CLOSE WINDOW

Gbr002.4: chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa rin po che dang mnyam pa skye ba med pa'i rgyud
Wyliee-texts produced with BDRC’s OCR application

པ་རྫོགས་སྷོ།། ། རྒྱ་གར་གྱི་མཁས་པ་ཤྲི་སིང་ང་དང་།། བོད་ཀྱི་ལོ་ཙ་བ་བཽ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སན་ཏི་ཁོ་དེ་ཙི་ཏ་སཾ་ས་ར་མུ་ལ་ཚེ་དྷ་མ་ཧཱ་ར་ད་ན་ས་མན་ཏ་ཨ་ནུད་པ་ཏོ་ཏན་ཏྲ། ་བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད།། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ།། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།། རིགས་ལྔའི་སངས་རྒྱས་ལ་སྩོགས་པ།། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་སངས་རྒྱས་རྡོ་རྗེ་སེམས་དཔས། གཉིས་མེད་མཆོག ་གི་མཆོད་པ་ཕུལ་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཞུས་པའོ།། ཨེ་མའོ་བཅོམ་ལྡན་ཀུན་ཏུ་བཟང་།། རང་སྣང་རིག་པའི་ཡེ་ཤེས་ལ།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། འདིའི་མཚན་ཉིད་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ ་སྩསྤྲུསྩལ་པ།། རང་རིག་བློའི་སྣང་བ་ལས།། སྣང་ཚུལ་བཅུ་བདུན་སྣང་བ་འདི།། འདིའི་མཚན་ཉིད་བློ་བུར་བ།། རྒྱུ་རྐྱེན་དབང་གིས་སྣང་བ་ཡིན།། དཔེར་དག་བུ་ར་སྨན་དུག་ཚུལ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཨེ་མ་བཅོམ་ལྡན་ཀུན ་རིག་ལགས།། འཁོར་བར་འཁྲུལ་པའི་སྡུང་བ་འདི།། རྩད་ནས་གཅད་ན་ཇི་ལྟར་གཅད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁམས་གསུམ་འཁོར་བའི་འཁྲུལ་སྣང་འདི།། རྨད་འབྱུང་བ་དེ་འབྱམ་ན་མཁའ་ཉིད།། རྗེ་བཙན་རྩེ་མོ ་ཀུན་འདུས་ལ།། སྲོག་དང་མྱུ་གུ་རིན་པོ་ཆེ།། བདེ་བ་སྤྱི་གཅོད་སེམས་ཀྱི་ཏིག། རིན་ཆེན་ལྟ་བུའི་སྒྲོན་མ་ཡིས།། འཁོར་བརྩད་ནས་གཅད་པར་བྱ།། དེ་སྐད་གསུངས་པའི་ཚིག་རྗེས་ལ།། སེམས་དཔའ་རྡོ་རྗེས་ཡང་ཞུས་པ། ཀྱེ་མ ་བཅོམ་ལྡན་བདེབ་གཤེགས་ཡབ།། འཁོར་བ་རྩད་ནས་གཅད་པའི་ཕྱིར།། རྨད་འབྱུང་བཅུ་གསུཾ་རིན་པོ་ཆེ།། ཡང་དག་རྒྱས་པར་བཤད་དུ་གསོལ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ་དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ང་ནི་རྨད་འབྱུང་རིན་ཆེན་མཛོད།། སྐྱེ་མེད་དང་ལས་ཐམས་ཅད་འབྱུང་།། ང་མེད་པའི་སྔོན་རོལ་ན།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། གཟུགས་ནས་ཐམས ་ཅད་མཁྱེམ་པའི་བར།། ཐམས་ཅད་ང་ལས་བྱུང་པ་ཡིན།། འཇམ་དཔལ་ཡེ་ཤེས་རྡོ་རྗེའི་སྐུ།། ཉོན་མོངས་དྲུག་པོར་རྣམ་པར་སྒོ།། པདྨ་དཀར་པོ་དྲི་མ་མེད།། འདི་དོན་རྟོགས་པ་སེམས་ཀྱི་དབང་།། ཡང་དག་གྲུབ་པ་ཐིག་ལེར་གཅིག ་འདི་ནི་རྣལ་འབྱོར་བདེ་བའི་མཆོག། གདོད་ནས་དྲི་མེད་བདུད་རྩི་ཆེ་ཀ། སྡུག་བསྔལ་ནད་ཀྱི་ཟུག་རྔུ་འཇིལ།། རྨད་འབྱུང་རྡོ་རྗེས་ཞེ་སྡང་འཇོམས།། ཡེ་ཤེས་ཕུར་བུས་བདུད་བཞི་བསྒྲལ།། ཐ~ཾད་ཡུཾ་གྱི་བ་གའི་ཀློང་།། ང་ལས་བྱུང་ཞིང་ང ་རུ་ཞི། ང་ནི་སྲིད་ལས་སྐྱོབ་པའི་སྔགས།། ང་ཉིད་ལས་སུ་རུང་བས་ན།། འཇིག་རྟེམ་གསུམ་ཡང་ང་རུ་རྫོགས།། གཙུག་གཏོར་ཆེན་པོ་རྨད་འབྱུང་གཙུག། ཐེག་པ་སྣ་ཚོགས་སྟོན་པ་པོ།། བདེན་པ་བཞི་ནི་སྟོན་པ་ལ།། ཡན་ལག ་བཅུ་གཉིས་སྲིད་རྩར་སྟོན།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས།། གསུམ་རིག་རྩང་མ་དག་པ་སྟེ།། དེ་ཉིད་རྣམ་པ་བཞིའི་ཚུལ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། བཅུ་དྲུག་ཕྱེད ་ཕྱེད་ཐིག་ལེ་ཅན།། ཆོས་དབྱིངས་དམ་པ་ཟད་མི་ཤེས།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། རྨད་འབྱུང་རྡོ་རྗེ་འདི་རྟོགས་ན།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་ནི།། རྡོ་རྗེ་གདན་ལ་ཡང་སངས་རྒྱས།། ངོ་མཚར་རྨད་འབྱུང་ཀུན་གྱི་གཙུག། ་སྐུ་ལྔ་ཡེ་ཤེས་ཐིག་ལེའི་རྫོང་།། རྨད་འབྱུང་ཐུག་རྗེས་འགྲོ་དོན་རྫོགས།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ ་པ། གཉིས་སུ་མེད་ལས་བདེ་བ་ཆེ།། དབྱིངས་སུ་ཐིམ་པས་ཀུན་ལ་བྱམས།། འབྲས་བུ་མེད་པས་བདེ་བའི་སྐུ།། ངང་དུ་གྲོལ་བས་བདེ་བའི་ཀློང་།། མི་དམིགས་རྫོགས་ཆེན་འཁོར་བ་སྒྲོལ།། སྐྱེ་འགག་མེད་པས་གདོད་ནས་དག ་དོན་ལ་མ་བརྩལ་དམ་པ་བདེའོ།། རྫོགས་པ་རྫོགས་ཕྱིར་རང་བཞིན་གནས།། བདེ་འབྱམ་ལྟ་བུ་ན་མཁའ་ལ།། དོན་དམ་ཉིད་དུ་སྤོས་དང་བྲལ།། རང་བཞིན་ལས་ནི་གུད་ན་མེད།། འགྱུར་བ་མེད་པས་བདེ་ཆེན་རྫོགས།། རྨོངས་པའི་མུན་པ ་སེལ་བའི་དོན།། སངས་རྒྱས་འབྱུང་བའི་བདེ་འབྱམ་ཡིན།། ཐིག་ལེ་བདེ་འབྱམ་རྫོགས་ཆེན་པོ།། ཐིག་ལེ་རང་འབྱུང་དོན་དམ་ཀློང་།། བྱང་ཆུབ་སེམས་ཆེན་བདེ་འབྱམ་འདི།། རིག་པ་སྤྲོས་མེད་རྒྱལ་པོ་རྫོགས།། རིག་པའི་རྒྱལ་པོ་བདེ་ཆེན ་པོ་མཉམ་པའི་ངང་ལ་ཐབས་ཀྱིས་རྫོགས།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བདེ་འབྱམ་ཡངས་པའི་ལེའུ་སྟེ་གསུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། འབྱུང་བཞི་ལས་རྒྱལ་ན་མཁའ་བཞིན། ་སངས་རྒྱས་ཀུན་རྒྱལ་སྙིང་པོ་ཐུགས།། ཡངས་པས་རྒྱལ་བའི་ལྷ་ཆེན་ནི། རྫོགས་པའི་དོན་དུ་བཞག་པ་ཡིན།། སེམས་ཉིད་མམཁའ་ཆེན་པོ་ལ།། སྙིང་པོ་འཁོར་བ་ལས་སྒྲོལ་བས།། ནམཁའི་རྒྱལ་པོ་ཡིན་པར་བྱ ་རྫོགས་པའི་རྫོགས་ཆེན་ཨ་ཏི་ནི།། ཐེག་པ་ཀུན་རྫོགས་ན་མཁའི་ངང་།། འཁོར་བ་གཅོད་པའི་རྒྱལ་པོ་འདི།། མ་ལུས་ཡེ་སངས་རྒྱས་པར་གསལ།། དོན་ལ་བརྩལ་མེད་རྒྱལ་པོ་ཡན།། སེམས་ལ་དོགས་མེད་ཀུན་གྱི ་དྨ་རང་འབྱུང་གདོད་ནས་རྣམ་པར་དག་འདི་རྟོགས་མཉམ་པའི་རྒྱལ་པོ་ཐོ་བ། དམིགས་དང་བྲལ་བས་བསྒོམ་པ་ཡིན།། ལས་ལས་འབྱུང་བའི་སེམས་ཅན་དེ།། དུས་ལ་བབ་པའི་རྣལ་འབྱོར་པས།། ལས་ཉིད་ཐུགས་རྗེར་ཤེས་པར་བྱ།། ་ཐུགས་རྗེ་ཆེན་པོ་ཐབས་ཀྱི་བསྒྲལ།། མ་བརྩལ་དབྱིངས་སུ་ཐིམ་པ་ཡི།། དོན་དམ་སྤྲོས་བྲལ་ནམཁའ་དེ།། གཞན་ལས་མི་འབྱུ་ཐབས་ཀྱིས་འགྲུབ།། ཐམས་ཅད་དམིགས་མེད་བདེ་བའི་ཀློང་།། སྲིད་གསུམ་ནོན་པས་དུག་སུམ་ཆོད།། ་དབང་པོ་ཡུལ་ལས་འཕྲོས་པ་རྣམས།། ཐམས་ཅད་གཅིག་གི་ངང་དུ་གསལ།། ཐམས་ཅད་ཡེ་བདལ་ཆེན་པོ་ལ།། སྤྲོ་བསྡུ་བྱེད་པ་འཆིང་བའི་རྒྱུ།། བླ་མེད་བྱང་ཆུབ་ཡོངས་ལ་ཁྱབ།། སྲིད་པའི་འདར་ཤ་བཅད་པ་ཡིས།། འཆི་བདག་བདུད ་ལས་རྣམ་པར་ཐར། བདུད་བ་ཞི་བཅོམ་པས་འཁོར་བ་མེད།། དངོས་ཉིད་དག་པར་རང་འབྱུང་ཏེ།། བདེ་བ་གཞན་དུ་མི་ཚོལ་ཞིང་།། རིག་པ་གསལ་ལ་གསལ་འདེབས་ཏེ། ལོགས་ནས་འབྱུང་བའི་རྒྱུ་མེད་དོ།། གཞི་རྩ་མེད་པའི་ནམ་མཁའ ་ནི་བདག་དང་བྲལ་བས་སྤོས་མེད་ཀློང་།། སྐྱེ་ཤི་མེད་པའི་བྱང་ཆུབ་སེམས།། ན་མཁའི་རྒྱལ་པོར་ཡེ་ནས་སྣང་།། རྒྱུ་ལས་མ་བྱུང་འབྲས་བུ་དང་།། ལུང་ལས་མ་བྱུང་མན་ངག་སྟེ།། སེམས་ལས་མ་བྱུང་ཆོས་ཉིད་ནི།། མི་ནུབ་ནི་ཁ ་རྒྱལ་པོར་སྨྲ། སྣང་སྲིད་ཀུན་ཁྱབ་མ་ལུས་གནས།། སངས་རྒྱས་ཀུན་རྒྱལ་ཀུན་གྱི་ཡབ།། མི་ནུབ་གཏེར་མཛོད་དུས་གསུམ་ཁྱབ།། དང་དང་རང་བཞིན་ལྷུན་གྱིས་རྫོགས།། སྲིད་གསུམ་མ་ལུ་ས་ན་མཁར་རྫོགས།། སྐྱེ་འགྲོ་སེམས་ཀྱི་སྤྲུལ ་པར་རྫོགས།། ཇི་ལྟར་སྣང་བ་བདེ་བ་ཉིད།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། ནམ་མཁའི་རྒྱལ་པོའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བྱང་ཆུབ་སེམས་མཆོག་རྗེ་བཙན་དམ། ་ངའི་ཐུགས་ནས་བཏོན་ཏེ་བཤད།། སྐྱོན་གྱིས་བསྐོར་མེད་གདོད་ནས་དག། མ་བརྩལ་བཞག་ན་བསྒོམ་པའི་མཆོག། འགྲོ་ཀུན་གནས་པའི་བྱང་ཆུབ་སེམས།། མི་འགྱུར་རྗེ་བཙན་ཆོས་ཀྱི་སྐུ།། རང་གནས་མི་ནུབ་རྡོ་རྗེའོ།། སྣང་དང་མི་སྣང ་གཉིས་སུ་མེད་བདེ་ཆེན་ཡོངས་རྫོགས་རྗེ་བཙན་སྒྲ།། ཡ་མཚན་མཁའ་ལ་རིག་པའི་ཐུགས།། སྨྲ་བསམ་ཡུལ་འདས་ཤིན་ཏུ་འདས།། དམིགས་མེད་དོན་རྟོགས་ཆོས་ཀྱི་རྗེ། སྣང་བའི་ཡུལ་ལ་གང་གནས་ཀྱང་།། རྗེ་བཙམ་སྐུ་ལ་གཡོས ་པ་མེད།། ཡི་གེ་འབྲུ་ལ་རྟོག་པ་རྣམས།། རྗེ་བཙན་དོན་ལས་ཉམས་ཏེ་མན།། ཕྱི་ནང་གཉིས་ག་བདེ་ཆེན་པོ།། རྗེ་བཙན་དམ་པའི་བྱང་ཆུབ་སེམས།། འཁོར་བ་མྱང་འདས་གཉིས་མེད་དེ།། ཇི་ལྟར་བལྟས་པས་བྱང་ཆུབ་སེམས།། ཡེ་སངས་རྒྱས ་བས་ཆོས་ཀྱི་སྐུ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། རྗེ་བཙོན་དམ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ནམ་མཁའ་འབྱུང་བ་ཀུན་གྱི་རྩེ།། ཀུན་བཟང་ཆོས་རྣམས་ཀུན་གྱི ་རྩེ་སྐྱེ་འགག་མེད་པ་འཁོར་བའི་རྩེ།། དྲན་རྟོག་མེད་པ་བསྒོམ་པའི་རྩེག།། ཐམས་ཅད་ཡོངས་ལས་རྒྱལ་བ་ནི།། རྩེ་མོ་བྱུང་རྒྱལ་ཞེས་བཤད་དོ།། ཉིད་བྱང་ཆུབ་སེམས་ཡིན་ཏེ།། འབྲས་བུ་རང་ལ་རྫོགས་པའི་ཕྱིར། ་རྩེ་མོ་བྱུང་རྒྱལ་ང་ཉིད་སྨྲ།། མ་སོང་གནས་ཕྱིན་ལམ་གྱི་རྩེ།། འདུ་འབྲལ་མེད་པའི་ངང་ཉིད་ལ།། དུས་གསུམ་མི་འབྲལ་བ་རུ་གནས།། བསྲུང་འཚམས་ཀུན་ལས་རྒྱལ་བས་ན།། དམ་ཚིག་ཀུན་གྱི་རྩེ་མོར་བཤད།། བླང་དོར་མེད ་པའི་སྤྱོད་པ་ནི།། རྒྱལ་ཆེན་གང་ཡང་མ་ཡངས་རྩེ།། མི་འགྱུར་ལྷུན་གྲུབ་ལྟ་བ་ནི།། རིག་པ་སྤྲོས་བྲལ་མཉམ་པའི་རྒྱལ།། གང་ཡང་འབྱེད་པ་མེད་པས་ན།། གདགས་པའི་ཐ་སྙད་ཀུན་ལས་འདས།། དོན་ལ་དབྱེར་མེད་ལྟ་བའི་རྩེ།། ་སྣང་སྲིད་གསལ་བའི་བྱང་ཆུབ་སེམས།། འདུ་འབྲལ་མེད་པས་ཡོངས་སུ་ཁྱབ།། ཀུན་ལ་གསལ་བས་བཀག་པ་མེད།། སྣང་སྲིད་མ་འགགས་ཡེ་ཤེས་རྩེ།། རྒྱུ་འབྲས་གཉིས་མེད་ཕྱེ་བའི།། ཚོགས་མཆོད་དམ་པ་ཆེན་པོ་དེ།། ་བསོད་ནམས་དམ་པའི་བཞིར་འགྱུར་རོ།། དུས་གསུཾ་རྒྱལ་བ་ཐཾད་ཀུན།། མཉམ་པའི་དབྱིངས་སུ་བཀོད་པས།། འདུ་འབྲལ་མེད་པའི་ངང་ལ་གནས།། མ་ལུས་སངས་རྒྱས་ས་རུ་བརྟགས།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས ་རྩེ་མོ་བྱུང་རྒྱལ་གྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྣ་ཚོགས་གཅིག་དུ་འདུས་པའི་ངང་།། འབྱུང་བ་བཞི་ཉིད་ནམཁར་འདས།། ན་མཁས་དཔེའ་བསྟན་བྱང་ཆུབ་སེམས།། རིག་པ་རང་ལ་རྫོགས ་པས་ན། ཀུན་འདུས་རྒྱལ་པོར་ང་སྨྲའོ།། ལྟ་བའི་ཀློང་ཚོགས་ཨ་ཏི་ལས།། ཐེགས་པ་སོ་སོའི་དོན་བརྗོད་ནས།། གྲུབ་པ་གཅིག་དུ་ངེས་པས་འདུས།། ཡིད་ལ་མ་ཡེངས་བརྗོད་མེད་བཞག། ས་ལུས་སངས་རྒྱས་སེམས་སུ་འདུས།། རྩ་བ་བྲལ ་བའི་སེམས་ཉིད་དེ།། སུས་ཀྱང་མ་བྱས་ཡེ་ནས་གནས།། མི་འགྱུར་ལྷུན་གྱིས་གྲུབ་པའི།། ཡང་དག་ཆོས་ཉིད་དབྱིངས་ཀྱིས་བླ།། རྒྱུ་ལ་རག་མ་ལས་པའི་སེམས།། བདེ་ཆེན་འདུ་འབྲལ་མེད་པའི་ལམ།། འབྲས་བུའང་ལ་རྫོགས་པས་ན།། ་སྣང་སྲིད་ཐཾད་ཡེ་སངས་རྒྱས།། བདག་དང་བྲལ་བས་འཁོར་བ་ཆོད།། དཔལ་ལྡན་སྐུ་གསུམའང་འབྱུང་བདེའ།། སངས་རྒྱས་མ་ལུས་དབྱིངས་སུ་གཅིག། སྐྱེ་མེད་དོན་ལ་ཐབས་ཀྱིས་འདུས།། མ་སྤྲོས་དང་དུ་གྲོལ་བས་ན།། ཐ~ཾད་ཐུགས། ་རྗེ་ཐབས་ཀྱིས་བརྟུལ།། གཅིག་ལས་མེད་པའི་རིན་ཆེན་འདི།། གཟུང་འཛིན་སྤངས་པས་མཉམ་པའི་རྒྱལ།། ཡིས་རོལ་པས་ཅག་ཏུ་གསལ།། སྙིང་རྗེ་མེད་ཅིང་བསོད་པ་དང་།། ལྟ་བ་མེད་པར་ཟ་བའི།། འགྲོ་དྲུག་ཡེ་ནས་སངས་རྒྱས ་ཏེ། ཐ~ཾད་ལྷག་པ་མེད་པར་བསྒྲལ།། ཇི་ལྟར་སྣང་བ་ཀུན་ཏུ་ཁྱབ།། ཡེ་ནས་གཅིག་གི་ངང་དུ་འདུས་བྱས་ན་འཆིང་བའི་ལམ་ཡིན་ལ།། མ་བསྒྲུབས་འདུ་འབྲལ་མེད་པར་བསྟན།། ཡེ་ན་ས་ཡིན་པའི་བདེ་ཆེན་དེ།། གནས་ལ་ཆགས་པ་མེད ་པས་ན།། འདུས་ལས་མ་བྱས་སྣང་བ་སྟེ།། ཀུན་ལ་ཁྱབ་པས་སྤོ་བ་སྔ་མེད།། གང་ཡང་མ་འགགས་སོ་སོར་གསལ།། མ་ལུས་འདུས་པའི་རྒྱན་དུ་ཆེ།། རག་མ་ལུས་པའི་རྒྱ་མདུད་དེ།། གཞན་གྱིས་བཅོས་སུ་ཡེ་ནས་མེད།། སྤྲུལ ་པའི་རྒྱ་མཚོ་ཐམས་ཅད་ཀུན།། གཞི་རྩ་མེད་པའི་ངང་དུ་བཞག། སུས་ཀྱང་མ་བྱས་ཉིད་ལ་འདུས།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། ཀུན་འདུས་རིག་པའི་ལེའུ་སྟེ་བདུན་པའོ།། ། ་དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མ་བཅོས་བདེ་བ་ཆེན་པོའི་དོན།། འདི་ལ་སྐྱེ་ཤི་མེད་པས་སྲོག། ཀུན་ནས་མ་བསྒྲིབས་བྱང་ཆུབ་སེམས།། སྣང་སྲིད་འདུ་འབྲལ་མེད་པས་སྲོག། དུས་གསུམ་མ་བསྒྲིབས་བྱང་ཆུབ་སེམས།། འཕོ་འགྱུར ་གཉིས་སུ་མེད་པས་སྲོག། སྲོག་གི་འཁོར་ལོ་སྲིད་གསུམ་བསྐོར།། འབྱུང་ལྔ་ཡུམ་གྱི་བ་གའི་ཀློང་།། འདི་རུ་སྣང་སྲིད་རྫོགས་སངས་རྒྱས།། སངས་རྒྱས་ཉིད་ལ་སྐྱེ་ཤི་མེད།། སྐྱེ་འགག་མེད་པས་སྲོག་ཅེས་བྱ།། འགྱུར་བ་མེད་པའི་ཨ་ཏི ་རུ། འགྲོ་རྣམས་སྐྱེ་ཤི་མེད་པར་བསྒྲལ།། དེ་ཕྱིར་འཆི་མེད་སྲོག་ཅེས་བྱ།། སྐྱེ་ཤི་མེད་པའི་སེམས་ཉིད་སྲོག། སྲིད་གསུམ་འཁོར་ལོ་བསྐོར་བས་ན།། སྲོག་གི་འཁོར་ལོ་ཞེས་སུ་གྲགས།། ཡུལ་ལ་ངེས་པ་མེད་པས་ན།། སེམས་ཀྱི ་དོགས་རྣམ་པར་མེད།། འཇིག་ཆགས་མེད་པས་འཆིང་བ་མེད།། སྐྱེ་མེད་དེ་ལ་སྲོག་ཅེས་བྱ།། དུས་གསུམ་རྡོ་རྗེས་འདུས་མ་བྱས།། སྣང་སྲིད་ཡེ་སངས་རྒྱས་པས་སྲོག། འཕགས་པའི་དོན་ལ་དབྱེའ་བ་མེད།། དུས་གསུམ་འགྱུར་བ་མེད ་པས་ན། གར་ཡང་འཕོ་བ་མེད་པའི་སྲོག། བསམ་དུ་མེད་པའི་ཆོས་ཉིད་ལ།། བརྗོད་དུ་མེད་པའི་རིག་པ་བཞག། ཆགས་མེད་འདུ་འབྲལ་མེད་པའི་སྲོག། སྐྱེ་ཤི་བྲལ་བའི་རང་འབྱུང་ཀློང་།། མ་ཡེངས་གསལ་བས་སྲོག་གི་དོན།། ཀུན་ལ ་ཁྱབ་པའི་བྱང་ཆུབ་སེམས།། འགྱུར་མེད་ལྷུན་གྱིས་གྲུབ་པས་མ།། སྨྲ་བསམ་ཡུལ་ལས་འདས་པའོ།། གང་ལ་ཆགས་མེད་བྱང་ཆུབ་ལམ།། སྤྲོས་དྲལ་སྲོག་གི་འཁོར་ལོའོ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས། ་སྲོག་གི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རྒྱུ་རྐྱེན་ཚོགས་པའི་སྡོང་བུ་ལས།། མྱུ་གུ་དོན་གྱིས་འབྱུང་བ་ལྟར།། མ་བཅོས་དཔ་ལརང་བཞིན་གནས།། གནས་ལས་དམིགས ་མེད་མྱུ་གུ་འབྱུང་།། སྤྲོས་མེད་བྱང་ཆུབ་སེམས་ཉིད་ལས།། རིན་ཆེན་སངས་རྒྱས་མྱུ་གུ་འབྱུང་།། རྒྱུ་ལ་ལྟོས་པ་མེད་པའི་ཕྱིར།། རྐྱེན་གྱིས་གཞིག་དུ་མེད་པའོ།། སྐྱེ་འགག་མེད་པའི་མྱུ་གུ་དེ།། ཡུལ་ལ་དམིགས་པ་མེད་པས་ན།། ་སེམས་ལ་འཕོ་འགྱུར་ག་ལ་ཡོད།། ཡུལ་སེམས་འདུ་འབྲལ་མེད་པས་ན།། སྦྱོར་བའི་མྱུ་གུ་འབྱུབ་པར་ངེས།། དེ་ལ་འགོག་མེད་སྒྲོལ་བར་བརྟགས།། དུས་གསུམ་འགྱུར་མེད་བྱང་ཆུབ་སེམས།། མ་བཅོས་ལྷུན་གྲུབ་ཡེ་སངས་རྒྱས ་བསྲུང་མེད་དམ་ཚིག་ཆེན་པོ་ལ།། ཡེ་བསྲུང་རྡེད་ཆོད་མྱུ་གུ་འབྱུང་།། བསྒོམ་མེད་དམིགས་པ་ཆེན་པོ་ལ།། མ་ཡེངས་མཉམ་པ་ཆེན་པོར་བཞག། རྟོག་མེད་སྤྲོས་བྲལ་བྱང་ཆུབ་སེམས།། གཟུང་འཛིན་མེད་པའི་ངང་ཉིད་ལས།། བླ ་མམེད་པའི་མྱུ་གུ་འབྱུང་།། རྒྱལ་རག་མེད་བྱང་ཆུབ་སེམས།། རྐྱེན་བྲལ་ཡོན་ཏན་མྱུ་གུ་འབྱུང་།། འབྱུང་ལྔ་ཡི་སངས་རྒྱས་པ་ལ།། སྣང་སྲིད་ལྷ་དལ་མྱུ་གུ་འབྱུང་།། བྱང་ཆུབ་སེམས་ཆེན་རྒྱལ་པོ་འདི།། ཐམས་ཅད་ཡེ་སངས་རྒྱས་པའི ་རྒྱུད་དྲུག་གནས་སུ་རྣམ་དག་པས།། བརྩལ་བའི་བསམ་པ་བསྐྱོད་པ་མེད།། ལུས་ལ་བསྒྲིབས་པ་མེད་པས་ན།། ཟབ་མོ་དོན་གྱི་མྱུ་གུ་ཡིན།། དེ་ལ་དོགས་མེད་ཀུན་གྱི་གཞི།། དུག་གསུམ་རྩད་ཅོད་བྱང་ཆུབ་སེཾས།། ་འཁོར་བ་ཐམས་ཅད་བསྒྲལ་བའོ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བྱང་སེམས་མྱུ་གུའི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཁམས་གསུམ་ལས་འདས་རིན་ཆེན་དག། ་བགྲོད་མེད་རྣམ་གྲོངས་ལམ་སྟོན་པ།། གཞན་ནས་རྙེད་པར་མི་འགྱུར་ཏེ།། ཐིག་ལེ་ཆེན་པོ་ཀུན་ཁྱབ་གནས།། རང་འབྱུང་མ་བཅོས་ཡེ་ནས་གསལ།། བཅོལ་བས་བརྩལ་མེད་སྙིང་པོའི་དོན།། རྣམ་སྣང་རྟག་པར་ཀུན་ཏུ་བཟང་།། གཉིས་མེད ་བདེ་མཆོག་ལྷུན་གྱིས་གྲུབ།། རྟག་ཆེན་བདེ་ལ་རྟག་སྤྱོད་པ།། བདེ་ཆེན་ལོངས་སྤྱོད་རྫོགས་པ་ནི།། འདི་ཤེས་རྣལ་འབྱོར་སྤྱོད་ཡུལ་ཏེ།། དྲང་སྲོང་ཆེན་པོ་རྣམས་ཀྱི་ནི།། སྤྱོད་ཡུལ་ཡིན་ཞེས་ངེས་པར་གསུངས།། རིན་པོ་ཆེ་དང་མཉམ་པ་སྐྱེ ་བ་མེད་པའི་རྒྱུད་ལས།། ཡིད་བཞིན་ནོར་བུའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བདེ་བ་ཆེན་པོའི་བྱང་ཆུབ་སེམས།། འགྲོ་བའི་དོན་དུ་འཕྲ་བཀོད་པས།། མ་སྐྱེས་བདེ་བའི་བྱང་ཆུབ་སེམས ་ཉོམ་མོངས་སྐྱོམ་གྱིས་མ་གོས་ཏེ།། ཚོགས་རྣམས་མ་བསགས་སྐྱེ་མེད་ཀློང་།། བདེ་ཆེན་འཕྲ་བཀོད་ལྷུན་གྱིས་རྫོགས།། ན་མཁའ་བཞིན་དུ་ཀུན་ལ་ཁྱབ།། སེམས་ལ་དམིགས་པའི་ཡུལ་མེད་པས།། ལྟ་བ་ཏིང་འཛིན་གསང་བའི་སྔགས།། ་ངོ་བོ་ཉིད་ཀྱི་འཕྲ་བཀོད་པས།། དཔལ་ཆེམ་ཐུགས་རྗེས་འཁོར་འཟུང་།། གཞལ་ཡས་ཁང་ཆེན་དེ་དག་གིས།། ཡིས་རང་ལ་འོད་གསལ་ཏེ།། སྐྱེ་འགག་གཉིས་མེད་མེ་དང་འདྲ།། དག་པའི་སངས་རྒྱས་ལ་མ་ཐོབ་པས།། དོན་དུ་སངས་རྒྱས་ཉིད། ་ལ་གནས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། བདེ་བ་ཉིད་དུ་ཡང་དག་པ།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། བྱང་ཆུབ་སེམས་ཆེན་བདེ་བའི་ཀློང་།། ཤིན་ཏུ་འཕྲ་ལ་རབ་སྦྱངས་པའི།། བདེ་ཆེན་དོན་ལ་བཀོད་པ་དེ།། ཡང་དག་དོན་གྱི་བླ་མ་ཡི།། ་བདེ་བ་འཕྲ་བཀོད་ཐིག་ལེའི་ཀློང་།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བདེ་བ་འཕྲ་བཀོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཐེག་པ་ཀུན་ལ་ཁྱབ་པའི།། སྤྱི་གཅོད ་རྒྱལ་པོ་རྫོགས་པའི་མཆོག། འདི་ལ་བརྩལ་དུ་གདོད་སྦེང་།། གཅན་ཟན་ཡོངས་ཀྱི་ཁྲོ་བོ་ནི།། སྤྱི་སྤྱོད་སེང་གེ་རྒྱལ་པོ་སྟེ།། རྩལ་གསུམ་རྫོགས་པའི་རྒྱལ་པོ་ལྟར།། རྫོགས་པའི་སྤྱི་གཅོད་ཨ་ཏི་ནཱི།། འཁོར་བ་རྩད་གཅོད་གཟུང་འཛིན ་འདས། ཝ་སྒྲེས་སེང་གེར་བཅོས་ཀྱང་ནི།། ཀུན་ནས་མི་མཉམ་སྤྱི་གཅོད་ཆེ།། ཡོ་གཱ་རྣམ་གསུམ་ཐེག་འོག་རྣམས།། ཇི་ལྟར་དེ་ལྟར་བལྟས་སྤྱད་ཀྱང་།། རྒྱུ་ལས་རྩོལ་བར་མི་ནུས་སོ།། རྫོགས་པ་སྤྱི་གཅོད་ཨ་ཏི་ནི།། ནམ་མཁའི་ཀློང་ལྟར ་ཡོངས་ལ་ཁྱབ།། རྩོལ་ཞིང་བསྒྲུབས་པའི་ཡུལ་མེད་པས།། བསྒོམ་པར་བྱ་བའི་ཚིག་དང་བྲལ།། རིན་ཆེན་ནོར་ལྟར་དགོས་དགུ་འབྱུང་།། བྱང་ཆུབ་སེམས་བདལ་ཡངས་པའི་ཀློང་།། རང་སེམས་མི་ནུབ་རིན་ཆེན་ཏེར། ་པོ་ཟས་འཕངས་བཅད་སྤེན་ཚེའི་ཁ།། འོག་མས་ཇི་བཞི་མངོན་བརྗོད་ཀྱང་།། ཆོས་སྤྱོད་བཅུ་ལ་ཞེན་པའི་ཕྱིར།། འབྲས་བུའི་དོན་ལ་རིབ་པར་འགྱུར།། སེང་གེ་གཅིག་པུར་གནས་པ་བཞིན།། རྫོགས་པ་སྤྱི་གཅོད་ཡིན་པར།། ་སྨྲ།། དོན་ལ་མི་གནས་གསུང་ཚིག་བྲལ།། ནེ་ཆོས་སྨྲས་ཀྱང་དོན་མེ་ད་ལྟར།། རང་གཞུང་སྨྲ་ཐེག་བརྒྱད་པོ་ཡང་།། སྤྱི་གཅོད་རྫོགས་ཆེན་ང་ལས་འགལ།། རིན་པོ་ཚེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། ཐེག་པ་སྤྱི་གཅོད་ཀྱི་ལེའུ་སྟེ་བཅུ ་གཉིས་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མ་བཅོས་རང་བཞིན་གསལ་བས་ན།། འགྱུར་པ་མེད་ལྷུན་གྱིས་གྲུབ་པའི་ཏིག། ཆོས་ཉིད་བདེ་ཆེན་ཀློང་ཡངས་བརྡལ།། རང་འབྱུང་འགྱུར་མེད་སྤྲོས་བྲལ་ཏིག། བྱང་ཆུབ ་སེམས་ཆེན་ཀུན་ཏུ་བཟང་།། དུས་གསུམ་གཅིག་དུ་གནས་པའི་ཏིག། འཁོར་བ་ཡོངས་བསྒྲལ་ཨ་ཏི་ལ།། སྣང་སྲིད་ཀུན་སངས་རྒྱས་པའི་ཏིག། འཁོར་བ་ཀུན་རྒྱལ་བྱེད་སེམས་མཆོག། དུག་གསུམ་གནས་ཆོམས་སྐུ་གསུམ་ཏིག། དུག་ལྔས་མ ་བསྒྲིབས་མྱ་ངན་འདས།། ཡེ་ཤེས་ལྔ་རུ་གསལ་བའི་ཏིག། ཐུགས་ལ་བརྟོལ་བ་བསྟན་པའི།། བྱང་ཆུབ་སེམས་མཆོག་བདེ་ཆེན་འདི།། མ་གོལ་ལུང་ལས་ཅི་བསྐྲུན་ཏིག། ཐེག་ཀུན་ཅིག་གསལ་ཨ་ཏི་ལ།། ཆོས་རྣམས་དབྱེར་མེད་སྐྱེ་མེད་ཏིག། ་ཉེན་ཐོས་མདོ་སྡེ་ཀྲི་ཡ་གསུམ།། རྒྱུ་ལས་འབྲས་བུ་ཚོལ་བའི་ཕྱིར།། རྩོལ་བྲལ་ལུང་ལས་གོལ་བར་བསྟན།། ཡོ་ག་རྣམ་གསུམ་རྩོལ་བས་དཔོག། བྱིས་རྩེད་འདྲ་སྟེ་དོན་ལས་གོལ།། དུས་གསུམ་འགྱུར་མེད་བྱང་ཆུབ་སེམས།། སྒྲིབ་པ་ཀུན ་མེད་ཨ་ཏི་ནི།། དུག་གསུམ་རྩད་གཅོད་མཉམ་ཉིད་ཏིག། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། སྐྱེ་མེད་ཏིག་གི་ལེའུ་སྟེ་བཅུ་གསུམ་པའོ།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཁམས་གསུམ་སྒྲོན་མ་རྐྱེན་དང་བྲལ ་མའི་གསུན་སེལ་བློས་མ་རེག། གཞན་ནས་བཙལ་བས་རྙེད་མི་འགྱུར།། ཐིག་ལེ་བདལ་བའི་རང་འབྱུང་བ་དེ།། རིག་པ་རང་ཤར་བཅོས་སུ་མེད།། ལྷུན་གྲུབ་བརྩལ་དུ་གདོད་ནས་མེད།། སྙིང་པོའི་སྙིང་པོ་གཉིས་མེད་མཆོག། ཡེ་ནས་ཐ་སྙད་ཀུན ་དང་བྲལ།། ཇི་བཞིན་གསལ་ལ་རྟོག་མེད་དོ།། དོན་དམ་སྤྲོས་མེད་ཡང་དག་དབྱིངས།། བཙལ་དུ་མེད་པས་བསྒོམ་ཚིག་འདས།། ཇི་བཞིན་ཀློད་དུ་གྱུར་པས་ན།། རྣམ་དག་དོན་ལ་མཁས་པ་ཡིན།། གདོད་ནས་མ་སྐྱེས་བདལ་བའི་ཀློང།། དོན་དམ ་རྟོགས་པས་ཆོས་ཀྱི་སྐུ།། ལོངས་སྤྱོད་བདེ་ཆེན་རྒྱལ་པོའི་སྐུ།། ཡེ་ཤེས་རོལ་པར་སྤྲུལ་པས་སྤྲུལ།། ཐུགས་རྗེ་བྱང་ཆུབ་སེམས་དཔའི་ལམ།། མ་གཡོས་རྟོག་མེད་ཆོས་ཀྱི་ལམ།། རང་བཞིན་གནས་པས་བདེ་བའི་ཀློང་།། ཁམས་གསུམ ་གསལ་བྱེད་སྒྲོན་མེའི་མཆོག། བདེ་ཆེན་རང་འབྱུང་ཐུགས་རྗེར་གསལ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། ཁམས་གསུམ་སྒྲོན་མེའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདི་སྐད་གསུང་།། ་ཨེ་མ་རྡོ་རྗེ་སེམས་དཔའ་ཆེ།། རྨད་བྱུང་བཅུ་གསུམ་སྐྱེ་མེད་དོ།། འཁོར་བ་བཙད་ནས་གཅོད་པའི་ཆོས།། འདི་མ་ཤེས་པ་ངལ་བའི་ལམ།། འདི་རྟོགས་ཀྱི་རྣལ་འབྱོར་པ།། གང་ལྟར་སྤྱད་ཀྱང་བདེ་ཆེན་ཀློང་།། རྫོགས་ཆེན་ཨ་ཏི་བསྟན་པ་འདི།། ་མི་ནུབ་ནུབ་པར་མི་འགྱུར་རོ།། དོན་ལ་འགྱུར་བ་མེད་པའི་ཕྱིར།། ཡིད་བཞིན་ནོར་བུ་རྒྱལ་མཚན་རྩེ།། རྨད་འབྱུང་རིན་ཆེན་ཟ་མ་ཏོག། དོན་ངམ་སྐྱེ་བ་མེད་པའི་རྒྱུད།། རིགས་ལྔ་བདེར་གཤེགས་བྱང་ཆུབ་སེམས།། རྡོ་རྗེ། ་སེམས་དཔའ་མཆོག་གི་ལམ།། ཀུན་བཟང་ཐུགས་ཀྱི་བཅུད་གཏིགས་པ།། སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད།། བློའི་པདྨ་ཁ་ཆེ་ལ།། སྙིང་གི་དཀྱིལ་དུ་བསྒོམ་པར་གྱིས།། དེ་ནས་སེམས་དཔའ་རྡོ་རྗེ་དང་།། རིགས་ལྔའི་སངས་རྒྱས་བྱང་ཆུབ ་སེམས།། མགོན་པོ་ཚོགས་དང་བཅས་པ་ཡིས།། མ་སྐྱེས་སྤྲོས་བྲལ་ཀུན་དུ་བཟང་།། རིན་ཆེན་སྒྲོན་མས་གཏི་མུག་སེལ།། རྨད་འབྱུང་རྒྱལ་བ་ཀུན་གྱི་ཡབ།། རྡོ་རྗེ་འཆང་ཆེན་རིགས་ལྔའི་གཙོ།། ཀུན་རིག་རྒྱལ་པོ་ཐམས་ཅད་མཁྱེན།། ་མཉམ་པའི་རྒྱལ་པོ་ཕྱག་འཚལ་བསྟོད།། དེ་བཞིན་ཉིད་ལ་རྟག་དུ་འདུད།། ཡེ་ཤེས་རྒྱལ་པོར་མངོན་པར་བསྟོད།། ཆོས་ཐམས་ཅད་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད།། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། ། ་ཕྱགར་གྱི་མཁམ་པ་ཤྲི་སིང་ང་དང་། ཁོང་ཀྱི་ལོ་གྲིབ་བཻ་རོས་ནས་བསྒྱུར་བའོ།། ཕྱག་བསྐད་དུ། དྷཱུངས་དྷ་ཀོ་ཨེ་དྷམ། བོད་སྐད་དུ། ཡེ་ཤེས་མཛོད་ཆེན་ཆོས་ཀྱི་མ།། དཔལ་རྡོ་རྗེ་སེམས་དཔའ ་