CLOSE WINDOW

Gbr002.3: chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nyi zla dang mnyam pa dri ma med pa'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་ས་ན་ཏི་བོ་དེ་རྩི་ཏ་སཾ་ས་ར་མུ་ལ་ཚེ་དྷ་སུཎྱ་ཙམ་ཏྲ་ས་མནཱ་ཏ་ཨ་མ་ལ་ཏ་ན་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉ་ཟླ་དང་མཉམ ་པ་དྲི་མ་མེད་པའི་རྒྱུད།། བཅོམ་ལྡན་འདས་ཀུནའི་གས་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། ཡེ་ཤེས་དྲི་མ་མེད་པར་དག་པ།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ།། ཡངས་པ་ན་མཁའ་ལྟ་བུ།། སྐྱེ་མེད་བྱ་བརྩལ་བྲལ་ལ།། སྤྲོས་བྲལ་ཡེ་ཤོས་ཀྱི་ཀློང་དུ་ཉིད་ཀྱི་རང་སྦྲང་རིག་པའི་འཁོར་ནི།། སྐུ་གསུམ་དང་། ཡེ་ཤེས་ལྔ་དང་། ཁམས་གསུམ་དང་། འབྱུང་བ་ལྔ། ་དང་། དུས་གསུམ་དང་། ཉོན་མོངས་པ་ལྔ་དང་། སྣང་ཚུལ་བཅུ་བདུན་ལ་སོགས་སྟེ།། གཟུགས་ནས་ཐམས་ཅད་མཁྱེན་པའི་བར་ཐམས་ཅད་འཁོར་རོ།། དེ་ནས་སེམས་དཔའ་རྡོ་རྗེས་གསོལ་པ།། ཨེ་མ་ཧོ་བཅོམ་ལྡན་འདས། ཡེ་ཤེས་ཉི ་ཟླའི་སྙིང་པོ་ལ།། འཁོར་བའི་དྲི་མ་ཡོད་དམ་མེད།། གཟུང་འཛིན་བློའི་དྲ་བ་འདི།། རྩད་ནས་གཅད་ན་ཇི་ལྟར་གཅད།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། བསྡུ་ན་རྣམ་པ་དུ་རུ་འདས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ་ཉོན་ཅིག་སེམས་དཔའ་རྡོ་རྗེ་ཉོན།། ནམ་མཁའ་ཉི་ཟླ་ག་ཕུར་ཤེལ།། རིས་མེད་ཀུན་གྱི་དངོས་གཞི་ལས།། རྒྱུ་རྐྱེན་དབང་གིས་སྣང་བ་འདི།། གདོད་ནས་དྲི་མེད་རྣམ་པར་དག། རྟོགས་ཅིག་སེམས་དཔའ་རྡོ་རྗེ་རྟོགས།། ཚིག་དྲུག་དོན ་དྲུག་རྩལ་དྲུག་སྟེ།། ཆེ་བ་དྲུག་དང་ཐིག་ལེ་དྲུག། འགྲོ་དྲུག་འཁོར་བའི་དྲ་བ་གཅད།། བསྒོམས་ཅིག་སེམས་དཔའ་རྡོ་རྗེ་བསྒོམས།། ཆོས་ཅན་སྣ་ཚོགས་སྣང་བ་ཀུན།། ཆོས་ཉིད་དང་དུ་རོ་ཅིག་པས།། ཁྱབ་པདལ་འུང་ཆུབ་ཐིག ་ལེར་འདུས།། སེམས་དཔའ་རྡོ་རྗེས་སླར་གསོལ་པ།། ཨེ་མ་བཅོམ་ལྡན་ཀུན་བྱེད་ཆེ།། ཐོག་མཐ་གཅད་པ་དེ་ཡིས་འཚལ།། བསྡུས་དང་རྒྱས་དང་རྣམ་པ་བརྒྱད།། ཤིན་ཏུ་རྒྱས་དང་ཡོངས་སུ་རྒྱས།། དྲུག་ཚམ་ལྔའི་བཤད་པ་ནི ་ཐུགས་རྗེ་ཐབས་ཀྱི་རོལ་པ་ལས།། སྟོན་པས་བདག་ལ་བཤད་དུ་གསོལ།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དད་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ ་པ། སྣ་ཚོགས་འང་བཞིན་མི་གཉིས་ཀྱང་།། ཆ་ཤས་ཉིད་དུ་སྤྲོས་དང་བྲལ།། ཇི་བཞིན་པ་ཞེས་མི་རྟོག་ཀྱང་།། རྣམ་པར་སྣང་མཛད་ཀུན་ཏུ་བཟང་།། ཟིན་པས་རྩོལ་བའི་ནད་སྤངས་ཏེ།། ལྷུན་གྱིས་གནས་པས་བཞག་པ་ཡིན།། ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། རྡོ་རྗེའི་ཚིག་དྲུག་གི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་དང་སེམས་ནི་ཡེ་ནས་གཉིས་སུ་མེད།། སེམས་ཀྱི་རང་བཞིན་བཙལ་ཀྱང་མི་རྙེད་ན། ་གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད།། ཆོས་དང་སེམས་ནི་ཅི་ཡང་མ་ཡིན་པས།། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ།། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་།། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། ཆོས་ཀྱི་དབྱིངས་ཉིད ་གཞན་ནས་བཙལ་མི་དགོས།། དེ་ལ་གཉེན་པོས་བཅས་ཤིང་དྲགག་དུ་མེད།། དེ་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ།། ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ།། སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད།། ཐུགས་རྗེ་སྤྲུལ་པས ་ཀུན་ལ་ཁྱབ་མཛད་ཅིང་།། སེམས་ཅན་རྣམས་ལ་བྱམས་པའི་ཆར་ཚོན་འབེབས།། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན།། དོན་དམ་དང་ལ་བདེའ་བར་གནས་པ་ནི།། བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ།། རྟོགས་པ ་རླུང་ཆེན་མ་ཡེངས་དོན་ལྡན་ན།། རྣམ་དག་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡིན།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལ། ཟབ་མོ་དོན་དྲུག་གི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ་ཕྱི་དང་མང་ཀུན་ཆོས་ཀྱི་དབྱིངས།། རྣམ་པར་དག་པའི་སྤྱོད་ཡུལ་ལ།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་བཅོས་སུ་ག་ལ་ཡོད།། བསྒྲུབ་མེད་རྩ་ལ་སྤྱུགས་སྨོན་པ་མེད་པའི།། བྱ་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོ།། རྟོག ་སྤྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ།། ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུས།། གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ།། འཁྲུལ་པས་ནོར་པའི་ལམ་དུ་བསྟན་པ་ཡང་།། གོང་བསྟན་ལམ་ཆེན་དེ་ལས་མི་གཉིས ་པར། མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ།། ང་བདག་འཛིན་པས་མུ་སྟེགས་འཁྲུལ་པའི་ལམ།། བྱིས་པས་བསླུས་པའི་ཆོས་སྤྱོད་སྤྱོད་པ་ཡང་།། རྣམ་པར་རྟོག་པའི་ལམ་དུ་བཙུད་པ་ནི།། ཕྱིན་པའི་ལམ་མེད་རྟོགས ་དུས་མེད་པའོ།། ཆོས་ཉིད་ཆོས་ཚོལ་རྙེད་པར་གལ་འགྱུར།། སློབ་དཔོན་ཚད་མར་མ་གྱུར་སྡེ་འདྲའི་ལུང་།། རྟེན་དང་ལམ་ནོར་རྟག་པས་ཟི་མ་ཏར།། དེ་བས་གསེར་ལ་ནག་ཚུལ་གཏོང་བའི།། སློབ་དཔོན་རིན་ཆེན་ལྟ་བུའི་མཁས་པ་དེས། ་རིམ་པང་དཔག་ཏུ་མེད་པའི་རིམ་གྱིས་ཐུའོ།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། རྩོལ་བྲལ་རྩལ་དྲུག་གི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མི་གནས་དམིགས་མེད་ཆོས་ཀྱི་སུ། ་སྤྲོས་མེད་བྱང་ཆུབ་སྙིང་པོའི་དོན།། བདེ་ཆེན་སྤྲུལ་པ་གཉིས་སུ་མེད།། གཞན་ནས་མི་བཙལ་རང་ལས་འབྱུང་།། ཟིན་དང་ཆགས་དང་བྲལ་དང་།། དངོས་པོ་མེད་པས་རྣམ་པར་སྤོང་། བདུད་རྩི་ཆེན་པོའི་རང་བཞིན་ལ།། བཟའ ་བའི་ཐབས་ལ་རེག་པ་མེད།། ཡངས་སོ་ཆེའོ་ཆོས་ཆེན་པོ།། ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན།། ཆེ་ལ་དམིགས་པའི་ཆ་བསྙམས་ནས།། ཆུང་ངུན་དེ་རྣམས་དམིགས་དང་བྲལ།། གསུངས་དང་རྒྱལ་དང་དམིགས་དང་སྣང་།། སྒྱུ་མཁན་རི་མོའི ་རྣམ་པ་བཞིན།། འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་དག། དེའི་དབང་ལས་སྐྱེ་བར་འགྱུར།། གཏང་པོ་གཞག་གོ་རང་བཞིན་གནས།། འདོད་པ་མེད་ཅིང་ལེན་པ་མེད།། བྲོད་པ་རྡུལ་ཙམ་མི་སྐྱེ་ཞིང་།། ཁྱུད་ཆེན་ན་མཁར་ལྡིང་བ་བཞིན།། ་སྤྲོ་བ་མེད་ཅིང་བསྡུ་བ་མེད།། སྐོར་བར་མི་དོགས་གཟའ་བ་མེད།། གཟའ་བའི་ཡུལ་བྲལ་ཏེ་རེ་དོགས་མེད།། རྒྱ་མཚོ་འདྲ་བར་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད།། ཡོན་ཏན་ན་མཁའི་མཐའ་དང་མཉམ།། བསྡུ ་པའི་གནས་སུ་ངེས་པ་མེད།། བྱང་ཆུབ་སྙིང་པོར་དེ་མ་ཐག། ཏིང་འཛིན་རྒྱ་མཚོ་ཆེན་པོ་འབྱུང་།། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། མི་རྟོག་ན་མཁའི་མཐའ་ལྟར་ཡངས།། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ།། སྐྱེ་ཤི་འཕོ་བའི་གནས་མེད་དེ། ་རྒྱུ་རྐྱེན་ཡན་ལག་བཅུ་གཉིས་ཀྱང་།། སྐུར་པ་བཏགས་ཏེ་བཤད་པ་ཡིན།། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ།། མཁས་པ་དེ་བཞིན་ཤེས་པར་གྱིས།། འགྲོ་བའི་རྒྱུད་དྲུག་བསྟན་པ་ཡང་།། དང་པོའི་ལམ་དུ་ཤེས་པར་བྱ།། འདོད་སྤྱོད ་སྙིང་རྗེས་བརླམ་པོས་ན།། གང་དུ་དགའ་བར་བྱང་ཆུབ་སྤྱོད།། ཤན་པ་སྨད་འཚོང་མཚམས་མེད་ལྔ།། ཁ་ན་མ་ཐོ་འཇིག་རྟེན་སྤོང་།། ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི།། བདེ་བ་ཆེ་ལས་གཞན་མེད་དོ།། ཡོད་ནི་ཆོས་རྣམས་དེ་ལྟར་ན།། ་ཆོས་ཀྱི་རང་བཞིན་དེ་ཡིན་ཏེ།། ཆོས་ཀྱིས་ཆོས་ནི་བཙལ་བ་དང་།། ན་མཁས་ན་མཁའ་ཚོལ་བ་ནི།། ལྟོས་པའི་ཆོས་ལ་རྟེན་པ་ནི།། མེ་ཡིས་མེ་ནི་བསད་འདྲ་སྟེ།། ཤིན་ཏུ་རྙེད་པར་དཀའ་བའོ།། རྣམ་པར་མི་རྟོག་སྙིང་པོ་འདི།། ཡོད ་ཀྱི་རྒྱུད་ལ་སྦས་པ་མེད།། མི་ལེན་བྱང་ཆུབ་སྤྱོད་རྣམས་ལ།། རྣམ་པ་ཀུན་ཏུ་རང་བཞིན་གནས།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། ཡངས་པ་ཆེ་བ་དྲུག་གི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ ་པ། རྡོ་རྗེ་སེམས་དཔའ་ན་མཁའ་ཆེ།། ཀུན་བཟངས་ཡངས་པ་ཆོས་ཀྱི་དབྱིངས།། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར།། སྙིང་རྗེ་ཆེན་པོ་ཅིར་མི། ཛད།། མེ་བས ་ཆེ་བ་ཟབ་མོའི།། ཡོན་ཏན་ཅིར་ཡང་བསྔགས་པ་མེད།། དོན་རྣམས་ཇི་བཞིན་མི་བསྐྱོད་དེ།། བྱད་མེད་པས་གྲོལ་བས་གྲོལ།། རང་འབྱུང་ཡེ་ཤེས་བརྩལ་མེད་པས།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། ཉི་དྷྲཱུ་དང་མཉམ་པ་དྲི་མ ་མེད་པའི་རྒྱུད་ལས།། ཆོས་ཉིད་གཉིས་སུ་མེད་པའི་ཐིག་ལེའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཕྱིན་ཅི་ལོག་དུ་རྣམ་བརྟགས ་ཀྱང་། གྲོལ་བ་རབ་འབྱུང་གཞན་ལས་མིན།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། མིང་ཙམ་གཞན་ལ་རྟེན་འདྲ་ཡང་།། མངོན་སུམ་བདེ་བ་འང་ལས་འབྱུང་།། ཆོ་འཕྲུལ་ཆེན་པོ་དཀའ།། ། ་བ་མེད།། ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས།། ཇི་བཞིན་རྟོགས་པ་འཕྲ་བ་ལས།། དེ་མ་ཐག་དུ་རང་ལས་འབྱུང་།། སྣང་བ་མེད་པའི་ཆོས་ཉིད་ནི།། མི་བརྩལ་གཞག་ན་བསྒོམ་པ་ཡིན།། དེ་དང་དེར་ནི་རྣམ་བརྟུལ་ན།། དེ་བས་དེ་བཞིན ་དེ་མི་འབྱུང་།། མཆོག་དུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཐོབ་མི་འགྱུར།། དེ་བཞིན་ལྕེའི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། ཆོས་ཀྱི་དབྱིངས་ཀྱི་ཐིག་ལེའི་ལེག ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས།། ཀུན་དུ་ཆུབ་པས་རྣམ་པར་རོལ།། དེ་ལ་བསྐྱོད་པ་མེད་བཞིན་དུ།། ན་མཁའི་མཐའ་བཞིན་མཉམ་པར་གནས།། ་ཁྱད་པར་ཅིར་ཡང་མཚུངས་པ་ལ།། ལས་སོ་ཞེས་ནི་རྣམ་པར་བཏགས།། ཅི་སྟེ་ལས་ཀྱི་དབང་འགྱུར་ན།། རང་འབྱུང་ཡེ་ཤེས་ཡོད་མ་ཡིན།། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