CLOSE WINDOW

Gbr003.1: byang chub kyi sems rdzogs pa chen po ye shes gsang ba bshad pa'i rgyud gsang ba mtha' dang mnyam pa
Wyliee-texts produced with BDRC’s OCR application

བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡིས་གསང་བ་བཤད་པའི་རྒྱུད་གསང་བ་མཐའ་མཉམ་པ་བཞུགས་སོ།། ་རཙྱ་ཙྱ་ཏྱ། རྒྱ་གར་སྐད་དུ། བོ་དྷིནྡི་ཏ་མ་ཧཱ་ས་ན་ཏི་ཛྙཱ་ན་གུ་ཧྱཱ་ཤི་ཏ་ན་ཏྲ་པྲ་ཀ་ས་ཀོ་ཏི་ས་མ་དྷ་ན་མ་བོད་སྐད་དུ། བྱང་ཆུབ་ཀྱི་སམས་རྫོགས་པ་ཆེན་པོ་ཡེ་ཤེས ་གསང་བ་བཤད་པའི་རྒྱུད་གསང་བ་མཐའ་དང་མཉམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། སྟོན་པ་བསྟན་པ་གནས་འཁོར་དུས ་ངོ་མཚར་ཆེན་པོ་ཨ་ལ་ལ།། སྟོན་པ་ཀུན་རིག་རྒྱལ་པོ་ཡིས། འོག་མིན་རིག་པའི་གཞལ་ཡས་སུ།། བསྟན་པ་ཨ་ཏི་ཡོ་ག་འདི།། གནས་ལུགས་སྐྱོང་པ་ཀུན་འབྱུང་འཁོར།། ་འཛིན་པ་སྡུག་བསྔལ་འཁོར་བའི་འཁོར།། ཡིས་རྣམ་དག་གྲོལ་བའི་འཁོར།། གནས་ལུགས་འཁོར་ལུགས་གྲོལ་ལུགས་གསུམ།། དུས་གསུམ་རྟོགས་པའི་དུས་ཅིག་ན།། ཡིད་དང་ཆོས ་ནི་ཀུ་མ་ཏུ་བཟང་།། འབྱུང་བ་ལྔ་ནི་ལྷ་མོ་ར་ཤ་ར།། ཕུང་པོ་ལྔ་ནི་རྫོགས་སངས་རྒྱས།། རྣམ་ཤེས་ཚོགས་བརྒྱད་སེམས་དཔར་གྲོལ།། ཡུལ་བརྒྱད་སེམས་མ་ར་རྟོགས་པས་སུ།། ཀུན་རྫོབ ་ཡེ་ཤེས་སྒྱུ་མ་ལ། འཇིག་རྟེན་བསྟན་གཡོ་ལ་སོགས་པ།། སྣང་བ་ཉིད་ན་ངོ་བོས་སྟོང་།། སྟོང་དང་མི་སྟོང་མཐའ་མ་རེག། དེ་ཀུན་ཚེ་སྐུ་ཆེན་པོ་ཡིན།། རྒྱོར་རྣམ་པ་བཞི་དག་དང་།། དུས ་གསུམ་སངྱས་ཐཾད་ཡང་།། ང་ཡི་རང་བཞིན་རྟོཊ་པ་ལ།། ང་འབྱེད་པ་མི་མངའ་བའི་ཐུགས་རྗེ་ཐབས་ཅིག་ཏུ་བཞུགསོ།། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤིན་ཏུ་གདུང་བའི་ཐུཊ་རྗེ་ཆེན་པོས ་ཕྱོགས་བཅུའི་སངས་ཐཾད་ལ་འདི་སྐད་ཅེས་བསྐུལ་ཏོ།། ཨེ་མ་ཧོ། གསུང་གི་མངའ་བདག་ཐཾད་ཀྱིས།། རྩོལ་བའི་ཐག་པ་མཐར་སྟོན་ནས།། རྩོལ་བྲལ་ཐག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལ་ཅི ་སྐ་ལྡན་གདུལ་བྱ་མཆིས་པ་ལ།། བྱ་བྲལ་བདུད་རྩི་ལྟ་བུ་ཡིས།། སྐྱེ་མེད་ཡིས་གསང་བའི་རྒྱུད།། ན་མཁའ་ལྟ་བུ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐ~ཾད་དགོངས་པ ་འདུས་ནས། མགྲོན་ཅིག་ཏུ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དུས་གསུཾ་སངྱས་ཐ~ཾད་ཀྱི།། ཐུ་ཊ་རྗེའི་རང་བཞིན་ཁྱོད་ཡིན་པས།། སདྱས་ཀུན་གྱི་མཛད་པར་ཤར།། མཛད་པའི་འཕྲིན་ལས་ཁྱོད་ཀྱིས་མཛོད ་གསུང་གི་མངའ་བདག་ཐཾད་ཀྱིས།། ཡ་ས་རང་བཞིན་ཁྱོད་ཡིན་པས།། ཐད་བྱང་ཆུབ་སམ་སུ་གསལ།། ཡས་གསང་པ་ཁྱོད་ཀྱིས་ཤོད།། བདེ་གཤེགས་མ་ལུས་ཐཾད་ཀྱིས།། སྐུ་སྲི་ངོ་བོ་དང་ལྡན་པས།། རྨད་བྱུང་རོལ་པའི་སྐུ་རུ་ཤར།། སྐུ་ཡི་སྤྲུལ་པ་ཁྱོད་ཀྱིས་ཁྱེ།། ་དུས་ག་སུཾ་མངའ་བདག་ཐཾད་ཀྱི།། སྟོན་འདུས་པ་ཁྱོད་ཡིན་པས།། རྨད་བྱུང་རོལ་བའི་བྱི་མ་བརླབས་ཤར།། སྟོན་ཐཾད་ཁྱོད་ལས་བྱུང་།། སྐྱེ་མད་ནམཁའ་ལྟ་བུའི་ཐུགས།། ཚིག་ཅིག་དོན་ཀུན་རྫོཊ་པའི་བདག། རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ་སྐ་ལྡན་རྣམས ་ལ་བསྟན་དུ་གསོལ།། ཞེས་གསུངས་པ་དང་།། སྐེ་མེད་རྡོ་སེདའ་དེ།། རང་བཞིན་འདས་མ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས།། བཞེངས་ཏེ། ཨེ་མ་ཧོ་ངོ་མཚར་རྨད་བྱུང་གཙུག། རིན་ཆེན་འཕྲལ་གྱི་ཐབས་ལྡན་པས།། གང་འདོད་འཐུན་པའི ་སྒོ་དེ་ནས།། བརྩོད་མད་དབྱིག་དང་འཕྲད་པར་གྱི།། བྱང་ཆུབ་སེམས་ཀྱི་དངོས་པོ་ལ།། བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་།། མ་རྟོགས་བློ་ལ་ཚིག་སྒོ་ནས།། གསུང་གི་སྒྲོན་མ་གསལ་བར་བགྱི།། ཞེས་གསུངསོ།། དེ་ནས་སངྱས་རྡོ་ས་དེའ་ངེས།། རིན ་ཆེན་ཐུཊ་གྱི་དཔལ་བ་ནས།། ཕྱག་ན་རྡོའི་ཐུཊ་ཁ་ནས་ཕྱུང་སྟེ།། ཡིས་རང་འབར་བའི་རྡོ།། འཁོར་བ་གཅོད་པ་དེ་ལག་དུ་གཏད་ནས་འདི་སྐད་ཅེས་གསུང་སོ།། གཉིས་མེད་ཡིས་གསང་བའི་དོན།། བྱར་མེད་མི་རྩོལ་ཡཻས་ཆེ།། དབུ་མ་ཆེན་པོ་དྲང་པོའི་ལཾ། ་འདུས་པའི་ཆོ་གས་ལ་བསྟན་པར་བགྱི།། ཞེས་གསུངས་སོ།། དེ་ནས་ཕྱག་ན་རྡོས་རྡོ་སདའ་ལ་འདི་སྐད་ཅེས་ཞུས་སོ།། ཆོས་རྣས་ཀུན་གྱི་མཐར་ཐུག་པ།། རྡོ་ས་ད་ན་མཁའ་ཆེ།། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་།། རྟོག་པ་དེ་ཉིད་ན་མཁའ་འདྲ།། ་མི་གང་ན་མཁའ་བསྔོ་བ་ལ།། རང་དོན་ཆེན་པོ་ན་མཁའ་ས་འབྱུང་།། ཐུཊ་རྗེ་ན་མཁའ་ཀུན་ལ་ཁྱབ།། དེས་དོན་ཆོས་ཀྱི་རྒྱལ་པོ་འདི།། ཚིག་གི་སྤྱོད་ཡུལ་མ་ཡིན་པས།། བདག་གི་སྒྲོལ་བར་ཤིན་ཏུ་དཀའ།། མ་རྟོཊ་པ ་ལ་ཚིག་སྒོ་ནས། མཚོ་ནས་རྟོ་ཊ་བར་བྱ་བའི་ཕྱིར།། གདུལ་བྱར་སྐ་ལྡན་ཡོད་པ་ལ།། ཅི་རིགས་པར་ནི་རྣམ་པར་སྒྲོལ།། ཞེས་གསུངས་པ་དང་།། དེའི་ཚེ་ལྷ་དེ་བ་བཟང་སྐྱོང་གི་བུ་ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ།། ཁྱེའུ་སྣང་བ་བསམ་ཁྱི་མི ་པ་ཞེས་ཀྱང་བྱ།། ལྷ་བུ་སེམས་ལྷག་ཅན་ཞེས་བྱ་བ་དེས།། གསང་བའི་རྡོ་རྗེ་ལ་ཞུས་པ། ཨེ་མ་ཧོ།། སྟོབས་པོ་ཆེ་ལ་དྲག་ཤུལ་ཆ།། རི་ཊ་སྔ་ཊ་གསང་སྔགས་དགེ་བ་པོ།། གདུལ་དཀའ་མ་ལུས་འུདལ་མཛད་པ།། སེམས་དཔའ་རྡོ་ཕྱག་འཚལ ་བསྟོདཡིས་ཞེས་ནི་གང་ལ་བགྱི།། གསང་བ་ཞེས་ནི་ཇི་ལྟར་གསང།། རྒྱུད་ཅེས་བགྱི་བ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། རཱང་བྱུང་ཡིས་རང་གི་སེམྲས།། ་ཡིས་ཆེན་པོ་གང་འདོད་པ།། རང་གི་སེམས་ལ་བཙལ་བར་གྱིས།། འདི་ནི་ཀུན་ལ་བདལ་ཁྱབ་ཡང་།། རང་གསང་ཐབས་ཀྱི་མཆོད་པ་ན།། ཡིས་པ་སྦས་པ་ནི།། གསང་བ་ཞེས་ནི་དེ་ལ་བྱ།། རྒྱུད་ཅེས་བྱ་བ་བཞི་རུ་བཤད།། གཞི་ཡི་རྒྱུད ་དང་ལམ་གྱི་རྒྱུད།། འབྲས་བུའི་རྒྱུད་དང་འདུས་པའི་རྒྱུད།། འདི་རུ་མ་འདུས་གང་ཡང་མེད།། གཞི་ནི་ཉི་མའི་སྙིང་པོ་ལ།། ལམ་ནི་ན་མཁའ་ལྟ་བུར་བདེ།། འབྲས་བུ་ཡིད་བཞིན་ནོར་བུ་ལ།། འདུས་པ་རྒྱ་མཚོ་ལྟ་བུའོ།། ཞེས་བཀའ་སྩལ། ་ན་དེ་ནས་གསང་བའི་བདག་པོ་དེས།། སུམ་བཅུ་རྩ་གསུམ་ལྷ་གནས་སུ།། ཨ་ཨོ་ལི་ཀ་ཁྲི་སྟངས་དེར།། གསེར་གྱི་མཆོད་རྟེན་ཁང་རིམ་བཞི།། སྲོག་ཤིང་རྡོ་རྩེ་དགུའི་སྟེང་།། ནང་པར་འོད་ཀྱི་ཞགས་པ་ཡིས།། སེམས་ངག་ཅན་དེ་སྤྱན་དྲངས་ཏོ།། ་འཁོར་ལོ་འབར་བའི་སྟེང་དུ་བཞག། གསེར་གྱི་འཁོར་ལོ་བརྩིབས་སྟོང་པ།། རིན་ཆེན་འབར་བའི་གདུགས་ཕུག་དེ།། གསང་སྔ། བདག་པོར་བྱིན་གྱིས་བརླབས།། རྒྱལ་ཐབས་སྤྱི་ལུགས་དབང་བསྐུར་ཏེ།། འདའ་བ་མེད་པའི་གདམ་ངག་ཕོག ་རྨ་རྒྱུད་རྡོ་ཟམ་པ་བསྟན།། དུ་ས་མཐའི་སྐད་ཅིག་དེ་ཉིད་ལ།། ཀློང་དགུ་བམ་པོ་ཉི་ཁྲི་དེས།། རིན་ཆེ་ན་འབར་བའི་ཆེད་དུ་གསུངས།། ལྷའི་དབང་པོའི་དྲིན་གྱིས་སུ།། ལྷ་གནས་གསུཾ་དུ་འདི་ལྟར་གྲགས།། ཀུན་བཟངས་ཐུཌ་ཀྱི་བྱིན་བརླབས་ཀྱིས།། ་རྒྱལ་བ་དགོངས་པས་བརྒྱུད་པ་ནི།། བྱིན་གྱིས་བརླབས་ཀྱིས་བཤད་པ་དེ།། འོ་ག་མིན་ལྷའི་གུན་སུ་གསུངས།། ཞལ་གྱི་པདྨ་འཛུམ་པ་ལས།། རི་ཊ་འཛིན་རིག་པས་བརྒྱུད་པ་ནི།། རང་གི་ངོ་བོ་བཤད་པ་དེ།། དགའ་ལྡན་ལྷའི་གནས་སུ་གསུངས།། ་སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་འདྲོས།། གང་ཟག་སྙན་ཁུང་བརྒྱུད་པ་ནི།། སྡེབ་སྦྱོར་ཚིགས་བཤད་པ་ནི།། སུམ་ཅུ་རྩ་གསུམ་གནས་སུ་གསུང་།། དེ་ནས་འཇམ་གླིང་ཇི་ལྟར་བབས།། ཡང་སྤྲུལ་རྒྱལ་སྲས་ཐུགས་ཀྱི་བུ།། ཨུ་རྒྱུ་མཐོང ་ཅེག་ཅན་གྱི་བུ།། རྩེ་དྲུག་རིན་ཆེན་དགང་དེ་རུ།། རྒྱལ་པོ་དྷ་རྨ་ཨ་ཤ་ཡིས།། བུ་མོ་བདེ་གཤེགས་བྱང་ཆུབ་མས།། ད་ན་ཀོ་ཤ་ལི་ཤུག་ཏུ།། བྲག་ཕུག་གསེར་གྱི་ཡུ་བ་ཅན།། ད་ཧེ་ན་འདུ་ཁང་དུ།། ཇོ་མོ་དང་གཡོག་མོར་བཅས་ནས་ཕྱིན། ་ཚེ་གཅིག་སངས་རྒྱས་བསྒྲུབས་པ་དང་།། ཕ་མེད་སྲས་ཅིག་སྐུ་བལྟམས་ཏེ།། སྐྱེས་མ་ཐག་ཏུ་ཆོས་ཤེས་ཏེ།། སྤྲུལ་པའི་སྐུ་རུ་ཨེ་མ་ཧོ།། དཔོན་གཡོ་ག་ཐ་དཾ་དགའ་བ་ཡིས།། དགའ་རབ་རྡོ་རྗེ་ར་མཚན་གསོལ་ལོ།། འཛམ་གླིང ་འཇིང་དང་རྒྱལ་འཐོབ་བྱ།། རྒྱལ་སྲས་གསང་བའི་སྣོད་ལྡན་ལ།། རྣ་བ་རྒྱུད་ལུང་གིས་གཏེར་ཚོན་བཀྲོལ།། བརྡའ་དོན་སྤྱོད་པའི་གདམ་ངག་བཏབ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ཏེ།། སྣོད་ལྡན་སངས་རྒྱས་ས་ལ་བཀོད།། ཅེས་གསུང ་གསལ་བ་མཐའ་དང་མཉམ་པ་ལས།། གླང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་སེམས་དག་ཌྷའི་བུས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཨེ་མ་གསུང་བདག་རྡོ་རྗེ་འཛིན།། ཀུན་གཞི་ཉི་མའི་སྙིང་པོ་ལ ་འཁྲུལ་པའི་དྲི་མ་ཡོད་དམ་མེད།། ནམ་མཁའ་ལྟ་བུའི་ལམ་དེ་ལ།། ཟག་བཅས་བདེ་བ་འཚང་མི་འཆར།། འབྲས་བུ་རིན་ཆེན་ལྟ་བུ་ལ།། ཐུཊ་རྗེ་འབྱུང་ངམ་མི་འབྱུང་ལགས།། འདུས་པ་རྒྱ་མཚོ་ལྟ་བུ་ལ།། ལྐོག་མ་འདོག་མ་མི་བདོག་ལགས།། ་ཞེས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་གསུཾ་གསལ་འགྲིབ་མི་མངའ་ཡང་།། ཆུ་བུ་ར་དང་ནི་ཞག་གི་མིག། རྐྱེན་གཉིས་གསལ་འགྲེའི་གཉིས་སུ་འབྱུང་།། བསམ་དུ་མེད་པའི་ཆོས་ཉིད་དུ།། བསམ་དུ་མེད་པའི ་བླ་གཞག་པས།། སྒྱུ་མའི་བདེ་བ་འབྱུང་བར་འགྱུར།། མཁའ་བསམ་ན་མཁའ་ལྟ་བུའོ།། དཔེར་ན་རིན་ཆེན་མེན་ཤེལ་ལ།། ཁ་དོག་ཕྱོགས་རིས་མད་མོད་ཀྱང་།། འོག་གདན་དཀར་དམར་རྐྱེན་གྱིས་སུ།། ཐུགས་རྗེའི་སྤྲུལ་པར་འཆར་བའོ།། ་རྒྱ་མཚོ་ཆུ་བོ་འཕྲོ་འདུ་བཞིན།། རྦ་རླབས་མེད་པའི་མཉམ་ཉིད་མཚོ།། ལྐོག་མ་མེད་པའི་བདུད་རྩི་ཆུ།། ཁམས་གསུམ་འཁོར་བའི་དྲི་མ་ཁྲུས།། ཅེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས་རྒྱུད་བཞི་མདོར་བསྟན་པའི་ལེའུ་སྟེ། ་གཉིས་པའོ།། ། དེ་ནས་སེམས་དག་ལྷའི་བྱས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ།། འདུས་པ་རྩ་བའི་རྒྱུད་དེ་རུ།། ཀུན་གཞི་རྩད་ནས་བཅད་པ་དང་།། ཤེས་བྱའི་བྲས་ཐག་ཆོད་པ་ཡིས།། རིག་པ་རང་སར་གྲོལ་བ་དེ ་སྙོན་པས་བདག་ལ་བཤད་དུ་གསོལ།། སེམས་དག་ཅན་གྱིས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ན་མཁའ་ལྟ་བུའི་རྒྱུད་དགུ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། གཞི་ལ་སྐྱེ་བ་མེད་པར་བཤད།། འགྲོ་བ་ཀུན་ལ་རང་བཞིན་གན ་དེ་ཉིད་ཀུན་ལ་ཁྱབ་པར་བཤད།། མ་རིག་ལས་དང་རླུང་གིས་འཁོར།། དེ་མ་རྟོགས་པས་འཁོར་བར་བཤད།། རྟོགས་ན་རྫོགས་སངྱས་སུ་ངེས།། དེ་རྟོཊ་ས་བྱས་ཡིན་པར་བཤད།། འདི་དེས་ཀུན་གཞི་རྩ་བཅད་དེ།། འདི་ནི་ཤེས་བྱ་དྲས་ཐག་གཅད།། ་ཁྱུད་ཆེན་ནམ་འའངས་གཅོད་པ་བཞིན།། ལྟ་བས་ཕྱི་རྒྱ་རླབས་ཀྱིས་བཅད།། རིག་པ་ལས་སུ་རུང་བ་ཡིས།། ཏིང་ངེ་འཛིན་ལ་འབྱུང་འཇུག་མེད།། ཐཾད་དེ་བཞིན་ཉིད་ཤེས་པས།། གཉིས་མེད་རྫོང་ནས་ཡངས་པའི་ཕྱིར།། བརྡ་ལ་ཁྱབ་ཆེན་པོའི ་ས་ནོན་པས།། ཀུན་ཏུ་བཟང་པོ་མེད་ཆེནས།། ཐ་མར་རིག་པ་གྲོལ་བ་ནི། ལྷའི་བུ་ཁྱོད་འདི་ལྟ་སྟེ།། སྣང་བ་སེམསུ་གྲོལ་བ་ནི།། ཐ~ཾད་རང་རིག་བྱང་ཆུབ་སེམས།། སེམས་དེ་སྟོང་པར་གྲོལ་བ་ཡི།། ན་མཁའ་བཞིན་དུ་སྤྲོས་དང་བྲལ།། སྟོང་པ་གཉིས ་མེད་གྲོལ་བ་ནི། སྣ་ཚོགས་རང་བཞིན་མི་གཉིས་ཆེ།། དེ་ལ་མཚོ་མ་དུ་མེད་པ་ནི།། ཐིག་ལེར་རྫོན་པས་མཚོན་དུ་མེད།། རྒྱུད་ཀུན་ཅིག་གིས་ཅིག་བཤད་པ།། གོང་འོག་སྡེབས་ཏེ་འདི་ལྟར་བཤད།། སྐྱེ་མེད་ལྟ་བ་སྟོང་པ་གསུམ། ་དུས་གསུ་ཅིག་ཏེ་ཁྱད་པར་མ་ད།། རང་བཞིན་རྣམ་པར་དག་པའི་ཕྱིར།། ཀུན་ཁྱབ་སྒོམ་པ་གཉིས་མེད་གསུམ།། དུས་ཅིག་ཏེ་ཁྱབ་པར་མེད།། མཚན་ཉིད་གཉིས་སུ་མེད་པའི་ཕྱིར།། འཁྲུལ་སྤྱོད་བྱང་ཆུབ་སེམས་དཔའ་གསུམ།། དུས་གསུམ ་ག་ཏེ་ཁྱད་པར་མེད།། རོལ་པ་འགག་པ་མེད་པའི་ཕྱིར།། བློ་རྟོག་འབྲས་བུ་ཐིག་ལ་གསུམ།། དུས་གསུམ་ཅིག་སྟེ་ཁྱད་པར་མེད།། བློ་རྟོག་ཆོས་ཉིད་གྲོལ་བའི་ཕྱིར།། དེ་ལྟར་གཏན་ཚིགས་བཞི་པོ་ལ།། གཏན་ཚིགས་རེ་ལ་གཏན་ཚིགས་གསུམ།། ་ངང་དང་རང་བཞིན་བདག་ཉིད་དེས། ཀ་གཏམ་ཚིགས་གསུམ་གྱིས་གཏན་ལ་དབབ།། མ་བྱས་མ་བཅོས་སྙུན་གྱིས་གྲུབ།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། བདུད་རྩི་ཚིགས་གསུམ་གྱི་ལེའུ་སྟེ། གསུམ་པའོ།། ། ་དེ་ནས་སེམས་དག་ལྷའི་བུས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། མཉམ་ཉིད་རྒྱ་མཚོ་ལྟ་བཱ་རུ།། ལེ་ཨཱ། སུམ་རྡོ་རྗེ་རྩེ།། ཟབ་མོ་བཅུ་གསུམ་རྨད་དུ་བྱུང་།། ལྔ་ཚོམས་ལྔ་ལ་བསྡུས་རྒྱས་ལྔ།། འགྲོ་དྲུག་འཁོར་བའི་གཡང་ས་བཅད། ་བཞི་བསྐོར་བཞི་ལ་ག་ཏམ་ཚིགས་བཞི།། བདུད་རྩི་ལྟ་བུ་བཞི་དང་སྦྱར།། ཞེས་པ་དང་།། བདུད་དྲི་མེད་བརྒྱད་ལྡན་མཚོ།། མཁའ་ཉི་ཤར་འོད་ཟེར་ལྔ།། དབུས་ནན་མཁའ་གཞི་ཡི་མཐོང་།། གཏིང་ན་རིན་ཆེན་བཅུ་གསུམ་གཏེར།། དེའི་ཚིགས ་བདག་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔེར་ན་སུམ་ཅུ་རྩ་གསུམ་མ་མ།། རྡོ་རྗེ་གདན་གྱིས་རིས་བཞིན།། མཉམ་པའི་ས་ལ་གྲུ་བཞིར་བྲི།། ཐིག་བཞི་བཏབ་པས་ལེ་རྩེ་དགུ།། བློ་བུར་བཞི་ཡིས་འབྱེད།། ་པ་ཡིས། ཡེ་རྩེ་བཅུ་གསུམ་བྲི་བར་བྱ།། ཕྱོགས་བཞིར་རྡོ་རྗེ་རྩེ་གསུམ་པ།། འགྱུར་བ་མེད་པའི་གདའ་ཡིན་ནོ།། ཟབ་མོ་བཅུ་གསུམ་རྨད་དུ་བྱུང་བ།། རྡེའུ་བཅུ་གསུམ་དགོད་པར་བྱ།། དབུས་སུ་རྡེའུ་མཐིང་ཁ་དང་།། ཕྱོགས་བཞིར་དམར་པོ་དགོད་པ ་བྱརྔ་མཚམས་བཞིར་ལྗང་ཁུ་དགོད་པའོ།། བློ་འབུར་བཞི་ལ་སྔོན་པོ་ལ།། དབུས་ལ་ཕྱོགས་བཞིས་བསྐོར་བ་ནི།། ཀུ་ན་བཞི་རིས་མེད་ལྔ་ཚོམས་སོ།། ཤ་ར་ལ་ཕྱོགས་བཞིས་བསྐོར་བ་ནི།། ལྟ་བ་རྫོང་གི་ལྔ་ཚོམ་སོ།། ལྷོ་ལ་ཕྱོགས་བཞིས་བསྐོ། ་བ་ནི། སྒོམ་པ་འཕྲང་གི་ལྔ་ཚོམ་སོ།། ནུབ་ལ་ཕྱོགས་བཞིས་བསྐོར་བ་ནི།། སྤྱོད་པ་ཀློང་གི་ལྔ་ཚོམ་སོ།། བྱང་ལ་ཕྱོགས་བཞིས་བསྐོར་བ་ནི།། འབྲས་བུ་གདེང་གི་ལྔ་ཚོམ་སོ།། བསྡུས་པ་ཁུ་བྱུག་ཚིག་དྲུག་ལ།། རྒྱས་པ་སྒོམ་པའི་དོན་དྲུག་སྟེ།། ་རྣམ་རྒྱས་བརྩལ་ཆེན་བརྩལ་ཐབས་དྲུག། ཡོངས་རྒྱས་ཁུང་ཆེན་ཆེ་བ་དྲུག། ཤིན་ཏུ་རྔོཊ་པར་རྒྱས་པར་ནི།། ན་མཁའི་ཚེ་ཡིས་ཐིག་ལེ་དྲུག། དྲུག་མཚན་ལྔ་ཡིས་བཤད་པ་ཡིས།། འགྲོ་དྲུག་འཁོར་བའི་གཡང་ས་གཅད།། དབུས་ལ་ཕྱོགས ་བཞིས་བསྐོར་བ་ནི།། རིག་པ་རང་སར་གྲོར་བའི་ཕྱིར།། འབྲས་བུའི་ཆོས་བཞིར་བཤད་པར་བྱ།། རང་བཞིན་རོལ་པ་མཚན་ཉིད་དང་།། བློ་གྲོས་དེ་ལྟར་གཏན་ཚིགས་བཞིས།། གོ་རིམས་སྦྱར་ཏེ་བཤད་པར་བྱེད།། དཔེར་ན་རྒྱ་མཚོ་ལྟ་བུ་ཡིས།། ་འདུས་ལེའུ་བརྒྱད་ལྡན་པས།། མཁའ་ལ་ཉི་ཤར་འོད་ཟེར་ལྔ།། བསྡུས་རྒྱས་ལྔ་རུ་བཤད་པར་བྱ།། དབུས་ནན་མཁའི་བཞི་ཡིས་མཐིང་།། བདུད་རྩི་ལྟ་བུ་བཞི་དང་སྦྱོར།། རྟིང་ན་ཟབ་མོ་བཅུ་གསུམ་གཏེར།། རྨད་བྱུང་བདེ། ་འཇམ་ན་མཁའ་ཉིད།། རྗེ་བརྩན་རྩེ་མོ་ཀུན་འདུས་ལ།། སྲོག་དང་མྱུ་གུ་རིམ་པོ་ཆེ།། སྤྱི་བཅིངས་འཕྲ་བཀྲོད་སེམས་ཀྱི་ཏིགཱ། ཁམས་གསུམ་སྒྲོན་མ་སེམས་ཀྱི་གཏེར།། ཤིན་ཏུ་རྒྱས་པར་བཤད་པ་ནི།། རྒྱུད་ཀུན་རང་རང་ནང་དུ་བཤད།། ་འདིར་ནི་བསྡུས་ཏེ་བཤད་པར་བྱ།། ཡེ་ཤེས་གསང་བ་བཤད་པའི་རྒྱུད།། དེ་ཕྱིར་དོན་འབྲལ་གསལ་བྱེད་པས།། རྒྱུད་ཀྱི་ཕྱི་མ་ཡིན་པར་བཤད།། ཅེས་གསུངསོ།། གསལ་བ་མཐའ་དང་མཉམ་པ་ས་ལས་བསྡུས་སྟེ་བཤད་པའི ་ལེའུ་སྟེ། བཞི་པའོ།། ། དེ་ནས་སེམས་དག་ལྷའི་བུས།། གསང་བའི་བདག་པོ་བཅོམ་ལྡན་འདས།། གསང་སྔགས་གཙོ་ལ་འདི་སྐད་ཞུས།། དེ་གང་གསང་བ་བཤད་དུ་གསོལ།། ཞེས་ཞུས ་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྟོན་པ་གསུམ་དང་རིམ་པ་བརྒྱད།། ཕྱིན་ཅི་ལོག་སུམ་འགྲོ་དྲུག་ལ།། ཡེ་ཤེས་གསང་བ་ཉིད་དུ་བསྟན།། ཞེས་གསུངས་པ་དང་།། ཡང་ནི་ལྷའི་བུ་ཡི་ཞུས་པ།། བསྟན་པ་གསུམ ་པོ་གང་ལ་བགྱི།། རིམ་པ་བརྒྱད་ལ་ཇི་ལྟར་གསང་།། ཕྱིན་ཅི་ལོ་གསུམ་ཅི་རུ་འགྱུར།། འགྲོ་དྲུག་འཁོར་བ་ཇི་ལྟར་ལགས།། ཞེས་ཞུས་པ་དང་།། སྨྲ་བ། མདོ་སྡེ་ཡན་ལག་བཅུ་གཉིས་དང་།། འདུལ་བའི་ལུང་ནི་སྔ་བཞི་ལ།། ་མམངོན་པ་གོང་འགྲོ་བ་སྟོན་པ་ཡིས།། ཇི་ཙམ་པའི་ཚིག་བརྗོད་ཀྱང་།། བྱ་བྱེད་རྩོལ་བྲལ་མ་བསྟན་པས།། ཡས་གསང་བ་སྦས་ཏེ་གག། ཆོས་སྐུ་གདོད་ནས་དག་པ་ལ།། བཏགས་པའི་གཟུང་འཛིན་ངང་གིས་མེད།། དེས་ན་ཆོས་ཉིད་གསང་བ ་ཡིན། ལོང་སྤྱོད་རིག་པ་དག་པ་ལ།། ཕྱི་ནང་མེད་པར་སེམས་ཉིད་གསོང་།། དེ་ནས་ཡིས་གསང་བའོ།། སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན།། དཔེར་ན་དུག་སྦྲུལ་རྩེས་པ་འདྲ།། མ་བཅོས་ལྷུན་གྲུབ་ཆེན་པོ་ལ།། ངེས་པ་མེད་པས་གསང་བར་བཤད། ་ཡང་སྨྲས་པ། ཉན་ཐོས་མདོ་སྡེ་བྱེ་བྲག་གཉིས།། གཟུགས་དང་ཡེ་ཤེས་གསང་བ་ལ།། གཟུགས་སུ་འཕྲོ་རབ་རྡུལ་དུ་མཐོང་།། སེམས་ལ་བརྡུལ་མེད་ཕྱིན་ཅི་ལོག། བརྡུལ་ལ་རྩོད་པ་ཨེ་མ་འཁྲུལ།། དེ་ཕྱིར་ཡིས་གསང་བ་ཡིན།། དེ ་བཞིན་ཆ་འཐུན་རང་རྒྱལ་ནི།། ཆོས་ནི་རྣམ་པ་བཅོ་ལྔ་ལ།། གཞན་ལ་བདག་མེད་ཅིག་མ་རྟོགས།། རྟེན་འབྲེལ་ཆོས་ལ་དེས་བརྟགས་པས།། རྒྱུ་མེད་ཆོས་ཀྱི་དོན་མ་མཐོང་།། བསེ་རུཥྚི་ས་ལ་ཡིས་གསོང་།། ཐེག་ཆེན་བདེན་པ་གཉིས་སུ ་འདོད། ཀུན་རྫོབ་རྒྱུ་མའི་དཔེ་བཞིན་ཏེ།། དོན་དམ་གཏན་ཚིགས་རིགས་པས་ཚོལ།། ལམ་ལྔ་སུ་བཅུའི་རིམ་གྱིས་བགྲོད།། དེ་ཡང་སྟྲི་གནས་དྲང་པོའི་དོན།། བགྲོད་མེད་འགྲོད་པས་ཡས་གསང་།། ཡང་སྨྲས་ལ། བྱ་བ་རྒྱུད་ཀྱི་ཀྲི་ཡ་ནི ་མཐོ་འཇམས་དམར་རྩུབ་རིགས་གསུམ་འདོད།། དག་པ་གསུཾ་ཀྱི་སྒོར་ཞུགས་ནས།། དམ་ཚིག་ཡིས་རྗེ་འབངས་ལྷ།། རྟོགས་པས་རྡོ་རྗེ་འཛིན་པའི་ས།། ངེས་པ་ཐོབ་ཀྱང་བཅོས་པས་གསང་།། གཉིས་ཀ་རྒྱུད་ཀྱི་ཨུ་པ་ཡ། ་ལྟ་སྤྱོད་གོང་འོག་རྗེས་སུ་འབྲེངས།། ངེས་པ་མེད་པས་ཁྱེ་བར་འདྲ།། ཡས་དམ་ཚིག་དཔོན་གཡོག་ཚུལ།། མཚན་མའི་དངོས་པོ་ཆུ་ཟླ་ལྟར།། རིགས་བཞི་ཞེན་པས་ཡས་གསང་།། རྒྱོར་རྒྱུད་ཀྱི་ཡོ་ག་ནི།། སྔོན་བྱང་ལྔའི། ་སྒོར་ཞུགས་ནས།། དོན་དམ་སྐྱེ་བགག་མེད་པ་ལ།། བྱིན་གྱིས་བརླབས་ནས་ལྷ་རུ་ལྷ།། བདག་དང་ལྷ་ནི་གྲོགས་པོའི་ཚུལ།། སྟུག་པོ་བཀོད་པའི་ས་འདོད་པས།། མ་བཅོས་རྣལ་མའི་ས་མ་རྟོགས།། དེས་ན་ཡེ་ཤེས་གསང་བ་ཡིན།། ་ཡང་སྨྲས་པ། བསྐྱེད་པ་མ་ཧྲ་ཡོ་ག་ནི།། ཏིང་འཛིན་གསུཾ་པོ་གཙོར་བྱས་ནས།། ཐབས་དང་ཤེས་རབ་སྒོར་ཞུགས་ཏེ།། ཤེས་རབ་གཟུང་མ་མཛེས་ལྡན་ལ།། ཐབས་ཆེན་ཡཻ་ས་མངོན་སུམ་དུ།། བདེ་བ་ཟག་མེད་གཟུང་བ་ཡིས།། ་པདྨ་ཅན་གྱིས་སྐྱེའོ།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱ་གསང་།། རྫོགས་པ་ཨ་ནུ་ཡོ་ག་ཡང་།། གྲངས་མདོག་མ་ངེས་སྐུ་གསུང་ཐུགས།། དཔེར་ན་ཆུ་ལ་ཉ་ལྡང་ཚུལ།། མ་བསྐྱས་རྫོགས་པའི་ཚུལ་དུ་སྒོམ།། ་དབྱིངས་དང་ཡིས་དབྱེར་མེད་ལྔ།། ཡི་གེ་འཁོར་ལོ་ཚོགས་ཆེན་ལྟ།། རང་འདོད་འབྲས་བུ་ཐོབ་མོད་ཀྱང་།། མཐར་ཐུག་འབྲས་བུ་དེས་མི་ནུས།། དེ་ནས་ཨེ་ཡ་ཡེས་གསང་།། བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད།། དེས་ན་དེ་སྒྲིབ ་སྐྱོན་ཅམ་ཡིན།། དེ་བས་དེ་ལུང་དེ་ཉིད་ལ།། དེ་ལ་དེ་ཉིད་གྲུབ་པ་མེད།། བྱ་བྲལ་རྫོཊ་པ་ཆེན་པོ་ལ།། རིམ་བརྐྱང་བགྲོད་པས་རྩོལ་བྲལ་སླད།། དེས་ན་ཡཾས་གསང་བའོ།། ཞེས་གསུངསོ།། གསལ་བ་མཐའ་དང་མཉམ་པ་ལས།། ག་ལ ་གསང་བའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་སེམས་དག་ལྷའི་བུས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ།། ཞེན་དྲུག་འཁོར་བར་འཁྱམས་པ་ཡིས།། མ་རིག་འཁྲུལ་པ་ཇི་ལྟར་ལགས།། ཞེས་ཞུས་པ་དང ་མ་ལྡན་འདས་ཀྱིས་བཀའ་སྩལ་བ།། བྱང་ཆུགསེམས་ཀྱི་རང་བཞིན་ནི།། གདོད་ནས་མ་སྐྱེས་འོད་གསལ་དེ།། འཁོར་འདས་མ་ལུས་ཀུན་ལ་ཁྱབ།། ཆོས་རྣམས་ཀུན་གྱི་ངོ་བོར་ཤར།། སངས་རྒྱས་སྐུ་དང་ཡེ་ཤེས་ཐུགས ་སེམས་ཅན་ལུས་ངག་ཡིད་ལ་ཁྱབ།། ཐཾད་དབྱེར་མེད་བྱང་ཆུབ་སེམས།། དེ་ལྟར་དག་པའི་དོན་རིག་ན།། དཔེར་ན་ཀུན་བཟངས་སེང་ཕྲུག་བཞིན།། ཤེས་རབ་ཅན་གྱི་རྟོགས་འགྱུར་ཏེ།། མ་རྟོགས་མུན་པའི་མཚོ་ལ་སྤྱོད།། རྟོགས་ན ་སྐུ་གསུང་ཐུགས་ཡིན་ཏེ།། རང་བྱུང་ལྔ་རུ་སྣང་བ་ལས།། རང་བྱུང་ཉིད་དུ་མ་རིག་པས།། ཞེན་པ་ལྗ་རུ་ཕྱིན་ཅི་ལོག། འབྲས་བུ་ཁ་མ་སུམ་སྲམསརྦན་བྱུང་།། འཁོར་བ་ཐོག་མཐའ་ཡོད་པ་ནས།། རྒྱུ་རྐྱེན་རྟོན་པའི་རྐྱེན་བཞིས ་འཁྲུལ།། ལྷན་ཅིག་སྐྱེས་པའི་མ་རིག་པས།། ཀུན་ནས་སློང་པའི་ས་བོ་མ་བྱས།། ལས་དང་ཉོན་མོངས་རྐྱེན་བྱས་ནས།། ཀུན་རྟགས་མ་རིག་པ་ཡི་ས་འཁྲུལ།། གྲིབ་མ་གཟུགས་ཀྱི་དཔེ་བཞིན་དུ།། བསྐྱོད་བྱེད་ལས་ཀྱི་ལུང ་གི་རླབས།། ཞེ་སྣ་དམྱལ་བའི་ཚེ་དྲང་འཁོར།། ཉོན་མོངས་ཞེ་སྡང་རྣམ་སྨིན་གྱིས།། དམྱལ་བའི་གནས་སུ་སྐྱེས་སྲིད་ན།། ཞེ་སྡང་ཡིས་ཉིད་དུ་ཤེས།། ཞེ་སྡང་མ་སྤང་གནས་སུ་དག། དེ་ལྟར་མ་ཤེས་ཡེ་ཤེས་གསང་།། ་སེར་སྣ་བཀྲེས་སྐོ་ཡི་དགས་འཁོར།། སེར་སྣ་ལས་ཀྱི་རྣམ་སྨིན་གྱིས།། ཡི་དགས་གན་སུ་སྐྱེ་སྲིད་དེ།། སེར་སྣ་ཡིས་ཉི་དུ་ཤས།། ས་ར་སྣ་མ་སྤང་གནས་སུ་དག། དེ་དོན་མ་རིག་ཡེ་ཤེས་གསང ་གཏི་མུག་གླ་ནལྐ་ག་བྱོལ་སོང་འཁོར།། ག་ཏི་མུག་ལས་གྱིས་རྣ་མ་སྨིན་གྱིས།། དུད་འགྲོའི་གན་སུ་སྐྱེས་སྲིད་ན།། གཏི་མུག་ཡས་ཉིད་དུ་ཤེས།། གཏི་མུ་ག་མ་སྤངས་གན་སུ་དག། ད་ཉིད་མ་རིག་ཡས་གསང་།། ཕྲ་དོག ་འགྱུར་བ་མི་རུ་འཁོར།། ཕྲ་དོག་ལས་ཀྱི་རྣམ་སྨིན་གྱིས།། མིའི་ག་ན་སུ་སྐྱེས་སྲིད་ན།། ཕྲ་དོག་ཡེ་ཤེས་ཉིད་དུ་ཤེས།། ཕྲ་དོག་ཨ་སྤངས་གནས་སུ་དག། དེ་དོན་མ་སྤངས་ཡིས་གསང་།། ང་རྒྱལ་འཐབ་རྩོད་ལྷ་མིན་འཁོར།། ང་རྒྱལ ་པས་ཀྱི་རྣམ་སྨིན་གྱིས།། ལྷ་མི་ན་གན་སུ་སྐྱེས་སྲེད་ན།། ང་རྒྱལ་ཡས་ཆེན་པོར་ཤེས།། ང་རྒྱལ་མ་སྤངས་གན་སུ་དག། དེ་ཉིད་མ་རིག་ཡེ་ཤེས་གསང་།། འདོད་ཆགས་ལྟུང་བ་ལྷ་རུ་འཁོར།། འདོད་ཆགས་ལས་ཀྱི་རྣམ་སྨིན་གྱིས། ་ལྟུང་བའི་སྡུག་བསྔལ་མྱོང་ཅན།། ལྟུང་བ་ཡིས་ཆེན་པོར་ཤར།། འདོད་ཆགས་མ་སྤངས་གན་སུ་དག། དེ་ཉིད་མ་རྟོགས་ཡིས་གསང་།། འཁོར་བ་ཤིང་རྟའི་འཕང་ལོ་འདྲ།། ལྷ་མི་གཙང་མའི་ལུས་ཐོབ་ཀྱང་།། མ་རྟོགས་བར་དུ་འཁོར ་བར་འཁྱམས།། ཐོག་མཐའ་མེད་པར་རྡོན་ན་ཡོད།། ཞེས་གསུང་སོ།། གསང་བ་མཐའ་དང་མཉམ་པ་ལས།། ཞེན་དྲུག་ལ་གསང་བའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་སེམས་དག་ལྷའི་བུས།། གསང ་བའི་བདག་པོ་ལ་འདི་ལྟར་ཞུས།། ལོག་པ་གསུམ་ལ་གསང་བའི་དོན།། སྟོན་པས་མཚམས་པར་བཤད་དུ་གསོལ།། བཅོམ་ལྡན་གསང་བས་བཀའ་སྩལ་པ།། རྟག་པ་ཆད་བརྒྱང་འཕེན་གསུམ།། ལམ་ལོག་ཕྱལ་པ་ལོག་པའི་ལམ།། ་འཇིག་རྟེན་འདིའི་བཙན་ཕྱུག་ལས།། ཕྱི་མ་ཕྱལ་པར་འཇོག་པའི་ཕྱིར།། མུ་སྟེགས་ལྟ་ལྡོག་བསམ་མི་ཁྱབ།། དབྱེ་ན་སུམ་བརྒྱ་དྲུག་བཅུ་སྟེ།། དེ་ཡང་བསྡུ་ན་དྲུག་བཅུ་གཉིས།། ཤིན་ཏུ་བསྡུ་བས་རྟག་ཆད་གཉིས།། ཞོར་བྱུང་ལོག་པ ་དག་དང་གསུམ།། ང་མེད་པ་དང་བདག་ཏུ་བཟུང་།། དེ་ཕྱིར་ཨུ་སྟེགས་འཁྲུལ་པའི་ལམ།། དེས་ན་ཡས་གསང་བ་ཡིན།། ཚངས་པ་དབང་ཕྱུག་ཁྱབ་འཇུག་གསུམ།། མུ་ལྷགས་ལྟ་ངན་ལྷ་ཡིན་ཏེ།། དེ་ལ་སྲེག་གི་མཆོད་པ་འབུལ།། དེ་ལ་རྟེན ་དང་དབྱུག་གུ་གསུམ།། ཕྱ་འམ་དབང་ཕྱུག་མཆོད་ལེགས་ན།། མཐོ་རིས་སུ་ཡང་དེ་ཡིས་གཏོད།། ཕྱའམ་དབང་ཕྱུག་མཆོད་ཉེས་ན།། ངན་སོང་དུ་ཡང་དེ་ཡིས་སྒྱུར།། དེས་ན་རིགས་བྱེད་བཞི་ཡིས་སུ།། ལམ་ལོག་མཐར་པ་ཐོབ་པར་འདོད།། དེ་ན་ཡས ་གསང་བ་ཡིན།། བདག་ཅེས་བྱ་བའི་རྟག་པ་དེ།། མཐོ་བོང་ཉུང་འབྲུ་ཚུལ་དུ་འདོད།། རང་བཞིན་རྟོག་པར་འདོད་པ་ནི།། སྲན་ཟླུམ་ཚེར་མ་རྗེ་སོགས་པ།། འདི་ལ་བྱེད་པ་སུ་ཞིག་ཡོད།། རང་བཞིན་རྒྱུད་དེ་རྟག་པར་འདོད།། རྟག་པར་ལྟ་བ་ཐཾད། ་ལ་རིམ་དང་ཚིག་ཆར་གནོད་པའི་ཕྱིར།། དེ་ན་ཡིས་གསང་བ་ཡིན།། མུར་ཐུག་ཆད་པར་བལྟ་བ་ནི།། འབྱུང་བ་འདུས་པའི་སྣང་བ་ལསྭ།། རང་སར་ཟད་ནས་ཅང་མེད་འདོད།། མ་ཤི་ཚེ་ལ་བསྐྱེད་པར་སྤྱོད།། ཤི་ནའུ་ཡི་སྤྱོད་ཡུལ་མིན།། ་ལུས་ཡང་ཐལ་བ་བཞིན་སོང་ན།། སླར་མཚོ་བ་དག་ག་ལ་སྲིད།། དཔེར་ན་སྤྱང་ཀུའི་རྗེས་དང་མཚུངས།། དེས་ན་ལོག་པའི་ལམ་ཡིན་པས།། དེ་ལ་རྟེན་པར་མི་བྱའོ།། ཆད་པ་གཉིས་འཛིན་ཤེས་པར་འདོད།། རྟེན་ཅིང་འབྲེལ་པར་འབྱུང ་བའི་ཕྱིར། དངོས་མེད་རྟག་པ་རིག་པའི་རྒྱུན།། རླུང་ལ་རྟེན་གྱི་རྒྱུན་མི་འཆད།། དེ་ན་ཡིས་གསང་བ་ཡིན།། ཨེ་མ་སེམས་ཅན་སྙིང་རེ་རྗེ།། བདག་ཏུ་འཛིན་པ་ས་གཞི་ལ་ལྟ།། ཡཾས་ཕྱི་ནང་མེད་པ་ལ།། ཕྱོགས་རིས་བྱེ་བས།། ་ཕྱོགས་འཆརུ་ལྷུང་།། བདག་མེད་བདག་ཏུ་ལྟ་བས་འཁྲུལ།། བདག་འཛིན་མེད་པའི་ཡེ་ཤེས་ནི།། ཕྱི་ནང་ཟང་ཐལ་ཆེན་པོ་ལ།། ཕྱོགསུ་ལྟས་པས་གྲུབ་པ་མེད།། དེས་ན་ཡེ་ཤེས་གསང་བ་ཡིན།། རྟག་ན་ཡེ་ཤེས་ཆེན་པོར་རྟག། ཆད་ན ་འཁོར་བ་རྩ་ད་ནས་ཆད།། བྱིང་ན་ཆོས་ཀྱི་དབྱིང་སུ་དྲིང་། རྒོད་ན་ཡ་ཤེས་རོལ་པར་རྒོད།། ཅེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། ལོག་པ་གསུམ་ལ་གསང་བའི་ལེའུ་སྟེ། བདུན་པའོ།། ། ་དེ་ནས་སེམས་ལྷག་ལྷའི་བུ།། གསང་བའི་བདག་ལ་འདི་སྐད་གསོལ།། ཡེ་ཤེས་གསང་བ་ཐུགས་ཀྱི་མཛོད།། ཀུན་ལ་གསང་བ་ཇི་ལྟར་རྟོགས།། ཞེས་ཞུས་པ་དང་།། གསང་བའི་བདག་པོས་བཀའ་སྩལ་པ།། ཡས་གསང་བའི་རང་བཞིན་ལ། ་སྒྲ་དང་ཐ་སྙད་ཀུན་འདས་ཡང་།། སྣོད་ལྡན་རྟོགས་པར་འདོད་པ་ཡིན།། གཏན་ཚིགས་ཚད་མ་གསུམ་གྱིས་ནི།། དེ་རྒྱུད་རྟོགས་པས་རོལ་པར་བཤད།། བྱ་བྲལ་ལུང་དང་རིག་པའི་ཉམས།། བླ་མ་དམ་པའི་གདམ་ངག་གསུམ།། ཡེ་ཤེས་གས། ་བ་རྟོགས་པའི་མཆོག། མཁའ་གསལ་བྱང་ཆུབ་སེམས་ཀྱི་ལུང་།། སྣང་སྲིད་སེམསུ་གཏན་ལ་འབེབས།། ཡེ་ཤེས་གསང་བའི་ངོ་བོ་སྟོན།། བདག་ཉིད་གསང་བའི་དཀྱིལ་འཁོར་འཆར།། ལུང་གསུམ་སྣང་བས་སྟོན་པའི་བཀའ།། ་ཡིན་པས་ངའི་བཀའ་དང་འཐུན།། ཐད་སེམས་སུ་འདུས་པས་ན།། སེམས་མ་ཡིན་པའི་ཆོས་མི་སྔ་པ་ཀ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། གྱིས་ནི།། སེམས་ལ་སྣང་ཕྱིར་སེམས་ཡིན་ཏེ།། ཐད་རང་རིག་བྱང་ཆུབ་སེམས།། དེ་ནི་ལུང་གི་ཚད་མའོ།། ་དེ་ཕྱིར་སེམས་ལུང་ཆེན་པོ་ཡིན།། ཐ་དཾ་སེམསུ་གཏན་ལ་དབབ།། དེས་ནི་སེམས་ཡིན་ཏེ།། འཛིན་པའི་ཤེས་པ་ཡོད་པའི་ཕྱིར།། ཚོར་བ་ཉམ་སུ་མྱོང་བའོ།། རིག་པས་ཉམ་སུ་མྱོང་ཙམ་ན།། ཡིད་ཆེས་རིག་པའི་གཏན་ཚིགསོ།། རྣམ་གསུམ ་ལུང་གི་ངོ་བོ་ནི།། སེམས་ཉིད་རིག་པའི་ཆོས་ཡིན་ནོ།། ངོ་ཅིག་སྣང་ཚུལ་ཐ་དད་ཀྱང་།། ཐ་དད་མཐོང་བ་བརྟགས་པ་ཏེ།། བག་ཆགས་ལོག་པས་སྐྱུགས་ཙམ་ན།། སེམས་ཀྱང་ལོག་པར་སྣང་བ་སྟེ།། དུང་ལ་སེར་པོར་མཐོང་བཞིན་དུ།། དུང ་ལ་སེར་པོར་མ་གྲུབ་པར།། མིག་སེར་རྐྱེན་གྱིས་ལོག་བཱར་སྣང་།། དུཔ་ལ་སེར་པོ་ཡོད་ན་ཏཱ།། མ་འཁྲུལ་ཤེས་པས་མཐོང་དྲར་ཐལ།། དེ་བཞིན་ཞེན་རྟོག་འཁྲུལ་པ་ཡིས།། བརྟག་པ་སྣ་ཚོགས་དག་ཏུ་མཐོང་།། དཔེར་ན་ཕུག་རོན་སྐ་སྠཱ་བུ།། ་དང་པོ་མཚན་མའི་རང་རིག་ཏེ།། གཉིས་པ་མེད་པའི་རང་རིག་ཡིན།། གསུམ་པ་གཉིས་ཀ་མེད་པ་དེ།། མཚན་གཞི་མེད་པའི་མཚན་ཉིད་ནི།། མི་སྲིད་མེ་མེད་ཚ་བ་བཞིན།། ཤེས་པ་སྐྱེ་ལུགས་གསུམ་ཡིན་ཏེ།། རྟོག་པ་དང་པོ་ཆོད་པ་ཡིས།། ་གཉིས་པོ་རང་བཞིན་དབྱིངསུ་ཐིམ།། མཐོང་བ་སྣ་ཚོགས་རིག་པའི་ཉམས།། བླ་མའི་ཞལ་ལས་ཤེས་པར་བྱ།། དེ་ཕྱིར་ཡས་གསང་བ་ཡིན།། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ།། བློ་ངན་སེམས་རབ་ཆུང་པ་ལ།། ཐུཊ་རྗེ་ཆེན་པོ་ཐབས་ཀྱི་གསང་།། ་ཞེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས།། ཚད་མ་གསུམ་གྱི་ལེའུ་སྟེ། བརྒྱད་པའོ།། ། དེ་ནས་སེམས་ལྷག་ལྷའི་བུས།། རྡོ་རྗེ་ཟམ་པར་དབང་བསྐུར་ཞུས།། གསང ་པའི་བདག་པོས་བཀའ་སྩལ་པ།། གནས་དང་དཀྱིལ་འཁོར་དཔོན་དང་གཡོག། འཇུག་ཚུལ་དུས་དང་ཡོན་བདུན་བཤད།། གཞིའི་གནས་དང་རྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ།། རྒྱུ་རྐྱེན་བྲལ་བའི་དངོས་བཞི་ནི།། སངས་རྒྱས ་མས་ཅན་ཐད་ཀྱི།། བཞུགས་གནས་རྨད་བྱུང་ཁྱད་པར་ཅན།། རྟེན་གནས་ར་བོ་དེ་ཤན་ནམ།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། རྒྱུ་ཕུག་རྡོ་རྗེ་གདན་སྡེངས་སམ།། ཝ་ར་ན་སའི་བསིལ་ཁང་ངམ།། གྲ་འཛན་ཀོ་ཤ་ལ་ཕུག་གོ། དཀྱོར་རང་བྱུང་ཡ ་ཤེས་སྟེ།། མ་བཅོས་དངོས་བཞིའི་དཀྱེར་ཉིད།། ཐཾད་རང་རིག་ཡིས་བསལ།། མཁའ་ལྟར་ཁྱབ་པའི་བདེ་ཆེན་ནོ།། ཙིཏྟ་རིན་ཆེན་དཀྱོར་ནི།། འོག་མིན་རིག་པའི་གཞལ་ཡས་ཁང་།། ཟག་པ་ཟད་པའི་མཚན་ཉིད་དེ།། དང་ས་མ་གསུམ་གྱི་རྩེ་མོར་སྒོ། ་བརྡའ་དོན་སྤོད་པའི་སློབ་དཔོན་ནི།། རང་རྒྱུད་མ་བཅོས་དག་པ་ལ།། དོན་དང་འདྲེས་པའི་སྒྲ་ཚིགཱ་གིས།། ཡེ་ཤེས་རིག་པའི་ངོ་བོ་སྟོན།། མ་ནོར་ངེས་པའི་སློབ་དཔོན་ནི།། རང་སེམས་བླ་མ་ཀུན་གྱི་བདག། ཐཾད་རང་རིག་རྒྱལ་པོ་ལ།། གདོད་ནས་སྐྱེ་མེད ་བྱ་བརྩལ་བྲལ།། སློམ་རང་རིག་སེམས་ལ་སློབ།། རྟོགས་ལྡན་བློའི་ཁྱད་པར་གྱིས།། ཏིང་འཛིན་ཤེས་རབ་བརྩལ་དུ་རྫོགས།། གསང་སྔགས་མཛོད་ཀྱི་གཏེར་འཛིན་ནོ།། སྣོད་ལྡན་སློབ་བུ་དད་པ་བརྟན།། རིགས་རྒྱུད་དག་པས་བླ་མ་ཁུ་ར།། ་མན་ངག་གཏེར་འཆང་གདམ་ངག་སྦྱིན།། མང་ཡང་གསུམ་ལས་འདའ་མི་བྱ།། ཡ་ས་གསང་བ་ཐུགས་ཀྱི་བཅུད།། བཀའ་ཡི་བཏུད་བསྡུས་ཨ་ཏི་ནི།། སྣོད་ལྡན་རྒྱལ་འཐེབ་ཅིག་ལ་བཞག། དབང་དང་སྣོད་བརྟག་ཆོ་ག་དང་།། གསོལ་བ་བཏབ་ནས་གནང་བ་སྦྱིན།། ་སྔོན་དུ་འགྲོ་བའི་རིམ་པའོ།། དང་པོ་དངོས་གཞིའི་དཀྱིལ་འཁོར་བསྟན།། ཀུན་རྫོབ་དཀྱིལ་ལུས་ལ་དཔོག། སྦྲུལ་ཚིགས་གདམ་དག་རྣ་བར་བཞུག། སེམས་ལུང་འབོགས་པའི་གདམ་ངག་བསྟན།། རྒྱས་རྟཊ་གདབ་པའི་ཆོ་ག་བྱ།། ལུས་ལ་བདེ ་མཆོག་བདེ་བའི་དབང་།། ཡོན་ཏན་ལྡན་པའི་བུ་མོ་དེ།། ཐབས་ཀྱི་བསྟན་པ་གསུམ་རྫོགས་ནས།། བདེ་ཆེན་རྫོགས་པ་ཕྱག་རྒྱའི་རྒྱུ།། རིན་ཆེན་གཏེར་གྱི་གདམ་ངག་སྦྱིན།། ཐབས་ཀྱི་གར་སྟབས་བསྐྱོད་པ་ཡིས།། གཉིས་མེད་སྦྱོར་བ་ཕུལ་བ་ཡིན།། ་དགའ་བར་གྱུར་པའི་དམ་ཚིགས་དེ།། མཐོང་བར་གྱུར་པས་དངོས་གྲུབ་པོ།། རོལ་པའི་ཆོ་འཕྲུལ་ལ་རྟེན་ནས།། རྣལ་མའི་དོན་ནི་རྟོགས་པར་བཤད།། ངག་ལ་དང་གྲོལ་རླུང་གི་དབང་།། བམ་པོའི་རླུང་དང་རིག་པའི་དབང་།། དང་པོ་གྱེན་རྒྱུ་ཐུ ་རྒྱུ་དང་། སྲོག་འཛི་མ་ཁྱབ་བྱེད་མེ་དང་མཉམ།། འབྱུང་ལ་རླུང་ལྔ་རིམ་གྱིས་གཟུང་།། རིག་པའི་རླུང་ནི་གཉིས་ཡིན་ཏེ།། ལས་ཀྱི་རླུང་གིས་ཐུར་དུ་ལྟུང་།། ཡཻ་སྭ་རླུང་གིས་གྱེན་ལ་འདྲེན།། རླུང་གི་འཕན་པས་ཐད་བྱེད།། བེམས་པའི་རླུང་ལ་རྟེནས་སུ ་རིག་པའི་རླུང་ནི་ཟིན་གྱུར་ན།། རྟོགས་པའི་རླུང་ཆེན་དོནི་རྟོགས་དེ།། ཡཾས་རླུང་ནི་ཟིན་པ་ཡིས།། ཡེས་གསང་བའི་དོན་དང་ཕྲད།། རོལ་པ་རིག་པ་རྩལ་གྱི་རླུང་།། རྣལ་མའི་དོན་དང་ཕྲད་པར་བཤད།། སེམས་ལ་ཡེ་ཤེས་སྤྱི་ལུགས་དབང་།། ་རྟོག་མེད་མཐོང་བའི་ལམ་དང་ཕྲད།། སྒོམ་མེད་དོན་གྱི་གཟེར་ཆེན་གདབ།། བགྲོད་མེད་རྟོག་པའི་འཇིང་དང་བྲལ།། རྣ་བརྒྱུད་ལུང་གི་གཏེར་ཆེན་སྒྲོལ།། རེ་དོགས་མེད་པའི་བཙམས་ཐོབ།། འདི་དེ་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན ་འབད་པ་མེད་པར་གྲོལ།། རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང་། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ་དག་རྒྱུ་དང་ལུང་དང་མན་ངག་གསུམ།། ཅིག་ལ་ཅིག་རྟེན་ཅིག་གི་དང་།། རྩལ་དང་ཆོ་འཕྲུལ་རང་སྣང་གསུམ།། རོ་ཡ་པ་ས་ཡས་གསང་བར་མཚོ། ་དང་པོ་བཅུ་བཞི་ཞག་གི་དུས།། ནུས་པའི་ཚོགས་བ་སོགས་པར་ཆོང་བསྲུང་།། མཐར་ཕྱིན་ཐུ་མ་མཚམས་བཅུ་ཕྲག་བདུན།། བར་དོ་འབྱོངས་ཤིང་མཐར་ཕྱིན་འགྱུར།། དེ་ནས་སྲོག་འཛིན་བླ་མ་ལ།། ལུས་དང་བཅས་པའི་ལོངས་སྤྱོད་འབུལ།། ་བརྡའ་ཙམ་དབང་གིས་མཚོན་ནས་སུ།། གནས་ལུགས་རྟོགས་པར་ཐེ་ཚོམ་མེད།། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས།། དབང་གི་ལེའུ་སྟེ། དགུ་པའོ།། །། དེ་ནས་སེམས་དག་ལྷའི་བུས།། ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ།། ཤེས་སྐྱོ་བ་དོན་དང་ལྡན་པ་ཡིས།། སྔགས་གསུམ་བདག་གིས་འདི་སྐད་ཞུས།། འདུས་པའི་འཁོར་ཚོགས་མང་པོ་ལ།། དམ་ཚིགས་གསང་སྔགས་སྲོག་ཡིན་པས།། གསང་བའི་དམ་ཚིག་བཤད ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷུན་གྲུབ་ཡིས་གསང་བ་ལ།། བཙོལ་བས་བཅོས་པའི་དམ་ཚིག་མེད།། དམ་ཚིག་དམ་ཚིག་ཞེས་བྱ་བ།། གུད་ན་ཡོད་པ་མ་ཡིན་ཏེ།། རང་སེམས་དག་ན་དམ་ཚིག་ཡིན།། དག་པའི་ཀློང་ན ་ཁ་སྲུང་མཚམས་མེད།། རྟོགས་པས་ལྟ་བའི་ཡུལ་ལས་འདས།། གསལ་བ་བསམ་གཏན་སྤྲོས་དང་བྲལ།། ཡུལ་ལས་འདས་པས་སྤྲད་དུ་མེད།། ལྷུར་གྱིས་གནས་པས་སྨྲ་བ་དུ་མེད།། མ་ཡངས་དྲན་པས་རང་ས་ར་གྲོལ།། སྔགས་དང་ཕྱག་རྒྱ་རྣམ་པར ་དག། སྟོང་ཉིད་དངལ་མཆོད་གཤེགས་མེད།། འཁོར་འདས་ཁྱབ་པ་དལ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས།། རྫོགས་པ་ཆེན་པོའི་དམ་ཚིག་ནི།། རྩོལ་བའི་ནད་ཀྱི་བསྲུང་དུ་མེད།། ཡེ་བསྲུང་གདེང་གི་མཆོད་པ་ལ།། བསྲུང ་བྱ་བསྲུང་བྱེད་གནང་བཀག་མེད།། རེ་ཤིག་བརྡའ་ཙམ་རོལ་པ་ལ།། རིག་པ་གསལ་བའི་དམ་ཚིག་ནི།། རྟོགས་ལྡན་འཁོར་བ་སྒྲོལ་བའི་གྲུ།། རྡོ་རྗེ་ཉི་མ་ལྟ་བུར་གསལ།། དེས་ན་གསལ་བ་མཐའ་དང་མཉམ།། མེད་པ་ཕྱལ་པ་ཅིག་པུ་དང ་སྤྱན་གྱི་གྲུབ་པའི་དམ་ཚིག་གོ།། རང་རིག་ཡིས་གསང་བ་ལ།། བཟུང་འཛིན་མཚན་མའི་ཆོས་མེད་པས།། བརྗོད་དུ་མེད་པའི་སེམས་ཉིད་ཀྱི་ཉེ། བསྲུང་དུ་མེད་པའི་ངང་དུ་བསྡམས།། བསྡམ་བྱ་བ་སྡོམ་བྱེད་བྲལ་བས་བདེ།། གཉིས་མེད་རིག ་པའི་དམ་ཚིག་ལ།། འདའ་མེད་སྲོག་གི་གནས་གྱུར་ན།། མ་བཅོས་རྒྱལ་བའི་དམ་ཚིག་ཡིན།། ནམ་མཁའ་ལྟ་བུར་ཁྱབ་པ་ལ།། མཐའ་དང་དབུས་མེད་མ་བཅོས་པས།། འདི་ཡིན་འདི་ཡིན་ཕྱོགས་དང་བྲལ།། ཕྱོགས་བྲལ་སྐྱེས་བུ་ཆེན་པོ ་དེས། ཕྱོགས་ཅིག་སྤང་ཞིང་སྒྲུབ་དུ་མེད།། གཏད་མེ་འཛིན་བྲལ་ཆེན་པོ་ལ།། ཕྱོགས་མཚམས་ངེས་པའི་ཆོས་མ་ཡིན།། སདྱས་སེཾན་ཐཾད་ལ།། མ་བཅོས་སེམས་ཀྱི་རིག་པ་གཅིག། རྒྱུ་ཡིས་མ་སྐྱེས་ཡེ་ནས་གྲུབ།། རྐྱེན་གྱིས་མ་སྦྱདྲ་གདོད་ན་དག ་རང་བཞིན་རིག་པ་འོད་གསལ་ལཱ.