| Wylie | e-texts produced with BDRC’s OCR application |
བྱང་ཆུབ་སེམས་བསྒོམ་པ་བཞུགས།། ་རྒྱ་གར་སྐད་དུ། བོདྷི་ཙིཏྟ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ། བཅོམ་ལྡན་འདས་དཔལ་བདེ་བའི་མཆོག་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་ཐམས་ཅད་ཆོས་ཉིད་ཟབ་མོ་ལ ་བཟུང་བར་དགོངས་ནས།། ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། རང་བཞིན་གྱི་དཀྱིལ་འཁོར་ཉིད་དང་ཐ་མི་དད་པ་རྣམས་ལ། རང་བཞིན་གསུང་དུ་མེད་པ ་འདི་བཀའ་སྩལ་པ། དེའི་ཚེ་ན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་གྱུར་ཏོ།། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། བསམ་མེད་དྲན་མེད་མི་གཡོ་བ། བསམ་པ་བསྟན་དུ་མེད་པའོ།། ཐ་སྙད་གདགས་སུ་ག་ལ་ཡོད ་འདི་ནི་བརྗོད་མེད་སྤྲོས་ལས་འདས།། དགེ་བའི་རྨི་ལམ་ལྟ་བུའོ།། རྣལ་འབྱོར་དམ་པའི་ལམ་ཞེས་བྱ།། གྲུབ་མཐའ་མ་ཉམས་ཡོངས་སུ་དག། སངས་རྒྱས་ས་ལ་རང་བཞིན་གནས།། རྫོགས་པ་ཆེན་པོའི ་དོན་ཞེས་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གསུང་དུ་མེད་པའི་གསུང་གསུངས་པའི་སྐབས་ཏེ་དང་པོའོ།། ། ཡང་བདེ་བའི་མཆོག་གིས་ཡེ་ཤེས་གསུང་དུ་མེད་པ་འདི ་བཀའ་སྩལ་པ་ཆོས་ཉིད་ཇི་བཞིན་པ་དེ་ལ་བློ་ཡང་དེ་འདྲ་བ་ཞག་གྱུར་ན།། སེམས་ཀྱང་སྐད་ཅིག་དང་པོ་ལ།། པུས་ཆོས་གནས་པ་དོན་ལ་རེག། དེ་དུས་བྱུང་ཚོར་ཤེས་འཇུག་མེད ་བག་ཆགས་རྒྱུད་ཆད་རང་བྱུང་ཤར།། ཡེ་ཤེས་མེ་སྟེ་སྐད་ཅིག་ལ།། དེ་བཞིན་དབྱིངས་ཀྱང་སྐད་ཅིག་མ།། དེ་དང་དེ་ཞེས་དབྱེར་མེད་པ།། དེ་ནི་རྒྱུན་ཆགས་ཐམས་ཅད་སྤངས།། ཤེས་པ་ཡེ་ཤེས་ཉིད་དུ་གྱུར ་དེ་བཞིན་སྦྱོར་བའི་ལམ་པ་ཡི།། ཡེ་ཤེས་ལ་རེག་མི་གནས་ལ།། རང་རྒྱུད་དུ་ནི་བདུད་བཞི་འབྱུང་།། འཇིགས་པ་གཟུགས་དང་གྲག་པ་སྒྲ། འོད་ཀྱི་བདུད་དང་སྲུ་བ་རྣམས།། བྱུང་ཚེ་དེ་ལ་རིག་བྱས་ལ།། མི་ཞེན་མི ་ཆགས་ལན་འགའ་བསམ།། ཀུན་འོད་འགྲོ་བ་དེ་ཉིད་ལམ།། ཤེས་པ་ཁྱད་པར་ཅན་ཞེས་བྱ།། ཡེ་ཤེས་གསུང་དུ་མེད་པའི་སྐབས་ཏེ་གཉིས་པའོ།། །། དེ་ནས་ཡང་བདེ་བའི་དམ་ཚིག་མཆོག་དེས་འཁོར ་རྣམས་ལ་དབྱིངས་ཟང་མ་བཀའ་སྩལ་པ།། ཞི་བའི་དབྱིངས་ཏེ་འདུས་མ་འདུས།། རང་བཞིན་བཟང་དང་རབ་འདྲེས་པ།། རྩལ་མེད་ཚུལ་དུ་བྱུང་བ་དེ།། གང་གིས་མ་བསླང་རང་བཞིན་དབྱིངས།། ཐོག་མ་མེད་པའི་རྒྱལ་པོའི། ་སྐད་ཅིག་རྒྱུ་འབྲས་མེད་པར་དབྱིངས།། རྒྱུན་ཆད་མེད་པ་དབྱིངས་ལ་ཡན།། རྩལ་ན་རྩོལ་ནད་སངས་མི་སྲིད།། རྩལ་བ་མེད་པ་དབྱིངས་ཀྱི་མཆོག། དེ་ལྟ་བུ་ཡི་དབྱིངས་དེ་ལ།། དེ་ལྟ་བུ་ཡི་ཡེ་ཤེས་དབའ།། ཡང་ན་དབབ་དང་མི་དབབ་མེད།། ་ཤེས་རིག་བག་ཆགས་རྒྱུན་དེ་ཡང་།། གཉེན་པོའི་སྒོ་ནས་མི་གཅོད་དེ།། རང་བཞིན་རང་གིས་རྟོག་འགྱུར་བ།། དེ་ཡིས་བག་ཆགས་རང་བཞིན་དག། རང་གི་བསམ་པ་གྱ་གྱུར་པ།། དེ་རེད་པ་ཡང་བདེ་བར་གཤེགས།། གཅིག་ཏུ་གཟུད་པར་ངས་མ་བཤ། ་ཡེ་ཤེས་དེ་ཡང་བསམ་པའི་དབང་།། བསམ་པ་རང་ཁ་མ་ཡིན་ཏེ།། དབྱིངས་དང་ཡེ་ཤེས་རབ་འབྱོར་ན།། རིམ་པ་ཅན་གྱི་ཆར་བཟུང་སྟེ།། རིམ་པ་མེད་པའི་དོན་དེ་ནི།། ཡང་དག་པ་ཡི་དམ་པའོ།། བྱང་ཆུབ་སེམས་བསྒོམ་པ་ལས།། དབྱིངས་ཟ ་མ་བསྟན་པའི་སྐབས་ཏེ་གསུམ་པའོ།། ། དེ་ནས་ཡང་རང་བཞིན་མཚོན་དུ་མེད་པ་བཀའ་སྩལ་ཏོ།། རང་བཞིན་རང་གི་རྟོགས་པ་ནི།། དངས་སྙིགས་མེད་པའི་ཟབ་མོ་སྟེ།། རང་ཁའི་ཚེ་ན་ཡོད་མེད་ན།། བསམ་པ་མཚན་མ་ཅན་གྱིས ་ནི་དེ་ལ་མི་སྤོགས་གྱ་གྱུ་ཅན།། གསལ་བ་མེད་པར་རང་བཞིན་གསལ།། གསལ་བ་ཉིད་ནི་གྲུབ་མཐའི་སྐྱོན།། རང་བཞིན་མཁའ་ལ་རང་བཞིན་སེམས།། གསལ་བ་རང་བཞིན་རང་བཞིན་གནས།། ཤེས་རྒྱུན་དེ་ཡང་དེ་བཞིན་ཙམ།། དེ་ནི་ཉམས ་མེད་ཉམས་ཞེས་བྱ།། བལྟ་བ་རིམ་པ་མ་ཡིན་ལ།། བསྒོམ་པས་རིམ་པ་མ་ཡིན་ལ།། ལྟ་སྤྱོད་གཉིས་ཀ་རང་བཞིན་ཙམ།། ཁྱད་པར་འཕགས་པའི་རང་བཞིན་ནོ།། བྱང་ཆུབ་སེམས་བསྒོམ་པ་ལས།། མཚོན་དུ་མེད་པའི་སྐབས་ཏེ་བཞི ་པའོ།། །། དེ་ནས་ཡང་དབྱིངས་དང་སྤྱོད་ཡིན་པ་འདི་བཀའ་སྩལ་པ།། ཐམས་ཅད་དབྱིངས་དང་སྤྱོད་ཡིན་པས།། དབྱིངས་དང་ཡེ་ཤེས་དབྱེར་མེད་པས།། ཡེ་ནས་མ་བཅོས་ཆོས་དབྱིངས་ལ།། མ་བཅོས་རིག་པ་ཀློང་དུ། ་ཡན། རང་བཞིན་དོན་དང་ལྡན་བྱས་ཏེ།། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས།། དབྱིངས་དང་ཡེ་ཤེས་གཉིས་མེད་དེ།། གཉིས་མེད་བདེ་བའི་རྒྱལ་པོའོ།། དེ་ལྟར་མ་ཡིན་རྟོག་གེ་བས།། བསམ་པ་དེ་ལ་གནས་པ་ན།། གལ་ཏེ་སེམས་ལ་གཏད་ཡོད ་བས་བཏང་བས་མི་ཐོངས་འཆིང་བའི་རྒྱུ།། གཏོད་མི་དགོས་པའི་སྐྱེས་བུ་ཡིས།། ན་མཁའི་རྟེན་དང་ནང་དུ་བསྡུས།། དང་པོའི་ཚེན་འདི་གཉིས་སྒྲིབ།། དབང་པོ་ཡུལ་ལ་འཕྲོས་པ་ཡང་།། དེ་ལ་དབྱིངས་ཟངས་ཤེས་རབ་མདོ།། ལ་ན་ཅིག་རྫོགས ་ཆེ་མདོན་འདོད་པ།། རང་བཞིན་བདེ་བ་ཉམས་སུ་བླངས།། བདེ་བ་སྒྱུམ་སྟེ་མཚོར་འཆོར།། དེ་བས་ཆད་པ་ཞི་བར་བཞག། དེར་བཞག་གསེར་འོག་ཐོད་པ་བཞིན།། དབྱིངས་དང་ཡེ་ཤེས་སྐད་ཅིག་ལ།། མེད་པ་ཤེས་རབ་ཐབས་རྫོགས་པ། དེ་ནི ་སངས་རྒྱས་ས་ལ་གནས།། གཉིས་སུ་མེད་པར་མི་བལྟ་བླ།། དེ་ནི་སངས་རྒྱས་ས་ལ་གནས།། དེ་དག་གཏིང་དཔག་དཀའ་བའི་དོན།། བྱང་ཆུབ་སེམས་བསྒོམ་ཡི་གེ་མེད་པ་ལས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐབས་བསྟན་པ་སྟེ། ་ལྔ་པའོ།། ། དེ་ནས་ཡང་མཐོབ་མེད་བལྟར་མེད་པའི་དོན་བཀའ་སྩལ་པ།། མཐོང་བས་བལྟ་རུ་མེད་པ་ནི།། ཆུ་སྲི་མགྲེ་བའི་རིན་ཆེན་བཞིན།། ནམ་ཡང་བསྟན་དུ་མེད་པའོ།། མཚན་མ་ཀུན་དང་བྲལ་བས་ན།། རྩལ་དང་བྲལ ་བ་ཡི་གེ་མེད། གཙོ་དང་བྲལ་བས་ཉམས་ཀྱི་གཙོ།། མི་དམིགས་སྐུ་ལ་བལྟར་མེད་དེ།། མི་དམིགས་གསུང་ཐུགས་དེ་བཞིན་ཡིན།། མ་མཐོང་བས་ན་མཐོང་བ་ཆེ།། ཐབས་ཀྱི་ཐབས་ཏེ་དངོས་གྲུབ་རྨད།། ཤིམ་ཏུ་ངོ་མཚར་རྫོགས་ཆེན་པོ།། སངས ་རྒྱས་ཐུགས་ལ་མི་མངའ་བ།། འདི་རྟོགས་གོ་བ་བརྒྱ་ནང་ན།། གཅིག་མི་འོང་བར་ཤིན་ཏུ་གྲགས།། ལུང་དུ་བསྒོམ་བསྒྲུབ་ཀུན་དང་བྲལ།། ཁྱབ་པས་བདེ་ཆེན་དོན་ཞེས་བྱ།། མཐོང་མེད་བསམ་པས་ཐམས་ཅད་མཐོང་།། དེ་ནི་ངེས་བསྒོམ་མཆོག ་ཆེན་པོ།། ས་དང་ཕ་རོལ་ཕྱིན་ལས་འདས།། དེའི་སྣང་བ་རང་བཞིན་མེད།། རང་བཞིན་མེད་པའང་མི་བསམ་སྟེ།། སྒྱུ་བསམ་ཡུལ་ལས་འདས་པའོ།། སེམས་ཀྱི་བྱུང་ཚོར་བྱུང་བ་ན།། དེ་ཁོ་རང་བཞིན་རང་ཞི་བ།། ངེས་དོན་སྙིང་པོ་བླ་ན་མེད ་རྣམ་རྟོག་བསགས་པའི་འཕྲ་རྒྱས་ཀྱིས།། ལོག་ཁྲིད་དོན་མིན་བལྟས་པའི་མཐུ།། བཟློག་དཀའ་གཉེན་པོས་བཟློག་པ་མིན།། རྒྱལ་ལས་དམངས་བྱུང་ཐ་མར་རྒྱལ།། རྒྱལ་པོ་མཐུ་བོ་མིའི་མཆོག། རྒྱལ་བཟུང་རྒྱལ་ཁམས་ཆམ་ལ་ཕབ།། ་ངེས་པར་བསྡད་པས་སྡིག་མི་ཡོང་།། འདི་ནི་སླར་འཚོ་ཤིན་ཏུ་རྒྱལ།། མཁས་པས་རྒྱལ་པོ་བསད་གྱུར་ན།། ཤིན་ཏུ་རྒྱལ་འཁོར་བསྲང་བར་འོང་།། ལུག་བཟློག་བདེ་ཆེན་ས་ལས་འདས།། བྱང་ཆུབ་སེམས་བསྒོམ་པ་ལས།། མཐོང་བར ་བྱར་མེད་པའི་སྟེ་དྲུག་པའོ།། །། དེ་ནས་ཆོས་ཉིད་ཇི་བཞིན་པའི་དོན་བཀའ་སྩལ་པ།། སེམས་མི་གཡོ་བ་སངས་རྒྱས་སོ།། གང་ཡང་མ་སྐྱེད་དོན་དེ་ལ།། གང་གནས་ཆོས་ཉིད་ཡིན་པར་བཤད།། གནས་དང་མི་གནས་གཉིས ་མེད་དེ། དེ་ཕྱིར་རྣམ་པ་ཐམས་ཅད་མཁྱེན།། འདི་ནི་སྐུའི་དངོས་གྲུབ་ཡིན།། ཆོས་ཉིད་ཅིར་ཡང་མ་མཐོང་བ།། ཐུགས་ལ་ཡང་དག་དོན་མ་ལོག། བཟླས་ཤིང་གསལ་བར་མ་གྱུར་པ།། གསུང་གི་དངོས་གྲུབ་ཤིན། ་ཏུ་ཡིན། ས་ལ་མི་རྟེན་ལྷུན་གྱིས་གྲུབ།། འདི་ནི་ལམ་རྒན་ཀུན་བོང་འགྲོ།། ཐམས་ཅད་འདུས་པའི་དངོས་གྲུབ་ཡིན།། རང་བཞིན་རང་ལ་རང་བཞིན་ཤར།། རང་བྱུང་རིག་པ་ཞེས་བྱའོ།། འདི་མི་སྣང་བ་གནན་སྣང་མེད།། གལ་ཏེ་བློ་ལ ་སྣང་བ་དེ། དོན་སྣང་མ་ཡིན་མཚན་མའོ།། དེ་ནི་རང་བྱུང་རིག་པ་མིན།། བྱང་ཆུབ་སེམས་བསྒོམ་པ་ལས།། ཆོས་ཉིད་ཇི་བཞིན་པའི་སྐབས་ཏེ་བདུན་པའོ།། །། དེ་ནས་ཡང་རྨད་དུ་བྱུང་བ་འདི་བཀའ་སྩལ་པ།། སེམས ་མི་གཡོ་བ་བདེ་བ་སྟེ།། སེམས་ཀྱི་སེམས་འཆིང་མི་ཚོར་བས།། སེམས་ལ་ཞིབ་པས་བརྟག་སྤྱད་བྱ།། ཤེས་བཞིན་གྱིས་ནི་ཐང་བཅད་དེ།། སེམས་ཀྱི་སེམས་ལ་བལྟས་པ་ན།། ཅིར་ཡང་མ་མཐོང་མ་ཡེངས་པ།། བསྒོམས ་ན་མཱ་བསྒོམས་བསྒྲུབ་ན་ཉམས།། དྲི་བས་བྱུང་ཚོར་ཅི་བྱུང་ཡང་།། རང་བྱུང་རང་ཞི་བསྒོམ་པའི་གཙོ།། རང་བྱུང་རང་ཞི་ཙམ་མིང་གདགས།། སེམས་ཀྱི་སྤྱོད་འཇུག་ཐམས་ཅད་ཀྱང་།། ཡི་གེ་མེད་པའི་ངད་དུ་བཞག། དེ་ནི་རྒྱལ ་པོའི་རྒྱལ་པོའོ།། མན་ངག་སྙིང་པོའི་རྒྱུད་ཅེས་བྱ།། བདེ་གཤེགས་ཉག་གཅིག་དགོངས་པ་ལ།། ཕྱི་རབས་རྣལ་འབྱོར་དོན་ལ་ནི།། ཡ་རབས་བསམ་པའི་ཏིང་ངེ་འཛིན།། ཤེས་རབ་ཀྱིས་། དོན་ལ་དཔྱད།། བྱང་ཆུབ་སེམས་བསྒོམ ་པ་ཡི་གེ་མེད་པའི་རྒྱུད་ལས།། སྨད་དུ་བྱུང་བར་བསྟན་པའི་སྐབས་ཏེ་བརྒྱད་པའོ།། །། དེ་ནས་སྐུ་གསུང་ཐུགས་སུ་འཁོར་རྣམས་རང་བཞིན་གྱི་སྟོན་ནས་བཀའ་སྤྲུལ་པ།། བྱང་ཆུབ་སེམས་བསྒོམ་པ་ཡི་གེ་མེད ་པའི་རྒྱུད་འདི་མཐོང་ངམ།། ཐོས་སམ། ཉམས་སུ་བླངས་སམ།། དོན་རྟོགས་སམ། མངོན་དུ་གྱུར་ཏམ་ཞེས་བཀའ་སྩལ་པ་ལས།། དེ་ནས་འཁོར་རྣམས་ཀྱིས་མགྲིན་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་ཀྱི ་སེམས་ཡི་གེ་མེད་པ་འདི་བདག་ཅག་གིས་ཇི་ལྟར་ཡང་མ་འཚལ་ལོ་ཞེས་གསོལ་པ་ལས། བདེ་བར་གཤེགས་པ་རྣམས་སླར་ཡི་གེ་མེད་པའི་རང་བཞིན་དུ་འདུས་སོ།། བྱང་ཆུབ་སེམས་བསྒོམ་པ་ཡི་གེ་མེད་པ་བསྟན་པའི ་སྐབས་དགུ་པ་རྫོགས་སྷོ།། ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ། ཡི་གེ་མེད་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བའི་དོན་ཟབ་མོ ་