| Wylie | e-texts produced with BDRC’s OCR application |
ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་བཞུག་སོ།། ་རྒྱ་གར་སྐད་དུ། དུམ་དེ་མི་ལེ་ཀརྨ་ཙཀྲ། བོད་སྐད་དུ། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ།། དཔལ་ཀུན་ཏུ་བཟང་པོ་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ལ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱོན་པའི་མངོན་རོལ ་ནཱ། གའི་ལྷུན་གྱིས་གྲུབ་པ་རྒྱ་ཡོངས་སུམ་ཆད་པ་ཞེས་བྱ་བ། ཀུན་གྱི་གཉིས་ཆེན་ནོ།། མི་ཟ་པའི་མཛོད་ཆེན་པོ།། སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས།། སེམས་ཅན་ཀྱི་སྐྱེ་སྒོ། ལོངས་སུ་འབྱུང་བའི་དུས་སུ།། རྒྱུ་ལུང་ཐམས་ཅད ་བསྟེད་པའི་མ། བསྟན་པ་བསྐྱེད་པའི་ཕྱེའོ།། སྟོན་པ་འབྱུང་བའི་དབྱུངས། མ་སྨོས་པའི་ལེ་འོག། མ་སྐྱེད་པའི་འབྲས་བུ།། དུས་གསུམ་གྱི་ཕམ། ཅང་ཤེས་ཀྱིན་པོ།། ར་བྱུང་གི་མིའོ། སྟོབས་ཀྱི་གླང་པོ། ནོར་བུ་རིན་པོ་ཚེ། ཐམས་ཅད ་པའི་བཙུན་མོངས་པའི་པལ།། དེ་ནུས་ནམ་སྤྱོད་པའི་འཁོར་རོ།། ཁམས་པད་ལ་ལོ་བསྒྱུར་བའི་བློན་པོ།། འདྲེབབན་པོའི་བྱུང་གནས། འགག་པ་མེད་པ་ཆེན་པོ་དོནས། རང་བའི་སངས་རྒྱས་གནི་མ་ནི། སི་སྐྱེས་ཡིན་ཏེ། ་རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། སྣང་བ་དབྱིབས་ཀྱི་ཨ་དང་གྲག་པ་དགྲའི་ཨ། མཚོན་པ་ཚིག་གི་ཨ་དང་བཀོད་པ་ཡི་གེའི་ཨ། ཡེ་ཤེས་ཡང་དག་གཞི་ཡི་ཨ ་འདི་ནི་ཡང་དག་གཞི་ཡི་ཨ། ཨ་ནི་སྐྱེ་མེད་ན་མཁའ་འདྲ།། ན་མཁའ་དང་ལས་ཨ་བྱུང་བས།། ཨས་ནི་ཚིག་འབྲུ་ཐམས་ཅད་བསྐྱེད།། ཚིག་གི་ཨ་ནི་མ་ཡིར་དོན་གྱི་ཨ།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན ་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། ཅེས་གསུངསོ།། དེ་ལ་དང་པོ་ཐོག་མ་མེད་པའི་དུས་ཉིད་ན།། ཨ་ཡི་གཞིར་དུ་གནས་པ་ཡིན།། ཨ་ཤེས་ཤ་ཡིག་གཞི་རུ་གནས།། ཡེ་ནས་ཡོད་པས་ང་རུ་གནས།། སྐུ་གསུང་གཞི་ཡན་ཀ་རུ ་གནས།། ཐམས་ཅད་ཅིག་པས་མ་རུགནས།། ཐམས་ཅད་མ་འགག་ཧ་རུ་གནས།། ཡི་གེ་དྲུག་པ་གཞི་ལ་གནས།། དབྱིངས་དང་སྦུབས་བྱེད་གཞན་སེལ་དང་།། ཕན་པའི་རྐྱེན་དང་གཞི་ཚང་ན།། ཡི་གེའི་དེ་སྤྲོད་འབྲུ་བཤད་པས།། རྩལ ་དང་ལས་དང་འཁོར་ལོ་གསུམ།། དེས་ན་ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ཡིན།། ཐོག་མ་ལས་གྱི་གཞི་མེད་ན།། ལས་ཀྱིས་འཁོར་བར་མ་འགྱུར་རོ།། ཐོག་མ་ལས་ཀྱི་གཞི་མེད་ན།། རང་གྲོལ་དགོངས་པ་འཆར་མི་སྲིད།། དེ་ཉིད ་བཞི་ལམ་མ་གྲུབ་ན།། འཁོར་བ་རྣམ་དག་འབྱུང་མི་སྲིད།། དེ་ལ་འཁོར་བའི་ཡིག་འབྲུ་བཤད་པར་བྱ།། དང་པོ་གཞི་ལྔ་རྒྱུད་དྲུག་རྐྱེན་ལྔ་ལས།། བསགས་པའི་ལས་ནི་མ་ཡིན་ཏེ།། རྒྱུ་བཞི་ཡིས་ལ་སུ་འཁྲུལ་པ་ཡིན།། རྒྱུད་དྲུག ་རྐྱེན་ལྔས་འདུས་བྱས་ཕུང་པོ་གྲུབ།། ཐོག་མའི་རྒྱུད་དྲུག་ཕུང་པོ་ལ།། ཡིད་ལུས་འོད་ལུས་ཤ་ཁྲག་ལུས།། ལུས་སུ་འོང་བར་རང་བཞིན་ལུས་ཀྱི་ལེན།། ལན་པ་ལུས་སུ་འཁྲུལ་པ་ཡིན།། ལུས་ཀྱི་འབྲས་བུ་དེ་ལ་ཚེ་ཚད་ལུང་བསྟན་མེད།། རྒྱུ་དང ་རྐྱེ་མ་དང་རིག་པ་སེམས་བཙལ་གསུམ།། དེ་གསུམ་རིང་ཐུང་ཆེ་ཆུང་ངུས་ཚོད་མཚུངས།། ཡི་གེ་འབྲུ་བཱ་ཤད་འཁོར་ལོ་ལས།། གཞི་དང་རྒྱུའི་ངོ་བོ་བཤད་པ་དང་པོའོ།། ། དེ་ནས་འབྲས་བུའི་འབྲུ་བཤད་བསྟན་པ་ནི།། འབྲས་བུ ་བསྡུ་ན་རྣམ་པ་གསུམ།། འགྲོ་དྲུག་ལོང་སྐུ་ཆེས་སྐུ་གསུམ།། འགྲོ་དྲུག་དག་ལ་རྣམ་པ་གཉིས།། མཐོ་རས་དྲན་འགྲོ་རྣམ་པ་གཉིས།། ངན་འགྲོ་དམྱལ་ཁམས་བཅོ་བརྒྱད་བཞི།། ཡི་དགས་རྣམ་སྨིན་གནས་དདུ་རྒྱུ་བོ་དྲུག། སོལ་སོང་སྤྲུལ་པ་རྣམ་སྨིན ་རང་རྒྱུད་གསུམ།། མཐེ་རིས་མོ་ལ་རྣམ་པ་འནི།། གླིང་གཞི་ཚེ་ཚད་ལུས་ཚད་བཞི།། འཛམ་བུ་གླིང་ན་མི་རིགས་ལྔ།། རྗེ་ཚད་ལུང་དུ་བསྟན་དང་ལུང་མ་བསྟན།། ལུས་ཀྱང་ལུང་བསྟན་ལུང་མ་བསྟན།། འབྲས་བུ་ལུང་བསྟན་ལུང་མ་བསྟན།། ་དེ་ཡང་འཁོར་བ་རྣམ་པ་བཞི་རུ་འདུས།། རྒྱུ་དང་དཀར་ནག་འབྲས་བུ་བཞི།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། བསྡུས་ཏེ་བཤད་པ་སྟེ་གཉིས་པའོ།། དེ་ཡང་དཀར་པོ་ལྟར་འཁོར་བ།། ལྷ་དང་མི་དང་ལྷ ་མ་ཡིན་རྣམ་པ་གསུམ་དུ་བཤད་པ་ཡིན།། ལྷལ་རྣམ་པ་གསུམ་དུ་བསྟན།། གཟུགས་ཁམས་གཟུགས་མེད་འདོད་པ་ཁམས།། དེ་ལ་གཟུགས་མེད་མུ་བཞི་ནི།། ནམཁའ་མཐའ་ཡས་སྐྱེ་མཆེད་ནི།། བསམ་བསྟན་འདུ་ཤེས་ཀུན་ཡང ་ནས་རྔ་ཆོས་རྣམས་ན་མཁའ་ལྟ་བུར་སྒོམ།། དེ་ཤི་ནས་ནི་འོད་གསལ་ཤྭར།། ནམ་མཁའ་ལྟ་བུའི་ལས་འཕོ་སད།། འོད་གསལ་ན་མཁའ་མཐའ་ཡས་སྒོམ།། ནམ་མཁའ་མཐའ་ཡས་མཉམ་བྱེད་པས།། ཚེ་ལོ་བསྐལ ་པ་ཉི་ཤུ་ཐུབ།། ན་མཁའ་མཐའ་ཡས་ཞེས་སུ་བརྗོད།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི།། ན་མཁའ་ལྟ་བུ་དེ་ཡང་རྣམ་ཤེས་ན་མཁའི་མཐའ་མཉམ་སྒོམ།། དེ་ཤི་འོད་ལ་ལས་འཕྲོ་འཐུད།། ཚེ་ཚད་བསྐལ་པ་ཉི་ཁྲི་ཡིད་ལུས་ཡིན། ་རྣམ་ཤེས་མཐའ་ཡས་ཉིད་ཞེས་སུ་བཤད།། ཙོ་ཡང་མེད་པའི་སྐྱེ་མཆེད་ནི།། རྣམ་ཤེས་མཐའ་ཡས་དེ་ཡང་བརྟགས་ནས་ཅི་ཡང་མེད་པར་སྒོམ།། དེ་ཤི་འོད་ལ་ལས་འཕོ་འཐུད།། ཚེ་ཡི་ཚད་ནི་བརྒྱད་ཁྲི་ཐུབ།། ཅི་ཡང་མེད་པའི་སྐྱེ་མཆེད ་ཞེས་སུ་བརྗོད།། ཡོད་མིན་མེད་མིན་སྐྱེ་མཆེད་ནི།། འདུ་ཤེས་ཡོད་པའང་མ་ཡིན།། མེད་པའང་མ་ཡིན་ནོ་སྙམས་དུ་སྒོམ།། དེ་ཤི་འོད་ལ་ལས་འཕྲོ་འཐུད།། ཚེ་ཡི་ཚ་ནི་བརྒྱད་ཁྲི་ཐུབ།། ཡོད་མི་ནི་མེད་མིན་ཞེས་སུ་བཤད།། ་ཏིང་འཛིན་དེ་ཡི་སྐྱེས་ཚད་དང་།། མཐའ་བཞི་དྲས་མཐས་མ་ཆོད་པས།། དཀ་ཝཱར་དུ་འཁོར་ཞེས་བརྗོད།། དེ་ལྷུང་དམྱལ་བར་སོང་གྱུར་ཡང་།། ཏིང་འཛིན་དེའི་ཁྱད་པར་གྱིས།། གྱེད་ལ་སྲན་མ་བྲིམས་པ་འདྲ།། དེ་ནས་ཐར་པ་ཐོབ ་འགྱུར་བས།། བསམ་གཏན་སྒོམ་པ་ཤིན་ཏུ་གཅེས།། ཞེས་གསུངསོ།། ཡི་གེ་འབྲུ་བཤད་འཁོར་ལོ་ལས་སྐྱེ་མཆེད་མུ་བཞི་བསྟན་པ་དེ་གསུམ་པའོ།། །། དེ་ནས་འདོ་ཁམས་གནས་རིགས་བཅུ་བདུན་ཡང་།། ་འབྲུ་བཤད་འདི་ལས་ཤེས་པར་བྱ།། རྣམ་པར་སྨིན་པའི་ཡིད་ལུས་ནི།། ཆུ་བུར་ཅན་དུ་སྐྱེ་བའི་ལས་དག་དང་།། དེའི་འོད་གསལ་འཕྲོ་འཐུད་དང་།། དེ་ཡི་ཚེ་ཚད་ལུས་པ་ཚད།། ཆུ་བུར་རྡོལ་པར་སྐྱེ་བའི་ལས་མཐའ་དང་།། དེ་ཡི་འགྲོ། ་འཐུང་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཨ་ཅུ་ཟེར་བར་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འཐུད་ལས་དག་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཀྱེ་ཧུད་ཟེར་བར་སྐྱེ་བོའི་ལས་དག་དང་།། དེ་ཡི་འཕྲོ་འཐུང་དུས་ཚོད་དང་།། ་དེ་ཡ་ཚེ་ཚད་ལུས་ཚད་དང་།། སོ་ཐམས་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འདུད་ལས་དག་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཨུཏྤལ་ལྔ་རགས་པའི་ལས།། དེ་ཡི་ལས་ཀྱི་སོ་མཚམས་འཐུད།། དེ་ཡི་ཚེ་ཚད་ལུས་ཚད་དང་། ་པདྨ་ལྟར་གས་སྐྱེ་བའི་ལས།། དེ་ཡི་ལས་འཕྲོ་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། པདྨ་ལྟར་ཆེར་གས་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འདུད་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་རྣམས།། འབྲུ་བཤད་འདི་ལ་གསལ ་བར་བཤད།། ཅེས་གསུངསོ།། གྲང་བ་དམྱལ་བའི་སྐབས་ཏེ་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། ཡང་སོས་སྐྱེ་བའི་ལས་དགྲ་དང་།། དེ་ཡི་ལས་ཀྱི་འཕྲོ་འཐུང་དང་།། ཚེ་དང་ལུས་ཚད་བསྟན ་པའོ།། ཐིག་ནག་སྐྱེ་བའི་ལས་ངག་དང་།། དེ་ཡི་བར་རོ་འཐུད་པ་དང་།། དེ་ཡི་ཚེ་དང་ལུས་བོང་དང་།། བསྡུས་འཇོམ་སྐྱེ་བའི་ལས་དག་དང་།། དེ་ཡི་བར་དོ་ལས་འཕྲོ་འཐུང་།། འཐུད་པའི་འབྲས་བུ་ལུས་དང་ཚེ་ཚད་དང་།། དུ ་འབོད་སྐྱེས་པའི་ལས་ངག་དང་།། དེ་ཡི་བར་དོ་འཕྲོ་འཐུང་དང་།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་དང་།། ངུ་འབོད་ཆེན་པོར་སྐྱེ་བའི་ལས་དག་དང་།། དེ་ཡང་བར་དོ་འཕྲོ་འཐུང་དང་།། དེ་ཡི་འབྲས་བུ་ལུས་དང་། ་ཚེ་ཡི་ཚད།། ཚ་བར་སྐྱེ་བའི་ལས་དག་དང་།། དེ་ཡང་བར་དོ་ལས་འཕྲོ་འཐུད་པ་དང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་དང་།། རབ་ཏུ་ཚ་བར་སྐྱེ་བའི་ལུས་དང་།། དེ་ཡིས་པར་དོར་མདུད་པ་དང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཆེད་དང ་མནར་མེད་པར་ནི་སྐྱེ་བའི་ལུས་དག་དང་།། དེ་ཡི་བ.རརུ་དོར་འཕྲོ་འཐུང་དང་།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་བརྒྱད།། ཉི་ཚེ་ཉེ་འཁོར་ལས་ཀྱི་སྐྱེ་བ་དང་།། དེ་ཡི་ཚེ་ཚད་བར་དེའི་སྣ་མཚམས་དང་།། རྡོ་རྗེ་དམྱལ་བར་སྐྱེ་བའི ་ལས་ངག་དང་།། བར་དོ་མེད་པར་འབྲས་བུ་འབྱུང་བའི་ཚེ་ལུས་དང་།། གསང་བའི་འབྲུ་བཤད་འདི་ནས་གསལ་བར་བཤད།། ཅེས་གསུངསོ།། ཚ་བ་དང་ཉི་མོ་ཉེ་འཁོར་རྡོ་རྗེ་དམྱལ་བའི་སྐབས་ཏེ་ལྔ་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། མི་དག་ཡིད་ཀྱི་གཟུགས་ལ་བགེགས་རིས་སྟོང་ཕྲག་བརྒྱད་བཅུ་སྟེ།། ལྷ་མ་ཡིན་གཡུལ་བཟློག་ནང་ནས་རྒྱས་པར་བཤད།། རྩ་བ་སྡེ་བརྒྱད་འདྲེ་ལྔ་འདྲེ་ཅིག་ཉོན་མོངས་སེམས།། དངོས་པོ ་མེད་པས་གཟུགས་དབྱིབས་ཁ་དོག་མེད།། དེ་ཕྱིར་ཡིད་ཀྱི་ལུས་ཞེས་བརྗོད་པ་ཡིན།། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཡང་།། རྩ་བ་བཅུ་དང་བརྒྱད་དུ་འདུས།། སྟེང་ལྷའི་གདོན་དང་འོག་ཀླུའི་གདོན།། ཤར་ཕྱོགས་དྲི་ཟ ་ལ་སོགས་བཅུ་རྣམས་ཡིན།། དེ་ཡང་ལྷ་སྲིན་སྡེ་བརྒྱད་ཡིན།། ཀླུ་ཡང་བྱང་ཆུབ་སེམས་དང་ལྡན།། དེ་ཡི་ལས་དང་སྐྱེ་བའི་ལས་འཕྲོ་དང་།། དེ་ཡི་འབྲས་བུས་མཚམས་ཕྱི་ཡི་ནད།། མཁའ་ལ་རྒྱུ་དང་གནས་པའི་ཡཱི་དགས་རྣམས།། ། ་འབྲུ་བཤད་འཁོར་ལོ་འདི་ལས་ཤེས་པར་བྱ།། ཞེས་གསུངས་སོ།། མཁའ་ལ་རྒྱུ་བ་དང་གནས་པའི་ཡི་དགས་ཀྱི་སྐབས་ཏེ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བྱ།། རྣམ་པར་སྨིན་པའི་ཡི་དགས་བཤ ་བྱ་བ།། ཕྱིའི་སྒྲིབ་པ་ཅན་དུ་སྐྱེ་བ་ཡིས།། དེའི་ལས་དང་འཕྲོ་འཐུད་པས།། འབྲས་བུ་ཚེ་དང་ལུས་ཚད་དོ།། ནང་དུ་སྒྲིབ་པ་ཙམ་དུ་སྐྱེ་བའི་ལས་དང་ནི།། དེ་ཡི་འཕྲོ་འ་ཐུང་དུས་ཚོད་དང་།། དེའི་འབྲས་ལུས་ཀྱི་ཚེ་ཚད་དང་།། སྤྱི་འཐུན ་ངག་ཏུ་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འཐུང་དུས་ཚོད་དང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་བསྟུན་པའོ།། སྒོ་ཁྱུད་དག་ཏུ་སྐྱེ་བའི་ལས་དང་ནི།། དེ་ཡི་ལས་འཕྲོ་འཐུད་པའི་དུས་དང་ནི།། འབྲས་བུ་ལུས་དང་ཚེ་ཚད་ནི།། ་འབྲུ་བ་ཤད་འཁོར་ལོ་འདི་ལས་བཤད་པ་ཡིན།། ཞེས་གསུངསོ།། རྣམ་པར་སྨིན་པའི་ཡི་དགས་ཀྱི་སྐབས་ཏེ་བདུན་པའོ།། ། དེ་ནས་ཡང་དགྲ་བཤད་བྱ་བ།། འོད་ཀྱི་ལུས་ལ་བསམ་གྱིས་མི་ཁྱབ་སྟེ། ་བསྡུས་པའི་འོད་ལུས་རྣམ་པ་བཞི་རུ་བཤད་པར་བྱ།། རྒྱལ་བ་ལོངས་སྐུ་འོད་ལ་བཞུགས་པ་དང་།། བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་ལ་བཞུགས་པ་དང་།། འོད་གསལ་ལྷ་རྣམས་འོད་ཀྱི་ལུས་ལ་བཞུགས་པ་དང་། ་འདྲེ་འོད་ཀྱི་ལུས་ལ་བཞུགས་པ་ཡིན་ཞེས་བྱ།། དེ་ལ་རྒྱལ་བ་འོད་ཀྱི་ལུས་ལ་བཞུགས་པ་ཡིན།། ལས་ནི་སྐྱེ་རྫོགས་ཟུང་དུ་འབྲེལ་བ་ཡིན།། འཕྲོ་ནི་བར་དོར་མཐུད་པ་ཡིན།། འབྲས་བུ་སྐུ་ལྔ་ཡེ་ཤེས ་ལྔ་རུ་སྨིན་པ།། བསྐྱེད་པའི་འབྲས་དབུ་སྐུ་རུ་གྲུབ།། རྫོགས་པའི་འབྲས་བུ་ཡེ་ཤེས་ཡིན།། ཏིང་འཛིན་གསུམ་དང་ཚད་མེད་བཞི།། དེ་ནས་བསྲུང་འཚམས་ལ་སོགས་ཡན་བདུན།། མྱ་ངན་མི་འདའ་གསོལ་གདབ་སོགས།། སྒྱུ་མ ་ལྟ་བུར་ཐབས་ཀྱི་ལམ།། དོན་དམ་རྟོགས་པ་ཤེས་རབ་ལ་མ།། དེ་ལྟར་འབྲས་བུ་བསྒྲུབས་པས་ཡེ་ཤེས་རྩེ་གཉིས་གཅིག། རང་ལུས་མཚན་དང་དེ་བྱད་རྫོགས།། འོད་ཟེར་ཕུང་པོ་བྱེ་བ་ཕྲག་ཁྲིག་འོད་དུ་འབར།། ཞིང་ཁམས་འོད་དུ ་སྣང་བ་ནི།། ལོང་སྐུ་སྒྱུ་མ་ཉིད་ཀྱི་སྦུབས།། སྤྱན་ལྔ་ཆགས་པ་མེད་པའི་བདག། ཁྱབ་བདག་ཡེ་ཤེས་ལྔའི་བདག། སངས་རྒྱས་ལྔ་བདག་བཅོད་པན་ཅན།། སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། རང་བཞིན ་གྱིས་ནི་མྱ་ངན་འདས།། ཞེས་གསུངསོ།། འབྲུ་བློ་ཤད་ཀྱི་འཁོར་ལོ་ལས།། ལོངས་སྐུ་འོད་ཀྱི་ལུས་སུ་གྲུབ་པ་སྟེ་སྐབས་བརྒྱད་པའོ།། ། དེ་ནས་ཡང་དགྲ་བཤད་བྱ་བ།། བྱང་ཆུབ་སེམས་དཔའི་འོད་ཀྱི་ལུས་སུ་འཇུག ་པ་ནི།། རྣལ་འབྱོར་རྣམ་གསུམ་ཉམ་སུ་བླངས་པ་ཡིས།། རབ་ཀྱིས་ལོངས་སུ་དངོས་སུ་གྲུབ་པ་ཡིན།། འབྲིད་ཀྱིས་བྱང་ཆུབ་སེམས་དཔར་གྲུབ་པའི་ལས།། འབྲས་བུ་ཕྱག་རྒྱ་ཆེན་པོ་མ་གྲུབ་བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་སུ་གྲུབ། ་མཚན་དང་དཔེ་བྱད་བརྒྱན་ཆ་ལྡན་མཛེས་པ་ཡིན།། བཅུ་གཅིག་ཀུན་ཏུ་འོད་ཀྱིས་ལས་ནི།། ལོང་སྐུ་སངས་རྒྱས་མཚན་དང་དཔེ་བྱད་ལྡན།། དེ་ནས་ཡང་ཞི་བ་མྱ་ངན་ལས་འདས་ནས་འཚང་རྒྱ་བར་འགྱུར་རོ།། ཤེས་བྱའི་སྒྲིབ་པ་ཕྲ་མོ་མ ་ཆོད་ནས། ཕྱིར་བཟློག་པ་ཡང་ཡོད་དོ།། དེ་ཕྱིར་འབྲུ་བཤད་འདི་ལས་ཤེས་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་སུ་འཇུག་པའི་སྐབས་སྟེ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཟུགས ་ཁམས་ལྷ་ལ་རྣམ་པ་བཅུ་བདུན་ཏེ།། གཟུགས་ཀྱི་འདོད་ཆགས་དང་ནི་མ་བྲལ་ཞིང་།། གཞལ་ཡས་ཁང་ལ་ཆགས་པའོ།། དེ་ཡང་ཚངས་པར་སྐྱེ་བའི་ལས་ནི་གང་ལྟར་སྤྱད།། དེ་ཡི་འཐུད་པའི་ལས་འཕྲོ་གང་དུ་སྦྱོར།། དེ་ཡི་འབྲས་བུ་ཚེ། ་ཚད་ལུས།། ཚངས་རིགས་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡི་ལས་འཕྲོ་ཇི་ལྟར་འཐུད་པ་ཡིན།། དེའི་འབྲས་བུ་ལུས་དང་ཚེ་ཚད་གང་།། ཚངས་པ་འདུན་ན་འདོན་དགུའོ།། །། འོད་ཆུང་སྐྱེ་བའི་ལས་ནི་ཇི་ལྟར་བཤད ་དེ་ཡི་འཐུད་པའི་ལས་འཕྲོ་ཇི་ལྟ་བུ།། དེ་ཡི་འབྲས་བུ་ལུས་ཀྱི་ཚེ་ཚད་དོ།། ཚད་མེད་འོད་དུ་སྐྱེ་བའི་ལས་ནི་ཇི་ལྟར་བཤད།། དེ་ཡི་ལས་འཕྲོ་གང་དུ་སྣང་།། དེ་ཡི་ལུས་དང་ཚེ་ཚད་ཇི་ལྟར་ལགས།། འོད་གསལ་སྐྱེ་བོའི་ལས་འཕྲོ་གང་དུ་འགྲུབ ་དེ་ཡིས་འཐུད་པའི་འབྲས་བུ་ཚེ་ཡི་ཚད།། ཚད་མེད་དགེ་བའི་ལས་ནི་གང་དུ་གྲུབ།། དེ་ཡི་འཕྲོ་འཐུད་ལས་འཕྲོ་ཇི་ལྟར་སྦྱོར།། དེ་ཡི་འབྲས་བུ་ཆེ་ཚད་གང་ལྟ་བུ།། དགེ་རྒྱས་སྐྱེས་པའི་ལས་ནི་གང་གྲུབ།། དེ་ཡི་ལས་འཕྲོ་ཇི་ལྟར་མཐུད་པ་ཡིན ་དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་གང་ལྟ་བུ།། དགེ་ཆུང་སྐྱེ་བའི་ལས་ནི་གང་ལས་གྲུབ།། ལས་འཕྲོ་བར་དོར་ཇི་ལྟར་འཐུད་པ་དང་ཀཱདེ་ཡི་ཚེ་ཚད་ལུས་ཚད་ཇི་ལྟར་ཡིན།། སྤྲིན་མེད་སྐྱེ་བའི་ལས་ནི་ཇི་ལྟར་བཤྲད།། ་དེ་ཡིས་བརླ་དོར་མཐུད་པའི་ལས་ལྟ་བུ།། དེ་ཡི་འབྲས་བུ་ལུས་ཚེ་ཚད་གང་།། བསོད་ནམས་སྐྱེ་བའི་ལས་ནི་ཇི་ལྟར་བཤད།། དེ་ཡི་བར་དོར་མཐུད་པའི་ལས་ནི་གང་།། མཐུད་པའི་འབྲས་བུ་ལུས་དང་ཚེ་ཚད་གང་།། འབྲས་བུ་ཆེ་བའི ་ལྷུར་སྐྱེ་བའི་ལག་ནི་གང་།། དེ་སྤྱད་པར་དོར་མཐུད་ཚུལ་ཇི་ལྟ་བུ།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་གང་ལྟ་བུ།། བསམ་གཏན་གོལ་སྒྲིབ་འདུ་ཤེས་མེད།། གཙང་མ་རགས་ཀྱི་ལྷ་ལྔ་བསྟན་པར་བྱ།། མི་ཆེ་བའི་ལྷ་རུ་སྐྱེ་བའི་ལས ་ནི་གྲང་རྗེ་དེ་ཡི་ལས་འཕྲོ་བར་དྲོར་ཇི་ལྟར་མཐུད།། མཐུད་པའི་འབྲས་བུའི་ལུས་དང་ཚེ་ཚད་དང་།། གཟུགས་ཁམས་སྡུག་བསྔལ་གདུང་པའི་རྐྱེན་མེད་ཕྱིར།། མི་གདུང་པའི་ལྷ་རུ་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡི་ལས་འཕྲོ་མཐུད ་པའི་དུས་ཚོད་གང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་གང་།། ཤིན་ཏུ་མཐོང་དུ་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡཱ་བར་དོར་མཐུད་པ་ཇི་ལྟར་ཡིན།། མཐུད་པའི་འབྲས་བུ་ལུས་དང་ཚེ་ཚད་གང་།། གྱ་ནོམ་སྣང་དུ་སྐྱེ་བའི་ལས་ནི ་ཇི་ལྟར་སྤྱད།། དེ་ཡི་ལས་འཕྲོ་བར་དོར་ཇི་ལྟར་མཐུང་།། དེ་ཡང་འབྲས་བུ་ལུས་ཚོད་ཚེ་ཚད་གང་དུ་འགྲུབ།། འོག་མིན་ལྷ་རུ་སྐྱེ་བོའི་ལས་ནི་གང་ལས་གྲུབ།། དེ་ཡི་ལས་འཕྲོ་བར་དོར་ཇི་ལྟར་སྦྱོར།། དེ་ཡི་འབྲས་བུ་ལུས་དང ་ཚེ་ཚད་གང་ལྟ་བུ།། མི་ཆེ་བཱ་ཞེས་སུ་གྲུབ་པའི་མཚན་ཉིད་དང་།། མི་གདུང་པ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་བ་དང་།། བོག་མིན་ལྷ་ཞེས་རྒྱུ་མཚན་ཇི་ལྟ་བུ།། བདག་གཞན་འོད་ལ་གནས་པས་བདེ་བར་སྤྱོད།། སྐུའི་འོད་གསལ ་སྒྱུ་མ་ལྟ་བུའི་སྐུ།། ཏིཔེ་འཛིན་གྱི་རིམ་པའི་ཁྱད་པར་གྱིས།། དེ་ཡིས་འབྲས་བུ་རིམ་པར་གྲུབ་པའོ།། ཅེས་གསུང་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས་གཟུགས་ཀྱི་ལྷ་བསྟན་པ་སྟེ་སྐབས་བཅུ་པའོ།། ་དེ་ནས་ཡང་དག་བཤད་བྱ་བ།། འདྲེ་འོད་ཀྱི་ལུས་སུ་གྲུབ་པར་བསྟན་པ་ནི།། འདྲེ་ཡང་འོད་ལུས་གྲུབ་པའི་ལས།། ཧེ་རུ་ཀ་དང་ཕྲ་མེན་མ་དང་།། འོད་ལུས་སྒོམ་མོ་སྒོམ།། རྟག་པ་ཐེར་ཟུག་ལྔ་དང་སྔགས་དང་ཕྱག་རྒྱ་དང་། ་དམ་རྫ་སྲ་མཆོད་རྫས་དགྲ་དང་བདག་ཉིད་བརྟག་པ་རུ།། དེ་ལྟར་སྒོམ་པའི་ལས་དང་འབྲས་བུ་ཚེ་དང་ལུས་ཚད་རྣམས།། མ་ངེས་སྲོག་ཟན་སྐྱེས་ནས་དམྱལ་བར་འགྱུར།། རིགས་སྔགས་གསང་སྔགས་གཟུངས་སྔགས་རྣམས ་གོལ་བའི་འབྲས་བུ་འོད་ལུས་རུ་ཏྲ་སོགས།། བགེགས་རིགས་སྟོང་ཕྲག་བརྒྱད་བཅུར་སྐྱེ།། དེ་ཡི་ཚེ་འཕོས་དམྱལ་བར་འགྱུར།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས་འདྲེའི་འོད་ལུས་ཀྱི་སྐབས་སྟེ་བཅུ་གཅིག ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། ཤ་ཁྲག་ལུས་ལ་རྣམ་པ་གཉིས།། མཐོ་རིས་ངན་སོང་རྣམ་པ་གཉིས།། མི་ལུས་ཤ་ཁྲག་མངལ་དུ་སྐྱེ་བ་དང་།། ལྷ་ཡི་ལུས་ཀྱི་མངལ་དུ་འཇུག་པ་དང ་བྱོལ་སོང་མངལ་དུ་འཇུག་པའོ།། ལུས་འཕགས་སྐྱེ་བའི་ལས་ནི་གང་ལྟར་སྤྱད།། དེ་ཡི་ལས་འཕྲོ་ཇི་ལྟར་མཐུད་པ་ཡིན།། མཐུང་བའི་འབྲས་བུའི་ལུས་ཚད་ཚེ་ཚད་གང་།། ལྷོའི་འཇམ་བུ་གླིང་དུ་སྐྱེ་བའི ་ལས་ནི་གང་ལྟ་བུ།། དེ་ཡི་ལས་འཕྲོ་བར་དོར་མཐུད་པ་གང་།། དེའི་འབྲས་བུ་ལུས་ཚད་ཚེ་ཚད་གྲང་།། ནུབ་ཀྱི་བ་གླང་སྤྱོད་དུ་སྐྱེ་བའི་ལས་ནི་གང་ལྟ་བུ།། དེ་ནི་བར་དོར་མཐུད་པའི་འབྲས་བུ་ཇི་ལྟར་ཡིན།། དེ་ཡཱི་འབྲས ་བུ་ལུས་དང་ཚེ་ཚད་གང་།། བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི་ལས་ནི་ཇི་ལྟ་བུ།། དེ་ཡི་བར་དོར་འབྲས་བུ་ཇི་ལྟར་འགྲུབ།། ལས་འཕྲོ་མཐུད་པའི་ལུས་དང་ཚེ་ཚད་ཇི་ལྟ་བུ།། རྒྱལ་ཆེན་རིགས་བཞིར་སྐྱེ་བའི་ལས་ནི་ཇི་ལྟ་བུ།། ་ཡང་བར་དོར་འཕྲོ་མཐུང་ཇི་ལྟ་བུ།། དེའི་འབྲས་བུ་ལུས་ཚད་ཚེ་ཚད་གང་།། སུམ་ཅུ་རྩ་གསུམ་སྐྱེ་བའི་ལས་ཀྱི་འབྲས་བུ་ཐོབ་པར་སྤྱོད་པ་གང་།། དྲག་པོ་དགུ་དང་ཉི་དབང་བཅུ།། ཉི་མའི་བུ་དང་དགུ། ནོར་ལྷ་བརྒྱད། ་ཐག་བཟངས་རིགས་ཀྱི་གསུམ་སྟེ། སུམ་བཅུ་རྩ་གཉིས། དེ་ཡི་ལས་འཕྲོ་ཇི་ལྟར་མཐུད་པ་ཡིན།། འབྲས་བུ་ལུས་ཚད་ཚེ་ཚད་གང་དུ་གྲུབ།། ཐབ་བྲལ་སྐྱེ་བའི་ལས་ནི་གང་ལ་གྲུབ།། དེ་ཡི་ངེས་ཚིག་ཇི་ལྟ་བུ།། ་དེ་ཡི་ལས་འཕྲོ་ཇི་ལྟར་གྲུབ།། དེ་ཡི་འབྲས་བུའི་ལུས་ཚད་ཚེ་ཚད་གང་།། དགའ་ལྡན་སྐྱེ་བའི་ལས་ནི་གང་དང་གང་ལས་གྲུབ།། དེའི་ལས་འཕྲོ་གང་དུ་སྦྱོར།། དེའི་འབྲས་བུ་ལུས་ཚད་ཚེ་ཚད་གང་།། འཕྲུལ་དགར་སྐྱེ་བའི ་ལྔས་ནི་གང་ལས་གྲུབ།། དེའི་ལས་འཕྲོ་མཐུད་པའི་ལུས་དང་ཚེ་ཚད་གང་།། གཞན་འཕྲུལ་དབང་བྱེད་སྐྱེ་བའི་ལས་ནི་གང་ལས་གྲུབ།། དེ་ཡི་བར་དོར་འཕྲོ་མཐུད་ཇི་ལྟ་བུ།། དེ་ཡིས་ལུས་དང་ཚེ་ཚད་གང་ལས་གྲུབ།། མཐོ ་རིས་ངན་སོང་གར་སྐྱེ་བ།། རིག་པའི་རྒྱལ་པོ་རང་དབང་ཆེ།། རྒྱུ་རྐྱེན་དུས་འཇོམས་ལས་ལ་རག། འབྲས་བུ་ཅི་བྱུང་ལས་ལ་ལྟོས།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། མཐོ་རིས་མི་ཤ་ཁྲག་གི་ལུས།། ་ལཱ་ཤ་ཁྲག་གི་ལུས་ཏེ།། སྐབས་བཅུ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱོང་སོང་ཤ་ཁྲག་སྐྱེ་བ་འདི་ལྟ་བུ།། རྐང་གཉིས་བྱ་རུ་སྐྱེ་བ་འདི་ཇི་ལྟར་ལགས།། དེ་ཡིས་བར་དོ་ལས ་འབློ་ཇི་ལྟར་མཐུད།། དེ་ཡི་འབྲས་བུ་འདབ་ཆགས་ལུས་དང་ཚེ་ཚད་དང་།། འདབ་ཆགས་ལུས་ལ་རྣམ་པ་གསུམ།། འདབ་ཚོགས་ཆོས་སྐུ་རྡོ་རྗེ་ཁྱུང་།། སྤྲུལ་པ་བྱང་ཆུབ་སེམས་དང་ངན་འགྲོ་ཡིན།། རྐང་བཞིར་ལས་ཀྱིས་སྐྱེ ་བའི་ཁྱི་ཐག་ཇི་ལྟར་སྤྱད།། དེ་ཡང་བར་དོར་ལས་འཕྲོ་ཇི་ལྟར་མཐུད།། དེ་ཡི་འབྲས་བུ་ཚེ་རིང་ཚེ་ཐུང་བ།། ཁྱད་པར་རྟ་དང་གནག་དང་ཁྱི་ལ་སོགས།། དེའི་འབྲང་བུ་གསོད་ནམས་ལུས་ཚད་དོ།། རྐང་མངས་སྐྱེ་བ་ཡང་ནི་ལས ་ཅིག་ལགས།། རྟ་བླ་སྡིག་པ་དོམ་དང་འབྲུ་སྲིན་རྣམས། སྡུག་བསྔལ་ཆེ་ཆུང་མི་འདྲ་ལས་འཕྲོ་ཇི་ལྟར་མཞུད།། དེ་ཡི་འབྲས་བུ་ནར་ནར་འབྱོར་འབྱོར་པོ།། ཆེ་ཚད་ལུས་ཚད་མ་ངེས་གནས།། རྐང་མེད་སྦྲུལ་ལ་སོགས་པ་སྐྱེ ་བའི་ལས་ནི་གང་།། དེ་ཡི་འབྲས་བུ་ལུས་ཚད་ཚེ་ཚང་རྣམས།། ཡི་གེ་འབྲུ་བཤད་ལས་ཀྱི་ལས་འཁོར་ལོ་ལས་ཤ་ཁྲག་ལུས་བསྟན་པའི་སྐབས་སྟེ་བཅུ་གསུམ་པའོ།། ་ནས་ཡང་དག་བཤད་བྱ་བ།། མཐོ་རིས་ངན་སོང་གར་འགྲོ་བ།། རང་གིས་སྤྱད་པའི་ལས་ལ་ལྟོས།། ལུས་ཀྱི་ལས་ནི་འདི་ལྟ་སྟེ།། སྲོག་གཅོད་མ་བྱིན་ལེན་ཞིང་འདོད་ལོག་སྤྱོད།། དེ་ཡི་ལས་འབྲས་བསྟན་པར་བྱ ་སྲོག་གཅོད་པ་ལ་རྣམ་པ་གསུམ།། གཏི་མུག་ལུང་མ་བསྟན་གྱི་ཆད་པ་ལ།། ཉེས་བྱས་དེའི་ལྟུང་བ་མེད་པ་ལ།། ཕམ་པའི་སྡིག་དང་ལྕི་བ་ཡོད་པ་ཡིན།། གཏི་མུག་ལས་ཀྱིས་སེམས་ཅན་ཤི།། དེ་ཡི་སྡིག་པའི་རྣམ ་སྨིན་ལྕི།། བར་དོའི་འོད་སྣང་ངོ་མི་ཤེས།། དེ་རུ་ཕ་མ་པའི་ལས་འཕྲོ་ཡིས།། འབྲས་བུ་མངལ་གྱི་འབུ་སྲིན་སྐྱེ།། མྱུར་དུ་འབྱུང་ཞིང་ཚེ་ཐུང་བ།། ཤིག་དང་ཚེ་ཐུང་ལུས་སུ་སྐྱེ།། ཁྱི་དང་ཕག་ཏུ་སྐྱེ་བར་བཤད།། དེ་ནས་ཡི ་དྭགས་དམྱལ་ཁམས་བརྒྱུད།། ཐར་པའི་ས་བོན་སྤངས་པ་ཡིན།། ལུང་མ་བསྟན་གྱི་སྡིག་པ་ལྕི།། ལུང་དུ་བསྟན་ནས་སྡིག་པ་འཛེམ།། སྙིང་རྗེས་སེམས་ཅན་སྐྱོབ་པ་ཡིན།། དེ་ལ་བྱམས་པའི་དོན་གྱིས་ཚང་།། བྱམས་དང ་སྙིང་རྗེས་ཁྱབ་པ་ན།། འབྲས་བུ་མི་ལུས་གཙང་མ་ཐོབ།། འཛམ་བུ་གླིང་དུ་སྐྱེ་བར་འགྱུར།། དེ་ནས་ལས་ཀྱི་འཕྲོ་མཐུད་དེ།། དེ་ཡི་འབྲས་བུའི་དུས་ཚོད་བསྟན།། ཅེས་གསུངས་སོ།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ལས ་ཅན་གཏི་མུག་གི་སྐྱོན་ས་སྲོག་གཅོད་པའི་ལས་འབྲས་བསྐྲུན་པའི་སྐབས་སྡེ་བཅུ་བཀྲི་པའོ།། ། དེ་ནས་ཡང་བཀའ་སྩལ་བྱ།། ཞེ་སྡང་གི་སྐྱོན་ས་སྲོག་གཅོད་པ།། དེ་ས་རྣས་པ་གསུམ་དུ་བསྟན།། བསྐྱེད་ནས། ་གསོད་པར་བྱེད་པ་ཡིན།། བུ་དང་ཚའོ་གཉེན་ལ་སོགས།། དེ་སྐྱེད་གསང་པའི་ལས་བྱས་པས།། གསོད་དུ་འཇུག་དང་བསད་པ་དང་།། སོད་པ་རྣམས་ལ་རྗེས་ཡི་རང་།། དེ་ཡིས་པར་དོར་འོད་ལས་ཞེ་སྡང་སྐྱེས།། འོད་འགྱུར ་བའི་དམྱལ་བར་སྐྱེ།། ལུས་དང་ཚེ་ཚད་གོང་ལྟར་རོ།། དེ་ནས་ཡི་དགས་གནས་སུ་སྐྱེ།། ཕྱི་ངན་སྒྲིབ་པ་ཅན་དུ་སྐྱེ།། བརྒྱུད་ནས་བསོད་པར་བྱེད་པ་ཡང་།། གཉིས་ཀ་ཉི་ཚེ་ཉེ་འཁོར་སྐྱེ་འགྱུར།། དེ་ནས་ཕྱིའི་སྒྲིབ་པ་ཅན་དུ་སྐྱེ།། ་དངོས་པོ་སྣང་ཐུག་བསད་པ་ནི།། གྲང་བའི་དམྱལ་བའི་ཆུ་བུར་ཅན།། དེ་འཕོས་ཕྱི་ནང་སྒྲིབ་པ་ཅན་དུ་སྐྱེ།། ཅེས་གསུངསོ།། ཕ་མ་འམ་བླ་མ་མཆེད་གྲོགས་ལ།། གང་མ་གསུམ་པོ་ཅི་བསད་ཀྱང་།། ངེས་པར་རྡོ་རྗེ་དམྱལ་བར་སྐྱེ།། ་ཅེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། ཞེ་སྡང་གི་སྒོ་ནས་སྲོག་གཅད་པའི་སྐབས་སྟེ་བཅོ་ལྔ་པའོ།། དེ་ནས་ཡང་བཀའ་སྩལ་པ།། འདོད་ཆགས་སྒོ་ནས་སྲོག་གཅད་པ།། བསྐྱེད་ནས་གཅུད་པོས ་ཕྱིནང་སྒྲིབ་པ་ཅན་དུ་སྐྱེ།། བརྒྱུད་ནས་གཅད་པས་ནང་སྒྲིབ་ཅན་དུ་སྐྱེ།། དངོས་པོ་ཤ་ཁྲག་འདོད་ཕྱིར་བསད།། ཕྱི་ཡི་སྒྲིབ་པ་ཅན་དུ་སྐྱེ།། དེ་རྣམས་སྤངས་ནས་ཆོས་སྤྱད་ན།། བྱམས་དང་སྙིང་རྗེར་ལྡན་པས་ན།། མཐོ་རིས་མི་དང་སྐྲ ་དུ་སྐྱེ། དེ་ཡི་ལས་འཕྲོ་མཐུད་པས་ནི།། ཚེ་རིང་ནད་མེད་བདེ་དང་ལྡན།། དེ་ལྟར་སྡོམ་པ་ཐུབ་པ་ཡིས།། ཉེས་བྱས་མེད་པས་ཕམ་པ་མེད།། ལྕི་བ་མེད་པས་ལྟུང་བ་མེད་ཅེས་གསུང་སོ།། སྲོག་གཅོད་པ་དང་དེའི། ་འབྲས་བུ་དང་། དེ་སྤངས་པའི་ལས་ཀྱི་འབྲས་བུ་བསྟན་པ།། འབྲུ་བཤད་ལས་ཀྱི་འཁོར་ལླས་སྐབས་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཨ་བྱིན་པར་ནི་ལེན་པ་ལ།། རྣམ་པ་བཞི་རུ་ཤེས་པར་བྱ ་བརྒྱུད་ནས་མ་བྱིན་ལེན་པ་ཡིས།། བྱོལ་སོང་ཁྱི་ཡི་ལུས་སུ་སྐྱེ།། དངོས་པོ་མ་བྱིན་བླངས་པ་ནི།། ཕ་རོག་སྟོང་ཐུབ་བྱ་ལྟོགས་སྐྱེ།། བྱིན་གྱིས་བརླབས་ནས་མ་བྱ་ན་བླངས།། འོལ་བ་བྱ་གག་མི་ཡི་ལུས་འདྲར་སྐྱེ།། སྐུས་ཏེ་མ ་བྱིན་བླངས་གྱུར་ན།། སེམས་ཅན་བྱི་བའི་ལུས་སྤྲུལ་པོ།། སྤྱུགས་པ་ཟ་བ་རྣམས་སུ་སྐྱེ།། ཡང་ན་དེ་དག་ཐམས་ཅད་ནི།། ཕྱི་ས་ཟ་བའི་འབུ་སྲིན་སྐྱེ།། དེ་ཚེ་སྤངས་པའི་འབྲས་བུ་ནི།། མཐོ་རིས་ལྷ་དང་མཱིར་སྐྱེས་ནས། ་ཚེ་རིང་བསོད་ནམས་ཆེ་བ་དང་།། ནོར་རྣམས་གཞན་དབང་མི་འགྱུར་ཞིང་།། དམ་པའི་ཆོས་དང་འཕྲད་པར་འགྱུར།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། མ་བྱིན་བླངས་པའི་སྐྱོན་ཡིན་གྱི་སྐབས་སྟེ་བཅུ ་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། འདོད་པའི་ལོག་པར་གཡེམ་པ་ནི།། རུས་ཅིག་པ་ལ་སྤྱད་གྱུར་ན།། བྱོལ་སོང་འདབ་ཆགས་བྱ་རུ་སྐྱེ།། མ་ལ་འདོད་ཆགས་སྤྱད་གྱུར་ན།། ཚ་བའི་དམྱལ ་བདག་ཏུ་འདྲིམ།། དགེ་སློང་དགེ་ཚུལཱ་ལ་སྤྱད་ན།། རོ་མྱགས་འདམ་དུ་ཡང་ཡང་སྐྱེ་བར་འགྱུར།། རྒྱལ་པོའི་བུ་མོ་སྤྱད་གྱུར་ན།། ཞེ་སྡང་སྦྲུལ་གྱི་ལུས་སུ་སྐྱེ།། སློབ་དཔོན་ཇོ་མོ་སྤྱད་གྱུར་ན།། ཚ་བའི་དམྱལ་བ་དག་ཏུ་སྐྱེ།། ་ཚེ་འདིར་མི་བདེ་སྣ་ཚོགས་འབྱུང་།། ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ།། མཆེད་ལྕམ་ཁྱོ་དང་ཆུང་མ་སྤྱད།། ངེས་པར་ཡང་སོས་ལུས་སུ་སྐྱེ།། འདི་ལ་ཚེ་ཐུང་འབྲས་དང་ལྷོགས་པ་འབྱུང་།། བླ་མས་སློབ་མའི་ཆུང་མ་སྤྱད།། རོ་མྱགས་འདུས ་དུ་སྐྱེ་བར་འགྱུར།། སྡོམ་པ་སུན་པས་སྤྱད་བྱས་ན།། ཕོག་གི་ལུས་སུ་ཡང་ཡང་སྐྱེ་ཞིང་བརྒྱུད།། ལྷ་ཁང་གཉན་སྔར་སྤྱད་བྱས་ནས།། ངན་སོང་གནས་ལས་ཐར་མི་སྲིད།། ཁ་འམ་ལྟེ་བ་འཕོངས་ལ་སྤྱད།། ཡི་དགས་ལྟོ་ཕྱིའི ་ལུས་སུ་སྐྱེ།། ཡང་ནི་བུང་བུར་སྐྱེ་བར་འགྱུར།། འདོད་ཆགས་སྤངས་ནས་ཆོས་ལ་གཟོབ།། ལས་འབྲས་མཐོ་རས་ལྷ་མིར་སྐྱེ།། ཐཾད་ཀུན་གྱི་སྙིང་དུ་སྟུག། བྱས་པ་མེད་པར་ཐམས་ཅད་རྩི།། དམ་པའི་ཆོས་དང་འབྱོར་པར་སྐྱེ། ་ཞེས་གསུངས་སོ།། འབྲུ་བཤད་ལོས་ཀྱི་འཁོར་ལོ་ལས་འདོད་ཆགས་ལས་འབྲས་ཀྱི་སྐབས་སྟེ་བཅོ་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། ཕྲ་མ་བྱས་པ་རྣམ་པ་གསུམ།། དངོས་པོར་ཕྲ་མ་དབྱེན་བཅུག ་ལ། ཁ་བརྒྱད་ལུས་སུ་སྐྱེ་བར་འགྱུར།། དེ་ཡང་སྤངས་པའི་འབྲས་བུ་ནི།། མི་ལུས་ཐོབ་ནས་ངག་བཙུན་འགྱུར།། བཙན་ཕྲ་བཀོག་ཕྲ་བཞོག་ཕྲ་ཡང་།། དེ་ཡི་འབྲས་བུ་གོང་དུ་འབྱུང་།། ངག་འཁྱལ་ལ་ཡང་རྣམ་པ་གཉིས།། དག ་དང་མི་དགའ་གཉིས་སུ་འཇུག། དེ་སྤངས་འབྲས་བུ་མཐོ་རིས་ཐོབ།། ཚིག་འཇམ་དལ་ཞིང་ཁ་བསེག་ཆུང་།། ཚུལ་དང་ལྡན་པའི་ཆོས་པར་སྐྱེ།། ངགྲ་བཙུན་སྤང་པཱ་མ་བྱས་ན།། དགྲ་དང ་གཉེན་དུ་བྱོལ་སོང་ལ།། ངག་བཙུན་བྱས་པའི་འབྲས་བུ་ནི།། རྒུར་ཞར་རྣམ་པ་གསུམ་ལྡན་པའི།། ཡི་དྭགས་འདྲེ་ཡི་ལུས་སུ་སྐྱེ།། དེ་སྤངས་མཐོ་རིས་ལྷ་མིར་སྐྱེ།། ཚིག་བཙན་སེམས་ཅན་མི་སླུ་ཞིང་།། བྱམས་སེཾས ་གཉིས་ལ་གནས་པར་སྐྱེ།། མྱུར་དུ་བྱང་ཆུབ་འགྲུབ་པར་འགྱུར་ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས་ངག་གི་ཡན་ལག་གི་སྐབས་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ ་པ་དེ་རྣམས་རྩ་བ་བདུན་ཡིན་ཏོ།། བརྫུ་ནཱ་ལས་དེ་གསུམ་འཕྲོས་པ་ཡིན།། ཐམས་ཅད་བརྫུན་ལས་འཕྲོས་པ་ཡིན།། ཕན་པའི་བརྫུན་དང་གནོད་པའི་བརྫུན།། ལུང་དུ་བསྟན་པའི་བརྫུན་དང་གསུམ།། ཕན་པས་སེམས ་ནྡན་སྐྱོབ་པས་ནི།། འབྲས་བུ་མི་ལུས་མི་འཇིག་སྐྱེ།། ཀུན་གྱིས་སྒྱེལ་སུ་བྱེད་པའི་མིར་སྐྱེ་སྟེ།། བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར།། གནོད་པའི་བརྫུན་ཚིག་མ་བྱས་ན།། སེམས་ཅན་དགྲ་མང་ལུས་སུ་སྐྱེ།། དེ་ནས་བྱང་ཆུབ ་རིང་བར་འགྱུར།། ལུང་མ་བསྟན་པ་དག་ཁྱལ་བརྫུམ།། ཆུ་སྲིན་མགོའོ་སུམ་ཅུ་རྩ་གཉིས་སམ།། ཡང་ན་གཙང་བ་མགོ་གཉིས་སྐྱེ།། ལྟོགས་པའི་སྡུག་བསྔལ་གྱིས་གདུངས་ནས།། ངན་སོང་གསུམ་དུ་འཁོར་བར ་འགྱུར། དེ་དག་སྤངས་ནས་བྱང་སེམས་ལྡན།། མཐོ་རིས་ལྷ་དང་མིར་སྐྱེས་ནས།། ཚིགཱ་བདེན་དོན་ལྡན་བྱང་ཆུབ་ཐོབ།། ཅེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས་ངག་གི་སྒྲིབ་པ་དང་དེའི་ཡོན་ཏན་བསྟན་པའི ་སྐབས་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། ཡིད་ཀྱི་སྒྲིབ་པ་རྣམ་པ་གསུམ།། གནོད་སེམས་བརྣབ་སེམས་ལོག་པར་ལྟ་བ་གསུམ།། གནོད་སེམས་ལ་ཡང་རྣམ་པ་གསུཾ ་བདག་ལ་གནོད་པ་མི་དགེ་བཅུ་སྤྱོད་དང་།། གཞན་ལ་གནོད་པས་དེ་སློབ་པ་དང་།། གཉིས་ག་ལ་གནོད་ཟུང་དུ་སྤྱོད།། ཚེ་རབས་ཀུན་ཏུ་ངན་སོང་སྐྱེ།། སྤྱང་ཁུ་ཤཱ་ཟ་ཁྲ་སོགས་སྐྱེ།། དེ་ནས་དམྱལ་བར་སྐྱེ་བར ་འགྱུརབརྣབ་སེམས་ཞེས་པོ་ཆགས་པ་བྱུང་།། བདག་ལ་ཆགས་དང་གཞན་ཆགས་གཉིས་ཀ་ལ།། ཆགས་ཏེ་སྦྱིན་པའི་གེགས་བྱས་ནས།། འབྲས་བུ་ཡི་དགས་སྐྱེ་བར་འགྱུར།། གནོད་སེམས་སྤངས་པའི ་འབྲས་བུ་ནི།། མཐོ་རིས་ལྷ་དང་མི་ལུས་སྐྱེ།། ཕན་འདོགས་དགེ་བའི་སེམས་ལྡན་ཏེ།། བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར།། བརྣབ་སེམས་སྤངས་པའི་འབྲས་བུ་ནི།། མཐོ་རིགས་ལྷ་དང་མིར་སྐྱེ་ལ།། ཚེ་རབ་མང ་བོར་ནོར་དང་འབྲུ།། བསག་མི་དགོས་པར་འབྱོར་པར་འགྱུར།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། ཡན་ལག་གི་སྐབས་སྟེ་རྗེ་གཅིག་པའོ།། ། དེ་ནས་ཡང་བཀའ་སྩལ ་པ། དུརྩ་བ་ལོག་ལྟ་བཤད་པར་བྱ།། ལོག་ལྷ་རྣམ་པ་བཞི་རུ་བཤད།། རྟག་དང་ཆད་དང་འཁོར་དང་འཁོར་པ་དང་།། རང་གི་ལྟ་བ་གོལ་བ་རྣམས།། ལོག་པ་རང་གི་ངོ་བོ་འཁོར་བའོ།། ་ངེས་པའི་ཚིག་ནི་མ་གྲོལ་བ།། དབྱེ་བ་རྣམ་པ་བཞི་རུ་ཤེས།། འཐུན་པའི་དཔེ་ནི་ཐག་སྦྲུལ་འདྲ།། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པས་ལོག་པ་མུ་སྟེགས་དང་།། དགེ་བའི་བཤེས་གཉེན་བྱུང་བ་ལ་བསྐུར་པ་འདེབས། ་པ་སོ་སོའི་སྐྱེའོ་ལོག་པ་སྤྱོད་པ་ལ་ལོག་པ་དང་།། རང་གི་དུག་ལྔ་ལ་རང་རྒྱུད་དུ་བལྟས་ནས།། འཆི་བ་མི་དྲན་ཅིང་དམ་པའི་ཆོས་ལ་མི་མཉེས་པ་ལོག་པ་དང་།། དམ་པའི་ཆོས་སྙན་གྱིས་ཤེས་ནས་རང་ལ་བསྟོད་གཞན་ལ་སྨོད་པས་ལོག་པ་དང་། ་དེ་ལྟར་ལོག་པ་ལ་ནི་གང་ཟག་ལོག་པར་ཁྲིད་པ་བདུད་ཀྱི་ལས་ཅེས་བྱའོ།། དེ་ཚེ་སྤངས་པ་ལ་འབྲས་བུ་འཚང་རྒྱལ།། མ་རྒྱས་ཀྱི་བར་དུ་གང་ཟག་དེ་དོན་དང་ལྡན་ཞིང་།། སངས་རྒྱས་དཀོན་མཆོག་དྲན་པ།། དེ་བླ་མས་བསྟན་པ ་སྔོན་ལ་བླ་མ་དྲན་པ།། དེས་བསྟན་པའི་ཆོས་དྲན་པ།། ཆོས་ཀྱི་སྤྱོད་པ་དྲན་པས་ཉམས་བླངས་ཤེས་པ།། དེ་ཡི་སྐྱོན་ཡོན་ལས་འབྲས་བུ་དྲན་པ།། དེ་རྣམས་མ་དྲན་པའི་རང་དབང་མེད་པྲས་འཆི་བ་དྲན་པའོ།། འཆི་བ་མི་དྲན ་པས་བླ་མ་མི་དྲན།། འཁོར་བ་རང་རྒྱུད་དུ་ལྟ།། དེར་དཀོན་མཆོག་གསུམ་མ་དྲན་པས།། དུག་ལྔ་མི་ཤི་བར་འདོད།། རང་རྒྱུད་པར་ལྟ།། དེ་མི་དྲན་ན་ཆོས་མི་དྲན།། ཆོས་མི་དྲན་པས་མི་དགེ་བཅུ་སྐྱེད་པས་ལོག། དུག་ལྔ་རང ་རྒྱུ་དུམྦྷ།། དེ་མ་དྲན་པས་ཉམ་སུ་མ་མྱོང་བས་ལོག། སྡུག་བསྔལ་ལ་ལོས་སྤྱོད་དུ་མྦྷ།། དེའི་སྐྱོན་ཡོན་ལས་འབྲས་བུ་མ་དྲན་པས་ལོག།། འགྲོ་དྲུག་གི་འཁྲུལ་པ་འབ་བ་ཞིག་ལའང་རྒྱུད་པར་སྨྲ།། དེའི་འབྲས་བུ་ནི་ལོག་པར་ལྟབས་སོ། ་ཙན་དམྱལ་བར་འགྱུར་རོ།། ཞེས་གསུང་སོ།། ལོག་པར་ལྟ་བ་ལ་ངོ་སྤང་བའི་སྐབས་སྟེ་ཉེར་གཉིས་པའོ།། །། ཡང་བཀའ་སྩལ་པ།། དེ་དག་ཐམས་ཅད་ཀྱི་རྩ་བ་ནི།། མ་དད་པས་ལན། མ་དང་ནི ་ཡིད་མ་ཆེས་པ་དང་མི་འདོད་པས་ལན་ནོ།། མ་དད་པ་ནི་མ་མོས་པས་ལན།། མ་མོས་པ་འཁོར་བ་འམ་མ་རིག་པས་ལན།། མ་རིག་པ་བླ་མ་དམ་པ་དང་མ་ཕྲད་པས་ལན།། བླ་མ་དང་ཕྲད་པ་རྐྱེན།། མོས་པ་རྒྱུ། དད་པ་གུས ་པ་གཉིས་བདོམ་དགོས།། དེ་ལྟར་འདོམས་ནས་གདམས་པ་བསྟན་ནོ།། དེས་ཐེབས་སོ།། ཐེབས་ནས་མི་བྱེད་པ་དེ་ཅིས་ལྡན།། དེ་ལེ་ལོས་ལན།། ལེ་ལོར་འགྲོ་བ་དེ་བརྩོན་འགྲུས་མེད་པས་ལན།། བརྩོན་འགྲུས་མི་བྱེད་པ་དེ ་ཅིས་ལེན།། འཆི་བས་མི་འཇིགས་པསྔ་ལན།། ང་རྒྱལ་དང་གཡེང་པས་ལན།། དེ་སྔ་མའི་ངན་གོམས་ཀྱིས་ལན།། དེ་ནི་ཝ་གསང་པ་ཡིས་ལན་ནོ།། ཀྵེ་རིགས་ཁུ་འཁོར་བ་འདི་ལ་ལྟ་མ་ཤེས།། སྐྱེ་མན་འཆི་འདོར་མ་ཤེས ་ཆུའོ་བཞི་ལ་གྲུ་མ་ཚུགས།། རང་རིག་ཉི་མ་འདེ་མ་ཤེས།། མ་རིག་མུན་པ་སེལ་མ་ཤེས།། ཐོས་པ་མང་པོའི་ཆོས་ཀྱིས་རྒྱགས།། གང་ལ་སྤྱད་ཀྱིས་ཟིན་མེད།། མན་ངག་མང་པས་ཉམས་མྱོང་རྒྱགས།། གཟུང་བའི་རྩ ་བ་ཅིག་ཀྱང་མེད།། གྲུབ་མཐའ་མངས་པས་ལྟ་བ་རྒྱགས།། མཐའ་བཞི་དྲས་ཐག་ཆོད་དུས་མེད།། ཉམས་མྱོང་མང་པོས་ཞེན་པ་རྒྱགས།། ཞེན་མེད་རང་གྲོལ་ཅིག་ཀྱང་མེད།། ལྟ་བ་ཁ་རྐྱངས་མངས་པས། ་དུག་ལྔ་རྒྱགས།། འགྲོ་དྲུག་རང་གྲོལ་གཅིག་ཀྱང་མེད།། ཚིག་ཚོགས་མང་པོས་རིག་པ་རྒྱགས།། སྐྱེ་མེད་རང་གྲོལ་གཏན་ལ་ཕེབས་པ་མེད།། དཔེ་ཆ་མང་པོ་ལུང་རིག་རྒྱགས།། མཐའ་བཞི་རང་གྲོལ་གཅིག་ཀྱང་མེད།། ཨེ་མ་ཧོ། ་སྟོང་པའི་བདག་པོས་སྟོང་པར་བཤད།། འདས་པ་ལྔ་པོས་མ་ཤེས་ན།། སྟོང་པའི་བདག་པོ་སྟོང་པར་འགྲོ།། མཚན་མས་མཚན་མ་བཤད་པ་ཡིས།། མཚན་མའི་བདག་པོ་མཚན་མས་ཁྱེར།། ཕྱུག་པོ་རྟོགས་ཏེ་འཆི་བ་ནི ་ཡོགས་མང་པོས་ཆོག་ངོམས་མེད།། ཕྱུག་པོ་རྟོགས་དྲིར་འཆི་བ་སྲིད།། མི་རྟོགས་དུས་གཅིག་ཟོས་པས་རྟོགས་ནས་འཆི་མི་འགྱུར།། ཐོས་མང་སྒྲ་ཚད་མང་པོས་ནམ་ཡང་འཆིང་།། གྲོལ་བ་ཐར་པར་དཀའ་བར་འཆི།། ་གདམས་པས་ལམ་སྣ་ཟིན་པས་གྲོལ་བ་ཐར་པ་ཐོབ།། དེས་ནི་འབྲས་བུ་རང་གྲོལ་ཐོབ།། ཅེས་གསུངསོ།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། མ་རིག་པ་དང་ལོག་ལྟ་གགས་སེལ་གྱི་སྐབས་སྟེ་ཉེར་གསུམ་པའོ།། ་ཡང་བཀའ་སྩལ་པ།། སྔོན་ཨུ་རྒྱན་གྱི་ཡུལ་དུ། བྲམ་ཟེ་ཉི་མ་ཞེས་བྱ་བ་གཅིག་ཡོད་པ་ལ།། དེ་ལ་ཕ་བྲམ་ཟེ་རྒན་པོ་གཅིག་ཡོད་པ་ལ།། དེ་ཨུ་རྒྱན་གྱི་དབུས་སུ་རྒྱལ་པོ་རིག་བྱེད་ཀྱི་འཁོར་གྱིས་བཟུང་བས།། གསེར་མང་པོས ་སྨྲས་པས་མ་གཏེར་བར།། དེར་བྲམ་ཟེ་དེ་ཅིས་སྨྲས་པས་མ་ཕན་ནས།། བྲམ་ཟེ་དེ་ལ་གྲོགས་རིག་བྱེད་ལ་མཁས་པ་ཅིག་ཡོད་དེ།། མི་ཀུན་དགའ་གསལ་ཞེས་བྱ་བ་དེ་ལ་བཟླས་པ།། བུ་ཐབས་ཡོད་ཟེར་ཏེ། ནགས་ཀྱི་དགོན་པ ་ནཿབྲམ་ཟེ་རྒན་པོ་དེ་ཀ་འདྲ་བ་མགོ་དཀ་ར་བ་གདོང་པ་དམར་བ།། ལུས་ནག་པ། མིག་རྣོ་བ། ལགཱ་པ་བརྩུབ་པ། སྐད་སྣ་ཚོགས་བསྒྱུར་བ།། ལུས་མི་ཅིག་ཡོད་པས། དེ་ལ་འབྲས་ཆང་བླུད་ལ་ཟུང་དང་། པྲ་དེའི་མིང་ནི་ཨཱ་ཊོ ་བདེ་སྤུངས་ཞེས་བྱ་བ་ཡིན་ནོ་བྱས་ནས། དེ་ལྟར་བྱས་ཏེ་སྨྲས་པས་མ་འདོད་པ་དེ་བརྗེས་པས།། འདི་ང་ཡི་མེས་པོ་ཡིན་པས་རྗེ་དགོས་བྱས་པས་རུང་ཟེར་ཏེ།། དེར་ཁོང་པ་ནི་ཨ་ཅོ་རྗེ་ཡམ་བྱས་བུ་རང་ཤེས་ཟེར་རོ།། བརྗེས་པའི་རྟིང ་ལ་འཁྱིག་གོ་བྱས་པས་ཀྱང་བུ་རང་ཤེས་ཟེར་རོ།། དེ་ནས་ལྷུར་མ་འདོད་ནས།། བསོད་དོ་བྱས་པས་ཀྱང་བུ་རང་ཤེས་ཟེར་རོ།། དེར་བརྗེས་ནས་ཊཱིག་ནི་བདེ་བ་དང་ལྡན།། བརྩོན་ལས་ཐར་ཏེ་ཆོས་བྱས་པས་སངས་རྒྱསོ།། སྤྲུ་ལ་ལྟུ ་བ་མེད་དེ་ཇི་སྐད་བྱས་ཀྱང་ཁྱོད་འང་ཤེས་ཟེར་ཏེ། མཐའ་བཞུགས་ཏུ་ནགས་ལྔ་བསྐྱལ་ཏོ།། བྲག་ལ་གཏད་དེ་ཐར་པའི་དུས་མེད་དོ།། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདའ་ཡམ་མི་འདྲའི་ཡང་བུ་རིགས་ཁྱི་མ་རྣམས་ཤེ་སོ ་ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། སྲིད་པ་ལྟོ་བཟློག་པའི་སྐབས་སྟེ་ཉེར་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། ལས་འབྲས་སྤྱི་ཡི་རྣམ་པ་འདི་དག་ཡིན།། བྱ་བ ་དང་ནི་སྤངས་པའི་རིགས།། ཆགས་སྡང་ཞེ་སྡང་གཏི་མུག་གིས།། བསྐྱེད་བརྒྱུད་དངོས་སུ་ཟད་གྱུར་ན།། ངེས་པར་དམྱལ་བར་སྐྱེ་བར་འགྱུར།། མ་རྟོགས་ལས་ཀྱི་རྐྱེན་གྱི་ཤི།། ངེས་པར་བྱོལ ་སོང་ཚེ་ཐུང་འགྱུར།། འདོད་ཆགས་སྐྱེ་བརྒྱུད་དངོས་པོས་བསད།། ཡི་དྭགས་འཇིག་རྟེན་ངེས་པར་སྐྱེ།། མི་དགེ་བན་སྤངས་ཚུལ་ཁྲིམས་ཡིན།། མི་ཆེ་བ་ཡི་ལྷ་མིར་སྐྱེ།། ཚེ་ཡང་རིང་ཞིང་བདེ་དང་ལྡན།། འཚེ་བས་ཕྱི་མར ་ཚེ་ཐུང་འགྱུར།། མི་དང་འབྱུང་པོ་དུད་འགྲོས་བརྡུངས།། མཛེ་ལ་སོགས་པའི་ནད་རྣམས་འབྱུང་།། ནོར་འཕྲོག་པ་ཡི་དབུལ་པོར་འགྱུར།། མི་འཕྲོག་ཕ་ནི་རྫས་དང་ལྡན།། གང་ཞིག་ཟས་དང་ནོར་སྦྱིན་པ།། ཚེ་རིང་མདངས་ལྡན ་སྟོབས་ལྡན་ཞིང་།། དཔལ་དང་ལྡན་ཞིང་ནད་མེད་ཅིང་།། རྟག་པར་བདེ་དང་ལྡན་པར་འགྱུར།། གོས་བྱིན་པས་ལོངས་སྤྱོད་ལྡན།། གོས་ཀྱང་རྣམ་པ་སྣ་ཚོགས་རྙེད།། མལ་སྟན་བྱིན་པས་བདེ་ལྡན་འགྱུར།། སྲ་བཞི་བྱིན ་པས་ནོར་དང་ལྡན།། འབྲུ་བྱིན་པས་ནི་ཕུན་སུམ་ཚོགས།། ཁྲིམས་བཙུན་འདོད་ཆགས་སྤངས་པས་སྐྱེས་པ་ཐོབ།། ཆགས་ཆེ་ཁྲིམས་སྲུན་བུད་མེད་འགྱུར།། ཆང་ཐུང་པ་ནི་མི་བསྟེན་པ།། ཤེས་རབ་གསལ་ཞིང་དྲན་པ ་བསྟེན།། རྨོངས་མེད་བདོན་པར་སྨྲ་བར་འགྱུར།། ཁྲིམས་སྲུངས་ཁྲོ་བོའི་སེམས་ལྡན་ནས།། ལྷ་མ་ཡིན་གྱི་རིག་གནས་སུ་སྐྱེ།། དེ་ཡང་ལྷ་མ་ཡིན་དུ་སྐྱེ་བའི་ལས་དག་དང་།། དེ་ཡི་ལས་འཕྲོ་མཐུད་པ་དང་།། མཐུང ་པའི་འབྲས་བུ་ལུས་དང་ཚེ་ཚད་རྣམས།། དེ་དག་བདག་གིས་འདྲིར་སྤྱད་དོ།། ལྷ་མ་ཡིན་དུ་སྐྱེ་བ་ཡང་།། རྟག་པར་གཡོ་དང་རྒྱུ་བྱེད་ཅིང་།། སྡིག་པ་དག་ནི་མ་བྱས་ལ།། འཐབ་ལ་དགའ་ཞིང་སྦྱིན་བྱེད་པ།། དེ་ནི་ལྷ་མེན་དབང ་ཕྱག་འགྱུར།། ལྷ་མ་ཡིན་གྱི་རྒྱལ་པོ་རྣམས།། དེའི་བློན་པོ་འཁོར་དག་རྣམས།། འཐོབ་པ་དང་ནི་འཐབ་ལ་དགའ་འཐབ་ལ་མོས་དང་བྲལ་བ་དང་།། རྩོད་པ་དང་ནི་ཆེར་རྩོད་དང་།། འོད་དང་ཉེ་བོའི་འོད་དང་ནི།། སྣང་བ་དང ་ནི་སྣང་གསལ་དང་།། བྱིན་ནས་བདེ་དང་བསོད་ནམས་སྐྱེས།། བདེ་ལྡནྡ་དང་ནི་བཟང་སྐྱོང་དང་།། འདྲ་བ་ཅན་དང་བློད་དང་།། ཉི་མ་ལྷ་དང་ཉི་མེད་འོད།། ཤིང་ཆེན་ལོ་མ་འབྲས་བུ་དང་།། རྐེད་པ་རྩ་བ་རྣམས་ལ་གནས ་ནད་ནི་སྲོག་པའི་རྩ་ལ་གནས།། དེ་རྣམས་ལྷ་མ་ཡིན་གྱི་ལས་འབྲས་ཡིན།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། ལྷ་མ་ཡིན་གྱི་སྐབས་སྟེ་ཉེར་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ་གང་ཞིག་ཆོས་ལ་རྟག་ཏུ་མོས།། བླ་མ་རྣམས་ཀྱི་བཀའ་ཞིན་བྱེད།། ཕན་དང་མི་ཕན་སྟོན་པ་སྟེ།། དེ་ཡི་ཚིག་བཙུན་དོན་དང་ལྡན།། འདྲི་བ་བརྫུན་དུ་མི་སྨྲ་བ།། དེ་ཡི་དག་ལ་བདེན་པར་འཛིན།། འབྲས་བུ་རྣམས་ལ ་རྟག་ཏུ་མོས།། བྱང་སེམས་ལྡན་པས་བྱང་ཆུབ་འགྲུབ།། ཙོས་གསུངསོ།། འདོད་ཆགས་ཅན་ནི་ངང་པ་དང་།། ཕུག་རོན་བོང་བུ་རྣམས་སུ་སྐྱེ།། རྩ་རླུང་བརྟེན་པ་ཐབས་ཀྱིས་འཆིང་།། མངལ་གྱི་འབྲུ་སྲིན་ལྕི་སྲིན་སྐྱེ ་ཁྲོ་བ་རང་རྒྱུད་སྦྲུལ་དུ་སྐྱེ།། ང་རྒྱལ་རང་རྒྱུད་སེང་གེར་སྐྱེ།། ཆེ་བའི་ང་རྒྱལ་ཁྱི་དང་བོང་བུར་སྐྱེ།། སེར་སྣ་ཕྲ་དྲོག་སྤྲེའུར་སྐྱེ།། གཏི་མུག་རྨོངས་པ་རློམ་དུ་སྐྱེ།། ཞེ་སྡང་གདུབུ་རྩུབ་སྟུག་ཏུ་སྐྱེ།། ་ཁོང་ཁྲོ་དར་འཛིན་སྨ་རུ་སྐྱེ།། ཕྲ་དོག་ངར་འཛིན་གཟིག་ཏུ་སྐྱེ།། གཏི་མུག་མི་སྙན་གླང་པོར་སྐྱེ།། གཏི་མུག་བརྫུན་དགའ་མ་ཧེར་སྐྱེ།། གཏི་མུག་ཞེ་སྡང་སྤྲེའུར་སྐྱེ།། གཏི་མུག་སྦྱིན་པོས་རྟ་རུ་སྐྱེ།། རང་བཞིན་མི་བརྟན་བྱ་ཁར ་སྐྱེཿགཏི་མུག་སྲོག་ལ་གཅོད་བྱེད་པ།། བ་གླང་ཁྱི་སོགས་རྐང་བཞིར་སྐྱེ།། མི་སྲུན་ཞེ་སྡང་གཱཏི་མུག་ཅན།། སྡིགས་པ་འབུ་སྦྱིན་ལ་སོགས་སྐྱེ།། ཁྲོ་དང་སེར་སྣས་བྱ་ལྷར་སྐྱེ།། འདོད་ཆགས་ཤ་ལ་དགའ་བ་ནི།། ་བྱ་རྒོད་སྤྱང་ཀི་ལ་སོགས་སྐྱེ།། ཚུལ་ཁྲིམས་བསྲུངས་ཡང་གཏི་མུག་ཚྭ།། བྱོལ་སོང་ཀླུའི་རིགས་སུ་སྐྱེ།། ཞེས་གསུངས་སོ།། འབྲུ་བཤད་ལྔས་ཀྱི་འཁོར་ལོ་ལས།། སྐབས་ཏེ་ཉེར་དྲུག་པའོ།། ་དཱི་ནས་ཡོད་བཀའ་སྩལ།། ཆོས་ལ་མི་དགའ་མཆོག་ལོག་སྤྱོད།། ཡི་དགས་ལུས་སུལྔ་པོ་རུ་སྐྱེ།། བཟའ་བ་བགོ་བ་འཕྲོག་བྱེད་པ།། ཁོང་པའི་དྲི་མ་ཟ་བར་སྐྱེ།། ཆགས་པ་སྤྱོད་པས་སེར་སྣས་བཅིངས་ནས་ནི ་ཡི་དགས་རྒུར་ཞར་ལྔ་བ་ཅན་དུ་སྐྱེ།། སློང་པ་མི་སྟེར་སྦྱིན་པ་འཕྲོག། སྐྱུགས་པ་ཟ་བར་སྐྱེ་བར་འགྱུར།། གང་ཞིག་བླ་མའི་ཆོས་བྱེད་ལ།། ཁྲོ་སྟེ་མི་ཉན་འཚང་འབྲུ་སྨྲ།། ཡི་དགོས་ཁང་པར་སྐྱེ་བར་འགྱུར།། ་སྲོག་ཆགས་བསད་ནས་སྦྱིན་པ་འགྱེད།། སྲིན་པོ་གདོང་དམར་ལུས་སུ་སྐྱེ།། ཕ་མ་འམ་བླ་མ་གཞན་ལ་བསྒྱེལ་སུ་བྱེད།། སུམ་བཅུ་རྩ་གསུམ་ཉེ་དབང་སྐྱེ།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ ་ལྔས། སྐབས་ཏེ་ཉེར་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ལུས་ཅན་གཡུལ་དུ་བསོད་བྱེད་པ།། རལ་གྱི་སེན་མོ་ཅན་དུ་སྐྱེ།། གཅིག་ལ་གཅིག་གཅོད་སྐྱེ་བར་འགྱུར།། ་རྣམས་རྐུ་བྱས་བསད་པ་ན།། ལྕགས་ཀྱི་རལ་གྲི་སོར་བཅུ་དྲུག། ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར།། གཞན་གྱི་བུད་མེད་འཕྲོགས་བྱས་ན།། ལྕགས་ཀྱི་ཁི་ནི་སྲོ་བོ་ཡིས།། ཡང་དང་ཡང་དུ་འཛིན་པར་འགྱུར།། ཕག་དང ་སྤྱད་ཀི་བསད་གྱུར་ན།། སྤུ་གྲི་ལམ་སོགས་འགྲོ་བར་འགྱུར།། གཞན་གྱི་ནོར་རྣམས་བརྐུས་འཕྲོགས་ན།། ལྕགས་ཀྱི་ཐུ་ལུམ་ཟ་བར་སྐྱེ།། ཟངས་ཀྱང་བཀོལ་བ་འཐུང་བར་འགྱུར།། ཆོས་པ་རྣམས་ཀྱི་སྟེགས་བཤིག་ནས ་སྤྲོ་གྲི་འབར་བས་བསྣམས་པར་འགྲོ།། སོར་མོས་ཤིག་ནི་གཙེམ་གྱུར་ན།། བྲག་གཉིས་བར་དུ་བསྙེམས་པར་འགྱུར།། ཚུལ་ཁྲིམས་ལེགས་གནོན་མི་སྲུན་པ།། ཤ་རུ་ས་མེ་མར་མུར་དུ་སྲེག། ཆོས་ཀྱི་ལོག་མཚོ་བཙལ ་བྱས་ན།། འབུ་དང་སྲིན་བུར་ཡང་ཡང་སྐྱེ།། འབྲུ་ཡི་ནང་གི་སྲོག་ཆགས་བསོད།། དེ་ནི་ལྕགས་ཀྱི་བཏུན་ཤིང་གིས།། ཡང་དང་ཡང་དུ་བརྡུང་པར་འགྱུར།། སྡུག་བསྔལ་ས་བོན་སྡིག་པའི་ལས།། ཚེ་དང་ཆུང་ནས་སུ་སྤང་།། ་ཞེས་རྒྱལ་བས་གསུང་སོ།། དེ་ཡི་ལས་འབྲས་ཀྱི་སྐབས་སྟེ་ཉེར་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཆོས་ཀྱི་ལས་དང་འབྲས་བུ་འདི་བཤད་པས།། བར་དོ་མི་དྲན ་པའི་རང་དབང་མེད་པས་དེ་དྲན་པ་ལ་བླ་མ་དགོས་པས།། བླ་མ་སངས་རྒྱས་ཀུན་པས་གཉན།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།། དེ་ལ་གདམ་ངག་འདི་བསྟན་པས།། ཐམས་ཅད་མཚན་མ་རང་གྲོལ་འགྱུར།། འགྲོ་དྲུག་ལྔ ་འབྲས་དྲན་པས་བླ་མའི་གདམས་པ་ཡིན།། དེ་ཡི་མཚན་མ་རང་གྲོལ་བླ་མའི་ངོ་སྤྲོད་ཡིན།། གཞི་ནི་ལྷུན་གྱིས་གྲུབ་པས་ཀུན་གྱི་གཞི་མ་ཡིན།། འཁྲུལ་པ་མི་འགྲུས་གཞི་ཡི་འཕྲིན་ལས་ཡིན།། ཕྱོགས་མེད་མཁྱེན་པས་ལམ ་གྱི་གདམས་པ་ཡིན།། འབྲས་བུ་རང་གྲོལ་ཆོས་ལས་འདས་པ་འབྲས་བུའི་གདམས་པ་ཡིན།། ངོ་སྤྱོད་རྣམ་གསུམ་རོ་སྙོམས་ལམ་གྱི་ཡིད་ཆེས་ཡིན།། ཆོས་མེད་ཆོས་ཅན་གྲུབ་མཐའ་ཕྱོགས་མེདོ་མཁྱེན་པས་ལོམ་གྱི་ངེས་ཤེ ་ཡིན། འགྱུ་བ་རང་གྲོལ་ཟད་ཐལ་ལམ་གྱི་འབྲས་བུ་ཡིན།། དུག་གསུམ་སྐུ་གསུམ་དྲོ་སྤྱད་ལམ་གྱི་དབང་པོ་ཡིན།། འགྱུ་བ་ཡེ་ཤེས་ལྔར་ཤར་ལམ་གྱི་ཡོན་ཏན་ཡིན།། གཟུང་འཛིན་གཉིས་ལ་ངོ་སྤྲོད་ལམ་གྱི་དུས་ཚོད་ཡིན ་འགྲོ་དྲུག་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དྲོད་ཚད་ཡིན།། མ་རིག་བདར་ཤ་ཆོད་པས་ཆོས་ཀྱི་སྒྲོ་འདོགས་ཆོད།། ཆོས་རྣམས་རང་གྲོལ་ཡེ་ཤེས་གདེང་དང་ལྡན།། གྲུབ་མཐའི་འབྲས་བུ་ཕྱོགས་མེད་མཁྱེན་པས་ལམ་ཤེས་ཅེས ་སུ་བརྗོད། ཐེག་པའི་རང་བཞུང་བསམ་པའི་ཁྱད་པར་ཡིན།། ཡེ་ཤེས་རང་བྱུང་བསམ་དབང་དངོས་དབང་གྲོལ།། ཅི་སྟེ་ལས་ཀྱི་དབང་བསྒྱུར་ན།། གྲོལ་བར་རང་བྱུང་ག་ལ་སྣང་།། ལྟ་བ་ཡེ་ལྷ་ཆེན་པོའི་གདེང་མེད་ནཱ།། བྱས་ཆོས།། ་ལས་ཀྱི་འབྲས་བུ་སངས་རྒྱས་བཀའ།། ཡེ་སྒོམ་འོད་གསལ་རྟོག་མེད་ཟང་ཐལ་གདེང་མེད་ན།། ཉམས་མྱོང་མང་པོ་སྐྱེས་ཀྱང་བྱིས་པའི་འདྲིད་པ་འདྲ།། ཡེ་སྤྱད་ཚོགས་དྲུག་ཀུན་གྲོལ་གནད་མེད་ན།། ཚིགས་སྤྱོད་རིགས་སྤྱོད ་གསང་སྤྱོད་བརྟུལ་ཞུགས་སྤྱོད།། སྤྱི་དང་ཁྱད་པར་རང་གྲོལ་མ་ཤེས་ན།། དུག་འཐུངས་ཏི་སྟ་འདྲ་ཏེ་སྤྱོད་པར་འགྱུར།། ཡི་གྲོལ་ཆེན་པོ་འབྲས་བུའི་རྣམ་དག་གནད་མེད་ན།། ཐོབ་འདོད་ལྟོགས་འདྲེ་འདྲ་སྟེ་ཐོབ་པའི་དུས་མ ་མཆིས་འདོད་པ་གདུངས་ཏེ་ལྟོགས་འགོད་ཡིན།། ལྟོགས་འགོང་རྩད་ནས་མཆོད་ན།། ཕུང་འདྲེ་ལས་ལ་ཟད་པ་མེད།། ཕུང་བྱེད་སྲོག་རྩ་གཅོད་པ་ལ།། སྣང་པ་རོ་སྙོམས་གདམས་པའི་མཆོག། གལ་འགག་གཟེ་རུ་བསམ ་ཡས་ཀྱང་། རྟོགས་ཐོབ་ངོ་སྤོང་རོ་སྙོམས་ཡིན།། འབྲས་བུ་ཕྱི་ནང་མེད་པ་ལ།། དུས་ལ་ལྟོས་པ་འཁྲུལ་པའི་ལམ།། ཡང་དགྲ་རང་སར་གྲོལ་བ་ལ།། ལྟ་བའི་གནད་དང་ལྟ་བའི་ས།། ལྟ་བའི་དུས་དང་མ་མཐོང་སྐྱོན།། མི ་མཐོང་རང་དབང་མེད་པ་དང་།། མཐོང་བའི་ཚད་དང་ངེས་ཤེས་དང་།། སྤང་བ་དུན་རྟགས་དྲོད་རྟགས་དང་།། འབྲས་བུ་ཡིད་ཆེས་གདེང་མེད་པ།། ཁརྐྱངས་དོན་མི་མཐོང་བར་བཞི་ལ་དགོངས།། སྐྱེ་མེད་བརྗོད་མེད་བློ ་ལས་འདས། ཡུལ་དུ་རྩད་ནས་ཉམ་སུ་མྱོང་བ་མེད།། ཁ་གཏམ་ཚུལ་འཆོས་མཁན་པོ་ཉོན་རེ་མོངས།། དེ་ནས་ཉམ་སུ་ལེན་ཟེར་བ།། སྐྱེ་མེད་ལ་སོགས་ཉམ་སུ་ལེན་པ་ནི།། ཉམས་མྱོང་བློ་ཡིས་བློ་ལས ་འདས་པར་བཀའ།། དེ་ཕྱིར་གནད་ཀྱི་ངོ་སྤྲོད་གདམས་པ་དཀོན།། དཀོན་པས་ལྟ་བ་ཡུལ་དུ་ཤོར།། ལ་ལ་བློ་ལ་བརྟེན་པར་བྱེད།། ལ་ལ་མོད་ཟེར་སྐུར་པ་འདེབས།། ངོ་སྤྲོད་སྐུར་པར་འགྱུར་གྱིས་གསང་བར་གྱིས།། རྩེ ་གཅིག་སྒོམས་པས་སངས་རྒྱས་ཤིན་ཏུ་དཀའ།། སྐུ་གསུམ་བཞི་ལ་གནས་པའི་དུས།། སྦོམ་སྒྲུབ་ལྟ་བ་ལ་སོགས་བྱས་པ་སུ་ཡིས་མཐོང་།། འགྱུ་བ་སྐུ་གསུམ་ཤར་བ་ལ།། ལྟ་བསྒོམས་ལ་སོགས་བྱས་པ་སུ་ཡིས་མཐོང་།། ་འོད་དང་འབྱུང་ལྔ་སྐུ་གསུམ་ཤར་བ་ལ།། ལྟ་སྒོམ་སྤྱོད་པ་བྱས་པ་སུ་ཡིས་མཚོན།། སྐུ་གསུམ་ངོ་སྤྲོད་ལམ་གྱི་རྒྱལ་པོ་ཡིན།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། སྐབས་སྟེ་ཉེར་དགུ་པའོ།། ། ་དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་དམ་ཚིག་ཅེས་བྱ་ལ།། མདོར་བསྡུས་རྣམ་པ་བརྒྱད་དུ་བསྟན།། རྩ་བ་ཡན་ལག་རྣམ་པ་བརྒྱད།། རྩ་བ་སྐུ་གསུང་ཐུགས་ཀྱི་ཡིན།། ཡན་ལག་མི་སྤང་མི་དོར་དང་།། སྤྱད་པར་བྱ་དང ་ཤེས་པར་བྱ།། གྲུབ་པར་བྱ་དང་རྣམ་པ་ལྔ།། སྐུ་ཡི་དམ་ཚིག་བླ་མ་སྤུན་ལ་གདུང་སེམས་ལྡན།། དམ་ཚིག་དབང་དབང་དང་ཤེས་རབ་བརྒྱུད།། མན་ངག་ལུང་འབོགས་སློ་དཔོན།། ། མངན་དང་དཔྱ་སེམས་སྤང་བར་བྱ།། ་གདམ་ངག་ནོད་པར་བྱ་བའི་ཕྱིར།། རྟག་ཏུ་ཕྱིར་འབྲེང་བེའུ་ལྟ་བུའོ།། གསུང་གི་དམ་ཚིག་ཅེས་བྱ་བ།། བཟླས་བརྗོད་གྲངས་མང་མི་རྫོགས་པས།། སྒྲ་མེ་མ་ཡིན་ཆུང་བ་མ་ཡིན།། འགྱོགས་པ་མ་ཡིན་བུལ་བ་མ་ཡིན།། དྲག་པ་མ ་ཡིན་ཞན་པར་མིན།། ཡིག་འབྲུ་ཡན་ལག་མ་ཉམས་བཟླས།། ཡེངས་ན་བར་ཆོད་འབྱུང་བར་འགྱུར།། ཆུ་བོའི་རྒྱུན་ལྟར་བཟླས་པ་ཡིན།། ཐུགས་ཀྱི་དམ་ཚིག་ཅེས་བྱ་བ།། སྤྱི་གསང་བཞི་དང་བར་གསང་བཞི།། ་གསང་བར་འོས་དང་གསང་བར་གཉེར་གཏུད་པའོ།། བུམ་པ་ནང་གི་མར་མེ་ལྟར།། ལྐོག་ཏུ་བསྟོན་ན་འཆི་བ་ལྟར།། རྒྱུན་དུ་གསངས་ན་དངོས་གྲུབ་འབྱུང་།། མི་སྤང་དུག་ལྔ་སངས་རྒྱས་ལྔ། ཡེ་ཤེས་ལྔའི་ངོ་བོ་ཡིན།། ་སྤངས་ན་དོན་དང་ལྡན་པར་དཀའ།། མི་བོར་བདུད་རྩི་རྣམ་པ་ལྔ།། རང་བྱུང་བདུད་རྩི་རྨད་དུ་བྱུང་།། བོར་མ་རྣལ་འབྱོར་དོན་དང་འགལ།། སྤྱད་པར་བྱ་བ་སྦྱོར་སྒྲོལ་དང་།། མ་བྱོན་ལེན་དང་ངག་རྩུབ་སྲོག་གཅིང་རྣམས། ་དོན་དང་རྣལ་འབྱོར་པ་ཡིས་སྤྱད།། ཤེས་པར་བྱ་བ་འབྱུང་བ་ལྔ།། ཡེ་ཤེས་ལྔ་དང་རིགས་ལྔར་ཤེས།། ཤེས་པ་སྲིད་གསུམ་སྐྱེ་གནས་མེད།། གྲུབ་པར་བྱ་བའི་དམ་ཚིག་ནི།། སངས་རྒྱས་ལྔ་རུ་གྲུབ་པར་བྱ།། ་ཤེས་ན་མི་གྲུབ་དོན་དང་འགལ།། རྩ་བའི་དམ་ཚིག་ཉམས་གྱུར་ན།། བསྐལ་པ་ཆེན་པོ་གྲངས་མེད་དུ།། དམྱལ་བ་མི་ཟད་པ་རུ་ལྟུང་།། རྒྱ་མཚོའི་ཐིགས་པ་བགྲང་བར་ནུས།། དེ་ཡི་རྣམ་སྨིན་བགྲང་མི་ནུས།། ཤིན ་ཏུ་མི་ཟད་སྡུག་བསྔལ་ཏེ།། སྲིད་གསུམ་སེམས་ཅན་བསད་པའི་ས།། བླ་མའི་བཀའ་ཅག་ཆར་མ་ཕོད།། རྡོ་རྗེ་སྤུན་ལ་སྨད་པ་ནི།། ཉམས་པའི་སྐྱོན་ལ་བརྗོད་མི་ལང་།། བསྐལ་པ་ཅིག ་ཏུ་དམྱལ་ཆེན་སྟོང་།། ཚེ་འདིར་བསྒྲུབས་ཀྱང་དངོས་གྲུབ་ཡུལཱ།། གསུང་གི་དམ་ཚིག་ཉམས་གྱུར་ན།། བསྒྲུབས་ཀྱང་དོན་རྣམས་མི་འབྱུང་བས།། ཡི་དགས་གནས་སུ་སྐྱེ་བར་འགྱུར།། ལྐུགས་པའི་གནས་སུ་བརྒྱུད། ་ཅིང་སྦྱི། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། ཡི་དགས་ཁྱིའི་ལུས་སུ་སྐྱེ།། ཐོང་བཤོལ་ལྔ་བརྒྱ་འབར་བ་ཡིས།། དེའི་ལྕེ་ལ་བཤོག་པར་བྱེད།། དངོས་གྲུབ་འབྲས་བུ་མེད་པར་འགྱུར།། ཡི་དམ་ལྔ་ཡཱ་སྙིང་ཁྲིག ་འཐུང་མི་སྤང་དམ་ཚིག་ཉམས་གྱུར་ན།། དངོས་གྲུབ་ཐམས་ཅད་སྤངས་པར་འགྱུར།། མི་དོར་དམ་ཚིག་ཉམས་གྱུར་ན།། དངོས་གྲུབ་འབྲས་བུ་མི་ཐོབ་ཅིང་།། ཡི་དགས་སྤྲེའུའི་ལུས་སུ་སྐྱེ།། སྤྱད་པའི་དམ ་ཚིག་ཉམས་གྱུར་ན།། འདུ་ཤེས་མེད་པའི་འགོག་པར་ལྟུང་།། ཤེས་པའི་དམ་ཚིག་ཉམས་གྱུར་ན།། འདུ་ཤེས་མེད་པའི་ཁྲོད་དུ་ལྟུང་།། གྲུབ་པའི་དམ་ཚིག་ཉམས་གྱུར་ན།། བདུད་ཀྱི་འཇིག་རྟེན་གནས་སུ ་སྐྱེ། རྟོགས་པའི་དམ་ཚིག་ཉམས་གྱུར་ན།། རུ་ཏྲའི་ལུས་སྐྱེས་དམྱལ་བར་ལྟུང་།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱིས་འཁོར་ལོ་ལས།། དམ་ཚིག་བསྟན་པ་སྟེ་སྐབས་ཏེ་སུམ་ཅུ་པའོ།། ། ་དེ་ནས་ཡང་བཀའ་སྩལ་པ།། དེ་ཡི་ཉམས་པའི་སྐད་ཐབས་ནི།། སྐུའི་དམ་ཚིག་ཉམས་གྱུར་ན།། བླ་མ་འམ་རྡོ་རྗེ་སྤུན་ལ་བཤགས།། དེ་ཡིས་ཉམས་པ་སྐོངས་པ་ཡིན།། ཕྱིས་ནི་སྐོང་བར་མི་འགྱུར་རོ།། གསུང་གི་དམ་ཚིག ་ཉམས་གྱུར་ན།། བཟླས་པ་འབུམ་ཚོ་གསུམ་དུ་བསྐྱལ།། བླ་མ་ལས་ནི་ལུང་བླངས་སོ།། དེས་ནི་བསྐོང་པར་འགྱུར་བ་ཡིན།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། སྡིག་པ་སྤྱང་ཕྱིར་སྦྱིན་བསྲེག་འབུམ་ཚོ་གསུམ ་དེ་ཡིས་དེ་ཡི་ཉམས་པ་བསྐོང་།། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། རྩ་བའི་དམ་ཚིག་ཉམས་པ་གསོ་བའི་ལེའུ་སྟེ། སྐབས་སོ་ཅིག་པའོ།། །། དེ་ནས་ཡང་བཀ ་སྩལ་པ། ཡན་ལག་ཉམས་པ་བསྐྲད་པ་ནི།། མིང་སྤང་དམ་ཚིག་ཉམས་གྱུར་ན།། ལྟ་བ་གདེང་དང་ལྡན་བྱས་ན།། དེ་ཡིས་བསྐོང་བར་འགྱུར་བ་ཡིན།། མ་རྟོགས་འཁོར་བའི་གནས་སུ་འཁྱམས།། མི་འདོར་དམ་ཚིག ་ཉམས་གྱུར་ན།། བདུད་རྩི་བཅུད་ལེན་སྦྱར་བྱས་པས།། དེ་ཡིས་སྐོངས་པར་འགྱུར་བ་ཡིན།། དེ་མ་བྱས་ན་བདུད་དབང་འགྱུར།། ཤེས་བྱའི་དམ་ཚིགས་ཉམས་གྱུར་ན།། སྐུ་ལྔ་ཡེ་ཤེས་ལྔ་ཉིད་དུ།། སྨྲ་བཅད་ལོ་མངས ་བསྒྲུབས་པས་བསྐོང་།། དེ་ལྟར་མ་བྱས་དམྱལ་ཁམས་བརྒྱུད།། བསྒྲུབ་པར་བྱ་བྱའི་དམ་ཉམས་ནི།། སྲིད་གསུམ་སྐུ་གསུམ་ངོ་བོར་སྒྲུབ།། མ་སྒྲུབས་ཡོ་དགས་གན་སུ་སྐྱེ།། སྤྱད་པར་བྱ་བ་ཉམས་གྱུར་ན།། ་ཁམས་གསུམ་སེམས་ཅན་སྲོག་གཅད་ལ།། ངོ་བོ་རང་བཞིན་དངོས་པོའི་སྦྱོར་སྒྲོལ་བྱ།། དེ་ཡིས་ཉམས་པ་བསྐོངས་པར་འགྱུར།། དེ་ལྟར་མ་བྱས་ཁམས་གསུམ་འཁོར།། བླ་མ ་མཉེས་པར་བྱས་པས་ནི།། སྐུའི་ཡི་དམ་ཚིག་ཉམས་པ་མེད།། གདམས་དག་ཚུལ་བཞིན་སྤྱད་བྱས་ནས།། གསུང་གི་དམ་ཚིག་ཉམས་པ་མེད།། དགོངས་པ་མཉམ་པའི་དོན་གནས་ན།། ཐུགས་ཀྱི་དམ་ཚིག ་ཉམས་པ་མེད།། འདོད་ཡོན་ལྔ་ལ་ལོང་སྤྱད་ན།། ཡན་ལག་དམ་ཚིག་ཉམས་པ་མེད།། དེ་ལྟར་དམ་ཚིག་མ་ཉམས་ན།། དམྱལ་བའི་མེ་ལྕེ་ཕྲེང་བ་ཡང་།། རང་སྣང་སྐུ་གསུམ་ཉིད་དུ་འཆར།། དེ་ལས་འདས་ས་ཡོང་མི ་སྲིད།། དོན་རྟོགས་དགོངས་པའི་ངོ་སྤང་ན།། སངས་རྒྱས་ཐུགས་རྗེ་དམྱལ་བའི་སྣང་བ་ཡིན།། ཕན་གནོད་གཉིས་སུ་བྱུང་བ་མེད།། དགེ་སྡིག་ལས་འབྲས་རང་སར་གྲོལ།། གྲོལ་བའང་བྱུང་གཞན་ལས་མིན།། ཞེས་གསུངསོ ་དམ་ཚིག་མདོ་རྒྱས་ཀྱི་སྐབས་ལས།། གསོ་བའི་སྐབས་སྟེ་སོ་གཉིས་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། སྔོན་འདས་པའི་དུས་ན།། བྲམ་ཟེ་བདེ་བའི་བློ་གྲོས་དང་སློབ་དཔོན་བཟང་པོ་སྤྱོད་པ་ཡིས།། ་དགོན་པ་བཟུང་ནས་བྲམ་ཟེ་ལ་གདམས་ངག་བཏབ་པས།། བྲམ་ཟེས་ཆོས་ཐོབ་ནས།། བླ་མ་ལ་རྒྱབ་ཀྱིས་ཕྱོགས་པས།། རྩ་བའི་དམ་ཚིག་ཉམས་པས།། ཐར་པའི་དུས་མེད་ཟེར་བ་དེ་ཡ་ཆ།། སྔོན་འདས་པའི་དུས་ན།། ་སློབ་དཔོན་རིག་བྱེད་གྲགས་པའི་དཔལ་དང་།། སློབ་མ་དགེ་བའི་དཔལ་གཉིས་ཡོད་པ་ལ།། སློབ་དཔོན་གྱི་བཀའ་བཅག་ནས་རྩ་བའི་དམ་ཚིག་ཉམས་པ་དང་།། སླར་དད་པ་སྐྱེས་ནས་དབང་ཞུས་གསོས་པས་སངས་རྒྱསོ།། སློབ་དཔོན། ་ལ་ཉམས་གྲིབ་ཕྱོག་ནས་འཁོར་བར་འཁྱམས་པ་དེ་ཡ་ཆ།། སློབ་དཔོན་ཀུ་པ་རིས།། སློབ་མ་སུ་རི་སི་ཏི་ཀ་ལ།། ཡན་ལག་དམ་ཚིག་ཉམས་པ་ཕོག་ཏེ།། དེ་མ་གསོས་པས།། ཡི་དགས་མཁའ་ལ་རྒྱུ་བའི་ཤ་ཟར་སྐྱེས་ཏེ།། དེ་ནས་དམྱ ་བར་ལྟུང་སྟེ་བདེ་བའི་སྐབས་མེད་ཟེར་བ་དེ་ཡ་ཆ།། སྔོན་སློབ་དཔོན་ཀཱ་མ་ལ་ཤཱི་ལ་མུ་ཏྲ།། སློབ་མ་ལེགས་པའི་དཔལ་གཉིས་ཡོད་པ་ལས།། ཡན་ལག་དམ་ཚིག་ཉམས་པ་ལས།། གསོས་པས་སློབ་མ་སངས་རྒྱས། སློབ་དཔོན་ལ་ཉམས ་ཀྱི་གྲིབ་མ་ཕོག་ནས་སྤྱན་ལོང་ཟེར་བ་དེ་ཡ་ཆ།། སློབ་དཔོན་ཆེན་པོ་འཛིན་ན་མི་ཏྲ་དང་།། དེའི་སློབ་མ་མུ་ཏྲ་འཛིན་མི་ཏྲ་བྱ་བ་གཉིས་ཡོད་པས།། སློབ་དཔོན་མྱ་ངན་འདས་སོ།། དེ་ནས་སློབ་མ་དམ་ཚིག་ཉམས་པ་ལས།། མདུན་གྱི་ནམ ་མཁའ་ལ་བླ་མཱ་སྤྱན་དྲངས་ནས།། མཆོད་པ་ལ་སོགས་པ་བྱས་ཏེ་གསོས་པས།། བླ་མའི་ཞལ་ནཾཁའ་ནས་དངོས་སུ་བསྟན་ནས།། གཉིས་ཀ་སངས་རྒྱས་ཟེར་བ་དྭེ་ཡ་ཆ།། ཞེས་གསུངསོ།། འབྲུ་བཱ་ཤྲད་ལས་ཀྱི་འཁོར་ལོ་ལས།། ་དམ་ཚིག་བརྡའ་ལེའུ་སྟེ་སོ་གསུམ་པའོ།། ། ཡང་བཀའ་སྩལ་པ། གསང་སྔགས་བླ་ན་མེད་པ་བྱིན་བརླབས་འདི་ལྟ་བུ་བྱུང་སྟེ།། སྔོན་རི་རབ་རིའི་རྩེ་མོར། ང་རྒྱལ་ཅན་གྱི་ཉེ་དབང་ལ།། ལྷའི་དབང་པོས ་ཡང་དག་པའི་དོན་བསྟན་པས།། སྟེང་གི་ལྷའི་གནས་ན་ལྷའི་དྲི་མ་མེད་པ་འདོད་ཆགས་ལ་བགའ་བ་དེ།། རྣ་བར་སྒྲ་གྲགས་པ་ཙམ་གྱིས་སངས་རྒྱས་ཟེར་ཏེ་ཡ་ཆ།། སྔོན་ལྷ་མ་ཡིན་གྱི་དབང་པོས་ལྷ་མ་ཡིན ་གྱི་རྒྱལ་བློན་རྣམས་ལ།། ཡང་དག་པའི་དོན་བསྟན་པས།། ལྷ་མ་ཡིན་གྱི་སྡེ་བརྩོད་འགྱུར་རྩོད་པའི་འཕྲོ་ལ།། དེ་ཀར་སངས་རྒྱས་ཟེར་ཏེ་དེ་ཡ་ཆ།། དེ་ནས་སེང་གེ་རབ་ཏུ་བསྟན་པ་ཞེས་བྱ་བས།། བྱོལ་སོང་རྣམས་ལ་ཡང་དག་པའི ་དོན་བསྟན་པས།། གཏི་མུག་ཕག་རྒོད་གཉིས་མུན་པ་ལ་ཁ་སྦྱར་ནས་ཉལ་བའི་སྣ་བར་ཐོས་ནས།། གནས་དེ་ཉིད་དུ་སངས་རྒྱས་ཟེར་ཏེ་དེ་ཡ་ཆ།། སྔོན་མར་མེ་མཛད་ཀྱི་བསྟན་པ་ལ།། ཤཱཀྱ་འོད་དང་ཐུབ་པར་སྤྲུལ་ཏེ།། མ་རུ ་སྒོ་འགྲམ་དུ་འབྱུང་པོ་རྣམས་ལ་འབྱུང་པོ་བུམ་སྣར་སྤྲུལ་ནས་དག་པའི་དོན་བསྟན་པས།། ལྷ་མོ་ཨ་ཀ་ཛ་ཏེ་དང་།། ལྷ་མོ་ནག་མོ་དང་། མ་རུ་རྩེ་དང་བདུད་ཐོད་པ་འཕྲེང་བ་ཅན་དང་། དཀའ་པོ་སྨན་ཅིག་ལ་སྒྲ་ཐོས་པས།། དེ་ཀར ་སངས་རྒྱས་དེ་ཡ་ཆ། སྔོན་བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་བྱེ་བ་ཕྲག་རྒྱར་འགྲོ་བ་མི་ལ་ཆོས་བཤད་དེ།། གླང་པོ་ཆེ་མཆེ་བ་དྲུག་པ་གཉིས་ཀྱིས་གསེར་གྱི་ཕ་བོང་རྩེགས་པའི་སྟེང་ན་ཉལ་བསོ་ཟློ་བས།། གནས་དེར་སངས་རྒྱས ་ཟེར་བ་དེ་ཡ་ཆ།། སྔོན་ཡི་དགས་ཁ་ལ་མེ་འབར་མས་ཡི་དགས་སྡེ་གསུམ་ལ་ཡང་དགས་པའི་དོན་བཤད་པས།། འདོད་ཆགས་བྱ་གཉིས་ཟངས་ཀྱི་ཕ་བོང་རྩེགས་པ་ལ་ཁ་སྤྲང་པའི་རྩ་བར་གྲགས་པས་གནས་དེརུ་སངས་རྒྱས་སོ།། ་དེ་ཡ་ཆ།། སྔོན་ཆོས་ཀྱི་རྒྱལ་པོས་དམྱལ་བ་སྡེ་བཞི་ལ་ཆོས་བཤད་པས།། ཞེ་སྡང་སྦྲུལ་གཉིས་གངས་དཀར་སྟོངས་ན་ཉལ་བའི་རྩ་བར་གྲགས་པས།། གནས་དེར་དགོངས་པ་ཤར་ནས་སངས་རྒྱས་ཟེར་ཏེ་དེ་ཡ་ཆ།། སྔོན་སློབ། ་དཔོན་ཆེན་པོ་དགའ་ར་བ་རྡོ་རྗེ།། རིགསོ་ངན་གྱི་ཡུལ་དུ་སྤྱོད་པ་ལ་བྱོན་པས།། གཏི་མུགེ་ཕག་ཅིག་ལ་མདའ་བརྒྱབ་པས་ཤན་པ་མ་རུ་རྩེ་ལ་དགོངས་པ་ཤར་ནས་སྐད་ཅིག་མ་ལ་སངས་རྒྱསསོ་དེ་ཡ་ཆ།། སློབ་དཔོན་དེས་བྱ་བ་ཀུན་འདུལ ་དུ་སྤྲུལ་ནུས།། ཁྱིམ་བྱ་རྒན་རྒོན་གཉིས་བྱེའུ་ཕྲག་དྲུག་སྟེ་བརྒྱད་ལ་མདའ་ཅིག་རྒྱབ་སྟེ་བཏང་བས།། དུས་ཅིག་ཏུ་ཐུམས་ཏེ་སོང་བ་དང་།། བྱ་བ་རྒན་པོ་ཀྱི་སྲུངས་ཏེ་དེ་ཀར་སངས་རྒྱས་ཟེར་ཏེ་དེ་ཡཱ་ཆུ།། ཡང་སློབ་དཔོན་དེས་ཞེ་སྡག ་སྐྱེས་པའི་ཚུལ་གྱིས།། སྡང་མིག་བལྟས་པས་རྒྱལ་པོས་མི་བཟོད་དེ།། རྣ་བུག་གཉིས་ནས་སྤྲུལ་དཀར་ནུག་གཉིས་ཀྱི་མགོ་བོ་བྱུང་བ་དང་།། དྲྀ་སྤུ་གྲིས་སྐེ་གཅད་པས་དུས་དེར་རྒྱལ་པོ་དམག་མི་ཉི་ཁྲི་ཆིག་སྟོང་ལ་སོགས་པ་སངྱས ་པ་དེ་ཡ་ཆ།། སྔོན་ཡང་ཁྱིམ་བདག་བཟང་པོ་ཁབ་པ་ལས་འཁྲུག་ཏུ་མ་འདོད་དེ།། འགྲོན་པོ་དང་མི་ལ་སྙིང་རྗེ་མི་བྱེད་པར་འདུག་པ་ལ།། སློན་གྱིས་ཁང་པ་ལ་མེ་སྟགཅིག་སྒྱུར་བས།། ཁྱིམ་བདག་དང་ཁང་པ་ཐམས་ཅད་དུས་ཅིག ་ཏུ་ཚིགས་རས་རྒྱལ་ཁང་འོད་དུ་འབར་ཟེར་ཏེ་དེ་ཡ་ཆ། སྔོན་རྒན་རྒོན་གཉིས་ལ་བུ་ཚ་མང་དུ་ཡོད་ཀྱང་བུ་ཐོན་པོ་ལ་ནོར་ཡོ་ཕོག་པས་བུ་ཚ་གཞན་གྱིས་ནོར་ཕྲོགས་ས་མེད་ནས་བཙལ་ཀྱང་འབྲངས་པར་མི་འདུག་ནས།། སློབ་དཔོན་གྱིས་བུ ་ཐོན་བུ་བསད་པས་ཕ་མ་ཤི་གཞན་རྒྱལ་ནས་དེའི་ཚེ་རངས་པ་དུས་ཅིག་སངས་རྒྱས་ནས་འཁོར་བ་དོང་སྤྲུགས་ཟེར་བ་དེ་ཡ་ཆ། སྔོན་དྲང་སོང་རྒན་པོ་རླུང་གི་རྟ་ཀྱའོ་སླབ་མེད་ལ་ཞོན་ནས་གྲོང་ཁྱེར་ཐཾད་སྒོ་ཚངས་ལ་འོག ་ཏེཏེདེ་ཅི་འདུག་པ་འདོད་དུ་འོང་པ། སུས་ཀྱང་རྒན་པོ་དེ་བསད་པས་མ་སོད་པས། སློབ་དཔོན་དེས་རྟ་ཀྱའོ་དེ་སྒྲོག་སུཾ་སྦྲེལ་དུ་བཅུག་པས་རྒན་པོ་ཀུན་དགའ་གསལ་སྐུ་གསུམ་རྩེགས་པའི་རྩེ་མོར་སོང་ནས། འཁོར་བའི་སྒོ་རུ་འཇུག་ཐ ་ཚོད་ཟེར་ཏེ་དེ་ཡ་ཆ། ཞེས་གསུངསོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། འཁོར་ལོ་རྒྱུན་གཅོད་བརྡའི་སྐབས་སྟེ་སོ་བཞི་པའོ།། ། འབྲུ་བཤད་ལས་ཀྱི་འཁོར་ལོ་འདི།། གསང་བར་འོས་ཀྱིས་མི་ལ་མ་བསྟན ་ཅིག། གསང་བར་གཉེར་སྣོད་སྣོད་མེད་ཀུན་ལ་གསང་།། ཕྱི་རུ་གསང་བའི་ལས་འབྲས་འདི་ནས་བཀྲལ།། ནང་དུ་གུས་དྲ་བའི་བསྐྱེད་རྫོགས་ལས་འབྲས་འདི་རུ་བསྟན།། གསང་བའི་གསང་བ་བླ་མེད་ལས་འབྲས་རང་གྲོལ་འབྲས ་བུ་བསྟན།། གསང་བ་དག་ནི་ཕྱི་ནང་གསང་བ་གསུམ།། གབ་པ་ལ་ནི་ཕྱི་ནང་གསང་བ་གསུཾ།། སྦས་པ་ལ་ནི་ཕྱི་ནང་གསོད་པ་གསུམ།། ཐིག་ལེ་ལ་ཡང་ཕྱི་ནང་གསང་བ་གསུམ།། དེ་བཞིན་འདི་རུ་ཐམས་ཅད ་འདུས་པ་ཡིན།། ཞེས་གསུང་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། འཁོར་བ་རྒྱུན་གཅོད་རྒྱུད་བྱུང་ལས་གདམས་པའི་སྐབས་ཏེ་སོ་ལྔ་པ་རྫོགས་