ཱ་ན་མ་ལུས་དགོངས་པ་ཟད་འདུས།། དུས་གསུཾ་བདེ་གཤེགས་ཐཾད་ཀུན།། རང་བཞིན་དགོངས་པ་ཅིག་ལས་མེད།། རང་སྣང་མི་འགྱུར་ཆོས་ཉིད་ལ།། རང་བཞག་རིག་པ་མི་འདའ་ན།། སེམས་ཉིད་ཅིག་པུའི། ་དམ་ཚིག་གོ། དུས་གསུམ་སངྱས་ཟད་ལ།། དམ་ཚིག་འདི་ལས་ཡོང་མི་འདའ།། དེ་ལ་དམ་ཚིག་ཕྱི་དང་རླུང་།། རང་བཞིན་ཕུང་པོ་ཁམས་བཞིན་གནས།། དུས་གསུམ་འདི་དང་མི་འབྲལ་ན།། དམ་ཚིག་མིང་དུ་བརྟགས་པ་མེད།། རང་བྱུང་འོད་གསལ ་རྣམ་པར་དག། ལུས་ངག་རྩོལ་བའི་ནད་མེད་པས།། ཏིང་འཛིན་རིག་པ་རྩལ་གྱི་དབང་།། མཚོན་པའི་ཐ་སྙད་བྲལ་བའོ།། རེ་ཤིག་ཀུན་བཟངས་རོལ་པ་རུ།། གྱི་ནར་ལྷུན་འགྲུབ་དམ་ཚིག་ལ།། ཡཾས་གསང་བ་བྱ་བརྩལ་བྲལ།། ་འབང་རྩོལ་དམ་ཚིག་གཞི་ནས་དག། སེལ་མེད་རིན་ཆེན་གླིང་བཞིན་དུ།། རྣམ་དག་ཡིས་རང་བྱུང་ལ།། སྐྱོན་གྱི་དྲི་མ་གདོད་ནས་དག། གཞི་རྩ་མེད་པའི་སེམས་ཉིད་དུ།། རྟགས་པའི་འཛིན་རྟོག་རྣམ་པར་དག། ལྷུན་གྲུབ་འོད ་གསལ་བརྡུལ་བ་ལ།། རྣམ་རྟོག་བརྟགས་པའི་སེམ་ས་གྲུབ་ན།། མུ་སྟེགས་སངྱས་ཅི་ལ་རྩོད།། སངྱས་སེན་ཅི་ལ་བཏགས།། རྟོག་པ་མངོན་གསུམ་གྲུབ་པ་ཡིས།། ཅིག་པུར་འཛིན་པའི་ལོག་རྟོག་པ།། འཁྲུལ་པའོ། ཐ་རམ་ཤིན ་ཏུ་དམ།། རིན་ཆེན་འཁྲུལ་གྱི་སྡེ་མིག་གིས།། ཐ་མལ་ཞེན་པ་ཇི་ལྟར་བཟློག། མེད་དེ་མེད་པའི་སྙིང་པོ་ཅན།། ཚད་པ་ཐ་མེད་མ་ཡིན་ནོ།། ཡོད་དེ་རྫས་སུ་གྲུབ་པ་མེད།། ཕྱལ་བ་བཏང་སྙོམས་རྙོག་པ་མེད།། རིལ་པོར་འཛིན ་པའི་ཅིག་ཏུ་མེད།། ཐིག་ལེ་ཆེན་པོ་སྤོས་དང་བྲལ།། མུ་སྟེགས་སྤྱར་གྲུབ་མ་ཡིན་ཏེ།། སྙུན་གྲུབ་འདོད་པ་ཀུན་དང་བྲལ།། རྒྱུ་ཆང་ཕྱོགས་ལྷུང་མེད་པས་བདེ།། ཞེས་གསུངསོ།། གསལ་བ་མཐའ་དང་མཉམ་པ་ལས།། དམ་ཚིག་གི་9། ་སྟེ། བཅུ་པའོ།། ། དེ་ནས་སེམས་དག་ལྷའོ་བུས།། གསང་བའི་བདག་པོ་བཅོམ་ལྡན་འདས།། བཅོམ་ལྡན་ཐུགས་ཀྱི་བང་མཛད་ནས།། ཡིས་གསང་བ་རྟོགས་པའི་ཕྱིར།། ཡིས་མཛོད ་ཆེ་ན་བཤད་དུ་གསོལ།། ཞེས་ཞུས་པ་དང་།། གསང་བའི་བདག་པོ་བཅོམ་ལྡན་འདས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། སྒྲོ་སྐུར་ལྟ་བ་ཀུན་དང་བྲལ།། ཐཱ་དཾ་ཅིག་གི་རང་བཞིན་ལ།། སྤང་འགེགས ་ཁྱིས་པས་སྨད་པ་མེད།། དབྱེར་མེད་ཡིས་ལྔ་ལྡན་ལ།། སྤྱོད་བགྲོད་གཉིས་སྟ་རང་སར་གྲོལ།། སྐྱེ་འགག་གཉིསུ་མེད་པ་ལ།། བསྒྱུར་དང་སྤྱོད་ལྔ་རྣམ་པར་དག། རྣམ་དག་ལམ་ཚན་ཀུན་གྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། ་གོ་བའི་ཡུལ་ན་བདེ་བ་ཆེ།། འདི་ནི་རྣམ་དག་འཇིག་འརྟན་ཡིན།། དེས་ན་ལུང་ལྡན་བླ་མ་ཡིས།། རྒྱལ་སྲས་སློབ་མ་སྐ་ལྡན་ལ།། སྤྱི་བླུགས་དབང་ལ་གནས་བྱ་སྟེ། རྣ་བ་རྒྱུད་གདམ་དགྲ་ནོད་པར་བྱ།། བགྲོད་མེད་ལམ་ལ་གནས ་བྱས་ན།། སྦྱངས་མེད་ས་ཡི་ཡོན་ཏན་འཕེས།། པྲ་ཁྲིད་སེམས་ཀྱི་དོན་བསྟན་པས།། སེམས་ཉིད་རིན་ཆེན་སྙིང་པོ་ལ།། སྐུར་བའི་ཆ་གཉིས་མི་རྟོག་སྟེ།། བརྡའ་དོན་སྤྲོ་བའི་གདམ་ངག་སྦྱིན།། སྤྲད་པ་གསུམ་གྱི་གདམས་ངག་གིས། ་དམར་ཁྲིད་དོ་སྤྱོད་བསྟན་པ་དང་།། སྒོམ་ཁྲིད་ཐུན་གྱི་ཐུན་དུ་དྲང་།། བྱུང་ས་གནས་ས་ཐི་མ་ས་གསུམ།། ཁ་ར་དོའི་གདམས་དངག་ཤེས་པར་བྱ།། གནད་ཀྱི་གདམས་ངག་མ་ཤེས་ན།། ཁ་ལྟ་མང་པོ་དོན་མི་རྟོགས།། སྒྲ་དང་ཚད་མ་གང་གིས་ཡང ་རིག་པའི་ཡིས་རྙེད་མི་འགྱུར།། རྟོག་པའི་ལྟ་བ་རིག་པའི་གཏེར།། མཚན་མ་མ་སྤངས་རད་སར་གྲོལ།། འཁོར་བ་མ་བཀག་གནས་སུ་དག། འཁྲུལ་མ་གསལ་རྩད་ནས་ཆོད།། དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང་།། རྩོལ་སྒྲུབ་མེད་པར་ཡེ་སངྱས ་ཡིན་པའི་དོན་ལ་ཡིན་པར་ཤེས།། ལྟ་བ་འདི་ལ་གང་གནས་པ།། སངས་མ་རྒྱས་པ་ཅིག་ཀྱང་མེད།། ཤར་ཚད་རང་ཤར་ཆེན་པོ་ལ།། ཕྱོག་སུ་མ་ལྷུང་འོད་གསལ་ཆ།། འཆིང་གྲོལ་མེད་པས་ལྟ་བ་ཡིན་ཞེས་གསུངསོ།། གསལ་བ་མཐའ ་དང་མཉམ་པ་ལས།། ཡིས་མཛོད་ཀྱི་ལེའུ་སྟེ། བཅུ་ཅིག་པའོ།། ། དེ་ནས་སེམས་ལྷག་ལྷའི་བུས།། གསང་བའི་བདག་པོ་རྡོ་རྗེ་ཅན།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཡིས་གསང ་བ་ཐུགས་ཀྱི་བཅུད།། ཏིང་འཛིན་སྒོམས་པའི་བསམ་གཏན་ཞུ།། ཅེས་གསོལ་པ་དང་།། གསང་བའི་མངའ་བདགྲ་བཅོམ་ལྡན་འདས།། གསང་བའི་བདག་པོས་བཀའ་སྩལ་པ།། དང་པོ་རང་གི་སེམས་ཉིད་རྒྱུན་ལ་ལྟ།། གཉིས་པ་བླ་མའི ་གད་མ་ངག་སྦྱིན།། གསུམ་པ་བརྡའི་དོན་ངོ་བོ་སྤྲོད།། དེ་ནས་ལུང་ལྡན་རྒྱལ་པོ་ལ།། རྒྱལ་འཐེབ་བློ་དང་ལྡན་པ་ཡིས།། ཁྲི་དེ་གསུམ་སེམས་ཀྱི་དོན་བསྟན་པ།། སེམས་ཉིད་ལས་གསང་བ་ལ།། བསྐུར་དང་མ་བསྐུར་གཉིས་མེད་ཡང་།། ་བརྡའ་དོན་སྤྱོད་པའི་གདམ་དག་ཞུས།། མི་རྟོག་ཡིས་བཞི་ཆ་ཅིག། སཾ་ནཾ་ཀུན་གྱི་རྒྱུད་ལ་གནས།། གསུམ་ཙམ་འཁོར་བའི་རང་བཞིན་ཡིན།། དུས་ཚོད་བླ་མའི་ཞལ་ལས་ཤེས།། ལྷའི་བུ་ཁྱོད་འདི་ལྟ་སྟེ།། དེ་ཕྱིར་བརྡའ་དོན་སྤྱད་པར་བྱ།། ་དང་པོ་ཞི་གནས་དུས་སུ་ནི།། གནས་པ་ཡི་ནི་ཏིང་ངེ་འཛིན།། གཉིས་པ་ལྷག་མཐོང་དུས་སུ་ནི།། མི་གཡོ་བའི་ཏིང་ངེ་འཛིན།། གསུམ་པ་མཉམ་བཞག་དུས་སུ་ནི།། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན།། བཞི་པ་རྗེས་ཐོབ་དུས་སུ་ནི།། ཡས་ཆེན ་པོ་ལྷུན་གྱིས་གྲུབ།། དེ་ཡང་ཞིག་ནས་སྒོམ་པ་ལ།། དྲན་པ་ཤེས་བཞིན་རྩི་ཡིས་བཟུང་།། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡངས་དྲན་པ་ས་ར་དྭ་སར་གྲོལ།། དེ་ལྟར་ལྷག་མཐོང་སྒོམ་པ་ལ།། ཤེས་བྱ་ཆོས་ཉིད་བུམ་པར་བཞུག། ་གསེར་བུ་མ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། དེ་བཞིན་མཉམ་པར་འཇོག་པ་ལ།། དབང་པོ་མོ་དགག་རང་སང་བཞག། གསེར་གླིང་བརྡལ་བའི་ཀློང་ཆེན་བཞིན།། གང་ལྟས་མཉམ་ཉིད་བརྡལ་བའི་ཀློང་། ་མཐའ་ཨ་རྗེ་ས་ཐོད་དུ་སུ་ནི།། ཐད་རང་གྲོལ་ཆེན་པོར་བཤད།། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོ་ལ་སྒྲུབ་མེད་པར་རང་སར་གྲོལ།། དེ་ལྟར་དུས་བཞིན་བསྒོམས་པ་ཡིས།། རྒྱོར་ན་མཁའི་བྱུ་ལྀ་ལ།། མ་གོམས་ངལ་དུབ་ཐུན་ཆེས་པས ་ཁྱིང་ཆུ་ག་རབ་ཏུ་འཐིབས་པ་དང་།། ཁྲི་ཞིང་འཐམས་ལ་དོན་མི་གས་ལ། སྒོ་ལྔ་ཡུལ་ལ་འཕྲོ་བ་དང་།། ཡིད་འཁྲུལ་དྲན་རྟོག་པག་ཆགས་ལྡང་།། རྣམ་རྟོག་ཀུན་བུར་འཛག་པ་རྣམས།། བྱིང་རྒོད་སྐྱོན་དུ་བཏང་མི་བྱ།། བྱིང་ན་ཐོས་ངནཐོར་ན་སྐུ ་བྱིང་བའི་སྐྱོན་རྣམས་བཅོས་པ་ནི།། ས་མཐོ་སེར་བུ་བསིལ་བའི་སར།། ཁྲུས་བྱས་ལུས་བཅག་རྒྱང་མིག་ལྟ།། གླུ་བླང་གར་བྱ་རྒྱང་མིག་ལྟ།། འཐམས་ན་བཤིག་གིན་རིག་པ་དབྱེར།། རྒོད་པ་རྣམས་ཀྱི་བསྡུ་བ་ཡང་།། གཏད ་དང་གཟུང་དང་རང་སར་གྲོལ།། རང་བྱུང་རང་བཞི་ནན་མཁའི་དཔེ།། ལྟ་བ་དྲན་པས་བཅོས་པའོ།། དེ་ལྟར་ཟླ་དྲུག་སྒོམ་པ་དང་།། གཡོ་དང་གོ་མ་ས་དང་ཐོ་བ་དང་བརྟེན།། གསལ་ན་ན་མཁའ་ལྟ་བུ་འབྱུང་།། ནམ་མཁའ་དངས་པའི་ཟླ་བ་བཞིན།། ཀུན་ཏུ་སྙོམས ་ལ་རྟོགས་སྒྲིབས་མེད།། ཁ་སྐོམ་ཟས་དང་བྲལ་བྱས་ཀྱང་།། མདངས་དང་དབང་པོ་གཏིང་ན་གསལ།། བཟོད་ཐོབ་ཆོས་བརྒྱད་སྤོང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ་པར་གྲོལ།། ཉོན་མོངས་ཞེར་འཛིན་རྟོག་པ་ཟད།། ལུས་ཡང་ཤིང་བལ་དབུགས་མི ་མི་ཚོ་ར་གྲུབ་པའི་དྲོད་དང་རྟགས་རྣམས་འཆར།། མངོན་ཤེས་ལ་སོགས་མཚན་མ་ཐོབ།། མཁའ་འགྲོའི་ལུང་བསྟན་ལ་སོགས་འབྱུང་།། དེ་དག་དགའ་དྲོད་མི་བྱ་ཞིང་།། མེད་ཀྱང་ཇི་མི་སྐེམས་པའི་ཉམས།། རྟོག་པའི་མཚན་མ་ཅི་སྐྱེས་ཡང་།། ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། དུག་ལ་སྨན་དུ་ཤེས་པ་བཞིན།། ཆོས་ཉིད་གཞན་ནས་རྩལ་མི་དགོས།། རྣམ་རྟོག་གཉེན་པོར་མི་རྟོག་སྒོམ།། དེ་ག་རྟོག་པ་ཆེན་པོ་ཡིན།། བཟང་རྟོག་ངན་རྟོག་ལས་གྲོལ་བས།། རྫོགས་ཆེན་རྟོཌ་པའི་སྦྱོར་བ་དེ།། ་ཞེས་གསུངསོ།། གསལ་བ་མཐའ་དང་མཉམ་པ་ལས།། ཡིས་གསལ་བའི་ལེའུ་སྟེ། བཅུ་གཉིས་པའོ།། ། དེ་ནས་ཀུན་དགའ་སྙིང་པོས་ཞུས།། ཡིས་འབར་བ་སྤྱོད་པའི་ཀློང་།། སྟོན་པ་ཐུན་ཀྱི་དཔལ་བེ་ནས ་གསང་བའི་བདག་པོས་བཤད་དུ་གསོས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་སེམས་ལྷག་ལྷའི་བུ།། ཡས་གསང་བ་ཐུཊ་ཀྱི་མཛོད།། འཇེད་པར་བྱེད་པའི་ལྡེ་མིག་ནི།། ཡིས་འབར་བའི་སྤྱོད་པ་ཡིན།། སེམས་ཉིད་དོན་གྱི་ཡིས་ལ།། ་སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་བྲལ་དང་ལས་རྣམ་པར་རོལ།། ཅི་ཙམ་སྤྱོད་ཞེས་དེ་ལ་བྱ།། ལུས་ངག་ཡིད་གསུམ་སྤྱད་པ་ནི།། ལུས་ཀྱི་ཕྱག་རྒྱ་རྩོལ་བ་མེད།། ཐ་མལ་ཆེན་པོ་དེ་བཞིན་ཉིད།། བག་ཡངས་སྤྱོད་པ་ལྷག་པར་བདེ།། འགྲོ་ཆགས་ཞལ་དང ་འོདོག་པ་རྣམས།། ཅི་སྤྱོད་དོན་ལས་མ་གཡོས་ཞིང་།། དོན་དམ་བདེ་བའི་རྩིས་ཟིན་ན།། སྤྲོད་པ་ཞེས་ནི་དེ་ལ་བྱ།། ངགིས་སྙིང་པོ་བཟླས་བརྗོད་མེད།། མ་བཅོས་གསུང་གི་སྤྱོད་པ་ལ།། དཔེར་ན་བིང་ཀའི་སྐད་བཞོན་དུ།། འགག་མེད་གྲག་སྟོང་སྐྱེ་མེད་གསུང ་གང་ལྟར་བྱས་ཡང་བདེ་བར་སྤྱོད།། འཆིང་གྲོལ་མེད་པའི་སྤྱོད་པའོ།། སེམས་ནི་འཕྲོ་འདུའི་ལས་མི་བྱེད།། རང་གསལ་ཀློང་ལ་ཡེ་གནས་པས།། དྲན་པསམ་རྒྱུ་བ་གང་ཡང་མེད།། སྤྲོས་མེད་ན་མཁའ་ལྟ་བུར་བདེ།། རང་གསལ་ཡིས་ཆེན་པོར་ཤར།། ་སྐྱེ་མེད་བློ་ལས་འདས་པར་སྤྱོད།། བློ་འདས་དགོངས་པ་ཁོང་ཆུད་ན།། ན་མཁའ་རྡོ་རྗེའི་སྤྱོད་པའོ།། ཕྱི་ནང་གསང་བ་ཁོ་ན་ཉིད།། ཕྱི་རྟོག་ནང་དུ་བསྡུ་བ་དང་།། ནད་སྟོག་གསང་བར་བསྟིམ་པ་དང་།། གསང་རྟོག་ཁོ་ན་ཉིད་དུ་གྲོལ།། གྲོལ་ནས་གྲོལ་བའི་ལམ ་ཡོད་སྟོན།། སྙིང་པོ་ཀྵིང་ནས་གྲོལ་བ་ལ།། མངོན་སུམ་རྗེས་དཔག་ལོག་པར་སྤྱོད།། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ།། སེང་གེ་གླང་ཆེན་འཐབ་པ་དེ།། ཝ་སྤྲེ་དག་གིས་སྐྱོ་མ་བཅུག། སྐམ་གཉིས་ཨེ་ལ་འཐུན་ཙམ་ན།། ཕྲ་མ་མཁན་དེ་སྦྱར་ལ་འབྱུང་ཞེས ་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས།། ཡེ་ཤེས་འབར་བའི་ལེའུ་སྟེ། བཅུ་གསུམ་པའོ།། ། དེ་ནས་ལྷ་ཡི་བུ་དེས།། གསང་བའི་བདག་པོ་ལ་འདི་སྐད་གསོལ།། སངྱས་ཀུན་གྱི་མཐར་ཐུག། ་པ། ཡི་ས་ས་ཅིག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གདོད་ནས་མ་སྐྱེས་དོན་གྱིས།། ཐོབ་སྒྲུབ་ཀུན་གྱི་ཡུལས་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ།། གོ་བའི་ཡུལ་ན་བགྲོད་དུ་མེད།། མ་བཅོས་ཡིས་བླ་མའིས།། སྦྱངས་པ ་མ་ཡིན་ཡེ་ནས་གྲུབ།། རང་བྱུང་རྣམ་དག་ཀུན་ཏུ་བཟང་།། དབྱེར་མེད་བདེ་བ་ཆེན་པོའི་སྐུ།། སྐུ་དང་མདོ་སྡེ་བླ་མངས།། ཉན་ཐོས་དགྲ་བཅོམ་པ་ཡིས།། རང་རྒྱལ་ཡིད་བཞིན་བདྲེ་བའི་ས།། ཀུན་ཏུ་འོད་དང་རྡོ་འཛིན།། སྟུག་པོ་བཀོད་པ་པདྨ་ཅན།། ཚིགས ་ཆེན་ཡི་གེ་འཁོར་ལོ་དང་།། ཀུན་བཟང་དབྱེ་བ་མེད་པའི་ས།། ས་རྣམས་སེམས་ལ་བགྲང་བ་ཡང་།། ཡས་གསང་བ་ཅིག་ལ་སྤྲས།། རྫོགས་པ་ཆེན་པོ་སཅིག་པོ།། གང་གིས་དེ་རྟགས་དྲིའི་ས།། རྟོཊ་པས་ལྷོན་དྲུག་དུ་བཤད།། བཀྲགས་ལ་གཟུན་གྱི་དཀྱིལ ་ལ་འོད་གསལ་རབ་བྱུང་ངོ་མཚར་ཆེ།། བརྗོད་བྲལ་སྒྱུའི་དཀྱིལ་ལ།། གྲག་སྟོང་རིག་པའི་འོད་ཟེར་ཤར།། རང་བཞིན་སྣ་ཚོགས་དྲི་དག་ལ།། ཡེས་གསང་བའི་རང་བྱུང་སེམས།། མུ་ཁ་རུ་ཡི་དཀྱིས་ལ།། བདུད་རྩི་ཐིག་པ་ལྕེ་ལ་ཞོག། གསལ་བུའི་རེག་བྱའི་བདེ་བ་ལ། ་གསང་རི་རྩེ་ནས་སྙིལ་བར་བྱ།། ཀུམ་འདུས་ཆོས་ཀྱི་དཀྱིལ་ལ།། རྒྱལ་པོ་བཅོམ་དུ་བཟུང་བར་བྱ།། དེ་ལྟར་ཚོགས་དྲུག་གྲོལ་བ་ཡིས།། ཤིང་རྟའི་གཟེར་མགོ་བཅད་པར་བྱ།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། ལེས་ས་ཚིག་གི་ལེའུ་སྟེ། ་བཅུ་བཞི་པའོ།། ། དེ་ནས་སྤྲུལ་པ་ལྷ་ཡེ་བུས།། གསང་བདག་རྡོ་རྗེ་འཛིན་པ་ལ།། མཐར་ཕྱིན་སྐུ་གསུཾ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། གསང་བའི་བདག་པོས་བཀའ་སྩལ་པ།། སྣང་བ་བཅོས་ཆོས་ཀྱི་སྐུ།། རིག་པ་མ་སྦྱངས་སྤྱོད་རྫོ། ་ཐུགས་རྗེ་སྤྲུལ་པའི་སྐུ་རུ་ཤར།། ཚེ་སྐུ་ན་མཁའི་ཁམས་ཁྱབ།། ཞིང་ཁམས་སྣང་སྲིད་ཐཾད་དང་།། དུས་གསུཾ་སདྱས་ཐཾད་དང་།། ཁམས་གསུཾ་སཾ་མ་ཐད་ཀུན།། ཚེ་སྐུ་མ་བཅོས་འཁོར་དུ་འདུས།། ཆོས་སྐུ་དངོས་མེད་ཡས་ཉིད།། བློ་ལས་གྲོལ་ཏེ་བསམ་དུ་མེད།། ་རྗོད་པའི་ཐེ་སྙད་ཀུན་དང་བྲལ།། མི་འགྱུར་རྡོ་རྗེ་ན་མཁའ་འདྲ།། ལྕོད་རང་ཇིག་ཡས་སྟེ།། གཟུགས་ཀྱི་སྐ་དུ་ཤར་བ་ནི།། མཚན་དང་དཔེ་བྱད་སྤྲས་པ་ལ།། སྣང་ལ་རང་བཞིན་མེད་པའི་ལུས།། མེ་ལོང་ནང་གི་གཟུགས་སྙན་བཞིན།། ཡས་སྒྱུ་མར་སྣང་བའོ།། ་ལོངས་སྤྱོད་རྔོཊ་པའི་ཞིང་ཁམས་ནི།། འདོད་པའི་ལོངས་སྤྱོད་ཐད་ལ།། སྤྱོད་ཀྱང་མ་ཚུགས་སྤྱོད་ཡིན།། དེ་བཞིན་མེ་ཏོག་རྒྱན་པའོ།། འཁོར་ནི་བྱུ་བ་ས་དཾའི་འཁོར།། ཚིག་དང་ཡི་གེ་མི་བརྗེད་ཡང་།། བརྡ་ཡི་ཆོས་རྣམྦ་འཇལ་བར་སྟོན།། ཏིང་འཛིན་རིག་པའི་གདེང་གིས ་གོཊ་ཐུགས་རྫས་ཡས་སྤྲུལ་པའི་སྐུ།། གདུལ་བྱ་གང་དང་གང་འདུལ་ལ།། དེ་དང་དེའི་སྐུ་སྤྲུལ་པ།། ཐུབ་དྲུག་ངོ་བོ་ཤཀྱ་ཐུབ།། ཞིང་ཁམས་སྟོང་གསུམ་མི་འབྱེད་པ།། གདུལ་བྱ་འགྲོ་བ་དྲུག་འདུལ་ཏེ།། འཁོར་ནི་རང་སྣང་རྣམ་བཞི་ལ།། བསྟན་པ་བདེ་སྣོད ་གསུམ་དུ་འཆད།། ཅེས་གསུངས་སོ།། གསལ་བ་མཐའ་དང་མཉམ་པ་ལས།། སྐུ་གསུམ་བསྟན་པའི་ལེ་རུ་སྟེ། བཅོ་ལྔ་པའོ།། ། དེ་ནས་སེམས་ལྷག་ལྷའི་བུས།། གསང་བདག་ཆེལ་འདི་སྐད་གསོལ། ་བཅོམ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ནས།། ཡེ་ཤེས་རོལ་པ་བཤད་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ།། ཡེ་ཤེས་གསང་བ་སྙིང་པོའི་དོན།། ཀུན་འདས་ཡིས་དག་པའི་འོད།། ཐུགས་རྗེ་ཡིས་ཕྱོགས་མེད་ཤར ་ཡེས་མེ་ལོང་གཡའ་དག་ལ།། མ་བཅོས་གཟུགས་བརྙན་རང་ཤར་བས།། གསལ་བགྲིབ་མེད་པར་ཟང་ཐལ་ནི།། མེ་ལོང་ལྟ་བུའི་ཡས་སོ།། སྣང་སྲིད་བྱང་ཆུབ་སེམ་སུ་གསལ།། རང་སར་མཉམ་པས་ཕྱོགས་བཅུར་བརྡལ།། འགྲོ་འོང་མེད་པས་དབྱིངས ་སུ་ཐིམ།། མཉམ་པ་ཉིད་ཀྱི་ཡས་སོ།། རང་གསལ་རིག་པའི་ཡེ་ཤེས་ཐུགས།། མ་འདྲེས་ཡོངས་རྫོགས་ཀུན་ཏུ་བཟང་།། སོ་སོར་མི་རྟོག་ཡེ་ཤེས་ཉིད།། མ་འདྲེས་གསལ་བའི་ཡིས་སོ།། མི་འདའ་ཕྱག་རྒྱ་ཆེན་པོ་ལ།། རང་བྱུང་མཛད་པ་ཅིར་ཡང་འཆར།། ་གདུལ་བྱའི་བྱ་བ་ཀུན་བསྒྲུབས་པས།། བྱ་བ་སྒྲུབ་པའི་ཡེ་ཤེས་སོ།། མ་བཅོས་དབྱིངས་ཀྱི་ཆོས་ཉིད་ནི།། འཛིན་རྟོགས་རིག་པའི་ཆོས་མེད་པས།། སེམས་ཀྱི་དཀྱིལ་འཁོར་འོད་གསལ་ཏེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། རང་ཀསལ་ཤེས་པ་མ་བཅོས ་བ་དེན་དེ་ཤེས་པས་ཡེ་ཤེས་ཡིན།། ཆོས་ཉིད་དཀར་དག་འོད་གསལ་སེམས།། དོན་དེ་རྟོགས་ན་ཡེ་ཤེས་ཡིན།། མ་འགག་རང་རིག་འགྱུར་མ་སེམས།། རང་བྱུང་ཡེ་ཤེས་ལྷུན་གྱི་གྲུབ།། དེ་དོན་རྟོགས་པའི་རྣལ་འབྱོར་པ།། ཡས་ཆེན་པོའི་ཀློང ་ན་འཕྱོ།། ཐིག་ལེ་དྲུག་འདུས་ཉག་ཅིག་ལ།། ཆེ་བ་ལྔ་དང་གདོད་ནས་ལྡན།། འདི་དོན་རྟོགས་ན་ཡེ་ཤེས་ཡིན།། རྟོགས་པའི་ཀློང་ཆེན་རབ་འབྱམས་ནི།། ཀློང་ཆེན་དགུའི་ཀློང་ན་འཕྱོར།། འདི་རུ་མ་འདུས་གང་ཡང་མེད།། ཀུམ་བྱེད་ཀུན་བཟང་བརྩོ ་པའི་སྐུ་སྐབས་སྦྱོར་ཡི་གེ་ཚུལ་ཅིག་ཀློང་།། འོད་གསལམ་ཡོང་རྒྱ་མཚོ་ཀློང་།། ཀློང་དགུ་འདས་པའི་རྒྱ་མཚོ་ཡས།། མ་རྟོགས་པ་ལ་ཚིག་སྒོ་ནས།། ཡས་གསང་བར་བཤད་དུ་གསོལ།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། ་ཡིས་ཀྱི་ལེའུ་སྟེ། བཅུ་དྲུག་པའོ།། ། དེ་ནས་སེམས་དག་ལྷའི་ཁུས།། གསང་བའི་བདག་པོ་བཅོམ་ལྡན་ལ།། ལུང་བསྟན་རྡོ་རྗེ་བཤད་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ།། ཉོན་ཅིག་ཀུན་དགའ་སྙིང་པོ་ཁྱོད།། ་ལེགས་པར་ཉོན་ལ་ཡིད་ལ་བཟུང་།། ཡིས་གསང་བ་དམ་པ་འདི།། འདས་པའི་དུས་ན་སྡོམ་བྱུང་བ།། སངས་རྒྱས་སྔོན་རྫོགས་རྒྱལ་པོ་ཡིས།། ཐུགས་ཀྱི་རྒྱལ་སྲས་བདུན་ལ་བཏང།། དེ་དག་རིག་པར་མཐར་ཕྱིན་ནས།། དེ་བཞིན་རྩོལ་བྲལ་ཆོས་ལ་བཀོད ་རྡོ་རྗེ་འཛིན་པའི་སྡེ་དཔོན་གྱིས།། སེམས་ཉིད་རིགས་པའི་ཐེག་པ་རྟོགས།། ལྷ་གནས་གསུམ་དུ་གྲགས་འགྱུར་ནས།། ཡང་སྤྲུལ་རྒྱལ་སྲས་ཁྱོད་ཀྱིས་སུ།། འཛམ་གླིང་དབུས་སུ་རྒྱས་པར་གྱིས།། རྒྱལ་འཐེབས་གསང་བའི་སྣོད་ལྡན་ལ།། རྣ་བརྒྱུད ་རིག་པ་གསང་བའི་རྒྱུད།། ཐུགས་རྗེས་སྤྲུལ་པའི་སྒོ་ནས་བསྟོན།། གསང་འཛིན་རིག་པའི་སྣོད་ལྡན་རྣམས།། མ་བཅོས་གསང་བའི་དོན་གོ་ནས།། རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར།། མཉམ་པའི་དོན་ལ་མཉམ་བཞག་ན།། དེ་མ་ཐག་ཏུ་རིག ་པ་འཆར།། གསང་བའི་སྣོད་ལྡན་རིགས་འཛིན་བཞི།། དུས་ཚིགས་ཕྱི་མར་འབྱུང་བར་འགྱུར།། བསྟན་པ་བཅུད་ཀྱི་མཛོད་འཛིན་ཅིང་།། རིགས་འཇིམས་ལ་གནས་པའོ།། རྫོགས་ཆེན་ཨ་ཏིའི་བསྟན་པ་འདི།། བསྒྲུབས་ཀྱང་ནུབ་པར་མི་འགྱུར་ཏེ།། ་དོན་ལ་འགྱུར་བ་མེད་པའི་ཕྱིར།། ནམ་མཁའ་བཞིན་དུ་འཇིགས་འདྲལ་མེད།། གདོད་ནས་ཆོས་ཉིད་སྤྲོས་དང་བྲལ།། གཞན་གྱིས་ནུབ་པར་མི་འགྱུར་ཏེ།། རྣ་བརྒྱུད་འཕྲུལ་ཚིག་མི་ལྡན་པར།། སྒྲ་བཞིན་སྤྱད་ནས་སྒྲུབ་དང་།། ལྟ་སྤྱོད་ལོག་པའི། ་ང་རྒྱལ་ཅན།། མ་བཅོས་རང་སྣང་རོལ་པ་དང་།། རྣམ་རྟོག་ཞེན་པའི་རྟགས་པ་དག། བྱེ་བྲག་མ་ཕྱད་རྨོངས་པའི་བློས།། བབ་ཅོལ་བསྲེས་ནས་ལོག་པར་སྨྲས།། རྒྱ་མཚོར་ལྷུང་གི་ཕ་བོང་བཞིན།། རྡོ་རྗེའི་ཁབ་ཏུ་ཧ་ར་ཧ་ན།། དེས་ན་ཐོས་བསམ་སྒོམ ་གསུམ་གྱིས།། གཏན་ལ་ཕོ་བ་ལ་ཉམ་སུ་ལོང་།། ཞེས་བཀའ་སྩལ་ཏོ།། གསལ་བ་མཐའ་དང་མཉམ་པ་ལས།། ལུང་བསྟན་རྡོ་རྗེའི་ལེའུ་སྟེ། བཅུ་བདུན་པའོ།། །། དེ་ནས་སེམས་དག་ལྷའི་བུས།། བརྡ་དང ་མཚན་གྱི་བཤད་པ་དེ།། བཅོམ་ལྡན་འདས་ལ་ཡང་ཞུས་པ།། གསང་བའི་བདག་པོས་ཡང་དག་བཤད།། ཨ་ནི་སྐྱེ་བ་མེད་པ་ལས།། ཏི་ནི་འགག་པ་མེད་པའི་བརྡ།། ཡོ་ག་རྫོགས་ཆེ་ན་ཆོས་ཀྱི་རྩི།། ཤིན་ཏུ་རྐྱོང་ལྕི་སྒྲ།། ལྷ་ཡི་བུ་ཁྱོད་འདི་ལྟ་སྟེ ་དགྲ་གཉེན་མེད་པར་གོམས་གྱུར་ན།། འདི་དང་བར་མ་དོ་ལ་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། སྤྲད་པ་གསུཾ་གྱི་གདམ་ངག་གིས།། རྡོ་རྗེ་ས་དེའི་ཁང་པ་བསྟན།། ཐིག་ལེ་ཁོང་དུ་གདམས་པ་ནི།། ཟག་མེད་ཡིས་བདེ་བར་སྟོན།། སྐུ་གསུང ་ཐུགས་ཕྲད་ཉམས་མྱོང་གིས།། ན་མཁའ་རྒྱ་མཚོ་ནོར་བུ་བསྟན།། དམིགས་པ་སྤོ་བའི་བསམ་གཏན་གྱིས།། ཤེས་པ་དྲིམས་པའི་བརྡ་ཡུབ་སྟན།། ཚོར་བ་རྗེས་མེད་སྒོམ་པ་ནི།། ཕྱོགས་མེད་ལོག་པའི་བརྡ་ཡིས་བསྟན།། དུས་ཚོད་བཞི་ཆའི་རིག་པ་ནི ་ཤེས་པ་ཟློག་པའི་བརྡ་ཡིས་བསྟན།། བཏང་སྙོམས་ཆེན་པོའི་གདམས་ངག་ནི།། མཁའ་གྲོ་རྒྱུད་ཀྱི་བརྡ་ཡིས་བསྟན།། གཡོ་མེད་བུ་མ་ཆུའི་གདམས་ངག་ནི།། ཐིག་ལེ་དབུས་གནས་ལག་བརྡས་བསྟན།། དྲན་པ་རྒྱུན་ཆགས་གདམས་ངག་ནི།། དགུ་བརྡམས། ་པཔ་ཡིས་གདམས་པས་བསྟན།། གཏི་མུག་ལ་མ་ཁྱེར་གདམས་ངག་ནི།། དྲན་པས་མེ་ལོང་བརྡ་ཡིས་བསྟན།། ཚོགས་དྲུག་རང་སཱར་གྲོལ་བ་ནི།། སྣ་ཚོགས་ཅི་རུང་བརྡ་ཡིས་བསྣུན།། དུག་ལྔ་རང་སར་གྲོལ་བ་ནི།། དངུལ་དཀར་མ་ལོང་བརྡ་ཡིས་བསྟན།། ་ང་སྒོ་དག་ལ་བརྟེན་པ་ནི།། རླུང་དང་འཁོར་ལོ་བརྡ་ཡིས་བསྟན།། འོག་སྒོ་དག་ལ་བརྟན་པ་ནི།། བོ་ལ་ཀ་ཀོ་ལ་ཡིས་བསྟན།། དཀྱོར་དྲུག་གི་གདམས་དག་ནི།། སྤྱོད་ཡུལ་དྲག་གི་བརྡ་ཡས་བསྟན།། སྐྱེས་པ་སྐྱེ་མེད་གདམས་ངག་ནི།། ཕྱག་རྒྱ་བསྐྲང་པའི ་བརྡ་ཡིས་བསྟན།། འགག་མདོ་རོལ་པའི་གདམས་ངག་ནི།། རྡོ་རྗེ་གདན་གྱི་བརྡ་ཡིས་བསྟན།། གཉི་སུ་མེད་པའི་གདམས་ངག་ནི།། ཡི་གེ་ཨ་ཡི་བརྡ་ཡིས་བསྟན།། བརྡ་སྤྲད་བརྡ་ནི་བུ་པ་དང་།། བརྡ་བྲལ་ཀློང་དུ་བཞག་པར་བྱ།། ཀུན་དགའ་སྙིང ་པོ་འདི་ལྟར་ཏེ།། མཚན་དོན་མིང་དེ་བརྒྱད་དུ་བཟུང་།། མ་བཅོས་ལྷུན་གྲུབ་ཟབ་མོའི་ཕྱིར།། མ་བཅོས་ཡེ་ཤེས་གསང་བའི་རྒྱུད།། ཉོན་མོངས་ཞེན་པའི་ཕྲེང་ཐག་གཅོད།། དེ་ཕྱིར་ཡས་རྫོགས་པའི་རྒྱུད།། ཀུམ་ཏུ་བཟང་པོ་རིག་པའི་ཐུགས། ་ཡིས་འོད་ཀྱི་རྒྱུད་ཅེས་བྱ།། ཀུན་འདུས་མཉམ་པ་ཆེན་པོ་ཡིས།། རྒྱ་མཚོ་ལྟར་མཉམ་རྙོག་མེད་རྒྱུད།། ཆོས་རྣམས་གསལ་བའི་ཡིས་སྒྲོན།། ཉི་ཟླ་ལྟ་བུར་དྲི་མེད་རྒྱུད།། འདི་ལ་མཐའ་དབུས་མེད་པས་ནི།། ན་མཁའ་མཐའ་དང་མཉཾ་བཱི་རྒྱུད།། ་བདེ་ཆེན་མཛེས་པའི་བརྒྱན་བྱེད་པས།། སྐྱེ་མེད་རིན་ཆེན་ལྟ་བུའི་རྒྱུད།། གསང་བ་ཀུན་འདུས་རིཊ་པའི་གཏེར།། གསལ་བའི་རྒྱུད་འདི་ཕྱི་མར་བཤད།། ཨེ་མ་ཡིས་གསང་བ་འདི།། ཐེག་པ་ཀུན་གྱི་ཡང་རྩེ་དང་།། དགོངས་པ ་ཀུན་གྱི་ཞེ་ཕུགས་ཡིན།། ལུང་རྣམས་ཀུན་གྱི་རྒྱལ་པོ་ལ།། གསུངས་རབས་ཀུན་གྱི་ངས་དོན་ནོ།། རྒྱུད་ཀུན་མ་ལུས་དོན་འབྲེལ་ཏེ།། བསྟན་པ་ཡོངས་ཀྱི་སྙིང་པོ་ཡིན།། ཆོས་རྣམས་ཀུན་གྱི་མཐར་ཐུག་གོ། གུ་ལང་ལུང་གི་གསེར་གཟོ་རུ།། ་སེང་གེ་འོ་མ་བླུག་པ་བཞིན།། བཀའ་ཡིས་བཅུད་བསྡུས་གསང་བ་འདི།། སྣོད་ལྡན་ངང་ཚུལ་བཟང་ལ་གཏད།། ལྷ་ཡི་བུའི་སེཾ་ས་ལ་ཞོག། ཐུཊ་རྗེས་འོད་ཟེར་ཕྱོགས་བཅུར་སྤྲོས།། སྣོད་མིན་དམ་ཚིག་མི་ལྡན་པ།། གྲིབ་བཞིན་འཁོར་ཡང ་གསང་བར་བྱ།། ཆུ་སྲིན་པིར་གྱི་གྲེ་བ་བཞིན།། ཡཾས་གསང་བ་བསྟན་མི་བྱ།། ཡིས་གསང་བ་ཟབ་མོའི་རྒྱུད།། གསལ་བར་བཀྲོལ་བའི་དོན་འབྲེལ་འདི།། དེ་བ་བཟང་སྐྱོང་བུ་ལ་གཏད།། གནས་ནི་བྲག་དང་ཚུ་ལ་བཞག། ཅེས་གསུངས་སོ།། ་གསལ་བ་མཐའ་དང་མཉམ་པ་ལས།། བརྡ་དང་མཚན་གྱི་སྒོ་ནས་བསྟན་པ་སྟེ། བཅོ་བརྒྱད་པའོ།། ། གསང་བ་བསལ་བ་མཐའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ ་རྫོགས་སྷོ།། ་