CLOSE WINDOW

Gbr002.7: ye shes 'bar ba chos kyi dbyings
Wyliee-texts produced with BDRC’s OCR application

གསལ་བ་ཆོས་ཀྱི་དཔྱོངས།། རྡོ་རྗེ་སེམས་དཔས་གསུངས་པ་རྫོགསོ།། ། @#།། རྒྱ་གར་སྐད་དུ། ཛྙཱ་ན་ཛ་ལ་ཡེ་དྷརྨཱ། བོད་སྐད་དུ། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལ་ལོ།། སྐྱེ་མེད་སྤྲོས་དང་བྲལ་བའི་སྐབས།། གདོད་ནས་གཉིས་མེད་སྙིང་པོ་ཨ།། བླང་དོར་རྟོག་པ་ཀུན་དང་བྲལ།། སྐྱེ་མེད་དོན་དམ་ཆོས་ཉིད་ཀློང་།། སྤྱོད་པའི་དམ་པ་ཁོ་ནའོ།། འགྲོ་འཆག་ཉལ་དང་འདུག་པ་རྣམས།། ་སྤྱོད་དོན་ལས་མི་གཡོས་ཤིང་།། དོན་དམ་བདེ་བའི་རྩིས་ཟིན་ན།། སྤྱོད་པ་ཞེས་ནི་དེ་ལ་བྱ།། ཕྱི་ནང་གསང་བ་ཁོ་ན་ཉིད།། ཕྱི་རྟོགས་ནང་དུ་བསྡུ་བ་དང་།། ནང་རྟོགས་གསང་བར་བསྟིམ་པ་སྟེ།། གསང་རྟོགས་ཁོ་ན་ཉིད་དུ་གྲོག ་སྒོ་གསུམ་ཡེ་ཤེས་རོལ་པའི་སྐབས།། ལུས་ངག་ཡིད་གསུམ་སྤྱོད་པ་ནི།། ལུས་ནི་འབྱུང་ལྔ་འདུས་པའི་ལུས།། སྐུ་ལྔ་ཡེ་ཤེས་རོལ་པ་ཡིས།། རྟོག་མེད་རྟུལ་ཤུགས་ཆེན་པོ་སྤྱོད།། ཉམ་པ་མེད་པའི་སེང་གེ་བཞིན།། འབར་བ ་ཆེན་པོ་སྤྲུལ་པའི་སྐུ།། འགག་མེད་རོལ་པ་ཅིར་ཡང་སྣང་།། སྣང་བ་རང་རིག་གཉིས་མེད་རྫོགས།། ངག་གིས་སྔགས་དང་སྒྲ་དབྱངས་སྒྲགས།། འཇིག་རྟེན་འཆལ་ཚིག་སྨྲ་མི་བྱ།། དཔེར་ན་བི་མ་དའི་སྐད་བཞིན་དུ།། ་འགག་མེད་གྲག་སྟོང་རྫོགས་པའི་སྐུ།། སེམས་ནི་ཡི་ནས་རྣམ་པར་དག། ཉོན་མོངས་ལྔའི་སྐྱོན་དང་བྲལ།། ཨེ་མ་རང་ལ་གནས་བཞིན་དུ།། སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ།། གཉིས་མེད་དོམ་དམ་མཆོག་གི་སྐབས།། སྨྱོ ་བྱེད་བྲལ་བའི་ཡེ་ཤེས་ལ།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་སྤྱད་དུ་ག་ལ་ཡོད།། ཅི་སྟེ་དགག་བསྒྲུབ་མེད་པ་ལ།། རྩལ་སྦུགས་སྨོན་ཆགས་ཡུལ་ལས་འདས།། ཟབ་མོ་བདུད་རྩི་ཚིག་གསུམ་བསྐབས།། དགེ་སྡིག ་རྫོགས་པའི་ཚོགས་ཆེན་པོ།། རྟོགས་ལྡན་འགའི་སྤྱོད་ཡུལ་ཡིན།། བླུན་པོ་རྣམས་ནི་སྐྲག་པར་འགྱུར།། དཔེར་ན་དུག་གི་རང་བཞིན་ལ།། རྨ་བྱ་དག་ལ་རྒྱན་གྱིས་མཛེས།། གཞན་རྣམས་ལ་ནི་དུག་གིས་འཇིགས།། སངས་རྒྱས་དགོངས་པ ་ཉིད་ཀྱི་སྐབས།། ཐམས་ཅད་རྫོགས་པའི་ཆོས་ཆེན་པོ།། སྐྱེ་འགག་མེད་པར་ལྷུན་གྱིས་གྲུབ།། ཁྱབ་བདལ་མ་བཅོས་ཡེ་སངས་རྒྱས།། མཐའ་བྲལ་གཉིས་མེད་ཁོ་ནའོ།། དོན་འདི་ངེས་པར་རྟོགས་ན་ནི།། རྒྱལ་བ་ཉིད་དང་མཉམ་པ་ཡིན།། ་བྱ་བ་རྩལ་ཐམས་ཅད་བྲལ་བའི་སྐབས།། སེམས་ཉིད་དོན་གྱི་ཡེ་ཤེས་ལ།། སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་བྲལ་དང་ལ་རྣམ་པར་རོལ།། མིང་ཙམ་སྤྱོད་ཞེས་དེ་ལ་བྱ།། རྟོགས་ལྡན་རྣལ་འབྱོར་མཆོག་གི་སྐབས།། འབར་བ ་ཆེན་པོའི་སྤྱོད་པ་ནི།། ཅིར་སྣང་བྱང་ཆུབ་སེམས་སུ་སྤྱད།། སེམས་ཉིད་ཆོས་ཀྱི་སྐུ་རུ་སྤྱད།། སྐུ་ཉིད་སྤྱད་བྱ་སྤྱོད་བྱེད་བྲལ།། བྱ་བྲལ་དང་ལ་རྣམ་པར་གནས།། སྐྱེ་མེད་དོན་གྱི་རྣལ་འབྱོར་རོ།། ཐུགས་རྗེ་རོལ་པ་གདམ་པའི་སྐབས།། ཡེ་ཤེས ་འབར་བ་རྣལ་མའི་ཆོས།། ཡང་དག་དོན་ལ་མི་སྤྱོད་པར།། ཚིག་ལ་ཞེན་ཅིང་གྲགས་ཕྱིར་སློབ།། ང་ཁེངས་སྨྲ་ཞིང་དོན་མ་རྟོགས།། ཤེས་ཚུལ་འཆོས་པའི་ཁོང་ཐོག་ཅན།། རང་གིས་རངབ་བསླུས་སྙིང་རེ་རྗེ།། དེ་བས་སྙིང་པོའི་དོན་ལ་སྤྱོད།། ་ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པ་རྫོགས་སོ།། #།། རྒྱ་གར་སྐད་དུ། ཛྙཱ་ན་བྷཱརྨ་ཨེ་དྷརྨ། བོད་སྐད་དུ། ཡེ་ཤེས་ས་གཅིག་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ ་