞིའི་རྒྱུད་ལས། ལོང་སྐུ་ངོ་སྤྲད་པའི་ལེའུ་སྟེ། གསུམ་པའོ།། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ལྔ་འོད་ཀྱི་ནང་ནས་བཀའ་སྩལ་པ། བདེ་གཤེགས་ལྔ་ཡིས་སྣང་བ་ནི།། རང་རེའི་མཚན་ཉིད་འོད་དུ་གནས།། གས་ལ་མི་གནས་ཡིས་དག་པའི་སྤྱན།། མཐའ་དབུས་མེད་བས་འོད ་གསལ་ཎ་འགྲེག་མེད་སྤྲུལ་སྐུ་དུས་དང་གནས་སྐབས་སྦྱར།། མེ་མར་འོད་ཁྱིམ་མེ་ལོང་ངོ་ལྔ་བསྟན།། བརྡའ་དང་དོན་དུ་ཤེས་པར་གྱིས།། ཅེས་གསུངསོ།། ངོ་སྤྱད་བཞིའི་རྒྱུད་ལས། སྨལ་སྐུ་ངོ་སྤྱད་པའི ་ལེའུ་སྟེ། བཞི་པའོ།། །། དེ་ནས་སྟོན་པ་འདུ་འབྲལ་མེད་པའི་དགོངས་པ་དང་ལྡན་པས།། སྐུ་གསུམ་འདུ་འབྲལ་མེད་པའི་དོན་གསུངསོ།། རང་གི་ཆོས་སྐུ་གོས་ལོ་ལ་རྟོག་པ་མེད། ་ཡིས་ལྔའི་ཡི་མཚན་ཉིད་དྲོན་དང་ལྡན།། སྙིང་པོ་སྐུ་ལྔ་ཡེ་ནས་ལྷུན་གྱིས་གྲུབ།། དེའི་སྲུང་བ་ཡེ་ནས་འོད་དུ་གསལ།། ཉི་མའི་སྙིང་པོ་འོད་དང་ཟེར་དུ་བཅས།། བརྡ་དང་ངག་དེ་སྣོད་ལྡན་འཁོར་ལ་བསྟན།། ཅེས ་གསུང་སོ།། ངོ་སྤྱོད་གཞིའི་རྒྱུད་ལསྭ། སྐུ་གསུམ་འདུ་འབྲལ་མེད་པར་ངོ་སྤད་པའི་ལེའུ་སྟེ། ལྔ་པའོ།། །། ཀྱེ་མ་ཧོ་གསང་བའི་བདག་པོ་ངེས་པར་བཟུང་།། ཉི་ཟླས་བརྒྱན་པའི་རིན ་ཁང་པ་ན། རང་རིག་ཆོས་སྐུ་མཚན་ཉིད་ཡིས་ལྔ།། དེ་ཡི་ནང་ན་སྙིང་པོ་སྐུ་ལྔ་གྲུབ།། དེ་ཡི་སྤྱན་གྱིས་རི་རབ་རྩེ་ལ་གསལ།། དེ་ནས་རང་ཆས་ཡིན་གྱིས་གཞན་དུ་མ་ཚོལ་ཅིག། དེ་ཡི་བརྡ་བཞི་དོན་དང་སྦྱར་བ ་གཙེ་སུཿཤེལ་དང་འདྲ་འབག་མེ་ལོང་གཟུགས་སྣང་དུ།། ཉི་མའི་དཔེ་བཞིན་རྒྱུད་ལ་ངེས་པར་བསྐྱེད།། ཆོས་ཀྱི་སྐུ་དང་ལོང་སྐུ་སྤུལ་སྐུ་དང་།། སྐུ་གསུམ་འདུ་འབྲལ་མེད་དང་རྣམ་པ། ་བཞིརྩསྤྲད་པའི་ཡུལ་བཞི་ངེས་པས་ན།། སྤོད་བྱེད་ཐབས་ཀྱང་གཞིར་ངེས་པས།། ཆོས་སྐུ་གཞི་ཡིན་ཐ~ཾད་འབྱུང་།། ལོང་སྐུའི་སྣང་བ་དེ་ལ་འཆར།། དེ་ཡི་གསུང་གི་སྣང་བ་ལས།། ཐུགས་རྗེ་འབྱུང་བས ་སྤྲུལ་པའི་སྐ།། དེ་རྣམས་ཨེ་ནས་འདུ་འབྲལ་མེ་ད།། ཐུགས་རྗེ་རང་གིས་གོ་རིམས་ཡིན།། ཨེ་མ་ཧོདྷ་ར་དུ་བྷྲིང་ཆེན་པོའི་གཾ་རིམས་ནི།། སྤུལ་སྐྲ་ལོངསྐ་དེ་ཡི་ཡོན་ཏན་དང་།། ཆོས་སྐཱ་རིན་ཆེན་སྦུབས་ཏེ། ་གི་རིམས་བཞི།། གསང་བདག་སེམས་དཔའི་འཁོར་ལ་གསུམ་པ་སྒྲོགས།། ཅེས་གསུངསོ།། ངོ་སྤྲད་གཞིའི་རྒྱུད་ལས།། གང་ཟགས་རྒྱུ་དེ་ལྟ་སྦྱོར་བ་དང་གྲངས་ངེས་པ་དང་། གོ་རིམས་ངེ་སྲ་པར ་བསྟན་པའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་ཡང་གསུངས་པ། ཀྱེ་མ་རྫོགས་ཆེན་ངོ་སྤྲད་མ་བྱས་ན།། སྤྲུལ་སྐུའི་གནས་ལུགས་ཅི་ལ་རྟོགས།། མ་ཧའི་ངོ་སྤྲད་མ་བྱས་ན།། ལོང་སྐུའི་གརྨ ་ལུགས་ཅིག་ལ་རྟོགས།། ཨ་ནུའི་ངོ་སྤང་མ་བྱས་ན།། སྐུ་གསུམ་འདུ་འབྲལ་མི་ཤེས་སོ།། ཐིག་ལེ་ཉ་གཅིག་ངོ་སྤྲད་ཀྱིས།། ཚེ་སྐུ་རྣམ་དག་རྟོགས་མི་སྲིད།། ཨེ་མ་ཧོཿསྤྲུལ་སྐུའི་ངོ་སྤྲད་པར་ངོ་ཆད།། ལོང་སྐུ ་ངོ་སྤུད་ལྔ་ལྔ་ན་ཤེས།། འདུ་འབྲལ་མེ་པའི་ངོ་སྨད་ཀྱིས།། རྫོགས་ལྡན་དགོངས་པའི་རྟོགས་པ་ཐོབ།། ཆོས་སྐྲ་ངོ་སྤྲད་རིན་ཆེན་སྨྲ་བས།། རྫོགས་ལྡན་ཆེན་པོའི་ངེས་པས་ཤེས།། ཨེ་མ་ཧོ། ངོ་སྤྲད་ཡུལ་ནི་ཡེ ་ནས་རང་ཆེས་ལ།། རྟོགས་པས་འདུ་འ་བྲལ་མེད་པར་གནས།། རིམ་པར་མངོན་དུ་འཆར་བས་ན།། ངོ་སྤྲད་རྟོགས་ཐོབ་ཅེས་བྱ།། རིག་པ་ཟང་ཐལ་རྟོག་མེད་དང་།། ཡེས་སྤྱན་གྱིས་བུམ་པ་ལྔ།། སྙིང་པོ་སྐུ་ལྔ ་ནང་ནས་གསལ།། མཐར་ཐུག་དགོངས་པ་བས་བཱཤད་དོ།། ངོ་སྤང་གཞིའི་རྒྱུད་ལས།། སྐྱོན་དང་ཡོན་ཏན་བསྟན་པའི་ལེའུ་སྟེ། བདུན་པའོ།། །། དེ་ན་སཱ་ལག་ན་རྡོ་རྗེ་དང་།། ་མཁའགྲོ་མ་རྣམས་དྲང་། གཞན་ཡང་ངེས་པའི་འཁོར་རྣམས་ཀྱིས།། སྟན་ལས་ལངས་ཏེ་བསྐོར་བ་ལན་གསུམ་དུ་བྱས་ནས།། ཨེ་མཱ་ཧོཿསྐུ་གསུམ་འདུ་འབྲལ་མེད།། དྲོ་སྤྲད་བཞི་ཡི་རྒྱུད་འདི་གཏམ ་ལ་ཕེབ།། ངོ་ཤེས་ཡིད་ཆེས་ཐག་ཆོད་ནས།། རའགྲོལ་ངང་དུ་འདུ་འབྲལ་མེད་པར་གནས།། མ་རིག་མུན་པས་སེལ་མཛོད་ཐུགས་རྗེའི་འོད་ཀྱི་བདག། ཁྲོ་གཉེར་རིམ་པར་ལྡན་གྱིས་གཙོ་ལ་འདུད།། ་ཅེས་གསུངསོ།། ངོ་སྤྲོད་གཞི་ཡི་རྒྱུད་ཁས། རྗེས་སུ་ཡིད་རང་བའི་ལེའུ་སྟེ། བརྒྱད་པའོ།། །། རྫོགས་སོ།། ་