CLOSE WINDOW

Gbr002.9: 'khor ba rtsad nas gcod pa gtan tshig 'khor lo'i mang ngag
Wyliee-texts produced with BDRC’s OCR application

བཤད། ཨེ་མ་ངེས་པའི་དོན་ལ་གུད།། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པའི་རྫོགས་སོ།། མྱུགར་གྱི་མཁན་པོ་ཤྲི་སིབ་དང་། བོད་ཀྱི་ལོ་ཆོ་བ་ལི་ར་ཙ་ནས་བསྒྱུར་བའོ།། ་ཨ་ཧཾཿརྒྱ་རྒྱནྱ། རྒྱ་ནྱ་རྒྱ། ཤུ་བྷཽ།། ། རྒྱ་གར་སྐད་དུ། སཽ་ས་ར་མ་ལ་ཚེ་དྷ་ཧེ་དུ་ཙཀྲ་དྷེ་ཤ། བོད་སྐད་དུ། འཁོར་བ་རྩད་ནས་གཅོད་པ་གཏན་ཚིག་འཁོར་ལོའི་མང་ངག། འཇམ་དཔལ་ལ་ཕྱག་འཚལ་ལོ།། ཨ་ཏི་ཡོ་གི་མ་སྐྱེས ་ཨ། ཀུན་གཞི་ཀུན་གྱི་གཞི་ཡིན་ལ།། རྣམ་པར་བྱང་བའི་གཞི་མ་ཡིན།། གཉིས་མེད་གཉིས་སུ་མེད་པའི་ཕྱིར།། ཨ་མ་ཙཱ་རྒྱ།། ། དེ་ཉིད་བཟོད་ནས་སྐྱེ་བ་མེད།། རང་བཞིན་རྣམ་པར་དག་པའི་ཕྱིར།། དེ་ཉིད་འཁོར་འདས ་ཡོངས་ལ་ཁྱབ།། མཚན་ཉིད་དབྱེ་བསལ་མེད་པའི་ཕྱིར།། དེ་ཉིད་མ་རྟོགས་ཁམས་གསུམ་འཁོར།། རོལ་པ་འགག་པ་མེད་པའི་ཕྱིར།། དེ་ཉིད་རྟོགས་ན་རྫོགས་སངས་རྒྱས།། བློ་རྟོག་ཆོས་ཉིད་གྲོལ་བའི་ཕྱིར།། ཎ་ཀཱ་ར་ཏིཥྛ།། ། ་ལྟ་བ་རང་བཞིན་རྣམ་པར་དག། སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར།། བསྒོམ་པ་དབྱེར་མེད་ཆེན་པོ་ཆེ།། གཉིས་མེད་རྫོང་ལ་གནས་པའི་ཕྱིར།། སྤྱོད་པ་འགག་པ་མེད་པར་རོལ།། རྒྱ་ཆང་ཕྱོགས་ལྷུང་མེད་པའི་ཕྱིར།། འབྲས ་བུ་བློ་རྟོག་ཆོས་ཉིད་གྲོལ།། ཀུན་བཞི་མ་ལ་ཐིམ་པའི་ཕྱིར།། ཨ་ནུ་དྷོ་ཕ་ལམ།། སེམས་སུ་ཤར་བ་སྤྲུལ་པའི་སྐུ།། རོལ་པ་འགག་པ་མེད་པའི་ཕྱིར།། དེ་ཉིད་སྟོང་པ་ཆོས་ཀྱི་སྐུ།། རང་བཞིན་རྣམ་པར་དག་པའི་ཕྱིར།། གཉིས ་སུ་མེད་པ་ལོངས་སྤྱོད་སྐུ།། མཚན་ཉིད་དབྱེར་མེད་ཆེན་པོའི་ཕྱིར།། སྐུ་གསུམ་རྫོགས་པས་ཐིག་ལེར་གཅིག། བློ་རྟོག་ཆོས་ཉིད་གྲོལ་བའི་ཕྱིར།། ན་བྷི་ལ་བྷ་བི་བ།། །། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དུས་གསུམ་དུས ་མེད་རྟོགས་པའི་ཕྱིར།། རྟག་པ་དོན་བྱེད་དག་གིས་སྟོང་།། རིམས་དང་ཅིག་ཅར་གནོད་པའི་ཕྱིར།། ཆད་པ་གཉིས་འཛིན་ཤེས་པར་ཡོད།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར།། སློབ་མ་བསེ་རུ་རྒྱལ་སྲས་དག། སློང་འགེགས ་སྐྱོང་བས་སྒྲིབ་པའི་ཆོས།། སྒྱུར་དང་སྤྱོད་ལྔ་ཕྱི་ནང་ནི།། རྩོལ་བས་ཟིན་པས་གོལ་བའི་ལམ།། ཨ་ཏི་ཡོ་ག་བྱ་བརྩལ་བྲལ།། གཏན་ཚིག་དྲུག་སྐོར་མུ་བཞིའི་བཅུད།། ཡང་གི་མདུང་སྐོར་བརྡའ་དང་འབྲེལ།། ཏོག་གེའི་སྤྱོད ་ཡུལ་མ་ཡིན་ནོ།། དྷོ་ཧ་བཛྲ་གཽ་ཏ་མ་ཀོ་ལླ་ཨཾ་ཧོཿ།། ། སྐུ་གསུམ་སྟོན་པ་ནས་བརྒྱུད་པའི།། ཤེས་བྱ་བཞི་སྐོར་གདམ་ངག་འདི།། བློ་རབ་འགའི་སྤྱོད་ཡུལ་ལས།། བློ་སྨན་རྣམས་ཀྱི་དུག་དུ་འགྱུར།། འཁོར་བ་བརྩད ་ནས་སྤྱོད་པ་གཏན་ཚིག་འཁོར་ལོའི་མ་མངག། སློབ་དཔོན་ཤྲི་སིང་ངས་མཛད་པ་རྫོགས་སོ།། @#།། རྒྱ་གར་སྐད་དུ། སཾ་སར་མུ་ལ་མཽ་དྷ་བྷི་མ་ལ་ཨ་མྲྀ་ཏ་དྷྭེ་ཤ། བོད་སྐད་དུ། འཁོར་བ་བཅད་ནས་གཅོད་པ ་བདུད་རྩི་དྲི་མེད་ཀྱི་མན་ངག། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཨ་ཏི་ཡོ་ག་མ་སྐྱེས་ཨ།། རིས་མེད་ཀུན་གྱི་དངོས་གཞི་འདི།། དེ་དོན་མ་རྟོགས་ཁམས་གསུམ་འཁོར།། དེ་ཕྱིར་འཁོར་བ་བརྩད་གཅོད་བསྟན།། ཏིཥྛ་ཨ་རོ་མུ་ཁམ ་