| Wylie | e-texts produced with BDRC’s OCR application |
རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱེ་མ་བཞུག་སོ།། ་སྨྱུ་ག་ར་སྐད་དུ། སན་ཏི་མ་ཧཱ་ཛྙཱ་ན་གྷཱ་ཏྲ་ས་མན་ཏང་ཏི་ཏན་ཏྲ་ནམ།། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་འཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ཞེས་བྱ་བ། བཅོམ་ལྡན ་འདས་རྡོ་རྗེ་འཆང་གི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་བདེ་ཁ་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་ཀྱི་སྐུ་དེ།། ཆོས་ཉིད་དབྱིངས་ཀྱི་ཕོ ་བྲང་ན། རྡོ་རྗེ་འཛིན་པ་ལ་སྩོགས་པ་རིགས་ལྔའི་སངས་རྒྱས་རྣམས་དང་ཐབས་ཅིག་ཏུ། སྟོང་གསལ་ཆེན་པོའི་ཏིང་ངེ་འཛིན་དུ་བཞུག་སོ།། དེ་ནས་རྡོ་རྗེ་འཛིན་པས་གསོལ་པ། ཀྱེ་ཀྱཻཿབཅོམ་ལྡན་པ་དེ་ཆེན་ཀུན་བཟང་པོ ་ཉིད་ཀྱི་སྟོང་གསལ་བཤད་དུ་གསོལ།། དེ་སྐད་གསོལ་པས་གསན་ནས་ཀྱང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སྟོང་གསལ་རིག་པ་ཤད་ཀྱིས་ཉོན།། དེ་ཡང་གཞི་ལས་འབྲས་བུའི་ཚུལ།། ཅིག་ལས་སྣང་ཆུབ ་དང་ཤར།། སོ་སོ་ཁ་དཀར་འདོད་པ་མིན།། གཞི་ཉིད་རྟོགས་པ་སྟོང་གསལ་ཏེ།། དེ་ཉིད་ལྷན་སྐྱེས་མ་རིག་པས།། ཀུན་ཏུ་བརྟགས་ཏེ་འཁྲུལ་པར་སྣང་།། དེས་ན་སྟོང་གསལ་ངོ་ཡིས་གཟུང་།། ཞེས་གསུངསོ།། ། ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས། གཞི་གཏན་ལ་དབབ་པའི་ལེའུ་སྟེ། དད་པའོ།། ། དེ་ནས་གཞན་ཡང་བཀའ་སྩལ་པ། ལམ་ནི་རྣམས་ལ་གཉིས་ཡིན་ཏེ།། སུན་མོད་སྦྱིརུ ་བསྟན་པ་དང་།། ཁྱད་པར་ཁམ་དུ་བཀྲི་ཁའོ།། དེ་ལ་ཕྱི་རུ་བསྟན་པ་ནི།། ལྟ་ལ་དབྱེར་མེད་རང་གྲོ་ཏེ།། བསྒོམ་པ་འཛིན་མེད་རང་གསལ་བ།། སྤྱོད་པ་རང་བྱུང་ལྷུག་པའོ།། དེ་ལྟར་རྟོགས་པ་མི་རྣལ་འབྱོར་པ།། ཉམས་དང་རྟགས་ནི་སྣ་ཚོགས ་སྣང་གལ་ཏེ་ཉམས་ལ་མངོན་ཞེན་ཅིང་།། ལུང་ལྡནདོམ་ཉིད་མི་ལྡན་ན།། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་སྣང་།། རྣམས་ལ་རྟོགས་པའི་གདེངས་ལྡན་ན།། རང་བྱུང་ཡེ་ཤེས་ཉིད་ཀྱི་གྲོགས།། ཁྱད་པར་ལམ་དུ་འཀྲི་ལ་ནེ་རང ་བཞིན་གནས་ཀྱི་བར་དོ་ལ།། ད་ཕྲུག་མ་དང་ཕྲད་པ་ལྟར།། ཐིག་ལེ་སྟོང་པ་ངོ་ཡི་སྤྲད།། ཏིང་ངེ་འཛིན་གྱི་བར་རོ་ལ།། རྒམ་མོ་མེ་ལོང་ལྟ་ན་བཞིན།། རྟོགས་པའི་དོན་ལ་གནས་པར་བྱ།། རྨི་ལམ་དག་གི་བར་དོ་ལ།། བག་ཆགས་ཉིན ་མཚམས་སྦྱོར་བ་ནི།། ཆུ་བོ་གཉིས་མེད་ཁདེ་ལ་ཞེན།། དེ་ལྟར་ཕྱོཊ་འཛིན་ཉིད་དུ་ཤོར།། རྒྱུད་འདི་ཀུན་གྱིས་དངོས་བཞིན་ཤར།། འདི་ཉིད་རྟོགས་ན་ཐམས་ཅད་འགྲུབ།། རྒྱུད་འདི་སྟོན་པ་རྡོ་རྗེ་འཆང་།། འདི་ལ་སྐུར་ལ་འདེས་པ་ནི།། ་སངས་རྒྱས་བཀའ་རྣམས་སྤངས་པ་སྟེ།། འདི་ལ་ཚེ་ཐུང་བར་ཆད་འབྱུང་།། ཕྱི་མ་མནམ་མེད་དམྱལ་བར་སྐྱེ།། བོམ་ཀྱང་དབང་པོ་མཚང་འགྱུར།། རྒྱུད་འདི་འཆང་ཞིང་མོས་པ་ལ།། འཕགས་དང་མཁའ་གྲོས་བྱིན་གྱིས་བཻ་རློབ།། དོན་རྟོགས ་སངས་རྒྱས་ས་ལ་གནས།། གལ་ཏེ་མ་རྟོགས་གྱུར་པ་ན།། བདེ་འགྲོར་སྐྱེས་ནས་རིམ་པར་སྤྱོད།། སངས་རྒྱས་འབྲས་བུ་རྟོགས་འདོད་ན།། རྒྱུད་འདི་ཡོང་སུ་གཟུང་བ་དང་།། མཁའ་འགྲོ། དངོས་སུ་ཡོད་པའི་ཕྱིར།། ཤིན་ཏུ་གསཔ་ལ་རྟོགས ་པར་བྱའོ།། ཞེས་གསུངསོ།། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལོས།། རྒྱུད་ལ་མོས་སྐུར་བྱས་པའི་སྐྱོན་ཡོན་མན་ངག་དང་བཅས་པས་གཟུང་ཞིང་། ཡོངསུ་བཅང་བའི་ལེའུ་སྟེ། གཉིས་པའོ།། ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ཞེས་ཀྱང་བྱ།། སངས་རྒྱས་ཐམས་ཅད་ཀྱི། དགོངས་པའི་བཅུད་སྤྲོས་པ་ཞེས་ཀྱང་བྱ།། རིན་པོ་ཆེ་དུམ་བུར་ཕྱུང་བའི་རྒྱུད་རྫོགས་སྷོ།། ། ་བཀྲ་ཤིས་བདེ་ལྡན་གྱི་དགོམ་པ་མ་བཞུགས་པའི་སློ་དཔོན་དགའ་རབ་རྡོ་རྗེས།། མན་འཛུ་ལི་སྤྲུལ་བ་ཡི་མ་ལ་གཏད་ནས།། དཔལ་ཆོས་ཀྱི། རྡོ་རྗེ་ཁས།། ཆོས་གྲའི་སློ་དཔོནོ་ཤྲི། སི་ཧཾ་ལ་གདམས་ཏེ།། འུད་ནས་། གནུབས་ཡང་དབང་གཏེར་ལ་ག ་རྒྱ་རྒྱན།། དཔལ་སློ་དཔོན་དགའ་རབ་རྡོ་རྗེས།། དཔལ་རྡོ་རྗེ་སེམས་དཔལ་ལ།། རང་བྱུང་ཡེ་ཤེས་སྟོང་གསལ་གྱི་གདམ་དག་འོག་ནས།། ལོ་བརྒྱ་ཕྲག་བཅུ་གཅིག་ན།། དཔལ་ཆོས་ཀྱི་རྡོ་རྗེ་བསྙེམས།། དེ་ནས་ལོ་བརྒྱ་ཕྲག་ལྔ་ནས།། ཤྲི་སིད་ཧ་ལ ་གནང་། དེ་ནས་ལོ་བརྒྱ་བྲག་ཕྱེ་དང་གཉིས་ལྔ།། གནུབས་ཡང་གཏེར་ལ་གཏད།། དེ་ནས་ལོ་བརྒྱ་ཕྲག་གཉིས་མ་མཐའ་ཁོབ་ཏུ་སྐྱེས་པའི་རྣལ་འབྱོར་དབང་ཕྱུག་གཅིག་གི་ནི།། བསྟམ་པའི་སྙིང་པོ་འཇིམ་པར་འགྱུར་རོ།། །། ཞུས་ལན་གཅིག་དག ་