་བྲལ།། མ་སྐྱེས་པས་ན་འཇིག་པ་མེད།། གདོད་ནས་སྙིང་པོ་བྱང་ཆུབ་ལ། ་བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། ཡོན་ཏན་ཆེན་པོའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། མ་བསམས་མ་སྦྱངས་ཆོས་བཞིན་དུ།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། འཕྲ་བའི་སྒོ་མོར་མིང་བཏགས ་ནས། སེམས་ཀྱིས་དབེན་པའི་ལམ་ཚོལ་ཞིང་།། དགོན་པའི་རྒྱུད་དུ་དབེན་འཛིན་པས།། བརྟགས་ན་རྣམ་པར་རྟོག་འགྱུར་བ་སྒོམ།། རྒྱུ་དང་འབྲས་བུར་བཏགས་ཤིང་།། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། འཇིག་རྟེན་འདི་ལས་འབྱུང ་ཞེསབླང་དོར་བྲོད་པ་མཆོག་དུ་བསྐྱེད།། ཆགས་དང་མ་ཆགས་ཚིག་གི་ལམ།། དབུ་མ་བཞིན་ཏེ་བྲག་ཆ་འདྲ།། བདེའ་དང་སྡུག་བསྔལ་རྒྱུ་འཐུན་ཞེས།། འགྲོ་བའི་མགོན་པོ་ཆེན་པོས་གསུངས།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང ་བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་།། ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས།། ན་མཁའ་རྟོག་པ་སྐྱེ་མེད་ཅིང་།། རྟོག་པ་དེ་ཉིད་ན་མཁའ་འདྲ།། མི་ཆགས་ན་མཁའི་བསྔོ་བ་ལས།། རང་དོན ་ཆེན་པོའི་ན་མཁའ་འབྱུང་།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། རྣམ་པར་རྟོག་པ་དག་པའི་ཐིག་ལེའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བཟུག ་བས་མི་ཟིན་ཆུ་ཟླ་འདྲ།། ཀུན་ཏུ་བཟང་པོའི་རོལ་པ་ཡིས།། ཨ་ལི་ཀ་ལི་ཟབ་དུ་བསྟན།། དེ་ནི་ཨ་དང་མཛེས་པའི་ཏ།། པ་དང་ཡན་ལག་སྤྲོས་པ་བཞིན།། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ།། སངས་རྒྱས་གསུང་གི་ཟབ་མོ་འགྱུ། ་ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི།། བཙལ་བས་རྙེད་པའི་གནས་མེད་དོ།། དྲུག་གི་ཆོས་བཞིན་ཡུལ་མེད་པས།། ལྡོངས་པས་ནམ་མཁའ་བསྟབས་པ་བཞིན།། གོང་ནས་གོང་དུ་ཚངས་པའི་ལམ།། བྱ་བྲལ་ཆོས་དང་འཐུན་པ་མིན།། ་ཅི་སྟེ་ལམ་ལ་བགྲོད་འགྱུར་ན།། ནམ་མཁའི་མཐའ་ལྟར་ཐུག་པ་མེད།། དེ་ལྟར་དེ་བཞིན་དེའི་ཕྱིར།། དེ་ལ་དེ་བསྟན་དེ་ཡང་ཐོབ།། དེ་ནི་སྙིང་པོ་དེ་བས་ན།། དེ་ལས་དེ་བྱུང་ངོ་མཚར་ཆེ།། སྔོན་གྱི་དེ་དབད་ལྟའི་དེ།། དེ་བཞིན ་དེའི་གནས་སུ་ཆེ།། དེ་ལྟར་དེའི་ལམ་འདྲ་བ།། དེ་ནི་དེའི་རང་བཞིན་ནོ།། དེ་དང་འདྲ་བ་ཡོངས་ཀྱི་ལམ།། ཟླ་བ་ལས་བྱུང་རྟེན་དང་བཅས།། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ཕྱོགས་སུ་བལྟས་པས་གྲུབ་པ་མེད།། ད་ལྟའི་བདེ་དང་ཕྱི་མའི ་བདེ། མངོན་སུམ་པ་དང་རྒྱབ་ནས་བྱུང་།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་།། ཆོས་སྐུ་ཁྱབ་པ་གཅིག་པའི་ཕྱིར།། བདེ་བ་ཆེན ་པོར་རང་བཞིན་གནས།། སྲིད་པ་གསུམ་ན་སྦྱོང་བ་ཡང་།། མིང་ཙམ་སྒྱུ་མར་སྣང་བ་སྟེ།། འཁོར་ལོ་བསྒྱུར་བའི་གནས་ཆེན་ཡང་།། སྒྱུ་མ་སྦྱོང་བའི་བསྟི་གནས་ཡིན།། རྣམ་སྤྱོད་དུས་ལ་ལྟོས་པའི་རྣམས།། དེ་དུས་དེར་ནི་འབྱུང་མི་འགྱུར།། ་མ་བྲལ་སྨོན་པས་སྤྱོད་པས་ན།། སྟོང་པའི་མཚན་ཉིད་གསུངས་པ་བཞིན།། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། རྣལ་འབྱོར་ན་མཁའ་བྱ་ལམ་གནས།། མ་བྱུང་མ་སྐྱེས་སྙིང་པོ་ལ།། སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད།། ཕྱི་ནང་གཉིས་། ་ཀ་ཕྱི་ཉིད་ནང་།། ཟབ་མོ་ཆ་ཤས་རྟོགས་ཡུལ་མེད།། སྲིད་པ་མིང་ཙམ་ལོག་པའི་སྟོབས།། དེ་བས་ཏིང་འཛིན་མཉམ་དང་བྲལ།། དེ་ལ་ཐ་ཚིག་ཕྱི་དང་ནང་།། རང་བཞིན་ཕུང་པོ་ཁམས་བཞིན་གནས།། དུས་གསུམ་འདི་དང་མི་འབྲལ ་བས། ཐ་ཚིག་མིང་དུ་བཏགས་པ་མེད།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། ཆོས་སྐུ་ཀུན་ཏུ་བཟང་པོའི་ཐིག་ལེའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མི་གཡོ་བ་ནི་སྐུའི་རྒྱུ། མི་བསྐྱོད་པ ་ན་ཡེ་ཤེས་ཏེ།། མི་ལེན་པས་ན་བདག་མེད་ཅིང་།། མི་འདོར་ཚིག་བྲལ་མཉམ་ཉིད་དོ།། གང་དང་གང་གིས་གང་དུ་ཡང་། ཀུན་འཁོར་ཀུན་སྤྱོད་བདག་ལས་འབྱུང་།། འདི་ལ་སྐྱེས་པ་བུད་མེད་ཅེས།། མཉམ་པའི་རྒྱལ་པོས་ཡོང་མ་གསུ། ་ལ་བརྟུལ་ཤུགས་དྲག་ཤུལ་གྱིས།། གནས་སུ་བྱ་བའི་མིང་མེད་ཏེ།། ཨ་དང་པར་ནི་རྣམ་ལྡན་ན།། སྒྱུ་མའི་བདེ་བ་འབྱུང་བར་འདོད།། རང་བཞིན་གཅིག་ཏུ་མ་ངེས་པས།། ཇི་ལྟར་བལྟས་པ་དེ་ལྟར་སྣང་།། སྣང་བདོད་རྩོལ་སེམས་བདེ ་བ་ཡང་།། དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན།། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ།། ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན།། མ་གོས་མ་ཆགས་འབྱུང་འགྱུར་ཡང་།། བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན།། དཀྱིལ་འཁོར་ཁྲོ་གཉེར་མ ་ལུགས་ཀྱིས།། ཁྲོ་བདག་ཆེན་པོའི་ལུས་བཟུང་ནས།། ཡི་གེ་མངོན་དུ་ཕྱུང་ན་ཡང་།། ཞི་བ་དེ་ཉིད་མཐོང་བ་མེན།། ཉོན་མོངས་པའི་དབང་གིས་ན།། ཏ་ལའི་མགོ་བོས་བཅད་པ་དང་། ས་བོན་མེ་ཡིས་བསྲེགས་པ་ཡང་།། དེའི་དབང ་དུ་མི་འགྱུར་སྟོན།། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་ཀྱང་།། གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ།། མཚན་མ་མེད་པའི་དབང་གིས་ན། བསྟི་གནས་འདི་ལས་འབྱུང་མི་འགྱུར།། གླེང་བྲལ་འདི་ལ་གནས་པའི།། རྣལ་འབྱོར་དེ་ནི་བསྐལ་བཟང ་བདག་དང་གཞན་དོན་མི་བྱེད་ཀྱང་།། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། ལྷག་མ་མེད་པར་ཡོངས་སུ་རྫོགས།། འགྱུར་བ་མ་ཡིན་དྲང་པོར་གནས།། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་།། གཞན་ལ་ལྟོས་འགྱུར་ཆོས།། ་མ་ཡིན།། ལྷུན་གྱིས་གནས་པས་བདེ་བ་ཆེ།། མཚུངས་པ་མེད་པའི་ཡེ་ཤེས་ཀྱིས།། རང་གི་མཐུའི་རིག་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། སླ་ཞིང་དཀའ་ལ་དཀའ་ཕྱིར་སླ།། མངོན་སུམ་མི་གནས་ཀུན་ལ་ཁྱབ།། མིང ་ཙམ་འདི་ཞེས་བསྟན་པར་ནི།། སེམས་དཔའ་རྡོ་རྗེ་མཚོན་དུ་མེད།། ངོ་མཚར་སྨད་བྱུང་རོལ་པ་འདི།། བྱ་བྲལ་ནམཁའ་ཇི་བཞིན་ཏེ།། ཅིར་ཡང་མི་དམིགས་གཏི་མུག་ལས།། དེ་མ་ཐག་དུ་རང་ལས་འབྱུང་།། འདི་ནི་ཐམས་ཅད་མཚུངས་པའི་ལམ ་འགྲོ་བ་ཀུན་ལ་རང་བཞིན་གནས།། བྱིས་པས་བསླང་པ་འཁྲུལ་པའི།། སྨན་ཉིད་སྨན་པ་ཚོལ་བ་བཞིན།། གོ་བའི་ཡུལ་ན་བདེ་བ་ཆེ།། དེ་ཉིད་རྣམ་དག་འཇིག་རྟེན་ཡིན།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕྱོགས་བཞི་མཚམས་དང་བླ་འོག ་གྲུབ། མ་ངེས་འཇའ་ཚོན་ཁ་དོག་ལས།། རིགས་ཀྱི་ཁྱད་པར་མངོན་པར་སྣང་།། དེ་བཞིན་གཡོ་རྡུལ་མི་གཡོ་བ།། འབྱུང་བ་ལྔ་དང་གཙོ་ཆེན་ཡིན།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས།། ཐུགས་རྗེ་ཡེ་ཤེས་ཀྱི་ཐིག་ལེའི་ལེའུ་སྟེ ་བཅུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། འདས་དང་མ་འོངས་ད་ལྟར་གྱི།། ཐ་སྙད་མིང་ལ་མི་གནས་ཏེ།། སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་།། དེ་ཉིད་དུས་གསུམ་ཆེན་པོར་སྦྱོར།། མཉམ་པས ་རིམ་པ་བཀོད་པ་མེད།། གཅིག་པས་ཕྱོགས་སུ་བསྔོ་དང་བྲལ།། ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་།། རང་བཞིན་གནས་པས་འགྲིམ་པ་མེད།། ལྷན་གྱིས་གནས་པས་མི་བསྔོ་ཞིང་།། གདོད་ནས་དག་པས་བདུད་རྩི་ཡིན།། འདུ་མཆེད ་བཅུ་གཉིས་ཁྱད་པར་དུ།། ལྷག་པའི་བསམ་པས་བཟུང་དུ་མེད།། ཡུད་ཀྱིས་བསམས་པས་ཡོངས་དག་སྟེ། བལྟས་པའི་སྟོབས་ནི་བཀྲམ་པའོ།། མཐོང་བར་གྱུར་པས་དངོས་གྲུབ་ལ།། དེ་ནི་མཉམ་བཞག་རྫོགས་པའོ།། ཡུད་ཙམ ་བཟུང་བས་སྦྱོར་བ་ཡིན།། དགའ་བར་འགྱུར་པས་དམ་ཚིག་སྟེ།། ཐབས་ཀྱིས་གར་ཐབས་བསྐྱོད་པ་ཡིས།། གཉིས་མེད་སྦྱོར་བ་ཕུལ་བ་ཡིན།། མི་བཟུང་གཏོད་པས་གཏོར་མ་ཡིན།། བྱ་བ་མེད་པས་ལམ་རྣམསོ།། མི་རྟོག་ཡེ་ཤེས ་བགེགས་བསལ་ནས།། མི་གསུང་མཉམ་བཞག་སྔགས་ཚིག་གོ།། བླ་མ་མཆོད་དང་གཏོང་བ་དང་།། དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་།། མ་ཆགས་མི་གཡོའི་སྟོབས་མེད་ན།། བྱས་ན་འཆིང་བ་ཆེན་པོར་འགྱུར།། དེ་བས་དེ་ལུང་དེ་ཉིད ་ལ། དེ་ལ་དེ་སྦྱར་སྒྲིབ་པར་འགྱུར།། དེ་ལྟར་དེ་ལ་དེ་རྟོག་ན།། དེ་ལ་དེ་ཉིད་གྲུབ་པ་མེད།། ཉི་ཟླ་དང་མཉམ་པ་དྲི་མ་མཱི་པའི་རྒྱུད་ལས།། ལྷུན་གྲུབ་ཐིག་ལེའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདི་སྐད་གསུང་།། ་ན་མཁའ་ཀློང་ཡངས་བདལ་བའི་དབྱིངས།། ཡེ་ཤེས་ཉི་ཟླས་འཁོར་བཅོད།། མདོའ་རྒྱས་ལྷ་བསྒོམ་སྤྱོད་འབྲས་དང་།། ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ།། རིག་པ་མཐའ་དང་མཉམ་པའི་རྒྱུད།། ཉི་ཟླ་ལྟ་བུར་དྲི་མ་མེད།། སྒྲོན་མ་འབར་བ ་གཏི་མུག་སེལ།། དྲུག་གིས་འགྲོ་དྲུག་གཡང་ས་གཅད།། སྟོན་པ་བསྟན་པ་གནས་འཁོར་དུས།། རང་སྣང་སེམས་ལ་སྨྲས་པ་ཡིན།། ལྟ་བ་སྟོམ་སྤྱོད་འ་བྲས་བཞིའི་རྒྱུ།། གདུལ་བྱའི་སྐབས་དང་སྦྱར་བར་བྱ།། མཁའ ་གསལ་ཉི་ཟླ་ལྟ་བུའི།། དོན་དམ་དྲི་མ་མེད་པའི་རྒྱུ་ད།། རྒྱུད་དོ་ཅོག་གི་རྒྱལ་པོ་འདི།། སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་བསྟོད།། མཉམ་པའི་རྒྱལ་པོ་ལྷོའི་ལྷ།། སྐྱེ་མེད་རང ་འབྱུང་ཆེན་པོའི་དང་།། མཁའ་འདྲ་ཡེ་ཤེས་བདལ་བའི་ཀློང་།། དུས་གསུམ་རྒྱལ་བ་ཀུན་གྱི་ཡབ།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་བསྟོད།། དེ་ནས་སེམས་དཔའ་རྡོ་རྗེ་དང་།། སྐུ་གསུཾ་ཡེ་ཤེས་ལྔ་ལ་སྒྲོགས།། རང་སྣང་རིག་པའི་འཁོར ་ཐམས་ཅད་དགའ་ཞིང་མགུ་ནས།། རྗེས་སུ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཆོས་ཐམས་ཅད་རིག་པ་ཉི་ཟླ་མཐའ་དང་མཉམ་པ་དྲི་མ་མེད་པའི་རྒྱུད།། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས ་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁས་པ་ཤྲི་སིང་ང་དང་།། བོད་ཀྱི་ལོ་ཙ་བ་བཽ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སན་ཏི་ཁོ་དེ་ཙི་ཏ་སཾ་ས་ར་མུ་ལ་ཚེ་དྷ་མ་ཧཱ་ར་ད་ན་ས་མན་ཏ་ཨ་ནུད་པ་ཏོ་ཏན་ཏྲ། ་