CLOSE WINDOW

Gbr002.6: ye shes gsal ba chos kyi dbyings
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཛྙཱ་ན་པྲ་ཀ་ས་ཨེ་དྷརྨ། བོད་སྐད་དུ། ཡེ་ཤེས་གསལ་བ་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་མེད་དོན་དམ་གསལ་བའི་སྐབས།། གདོད་ནས་གསལ་བའི་སྙིང་པོ་ཨ།། བྱིང་དགོད ་གཉིས་ཀྱི་སྐྱོན་དང་བྲལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། འདི་ནི་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡེངས་རང་སར་གྲོལ།། དྲན་པརང་གྲོལ་དོན་དམ་དབྱིངས།། སོ་མ་ལྷུག་པ་གྱི་ན་དྷཱ་ཙམ།། མིང་ཙམ་བསྒོམ་ཞེས་དེ་ལ་བྱ།། ་དྲམ་རིག་ཤེས་པ་མ་འགགས་ལ།། འཛིན་རིག་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་དང་།། དུས་བཞི་མཉམ་པར་སྦྱོར་བའི་སྐབས།། སྲོང་ལ་དྲན་པའི་གཟུངས་ཐག་ཟུག ་ནམ་ཕྱེད་ཤེས་བྱ་བུམ་པར་གཞུག། ཟོ་རངས་དབང་པོ་རང་ཡན་གཞག། ཉིན་ཕྱེད་མཚན་མའང་སར་གྲོལ།། དུས་བཞི་དོན་དམ་སྙིང་པོ་ལ།། དྲན་པ་ཤེས་བཞིན་རྩི་ཡིས་གཟུང་།། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡེངས་དྲན ་པས་རང་སར་གྲོལ།། གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། གསེར་གླིང་བདལ་བའི་ཀློབ་ཆེན་བཞིན།། གང་བལྟས་རྫོགས་པ་ཆེན་པོའི་ཀློང་།། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོལ་བསྒྲུབ ་མེད་པར་རང་སར་གྲོལ།། བྱིང་དགོད་སྐྱོན་རྣམས་སེལ་བའི་སྐབས།། གྲོལ་བ་ཉིད་ལ་གྲོལ་བར་ཤེས།། དཔེར་ན་གསེར་ལ་གསེར་མཐོང་བཞིན།། ཇི་བཞིན་མ་ནོར་གཞག་ཐབས་ལ།། མ་གོམས་ངལ་དུབ་ཐུན་ཆེས་པས།། བྱིང་རྨུགས ་རབ་ཏུ་ཐིབས་པ་དང་།། ལྕི་ཞིང་དོན་རྣམས་མ་གསལ་ཏེ།། སྒོ་ལྔ་ཡུལ་ལ་འཕྲོ་བ་དང་།། ཡིད་འཁྲུལ་དྲན་རྟོག་བག་ཆགས་ལྗང་།། རྣམ་རྟོག་ཀུན་བུར་འཛགས་པ་རྣམས།། བྱིང་དགོད་སྐྱོན་དུ་གཏང་མི་བྱ།། བྱིང་བའི་སྐྱོན་རྣམས་གསེ། ་བ་ནི། ས་མཐོ་སེར་བུ་བསིལ་བའི་སར།། ཁྲུས་བྱ་ལུས་བཅག་རྒྱང་མིག་བལྟ།། གླུ་བླང་གར་བྱ་སྒྲ་རྣམས་བསྒྲགས།། རྒོད་པ་རྣམས་ཀྱི་བསྡུ་བ་ནི།། གཏད་དང་གཟུང་དང་རང་སར་གྲོལ།། རང་འབྱུང་རང་ཞི་ན་མཁའི་དཔེའ།། ལྟ་བ་དྲ ་པས་མཐའ་བྲལ་དང་།། ཉམས་མྱོང་རྒྱུན་ཆད་མེད་པའི་སྐབས།། དེ་ཚེ་ཉམས་ནི་གཡོ་དང་གོམས།། ཐོབ་དང་བསྟན་པའི་ཉམས་བཞི་སྐྱེ།། ནམ་མཁའ་དངས་པའི་ཟླ་བ་བཞིན།། ཀུན་ལ་སྙོམས་ལ་རྟོག་སྒྲིབ་མེད།། ཁ་སྐོམ་ཟས་དང་བྲལ ་བྱས་ཀྱང་།། མདངས་དང་དབང་པོ་གཏིང་ནས་གསལ།། བཟོད་ཐོབ་ཆོས་བརྒྱད་སྤོང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ་པར་གྲོལ།། ཉོན་མོངས་ཞེར་འཛིན་རྟོགས་པ་ཟད།། ལུས་ཡང་ཤིང་བལ་དབུགས་མི་ཚོར།། རྟགས་མཚམ་དུ ་བྱུང་དགའ་བྲོང་མེད།། མེད་ཀྱང་དེ་ལ་དྲི་མི་སེམས།། གཉིས་སུ་མེད་པའི་དོན་ཆེན་འདི།། གསལ་ཁྱབ་ཡངས་པས་ན་མཁའི་ཀློང་།། ཁྱུང་ཆེན་ན་མཁར་ལྡིང་བ་བཞིན།། སྤྲོ་བསྡུ་མེད་པར་ཡེ་སངས་རྒྱས།། ལྟ་བ་རྫོབ་ཆེ་མདྲུག། ་གི་སྐབས། ཀུན་གཞི་སྐྱེ་མེད་སྙིང་པོ་ལ།། འཁྲུལ་དང་མ་འཁྲུལ་རྟོག་ལས་འདས།། རྟོག་འདས་དོན་གྱི་སྙིང་པོ་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། བསྒོམ་པ་མིང་དུ་བཏགས་པས་ནོར།། ཅི་ཕྱིར་བརྗོད་པ་ཀུན་དང་བྲལ།། རྣམ་རྟོག་གཉེན་པོར ་མི་རྟོག་བསྒོམ།། དེ་ཉིད་རྟོག་པ་ཆེན་པོ་ཡིན།། རྟོག་པའི་མཚན་མ་ཅི་སྐྱེས་ཀྱང་།། དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། དུག་ལ་སྨན་དུ་ཤེས་པ་བཞིན།། ཆོས་སྐུ་གཞན་ནས་བཙལ་མི་དགོས།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཙལ་བཞག ་ན་བསྒོམ་པ་ཡིན།། དེ་དང་དེར་ནི་རྣམ་བཙལ་ཀྱང་།། དེ་ལས་དེ་བཞིན་དེ་མི་འབྱུང་།། གཉིས་མེད་བདེ་བ་ཆེན་པོའི་སྐབས།། གསལ་བ་རྟོག་མེད་ཏིང་འཛིན་ལ།། བསྒོམ་བྱ་བློའི་རྟོག་པ་ཡིན།། བསྒོམ་མེད་སྐུར་འདེབས་ལྟ་བ་སྟེ།། བསྒོམ་བྱ་བ་སྒོ ་བྱེད་གཉིས་མེད་དང་།། དེ་ཕྱིར་གཉིས་མེད་བདེ་ཆེན་ལ།། རྟག་ཆད་གཟུང་འཛིན་གཉིས་སུ་མེད།། ཀུན་རྫོབ་དོན་དམ་གཉིས་སུ་མེད།། བླང་དོར་སྤྱོད་འབད་གཉིས་སུ་མེད།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། ཐམས་ཅད་གཉིས་སུ་མེད།། ་པའི་གྲོང་།། གཉིས་སུ་མེད་པར་ཐད་རྫོགས།། རྒྱ་ཆང་ཕྱོགས་ལྟུང་མེད་པའི་རྫོང་།། ལྷུན་གྲུབ་ཡིས་རང་ཤར་སྐབས།། འགྱུར་བ་མ་ཡིན་དྲང་པོར་གསལ།། སྙུན་གྱིས་གནས་པས་བདེ་བ་ཆེ།། རང་འབྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ།། རང་གི་མཐུ ་ཡིས་རིག་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། ཚིག་ཙམ་གཞན་ལ་རྟེན་འདྲ་ཡང་།། དངོས་སུ་བདེ་ཆེན་རང་ལ་ཤར།། ཐུགས་རྗེ་གསང་བ་གདམ་པའི་སྐབས།། བདེ་ཆེན་རང་ཤར་ཏིང་འཛིན་འདི།། རྐུན་པོའི་ནོར་བཞིན་གསང་བར་བྱ།། ་འདོད་པ་མ་བྲེལ་བར་ནི།། ཁ་འཇམ་སྲིགཉུ་དོ་སྟོད་ཟེར།། འདོད་པའི་དོན་དེ་ཕྲལ་ནས་སུ།། རྒྱབ་ཀྱིས་ཕྱོགས་ནས་སློབ་དཔོན་གསང།། རང་གི་ངོ་བོ་སྨྲ་བྱེད་པ།། ཆག་པ་མོའི་འདུ་ཤེས་སྐྱེ།། དེ་འདྲའི་དོན་དུ་གསང་བར་བྱ།། ཡེ་ཤེས ་གསལ་བ་ཆོས་ཀྱི་དཔྱོངས།། རྡོ་རྗེ་སེམས་དཔས་གསུངས་པ་རྫོགསོ།། ། @#།། རྒྱ་གར་སྐད་དུ། ཛྙཱ་ན་ཛ་ལ་ཡེ་དྷརྨཱ། བོད་སྐད་དུ། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་