CLOSE WINDOW

Gbr002.24: rdo rje sems dpa' nam mkha' che gsang ba'i snying po rnal ma don gyi rgyud
Wyliee-texts produced with BDRC’s OCR application

རྡོ་རྫ་སེམས་དཔའ་ན་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མ་དོན་གྱི་རྒྱུད་བཞགས་སོ།། ་རྒྱུ་གུར་སྐད་དུ། བཛྲ་གྷུ་ཎྱེ་གརྦྷསརྦྦཁ་བྷཱུདྷནྟུ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་ཁྭལ་ཆེ་ག་སྣང་བའི་སྙིང་པོ་རྣལ་ལདྲོན་གྱི་རྒྱུད།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལྔ་ལོ།། འདི་སྐད་བདག་གི་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་རང་བཞིན་རྫོགས་པ་ཆེན་པོ།། ཡེ་ཤེས་ལྷུན་གྱིས་གྲུབ་པ་རང་བྱུང་རིག་པའི་རྒྱལ་པོ།། འོད་གསྔལ་ཐིག་ལེ་བདེ་བ་ཆེན ་པོ། རིག་པ་འཕོ་འགྱུར་མེད་པའི་གཞལ་ཡས་ཁང་ན། དུས་གསུམ་གྱི་སངས་རྒྱས་དང་།། ཁམས་གསུམ་གྱི་སེམས་ཅན་དང་།། ལམ་ལ་རྗེས་སུ་བལྟ་བ་རྣམས་འབྱེད་པ་མི་མངའ་བར་ཐབས ་གཅིག་ཏུ་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་ལ།། རིག་པའི་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། ཨ་མ་ཧོ་དགོངས་པ་རྣམས་ཀྱི་གསང་།། སྐྱོང་ཉིད་ཞི་བ་ཐུགས་རྗེའི ་དང་། སྙིང་པོའི་སྙིང་པོ་དོན་གྱི་མཆོག། རྫོགས་ཆེན་དོན་འདི་ལེགས་པར་གསུངས།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་དེས་སྩལ་དུ་མེད་པའི་ཐིག་ལེ་ཆེན་པོའི་དོན་འདི ་གསུངས་པརང་བྱུང་གསང་བ་ཐིག་ལའི་ངང་།། ཆོས་ཀུན་འདུས་པ་ལུས་མེད་པ།། བགྲོད་མང་བརྩོལ་བྲལ་ལྷུན་གྱིས་གྲུབ།། སྦྱངས་ཐོབ་མ་ཡིན་རྫོགས་པའི་ཀློང་།། རིག་པའི ་རྒྱལ་པོ་ཀུན་གསལ་བ།། འདོད་པའི་དོན་ཀུན་རྫོགས་པའི་བདག། ཡེ་ཤེས་རྒྱལ་པོ་རྣམ་གྲོལ་ལམ།། ཐགས་པ་ཀུན་རྫོགས་མཁའ་ལྟར་ཡངས།། རང་རིག་ལེགས་པའི་སྙིང་པོ་ཉིད།། ཀུན་གྱི་རང་བཞིན ་ཆོས་ཀྱི་དབྱིངས།། སྒྲོ་འདོགས་བསྐུར་འདེབས་ཀུན་གྱིས་སྟོང་།། ཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། ཐེག་པ་གཅིག་ལ་ཀུན་རྫོགས་པས།། ཡེ་ཤེས་དྲི་མེད་རྣམ་པར་དག། རང་བྱུང་ཐིག་ལེ་ཉི་མ་ཤར།། ་ཁྱབ་པ་ཆེན་པོ་ཆོས་ཀྱི་སྐུ།། སྟོང་པ་ཆེན་པོ་ཆོས་ཀྱི་རྒྱལ།། ཡེ་ནས་དག་པ་འདའ་བ་མེད།། ཡེ་ཤེས་གསང་བ་བྱང་ཆུབ་སེམས།། ནམ་མཁའ་ཆེན་པོ་གཅིག་པུ་ཉིད།། ཐིག་ལ་ཆེན་པོ་ཡེ་བརྟན་པས ་སྤྲོ་བསྡུ་མེང་པའི་དབྱིངས་ལས་གནས།། སྒྲོ་བསྐུར་དམིགས་པའི་ཡུལ་མེད་པས།། རང་རིག་གསལ་བར་དབུས་མཐའ་མེད།། ཀུན་གྱི་རང་བཞིན་གསང་བའི་ཕྱིར།། རྟོག་སྤྱོད་འཛིན་པའི་ཡུལ་གྱིས་སྟོང་།། ་ནམ་ཡངས་རིག་པ་མཉམ་གནས་པ།། ཏི་འཛིན་འཁོར་ལོ་བརྟན་མི་དགོས།། རང་བྱུང་དགོས་པ་ཀུན་རྫོགས་པས།། མ་རྩལ་ལྷན་གྲུབ་རང་ལས་བྱུང་།། ཕྱག་རྒྱ་ཆེན་པོ་བདག་གནས་ཕྱིར།། མ་བསྒོམས་འདའ་བ་མེད་པའི་ངང་།། དངོས་གྲུབ ་རིག་པའི་ཕྱག་རྒྱ་འདི།། ཡིས་སྙིང་པོ་འོད་འབར་བ།། ཀུན་གྱི་སྙིང་པོར་བདག་གནས་པ།། འདི་ཉིད་རང་བཞིན་གཏིང་དཔག་དཀའ།། ཐེག་གཅིག་སྙིང་པོ་རྫོགས་པ་ལ།། ཆོས་ཀུན་རྫོགས་ཏེ་ངོ་བོར་གནས།། དོན་ཀུན་ཡོངས་རྫོགས་ཐིག་ལེ་ལ།། ་རང་བཞིན་གནས་པས་རིམ་པ་མེད།། སྙིང་པོ་རིག་པ་དོན་གྱི་རྒྱུད།། དེ་རྒྱུད་ཐེག་པའི་ཡང་སྙིང་འདི།། ཡེ་ཤེས་ཕྱག་རྒྱ་རྫོགས་པའི་མཆོག། མི་འདའ་དྲི་ཉིད་ཁོ་ནའི་དོན།། འདུ་ཤེས་སྦྱོར་བ་མ་ལུས་ཟད།། རྒྱུ་མེད་སེམས་ལ་རྐྱེན་བྲལ ་བྲས་སྐྱེ་འཇིག་འགྱུར་བ་ག་ལ་ཡོད།། ཡེ་ནས་བྱས་ཟིན་བྱ་བ་མེད།། ལྷུན་གྱིས་རྫོགས་པ་བསམ་པ་མེད།། རོང་ལ་རྫོགས་པས་བསྒྲུབ་ཏུ་མེད།། དམིགས་མེད་དོན་ལ་སྒོམ་དུ་མེད།། དུས་གཅིག་རྫོགས་པས་བགྲོད་དུ་མེད།། ཡེ་ཤེས ་རིག་པའི་ཕྱག་རྒྱ་ལ།། རྣམ་གྲོལ་འབྲས་བུ་ཀུན་རྫོགས་ལྡན།། གསང་བ་རང་བྱུང་རིག་པའི་སྒྲ།། བརྗོད་པ་མ་ཡིན་དོན་གྱིས་ཤེས།། འདི་ལྟར་གཅིག་ཏུ་གནས་པ་ལ།། མཐའ་དང་མཐོང་བ་འཁྲུལ་པའི་ལམ།། སྙིང་པོ་སེམས་ཉིད ་རྫོགས་པ་ལ།། དྲན་དང་དབང་པོ་ཡིད་བྱེད་མེད།། ལུས་དང་ངག་སེམས་སྩལ་ནས་མང་།། ཅི་བདེར་གནས་པ་དགག་སྒྲུབ་མེད།། ཅེས་གསུངས་སོ།། སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། ་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩལ་མེད་རིག་པའི་རྒྱལ་པོས།། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། མ་སྩལ་ལྷུན་གྲུབ་མ་བཅོས་ཆོས་ཀྱི ་དབྱིངས། མ་བསགས་མ་སྦྱངས་ཡ་ནས་ཆོས་བཞིན་དུ།། ར་དུ་བྱུང་གསལ་བའི་དབྱིངས་འདི་བརྗོད་བྲལ་ཏེ།། མཚོན་དང་བརྟག་ཅིང་སྤྱད་པའི་ཡུལ་ལས་འདས། དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས།། རིག་པ་དབྱེར། ་མཽང་གཅིག་ཏུ་ལྷུན་གྱིས་རྫོགས།། མ་བསགས་མ་སྤང་ཡེ་སངས་རྒྱས་པའི་ཀློང་།། མཐའ་བྲལ་རིག་པའི་དཔལ་བསམ་ཞིང་བརྗོད་དུ་མེད།། ཡ་ནས་ཀུན་རྫོགས་བདག་ཉིད་ལྷུན་རྫོགས་པ།། ས་ལ་མི་བགྲོད་ལམ་ལ་མི་སྦྱོང་ཞིང་།། མ ་རྟོགས་ཏིང་འཛིན་སྦྱོང་བ་རྒྱུ་མའི་ནང།། མ་རྩལ་རང་བཞིན་བཞག་པ་གྲུབ་པ་ཡིན།། མ་ཡངས་ཀློང་དུ་ཞུགས་ན་བསྒོམ་པ་ཡིན།། རིག་པ་གཅིག་ལ་རྫོགས་པས་འདུས་པ་ཡིན།། རང་བཞིན་འདུ་བ་མེད་པས་དམ་ཚིག་ཡིན།། མ་སྩལ ་ལྷུན་གྱིས་གྲུབ་པས་འབྲས་བུ་ཡིན།། གཉིས་མེད་དང་ལ་གཉིས་བཟུང་ཐིག་ལེས་བསྒྲིབས།། ཐིག་ལེ་གཅིག་ལ་གཉིས་བཟུང་རྟོག་པས་བཅིངས།། བདེན་པ་གཅིག་ལ་ནོར་བའི་ལུང་གིས་བཏགས།། བསམ་མེད་གཅིག ་ལ་ལོག་རྟོགས་དྲང་བས་བསམས།། རང་བྱུང་དོན་ལ་རྒྱུ་དང་རྐྱེན་དུ་རྫོགས།། ལྟར་མེད་དོན་ལ་ལོག་མཐོང་སྟོབས་ཀྱིས་བལྟས།། བགྲོད་མེད་ལམ་ལ་རྣམ་རྟོག་ཞེན་པས་བགྲོད།། བཟུང་མེད་མཉམ་ཉིད་ཕྱིན་ཅི་ལོག་ཏུ་བཟུང་།། ་ཐ་མ་དག་དག་པར་བལྟས་པས་དག་པ་རྙོག་པ་ལངས།། རྣམ་རྟོག་ཕྱག་རྒྱས་བཅིངས་པས་ཡེ་ཤེས་ཕྱག་རྒྱ་གཤིག། མ་བརྗོད་ཡེ་ཤེས་གསུང་མཆོག་བརྗོད་པས་ཉམས།། མཚན་མའི་དཀྱིལ་འཁོར་བསྒོམས་པས་ཡེ་ཤེས་དཀྱིལ་འཁོར་སྤངས། ་བཏང་སྙོམས་སྟོང་ཉིད་བསྒོམས་པས་བདེ་མཆོག་ཕྱག་རྒྱ་བྲལ།། མཚན་མ་ཚིག་ལ་ཞེན་པས་མཐའི་བལྟ་བར་ལྷུང་།། གང་ཡང་མི་འབྱེད་བདེ་མཆོག་དབྱིངས་ལ་རོལ།། སྙིང་པོའི་སྙིང་པོ་རིག་པའི་ཡེ་ཤེས་ཉིད།། དོན་གྱི་དོན་ཏེ་ཀུན་དོ་མི་སེས ་ལ་ཐུབ་རྒྱུད་ཀྱི་རྒྱུད་དེ་ཀུན་འབྲེལ་རང་བཞིན་རྫོགས།། བྱ་བྲལ་རྫོགས་ལུང་བདེ་མཆོག་ཕྱག་རྒྱས་བདབ།། ཡེ་ནས་མི་འདའ་ལྷུན་གྱིས་གྲུབ་པར་གསལ།། རང་བྱུང་གཅིག་ལ་ལྟས་དགུ་རང་སྣང་བ།། རྣམ་ལྷུན་གྲུབ་རོལ་པ་ངོ་མཚར་ཆེ།། ་རང་བཞིན་གཅིག་ལ་ཡོན་ཏན་ཀུན་ཚང་བས།། མ་སྩལ་བཞག་པས་ཡོན་ཏན་རང་བཞིན་རྫོགས།། མ་བསགས་ལྷུན་གྲུབ་རང་བྱུང་འབྲས་བུ་ལ།། རག་ལས་མ་ཡིན་གདོད་ལ་ལྷུམ་རྫོགས་ཡིན།། སྦྱངས་ཐེབ་མ་ཡིན་དག་པ་བརྡ་འཕྲང ་ཡིན། དམིགས་བྲལ་འདི་ཉིད་མཁའ་ལྟར་ཁྱབ་པར་གནས།། བསམ་མེད་བརྗོད་བྲལ་ཆོས་དབྱིངས་སྒྲ།། བརྗེད་པས་རིག་པའི་ཡེ་ཤེས་པརྙེད་མི་འགྱུར།། མ་རྩལ་རང་བཞག་བདེ་ཆེན་རྒྱས་ཐེབས་ནས།། ཐམས་ཅད་ཡེ་ཤེས ་བདེ་མཆོག་ཕྱག་རྒྱར་གསལ།། སྟོང་མིན་མི་སྟོང་མི་ཡིན་དབུ་མ་མིན།། གང་ཡིན་དེ་ཡིན་བདག་གཞན་གང་ཡང་མིན།། བསམ་པ་ཀུན་བཟང་སྦྱོར་བའི་འདུ་ཤེས་མེད།། སྟོང་ཉིད་རང་གསལ་རང་རིག་བདེ་མཆོག་དབྱིངས།། ་བརྒྱ་གསུམ་དབྱིངས་ལ་ཐེབས་པས་འདའ་མི་སྲིད།། སྐུ་གསུམ་དབྱིངས་ལ་བརྡའ་འཕྲད་འབྲས་བུ་མེད།། མ་རྙོག་དངས་པར་གསལ་བས་སྒྲིབ་པ་མེད།། མ་ཡེངས་རང་བཞིན་གསལ་བས་སངས་རྒྱས་ཡིན།། ་ཡངས་མེད་འཁོར་ལ་སྒྲིབ་པ་རྣམ་པར་གཅོད།། རྙོགས་དང་མི་རྙོགས་རྟོག་པས་མ་རྙོགས་ཏེ།། མ་རྙོགས་རྙོགས་དུས་བཞིའི་མ་ཕྱེ་ལ།། དུས་ཚེད་ངེས་ཚིག་བདེ་མཆོག་གདམས་ངག་སྦྱིན།། རྙོགས་དང་མ་རྙོགས་གཉིས་ཀ་གསལ ་གྱུར་ན།། དམ་པའི་དགོངས་པ་ལྷུན་གྱིས་གྲུབ་ངེས་པས།། རྙོགས་པ་གསལ་ཞིང་དངས་མ་བླང་དུ་མེད།། སྡིག་གསུམ་བདེ་བར་གཅིག་པས་འཁོར་བའི་འཇིགས་པ་མེད།། ལྷུན་གྲུབ་ཉམས་སུ་མྱོང་བས་འབྲས་བུ་རེ་དོགས་མེད ་རིག་པའི་ཆོ་འཕྲུལ་ཉིད་ལ་རྩོལ་སྒྲུབ་བྱ་མི་དགོས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་རྒྱུད་ལས།། མ་རྩལ་ལྷུན་གྱིས་གྲུབ་པའི་ལུང་ཕོག་པའི་ལེའུ་སྟེ་གཉིས་པའོ།། ། ་དེ་རས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེས།། ཐམས་ཅད་གཏན་ལ་ཕེབས་པའི་ཏིང་ངེ་འཛིན་ལ་གནས་པ་འདི་གསུངས་སོ།། ཀྵུཾ་འདུས་པ་ཆེན་པོའི་རྣལ་འབྱོར་པ།། རང་སེམས་རྫོགས་པས་རང་བཞིན་གསལ། ་སྒྲ་དང་ཚད་མ་བསྟན་ཚོགས་ཀྱིས།། བརྗོད་བྲལ་གཏམ་ལ་འཕབས་པ་མེད།། མ་བཅོས་རིག་པའི་གཏན་ཚིགས་ཀྱིས།། མ་བརྗོད་དོན་གྱི་ངོ་བོ་མཚོན།། ཆུ་ཡི་རང་བཞིན་གཤེར་བ་ལྟར།། རིག་པ་ཉམས་སུ་ཤེས་པར་བྱ།། ་ཇི་བཞིན་རྟོགས་པའི་ཉམས་མེད་ན།། ཚིག་གི་བརྡའ་ཚིག་གྲང་བརྗོད་ཀྱང་།། བརྡའ་སྒོ་རྟག་པའི་རྗེས་སུ་འབྲང་།། བདེན་བྲལ་རྣམ་རྟོག་ལྕགས་ཀྱིས་བསྡམས།། རང་བྱུང་རིག་པའི་ཐིག་ལེ་ཡིས།། མ་ཁྱབ་པའི་ཆོས་མེད་པས། ་སྤྲོ་བསྡུ་བྲལ་ལོ་དབྱིངས་ལ་རྫོགས།། བདེ་ཆེན་རིག་པ་རྡོ་རྗེའི་ལུང་།། མ་བཅོས་རང་གསལ་དབྱིངས་སུ་རྫོགས།། དེ་ལ་དེར་བཞག་དེརྱ་བཞག་ན།། འབད་པ་མེད་པ་ལྷུན་གྱིས་གྲུབ།། མ་སྩལ་ལྷུན་གྱིས་གྲུབ་པའི་ཕྱིར།། དཔེར་ན ་ཉི་མའི་འོད་དང་མཚུངས།། མ་བཅོས་སེམས་ཀྱི་རང་བཞིན་དང་།། ཇི་བཞིན་རིག་པའི་གཏན་ཚིགས་ཀྱིས།། དེ་ཉིད་མ་ཡིན་གཞན་མིན་ཏེ།། གཉིས་མེད་རིག་པ་དུས་གཅིག་རྫོགས།། ཀུན་རྫོགས་བདེ་ཆེན་ཡང་དོག་མེད།། ་རང་སེམས་ལྷུན་གྲུབ་སྙིང་པོ་ནི།། ཉམས་མྱོང་རིག་པ་དཔེ་བཞིན་ལྟར།། འོད་གསལ་འདུ་ཤེས་རྣམ་དྲལ་བས།། རང་གསལ་རིག་པ་དབྱིངས་ལ་རྫོགས།། རྒྱུད་པ་ཐབས་ཀྱི་ཆ་འཕྲུལ་ཚིག་གིས།། རང་བྱུང་འོད་གས ་བདེ་ཆེན་ལ།། གཉིས་མེད་དོན་ལ་མི་གཡོ་ཡང་།། མ་སྩལ་ལྷུན་གྱིས་གྲུབ་པར་མཚོན།། ཐམས་ཅད་རྟོགས་པའི་ཐབས་ཡིན་པས།། གང་ལྟར་བདེ་བའི་དོན་ལ་འཇུག། འཐུན་འཇུག་སྤྱོད་པ་རྒྱ་མཚོ་ནི། ་འདུལ་བའི་ཐབས་ལ་བཏམ་པ་ཡིན།། རིམ་པ་དུས་གཅིག་ཁྱད་པར་ནི།། རྟོག་པའི་ཁྱད་པར་ཆེ་ཆུང་གིས།། དངོས་པོ་གཅིག་ལ་དབྱེ་བ་ཡིན།། གཉིས་མེད་དོན་དུ་གསལ་བར་གཅིག། འདུ་ཐབས་ཐེག་པ་བསམ་ཡས་པ།། ་རང་བྱུང་ཟབ་པའི་སྙིང་ངོ་གཅིག། རང་བྱུང་རིག་པ་མཐུན་པ་འདུ།། བརྟན་པ་རྒྱ་མཚོ་ཐུགས་པ་སྒྲོགས།། དངོས་དེ་ཐབས་ཀྱིས་མ་མཚོན་ན།། རང་བྱུ་གཅིག་གི་ཁྱབ་གནས་ཀྱང་།། རྒྱལ་པོའི་འཕྲུ་གུ་འཁྱམས་པ་སྐར ་རང་གི་མཚན་ཉིད་མ་རྟོགས་སོ།། འདི་ལྟར་རང་བཞིན་གཅིག་པ་ལྟར།། བསམ་པའི་སྟོབས་ཀྱི་སོ་སོར་ཕྱེ།། དོན་དངའ་བྲལ་བའི་ཁྲ་ཁྲིད་ཀྱིས།། བརྗོད་བྲལ་སེམས་ཀྱི་ཕྱག་རྒྱར་རྟོགས།། ངེས་པའི་དོན་ལ་དེ་མ་ཐག། སྐལ་ལྡན་འབད ་པ་མེད་པར་གྲོལ།། བདེ་མཆོག་དོན་ལས་མ་འདས་པས།། མ་རྩལ་ཐར་ཕྱིན་སེམས་ཀྱི་ལམ།། རིམ་པ་མེད་པར་དུས་གཅིག་འཇུག། རིག་པ་སེམས་ཀྱི་རྩལ་རྫོགས་པས།། མ་རྩལ་ལྷུན་གྲུབ་ཕྱོགས་རིགས་མེད།། ་གང་ལ་ཕྱོགས་རིགས་རྩོལ་མེད་པས།། རང་བྱུང་ཕྱོགས་མེད་རང་གསལ་ལ།། རྒྱུ་མེད་རྐྱེན་མེད་བྱང་ཆུབ་སེམས།། མ་བསྣམས་ལྷུན་གྲུབ་དུས་གཅིག་རྫོགས།། རང་བྱུང་འོད་ཀྱི་ཁྱབ་པ་ར་བརྡལ། ཐུགས་རྗེའི་བྱིན་བརླབས་འགྲོ་འོང ་མེད། ཐོག་གཅིག་སེམས་ཉིད་རྫོགས་ལུང་ལ།། མ་ལུས་དྲི་མེད་རྣམ་དག་ལ།། མ་ལུས་བྱ་ཟི་ནཱ་ལཱུ་ན་གྱིས་གྲུབ།། འཇུག་སྟོང་མི་གནས་བསམས་པས་སྟོང་།། མ་ཞི་རང་བཞག་གྲོལ་བའི་ལུང་།། མ་བསླད་རྣམ་རྟོག་པརྩོལ་བས་བཅིངས།། ་རྒྱུ་བ་རིག་པའི་སེམས་དང་བྲལ།། མ་སྩལ་མ་བསྒྲུབས་ཐབས་ཀྱིས་གནས།། ཡེངས་པ་མེད་དོ་ཙ་དགར་ཞོག། མི་སྤྲོ་མི་བསྡུ་ཡན་དུ་ཁྱེ།། མ་བསྒོམས་ཡལ་བར་བཞག་པས་རྟོགས།། མི་བསམ་མི་སྤྱོད་ཡུལ་མ་ཚོལ།། རྒྱུའོ་ཆགས ་བྲས་བྱང་ཆུབ་སེམས། མ་བཅོས་སྙིང་བ་དེན་གྱི་བྱུང་།། གས་པ་དང་མིགས་ལ་ངམ་པ་དང་།། མཐ་མ་ལ་འདུ་ཤེས་རྣམ་པར་བཅད། ཅེས་གསུངས་པོ།། རྙིང་བ་དོན་གྱི་རྒྱུད་ལས།། ལུང་གསུམ་ས་བཅོས་པ་གཏན་ལ་ཕབ་པའི་ལེན ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེས། རྣམ་དགགསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ་རང་བཞིན་མི་གནས་བྱང་ཆུབ་སེམས།། ལོག་རྟོག་གསུམ་རྒྱུ་དྲུག་བཅུ་ཡིས།། མེད་ལས་ཡོད་པའི་ཚུལ་འགྱུར་བས།། ཞེན་པའི་འཇིག་རྟེན་ཐེག་པ་གནས།། བསྐྱེད་པ་མེད་པའི་བྱང་ཆུབ་སེམས།། འཇིག་པ་མེད་པ་ནམ་མཁའ་འདྲ། ་གང་ལའང་མི་རྟོག་རྟོག་སྤྱོད་འདས།། མ་བཅོས་རྫོགས་པའི་ཐེག་པར་གསུངས།། གཏན་ལ་ཕེབས་པའི་ལུང་བཅུ་ཡིས།། རང་བཞིན་གཅིག་ཏུ་གསལ་བར་སྟོན།། ལུང་གསུམ་འདུས་པའི་སྙིང་པོ་འདི།། རྩེ་གསུམ་འདུས་གསང་བའི་གཏེར། ་རང་བྱུང་སེམས་ཉིད་ཀློང་བརྡལ་བས།། རྣམ་པར་དབྱེ་བའི་ཆོས་མེད་པས།། རོལ་པའི་ཡོན་ཏན་ཁྱད་པར་གྱིས།། ཀློང་དགུ་སེམས་ཉིད་བརྟན་པར་འཆད།། ལྟ་བ་རང་བྱུང་རྫོགས་པའི་ལུང་།། མ་ལུས་ཀུན་འདུས་རྫོགས་པར་དག ་ཐིག་ལེ་གཅིག་ཏུ་ཀུན་རྫོགས་པས།། རང་བྱུང་སྙིང་པོ་གཅིག་ལ་རོལ།། གསང་བའི་ཐིག་ལེ་ཀུན་གྱི་དབྱིངས།། མུ་མཐའ་མེད་པར་རང་བཞིན་གནས།། ཐམས་ཅད་གསང་བ་རང་བྱུང་སེམས།། རང་རིག་མ་རིག་རྣམ་པར་དག། རྟོག་འཇུག ་རིག་པའི་འདུ་ཤེས་སྤངས།། རིག་པ་ཏིང་འཛིན་གཏེར་གྱི་ལུང་།། རེ་དོགས་མེད་པའི་དབྱིངས་ལ་རོལ། ས་རང་རིག་ཡུལ་དབྱིངས་ལ་མི་དགོས།། ཀུན་བཟང་སྟོང་ཉིད་མ་བཅོས་པས།། ཀུན་བཟང་ཐབ། ་ཀྱི་ཁྱད་པར་ཀུན།། མ་འདྲེས་གསལ་བར་རྫོགས་པའི་ཕྱིར།། མཁའ་ལ་གཟའ་སྐར་བཀྲམ་པ་འདྲ།། ཐིག་ལེ་གཅིག་ཏུ་ཀུན་རྫོགས་པས།། བྱ་རྩལ་མེད་པའི་གདེང་ཆེན་བཅུ།། རང་བཞིམདུཅུ་ལ་སྩལ་མེད་པས།། འཁོར་ལོ་སྒྱུར་རྒྱལ་ས་འཛིན ་ལྟར། ཡང་རང་རྒྱལ་སྲས་སྐལ་ལྡན་ལ།། ཐབས་ཀྱིས་བསྟན་པས་གོ་བ་ཡིན།། མ་བཅོས་ཐབས་ཀྱི་གདང་གསུམ་གྱིས།། ཡེ་ཤེས་པར་མཚམས་སྦྱར་ནས།། ཀུན་ཀྱང་དེ་ཉིད་གསུམ་འདས་པས།། འདིས་ཀྱང་བརྡའ་དོན ་སྒྲོལ་བ་ཡིན།། ཐམས་ཅད་སེམས་ཉིད་བསྡུ་འཕྲེང་བཅད།། རོལ་པའི་ཁྱད་པར་ཅིར་དབྱབ།། མ་རྟོགས་ལོག་པའི་གྲོང་ཁྱེར་བ།། རང་བྱུང་རྫོགས་པའི་ཡོན་ཏན་ཏེ།། རྩོལ་སྒྲུབ་མེད་པའི་ཐབས་ཆེན་གྱིས།། ཡེངས་པ་མེད་པའི ་དགོངས་པ་གཏུགས།། རིགས་གསུམ་མཚོན་པའི་ཚུལ་སྦྱར་བས།། མ་བཅོས་རྫོགས་པའི་རང་བཞིན་ཉིད།། ཇི་སྲིད་རྟོག་པ་རྒྱུ་ཡི་བར།། དེ་སྲིད་བསམ་གྱིས་མི་ཁྱབ་པ།། བསམ་པའི་དབང་དུ་བསྟན་པ་ཡིན།། དེ་དག་ལེགས་པར་བཤད ་བྱ་བ། རྩལ་མེད་རང་བཞིན་ལྷུན་གྲུབ་པ།། ཀུན་རྫོགས་ཡེ་ཁྱབ་རྨད་དུ་གྲགས།། མ་བཅོས་མ་སྦྱངས་དུས་གཅིག་རྫོགས།། རྣམ་པའི་བརྩོལ་བ་བློ་ལ་གང་སྣང་བ།། མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན།། སུ་ཞིག་རིག་པ་འཕྲུལ ་གྱིས་ལྡེ་མིག་གིས།། རང་བྱུང་ཐབས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ན།། མ་རྩལ་རང་བྱུང་ལྷུན་གྲུབ་བདེ་མཆོག་མཐོང་།། དུས་གསུམ་འདུ་འབྲལ་མེད་པ་རིག་པའི་གཏེར།། མ་བཅོས་ལྷུན་གྱིས་གྲུབ་པ་བརྩལ་དུ་མེད།། དམིགས་པའི་འདུ་ཤེས་ཆད ་པས་ཡངས་སུ་མེད།། རང་བྱུང་གཅིག་ལ་རྣམ་པར་བགྲང་དུ་མེད།། གཉིས་མེད་ཐིག་ལེར་གནས་པས་བགྲོད་དུ་མེད།། འགྲོ་དོན་སེམས་སུ་གསལ་བས་བྱས་པས་ཟིན།། མ་ལུས་ལྷུན་གྱིས་རྫོགས་པས་འབྲས་མི་སྒྲུབ།། ་མ་སྐྱེས་རྣམ་པར་དག་པས་སྒྲིབ་མི་སྦྱོང་།། མ་བྱས་རང་བཞིན་རྫོགས་པས་འཕྲིན་ལས་བྲལ།། འདི་ཉིད་རྟོགས་པས་ཀུན་སྒྲུབ་ཀུན་རྫོགས་པས།། རྫོགས་ཆེན་ཐིག་ལེ་གཅིག་ཏུ་གནས་པར་བཤད།། ཅེས་གསུངས་སོ།། ་སྙིང་པོ་དོན་གྱི་རྒྱུད་ལས།། བྱང་ཆུབ་སེམས་རྟོགས་པར་བྱ་བའི་ཐབས་དང་རྟོགས་པའི་ཚུལ་བསྟན་པའི་ལེའུ་སྟེ། བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས ་རང་བྱུང་རིག་པའི་རྒྱལ་པོ་དེས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། བདེ་བ་ཆེན་པོ་རང་རིག་གསལ་བའི་ཐུགས།། གཉིས་མེད་དང་ལ་མ་ལུས་ཀུན་རྫོགས་པས། ་སྙིང་པོའི་སྙིང་པོ་རང་བཞིན་སྟོང་པའི་ལམ།། བདེ་ཆེན་ན་མཁའ་མཐའ་དང་མཉམ་པའི་རོ།། སྙིང་པོ་མཆོག་སྟེ་དོན་ལ་རྫོགས་པར་གནས།། མ་སྐྱེས་འོད་གསལ་བདེ་བ་ཉིད་རྟོགས་ན།། བདེ་མཚོ་ན་མཁའི་ཁམསུ་མི་ཤོང་ངོ་།། ་ཡངས་སོ་ཆེའོ་ཐིག་ལེ་གཅིག་གི་དང་།། སྙིང་པོ་གཅིག་ལ་རྟོགས་ཚུལ་མཐའ་ཡས་པས།། འབྲས་བུ་ཁྱད་པར་གྲངས་ལས་འདས་པ་གསུངས།། མ་སྐྱེས་སྙིང་པོ་སྒྲོ་བསྐུར་མེད་པའི་དབྱིངས།། ་སངས་རྒྱས་སེམས་ཅན་མ་སྐྱེས་སྙིང་པོར་མཐོང་།། སྙིང་པོ་མ་མཐོང་སེམས་ཉིད་རྫོགས་པར་མཐོང་།། མཐར་ཐུག་མེད་ཅིང་དབྱིངས་ལ་དྲི་བོ་མེད།། རང་བྱུང་བདེ་ཆེན་དོན་འདི་ཁྱད་པར་འཕགས།། སྐུ་བརྗོད་ཚིག་ལ་དགའ་བས་དོན་མི ་རྟོགས།། སྙིང་པོའི་སྙིང་པོ་བསམ་བརྗོད་ཅིང་།། མི་དམིགས་མ་བསམས་བསམ་པ་གཉིས་མེད་གཅིག་གི་མཐའ།། མཐའ་དང་དབུས་ལ་མི་གནས་མངོན་པར་རྟོག་དཔྱོད་བྲལ།། མ་རྟོགས་མི་བསམ་དེ་བཞིན་ཉིད་ལ་གནས།། ་བདེ་ཆེན་རང་རིག་ཅིར་ཡང་མི་རྟོག་པ།། རྩལ་བྲལ་རིག་པ་དབྱིངས་ལ་ནས།། བདེ་མཆོག་གསང་བའི་ཐིག་ལེ་ཉིད།། ནམ་མཁའ་ཁྱབ་པའི་ཚུལ་དུ་གནས།། མ་སྐྱེས་སྙིང་པོ་བྱང་ཆུབ་སེམས།། འདུ་འབྲལ་མེད་པའི་ངངལ ་བཞུགས། རང་བྱུང་བྱང་ཆུབ་སྙིང་པོ་ལ།། མ་རྩལ་མ་སྒྲུབས་རང་བཞིན་བཞག། གང་དག་ཡེ་ཤེས་ངང་ཡིན་ཡང་།། བསམ་པའི་ངོས་ལ་ཕྱིན་ཅི་ལོག། དམིགས་སྒྱུ་ལ་ནི་ཆུར་བློ་བཞག། དོན་ལ་བཞག་བླང་མེད་ན་ཡང་།། བཏགས ་པའི་འདུ་ཤེས་བསམ་མི་ཁྱབ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཀུན་དང་རིག་པ་དུས་མཉམ་པས།། གང་དག་རིམ་པ་མེད་པར་གནས།། འདི་དག་འདི་ལྟར་བདེ་མཆོག་ཡིན།། མ་བཅོས་སྙིང་པོ་མཆོག་གིས་དོམ། ་མ་སྩས་རང་བྱུང་མཆོག་གིས་ཤེས།། རང་འབར་སྩལ་མེད་རིག་པའི་སེམས།། གསལ་བའི་མར་མེ་འདུ་ཤེས་མེད།། རྒྱུ་བ་མེད་པའི་ཚུལ་གྱི་དབྱེ།། ཕྱག་རྒྱ་ཆེན་པོ་ཀུན་ཐེབས་པས།། མཚན་མའི་རྟོགས་པས་གཡོ་མི་འགྱུར།། ་རང་བཞིན་འཁོར་ལོར་ཡེ་བསྟན་པས།། རིག་པའི་དཀྱིལ་འཁོར་བསྐྱེད་དུ་མེད།། ཡེ་ཤེས་འབར་བའི་བཞུགས་གནས་པས།། རང་བྱུང་སྒྲིབ་མེད་གསལ་བས་བརྒྱན།། དུས་གསུམ་རྒྱལ་བས་རང་བཞིན་བསྡུ།། གཉིས་མེང་དང ་དོན་ཀུན་རྫོགས།། རང་བྱུང་རིག་པའི་རྒྱལ་པོ་ལ།། དྲ་མ་བྱུང་རིག་པའི་འདུ་ཤེས་མེད།། སྔགས་དང་ཕྱག་རྒྱ་མཆོད་པ་དང་།། དཀར་སྤྱོད་ཆེར་བྱས་མ་ལུས་པ།། རྩལ་མེད་ལོག་པའི་ཇི་བོ་འོངས།། བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ།། ་བྱཱ་བ་མ་ལུས་ཀུན་བཏང་ལ།། མ་བྱས་མ་རྩལ་ཅིར་མི་འཛིན།། འདུ་ཤེས་མེད་པར་རང་བཞིན་ཞོག། རང་བྱུང་འདེར་བཞག་གྲོལ་བར་འགྱུར།། སྟོང་ཉིད་མ་བཅོས་གསང་བའི་ཀློང་།། མ་སྩལ་རང་བཞིན་བཞག་པས ་གོམས་པ་རིག་པའི་དོན་ལ་འཇུག། བདེ་མེད་བཏང་སྙོམས་ཐ་མལ་སེམས།། འདོད་ཆགས་བདེ་མཆོག་རོ་དང་ལྡན།། ཡེ་ཤེས་འོད་གསལ་བདེ་ཆེན་པོ།། མ་ལུས་སེམས་ཉིད་དྲི་མ་མེད།། རང་བཞིན་དག་པའི་སེམས ་ཉིད་ལ།། མ་རྩལ་དེ་བཞིན་ཆ་མཉམ་ན།། རང་བྱུང་བདེ་མཆོག་རྒྱ་ཡིས་བཏབ།། དོན་ལ་མི་གཡོ་རིག་པ་གསལ།། ཐེག་ཆེན་སེམས་ཉིད་རྫོགས་པ་ལ།། ས་བགྲོད་ལམ་ལ་བལྟོས་མི་འཆའ།། ་རྩལ་དུ་མེད་དེ་ལྷུན་གྱིས་གྲུབ།། བསྒྲུབ་ཏུ་མེད་དེ་ཡེ་སངས་རྒྱས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་རྒྱུད་ལས།། རང་བྱུང་རྫོགས་པའི་ལེའུ་སྟེ་ལྔ་པའོ།། ། ་དེ་ནས་ཡབ་དེ་བཞིན་གཤེགས་པ་རང་བྱུང་རིང་བའི་རྒྱལ་པོས།། ཉིད་ཀྱི་རང་བཞིན་ཀུན་དུ་གསལ་བཛད་དེ།། འདི་སྐད་ཅེས་གསུངས་སོ།། དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ།། རིག་པའི་རྒྱལ་དང་པོ་རང་བྱུང་བྱང་ཆུབ་སེམས། ་ལྷུན་རྫོགས་བདེ་ཆེན་སེམས་ཉིད་རྫོགས་པ་ཉིད།། དུས་གསུམ་རྒྱལ་བ་ང་ཉིད་རྫོགས་སངས་རྒྱས།། མ་བཅོས་བྱང་ཆུབ་སེམས་ལང་ཞུགས་པས།། མ་མཐོང་མི་མཐར་འཁོར་བའི་འདམ་དུ་ཟིན།། མ་སྩལ་ལྷུན་གྱིས་གྲུབ་པར ་རང་བཞག་པ།། སྐལ་ལྡན་རྒྱལ་སྲས་ང་ཡི་ཐུགས་སུ་འགྱུར་ཞེས་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་རིག་པའི་རྗེས་ཞུས་པ།། ཀྱཻ་དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས།། རང་བྱུང་རིག་པའི ་རྒྱལ་པོས་བསྟན་པ་ཁྱོད།། ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ཉིད།། དགོངས་པའི་དོན་འདི་ཉིད་ཀྱིས་ཇི་ལྟར་རྟོགས།། ཞེས་གསུངས་སོ།། རིག་པའི་རྒྱལ་པོ་ཆེན་པོས་ལ་ན་སླར་གསུངས་པ།། ཀུན་གྱི་བདེ་མཆོག ་ཕྱག་རྒྱ་འདི།། མ་ལུས་དགོངས་པའི་ངངལ་ཀུན་འདུས་པས།། བསམ་ཞིང་སྤྱད་པའི་འདུ་ཤེས་མི་གནས་ཏེ།། རང་བྱུང་འོད་ཀྱིས་ཀུན་ལ་ཁྱབ་པར་གསལ།། ཀུན་གྱི་རང་བཞིན་སྙིང་པོ་ཀུན་འདུས་པས།། གསང་བ་ཆེན་པོ ་མ་བཅོས་སྒྲོ་བསྐུར་ཞིང་།། རང་བཞིན་མ་ཡིན་མཚན་མ་ཀུན་དང་བྲལ།། བདག་ཉིད་མ་ཡིན་ལྷུན་རྫོགས་ཀུན་གྱི་སྙིང་པོ་འདི།། གང་ཡང་མ་ཡིན་མེད་པའི་སྙིང་པོ་ཡོད།། མ་བྱས་རང་བཞིན་རྫོགས་པའི་ཡོན་ཏན་གྱིས།། ་ཐུགས་རྗེ་སྩལ་མེད་ཉི་མའི་འོད་ལྟར་འཆར།། རང་བྱུང་གཅིག་ལ་བྲེགས་པ་ཀུན་རྫོགས་པས།། ཚིག་གཅིག་རྟོགས་པས་དོན་ཀུན་རྫོགས་པའི་བདག། མ་སྤྱད་མི་གནས་བདེ་མཆོག་ཇི་བཞིན་གནས།། མ་རྩལ་རང་བཞིན ་གཞན་ན་བསམ་པ་ཟད།། ཡངས་མེད་ཐབས་ཀྱིས་གནས་ན་བཅིངས་པ་གྲོལ།། མཐའ་དབུས་ཕྱི་ནང་མེད་པ་ཆོས་ཀྱི་དབྱིངས།། རང་བཞིན་དག་པའི་དོན་ལ་བསྒོམ་དུ་མེད།། མ་ཡངས་ཡལ་བར་བཞག་པས་རང་བཞིན་གོམས། ་རོལ་པའི་ཕྱག་རྒྱ་གཅིག་པས་དགག་ཏུ་མེད།། ཉོན་མོངས་ཡེ་ཤེས་རང་གསལ་སྤྲད་སྒྲུབ་མེད།། ལམ་ལ་མཱི་བགྲོད་ས་ལ་མི་སྦྱོང་ཞིང་།། ལྷུན་གྲུབ་ཡེ་ཤེས་དང་ལས་འདའ་མི་སྲིད།། མཁའ་མཉམ་རྒྱལ་པོ་ཀུན་གྱི་རེ་བསྐོང་།། ་མ་ལུས་ཐིག་ལེ་གཅིག་པས་དབྱིངས་ལ་རྫོགས།། མཱི་སྐྱེ་མི་འགག་མི་བརྩོལ་དེ་བཞིན་ཉིད།། ཐེག་མཆོག་སྙིང་པོ་འདི་ལ་ཀུན་རྫོགས་ལཱས།། བྱས་པ་མེད་པར་རང་བཞིན་ལྷུན་གྱིས་རྫོགས།། རྟོག་སྤྱོད་འདས་པ་ཀུན་གྱི་ཡུལ ་ལ་རོལ།། བརྡའ་དང་ཐ་སྙད་རྗེས་འབྲང་རིག་པ་ཡིས།། མ་བཅོས་སྙིང་པོ་བྱང་ཆུབ་སེམས་མི་རྟོགས།། གང་ལ་ཞེན་ཅིང་བརྟག་པ་དེ་བཏང་ལ།། གཉིས་མེད་གཉིས་འཛིན་རྟོག་པས་མ་བཅིངས་ཤིང་།། ་མ་བསམ་རང་བཞིན་བཞག་པས་སྒྲིབ་པ་བྱང་།། མུན་པ་ཡེ་ནས་དག་པས་བསམ་མི་དགོས།། ལྷུན་གྱིས་གྲུབ་པས་གཞན་ལ་གསོལ་མི་འདེབས།། རང་ལ་རྫོགས་པས་མི་སྟོན་མི་འགྲོད་དེ། ་མ་བྱས་རང་བཞིན་གནས་པས་འདི་ཉིད་རྫོགས།། བྱ་བ་མི་དགོས་མི་རྩལ་མི་སྒྲུབ་ཅིང་།། དགེ་སྡིག་མི་འབྱེད་ཡེ་ནས་གོས་པ་ཡང།། མ་ཆགས་ཐབས་ཀྱིས་སྤྱོད་པ་ཀུན་སྦྱར་ནས།། ཉེས་མེད་རྒྱལ་བའི་ཞིང་ཁམས་རྨད་དུ་བྱུང་རང ་བྱུང་བསལ་བའི་སྙིང་པོ་ཐམས་ཅད་རྫོགས།། གང་ཡང་མ་བཀག་འགྲོ་བ་འདུལ་མཛད་པའི།། གང་ལྟར་ཡིན་པའི་རང་བཞིན་དེ་ལྟར་གནས།། འདོད་གསལ་རང་བྱུང་སེམས་ལ་གཉིས་མེད་པས།། སྤྱད་དང་བསྒོམ་ཚུལ་མ་ལུས་འཁྲུལ ་པ་ཡིན།། མ་བཙལ་སྙུན་གྱིས་གྲུབ་པའི་མཛད་སྤྱོད་དོ།། རང་བྱུང་རྫོགས་པའི་སྙིང་པོ་འདི་རིག་ནས།། སྒྲིབ་དང་མི་སྒྲིབ་ཞེས་ནི་ཡོངས་མ་གསུངས། སྙིང་པོ་དོན་གྱི་རྒྱུད་ལུས།། བདེ་མཆོག་ཕྱག་རྒྱ་ལ་སྦྱང་པའི་ལེའུ་སྟ ་དྲུག་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དེས།། མ་བྱས་རང་བཞིན་རྫོགས་པ་ཞེས་བྱ་འདི་གསུངས་སོ།། སེམས་ཉིད་རང་བྱུང་ལེགས ་པ་ཉིད་དབར་བསྒྱུར།། རང་བྱུང་ཀློང་བརྡལ་ཀུན་ལ་དབང་ཐོབ་པས།། ལེགས་པའི་རྒྱལ་པོ་ལྡན་རྫོགས་པད་ཆེན་དབང་།། བསྐུར་ཐོབ་རག་མ་ལུས་པ་དབང་གི་སློང་།། རང་སེམས་རྫོགས་པ་ཡོངས་རྫོགས་གསལ་འགྱུར་བས། ་ཎ་ཕྱག་རྒྱའི་དཀྱིལ་འཁོར་དབང་ལ་རག་མ་ལས།། མ་བརྗོད་སྙིང་པོ་དང་ས་ཀུན་རྫོགས་པས།། སྔགས་ཚིགས་བདེ་བའི་དབང་གི་བལྟོས་པ་མེད།། མཚན་མ་ཀུན་བྲལ་རང་སེམས་རྫོགས་པ་ལ།། རྫས་དང་ཏིང་འཛིན་དོམ་ལ་བརྩོལ་བ་མེད།། ་ཐབས་སྤྱི་བླུགས་ཚངས་པའི་དབང་ཆེན་གྱིས།། མ་བསྐུར་རང་བཞིན་རྫོགས་པ་འདི་རྟོགས་པས།། དབང་མཆོག་ལྷུན་གྲུབ་བདེ་ལ་གནས་པར་འགྱུར།། རིག་པའི་རྒྱལ་པོ་ཀུན་ལ་དབང་བསྐུར་བས།། རྣམ་རྟོག་མཚན་མའི་དབང་ལ ་རྟེན་མི་འཆའོ།། དབང་གི་དབང་མཆོག་ཟབ་མོ་རྫོགས་པའི་དབང་།། རྟོགས་པས་མ་བསྐུར་ལྷུན་རྫོགས་ཡེ་སངས་རྒྱས།། འདུས་བྱས་མ་ཡིན་སྐྱེ་འཇིག་མེད་པའི་དབང་།། རིམ་བགྲོད་མ་ཡི་མདུས་གཅིག་རྫོགས་པའི་དབང་།། ་རྫོགས་པས་བསྒྲུབ་མི་དགོས་ཏེ་རང་བཞིན་རྫོགས།། ཡེ་ཐོབ་རང་བཞིན་ཐིག་ལེ་རྫོགས་པའི་ཛི་ནི།། བརྗོད་བྲལ་མཚོན་པས་དགའ་བའི་ཡེ་ཤེས་ཡིན།། འབྱེད་མེད་རང་བཞིན་གསལ་བའི་ཡེ་ཤེས་ཏེ།། དམིགས་བྲལ་མཚན་མམ ་བའི་ཤེས་རབ་ཡིན།། མ་ལུས་ཀྱུ་མ་གྲུབ་མི་འདྲའི་རྒྱ་གདབ།། མ་བཅོས་ལྷུན་གྱིས་རྫོགས་པའི་དབང་བཞི་པ།། རིག་པ་བཅོལ་གྱིས་དབང་ལ་བདེ་ནོས་ཅིག། རིག་པ་བཙལ་གྱིས་ཐོབ་དང་གདམས་ངག་དུས་ཀྱིས་ཐོབ།། སྐལ་མེད ་བརྒྱུད་པས་ཐོབ་པའི་ཐབས་ཉིད་ཀྱིས།། ཅི་རིགས་རང་བྱུང་དང་ལ་ཐབས་ཀྱིས་བཞག། རིན་ཆེན་འཕྲུལ་གྱི་མེ་ལོང་སེམས་ལ་དགྲམ།། རྣ་བ་རྒྱུད་གདམས་ངག་ལེགས་པར་སྙིང་ལ་བསྒོམ།། རྒྱ་རྟགས་བདག་ལ་རྒྱུན་དུ་ལེགས་པར་བཅང ་ང་དུ་ཞུགས་པའི་རྣམ་བ། བཀའ་ཏནས་ཕྱག་ཏུ་ལྡན་པའི་སྦུབས།། རང་བྱུང་མཆོག་སེམས་ཀྱི་ས།། རྙི་ཆེན་རྫོ་ག་འཛིན་པས་རྦ་བཙུན།། བཐུང་ཐས་རིག་པའི་དམ་ཅིག་རིག་པ་སསུ་པ་ལེགས་པ ་འངའ་དྲུ་ཛན། རང་བནོད་ཀྱར་རྫོགས་པ་མཆོ་ཀུན་བྱུང་།། རྟོགས་པའི་སྦྱིམ་ནུ་བ་རྫོགས་པས་གསུངས་པ་ཡིན།། དེ་ནས་སུང་གས་མ་རིན་པར་གཏར་ནྡྷ་།། རྩལ་དང་མི་བཅལ་དྲུང་ལུང་ངེས་ལྕང་གིས། ་ནི་སེམས་ཉིད་ལུང་རྟོགས་ཕྱིར་འགྱུར།། རང་བྱུང་གསས་པའི་རློམ་ལ་མ་ཡེངས་ཤིང་།། སྤྱོད་ས་མ་གང་ཡང་བདེ་བཆོག་ཉིད་དུགས་པ།། ཕམ་ལ་མི་བགྲངས་ལ་མ་ཧཱུ~ཾ་། བྷྲིང་པོརང་བྱུང་རྫོགས་པ་སྒྱུན་གྱིས་གནས། ་རྗེམ་སུ་སྙིང་པོ་བྱུང་རྒྱུབ་སེམས་གཅིག་ས།། རྣབ་གྲངས་ཐན་དབྱེ་བ་མི་གནས་ཏེ།། དེ་དག་ལེགས་པར་རྟོགས་པའི་ཐབས་ཉིད་བྱུར།། རྔ་བརྒྱད་གདམས་ངག་དོན་གྱིས་སོགས་པར་ཚུལ།། རྩི་བ་གཅིག་ཏུ་དྲིལ་ལ་མཉམ་པར་བརྟས ་རྣམ་པར་བྱ་བས་དོན་ཉིང་རྟོགས་པར་བྱ།། ལེགས་པར་རྟོགས་པའི་དོན་ལ་གཅིག་ཏུ་གནས།། ཞེས་གསུངས་སོ།། སྡང་བ་དོན་གྱིས་རྒྱུད་ལས།། ཐབས་ཆེན་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། ་དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་ཆོས་ཐམས་ཅད་གཉིས་སུ་མེད་པ་ལས་འདའ་བ་མེད་པ་འདི་གསུངས་སོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རང་བཞག་རིག་པའི་དམ་ཚགས་གསུམ།། རང་བྱུང་རྫོགས་པའི་དམ་ཚགས།། ། ་ལ། ཡེ་ནས་རྫོགས་ཏེ་ངོ་བོར་གནས།། རང་བྱུང་རྫོགས་པའི་དམ་མེད་ན།། མཚན་མའི་དམ་ཚིག་ལོག་པའི་ལམ།། མི་འདའ་རྫོགས་པའི་དམ་ཚིག་གསུམ།། ཡེངས་པ་མེད་པར་ཅི་དགར་ཞོག། དུས་གསུམ་རྒྱལ་བས་གསུངས་པའི་སྒོ།། ་འགྲོ་འདུལ་དམ་ཚིག་མཐའ་ཡས་པ།། རྟོགས་པའི་དོན་ལ་གཅིག་ལས་མེད།། འདི་ཡང་མ་བཅོས་རང་བཞག་ལུང་།། རང་བཞིན་གསུམ་དང་ཐིག་ལར་ཅིག། རྒྱས་མ་ཐེབས་པའི་ཆོས་མེད་པས།། སུས་ཀྱང་འདའ་བ་ཡོད་མ་ཡིན།། ་མ་ནོར་སྙིང་པོའི་དམ་ཚིག་ལ།། མ་ཡངས་གསལ་བར་དྲན་པ་ཡིས།། གསལ་བ་མཐར་ཕྱིན་སེམས་དཀྱིལ་འཁོར།། བདེ་མཆོག་ཉམས་ཀྱི་སེམས་ཀྱིས་བསྟན།། ཀུན་འབྱུང་རིག་པའི་དཀྱིལ་འཁོར་ཉིད།། ཡོངས་རྫོགས་མི་འགྱུར་དམ་པའི ་དོན། མི་འདའ་ལེགས་པར་བསྟན་པར་བྱ།། དུས་གསུམ་མི་འགྱུར་སེམས་ཀྱིས་བཟུང་།། དམ་ཚིག་རྡོ་རྗེ་བརྡའ་ཡི་ལུང་།། གདམས་པའི་ཚིག་གིས་གསལ་བར་ཤེས།། ལྷུན་རྫོགས་བདེ་མཆོག་དམ་ཚིག་ལ།། འདའ་མེད་དོ་ན་རྟོགས ་རང་བཞིན་བཞུགས།། དོན་དང་རང་བཞིན་མཚོན་པ་ཉིད།། མ་བཅོས་པ་དང་གོམས་པ་དང་།། མཚན་མའི་སྒྲ་ཡི་དམ་ཚིག་གིས།། རང་གི་དོན་ལ་འདའ་མི་སྲིད།། དམ་པ་རྣམས་ཀྱི་སྙིང་པོ་ཉིད།། དགོངས་པ་རང་བྱུང་རིག་པ་རྫོགས།། ་ཆུ་དང་རྒྱ་མཚོ་རང་བཞིན་ལྟ།། དབྱེར་མེད་ཡེ་འབྱམ་རྨད་དུ་གྲགས།། དུས་གཅིག་སྙིང་པོ་རྫོགས་པའི་ལུང་།། རང་བྱུང་གཅིག་པས་ཁྱད་པར་མེད།། ལྷག་མ་མེད་པར་ཡོངས་སུ་རྫོགས།། མ་བཅོལ་ལྷུན་རྫོགས ་དམ་ཚིག་ཡིན།། ཡེ་ཤེས་ཕྱག་རྒྱའི་རྒྱས་བཏབ་པས།། རིགས་མེད་རང་བྱུང་ཡེ་སངས་རྒྱས་ཞེས་གསུངས་སོ།། སྙིང་དོན་གྱིས་རྒྱུད་ལས།། འདར་མེད་རིག་པ་མཆོག་གི་ལེའུ་སྟེ་དགུ་པའོ།། ། ་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིག་པའི་རྒྱལ་པོ་དེས་སྦྱང་ཞིང་འགྲོད་དུ་མེད་པའི་དོན་འདི་གསུངས་སོ།། བྱང་ཆུབ་སེམས་ཀྱི་རང་བཞི་མ་ལ།། རྒྱུ་རྐྱེན་འཇུག་པའི་རིམ་མེད་པས།། ལོག་པར་རྟོགས་པས་བཏགས་དབང་གིས།། ་གྲངས་མེད་དོན་ལ་གྲངས་སུ་བགྲངས།། བགྲོད་མེད་གཅིག་ལ་རྩོལ་བར་བགྲོད།། རིམ་མེད་དོན་ལ་རིམ་པར་བལྟས།། སྙིང་པོ་གཅིག་ལ་མཐོང་ཚུལ་གྱིས།། བགྲོད་པའི་ལམ་ཚུལ་བསམ་མི་ཁྱབ།། སྙིང་པོ་གཅིག་ལ་ཅིར་བགྲོ ་ཀྱང་། བགྲོད་བྲལ་རྫོགས་པས་དོན་མི་བརྙེད།། ཀུན་རྫོགས་བརྡལ་བ་ཆོས་ཀྱི་དབྱིངས།། མུ་མཐའ་མེད་པར་དུས་གཅིག་རྫོགས།། བགྲོད་མེད་རིག་པ་ལྷན་རྫོགས་པས།། ལམ་ལྔ་ས་བཅུ་རྟོག་པའི་གྲངས།། མ་བཙལ་རང་བཞིན ་སྤྱན་གྲུབ་པས།། བརྩོལ་བའི་ཐེག་པ་ལོག་པའི་ཆོས།། དུས་གཅིག་རྫོགས་པ་རིམ་པར་མེད།། རང་གསལ་འོད་ལ་རྟག་ཏུ་བཞུགས།། ཏིང་འཛིན་རྣམ་པར་བསྒོམ་དུ་མེད།། འབྲས་བུ་བདག་ཏུ་ལྷུན་གྲུབ་པས།། ་སངས་རྒྱས་སེམས་ཅན་བྱི་བས་སོང་།། ཀུན་ཀྱང་དང་བྱུང་སྙིང་པོའི་སརྦ།། མ་བགྲོང་དུས་གཅིག་རྫོགས་པའི་གནས།། མཁའ་སྩ་གྲོང་མེ་ཀུན་བྷར་ཁཱ་བ།། ཐེག་ཆེན་སེམས་ཉིད་རྫོགས་པའི་ལམ།། མ་ཁྱབམ་ལུས ་ཆེས་མེད་པས།། མ་བགྲོད་འབྲས་བུ་རང་བཞིན་རྫོགས།། ལམ་མེད་རིམ་མེད་སེམས་ཀྱི་ལམ།། འདུ་ཤེས་མེད་པར་གསལ་བའི་ཡིད།། བསམ་མེང་སྤྱད་པས་ཀློང་དུ་འཇུག། རྣམ་པ་རང་བཞིན་མཚན་ཉིད་གསུམ།། ་སྐུ་གསུམ་དུས་གཅིག་རྫོགས་པའི་ཕྱིར།། ཚོགས་བསག་སྒྲིབ་སྦྱང་སྒྲུབ་ཏུ་མེད།། ཡེ་ནས་རྫོགས་ཆེན་བྱང་ཆུབ་སེམས།། ལྷུན་གྱིས་གྲུབ་པའི་རང་བཞིན་ལ།། བྱ་བྲལ་རིག་པའི་སེམས་ཉིད་འཇུག ་རབ་ཏུ་མི་གཡོ་བ་ཡི་ཡིད།། དྲི་མེད་རྣམ་དག་སེམས་ཀྱི་ལམ། བགྲོང་དུ་མེད་དོ་ཡི་སངས་རྒྱས།། ཞེས་གསུངས་སོ།། སྙིང་པོ་དོན་གྱིས་རྒྱུད་ལས།། བགྲོད་མེད་བདེ་བཞག་གི་ལལུ་སྟེ། ་བཅུ་པའོ།། ། དེ་ནས་སྲུང་བཅོམ་ལྡན་འདས་རང་བྱུང་གི་རྒྱལ་པོ་དེས།། ལྷུན་གྲུབ་རྡོ་རྗེའི་རིག་པ་གསང་བའི་དོན་འདི་གསུངས་སོ།། ཆོས་ཀུན་བྱང་ཆུབ་སེམས་སུ ་གཅིག། སེམས་ཉིད་འོད་གསལ་མཉམ་པ་ཉིད།། སྙུན་གྱིས་གྲུབ་པའི་ཞིང་ཁམས་ལ། མ་ཡོངས་དེ་ལྟར་བཞག་པའི་མཆིག། རང་བྱུང་རྫོགས་པའི་དོན་སྤྲད་པ།། རིག་པའི་དོན་ལ་དེ་མོ་ཐག། མ་བཅོས ་རང་བཞིན་བཞག་པས་ན།། རང་བཞག་རིག་པ་ཡངས་མེད་རླུང་།། གོམས་པ་དྲན་པ་ཉིད་ཀྱི་གསལ།། རང་རིག་མཉམ་པའི་སྙིང་པོ་ལ།། བཅོས་མེད་ཀྱིས་ཅི་དགར་ཞོག། རྙོག་བྲལ་དངས་མ་གསལ་བའི་བློ།། ་རྒྱུ་བས་ཤེས་ཤིང་བསལ་བས་མངོན།། དབྱིངས་སུ་ཐིམ་ཞིང་འོད་དུ་འབར།། དངས་སྙིགས་ཡེ་ཤེས་སྙིང་པོ་འདྲེས།། ཐིག་ལེ་རང་བཞིན་མེད་པར་ཐིམ།། རིག་པ་ཡེ་ཤེས་གསལ་བའི་སེམས།། མ་རྩལ་ལྷུན་གྱིས་གྲུབ་པར ་གནས།། སེམས་ཀྱིས་སྒྲིབ་པར་མི་བྱ་ཞིང་།། ལུས་དང་ངང་ཀྱང་ཡལ་བར་བཞག། བཏང་ངོ་བཞག་གོ་བྱང་ཆུབ་སེམས།། དམིགས་དང་བྲལ་བ་རང་བཞིན་གནས།། དུས་གསུམ་འགྱུར་བ་མེད་པའི་བློ།། རིག་པ ་གདེང་དུ་རྣམ་པར་དག། རྫོགས་པའི་ཡེ་ཤེས་ཀློང་དུ་འཇུག། ཇི་བཞིན་མ་བཅོས་གསང་བའི་སེམས།། འདུ་འབྲལ་མེད་པའི་དབྱིངས་ལ་གསལ།། རང་བྱུང་རིག་པ་འབྱིངས་ལ་རྫོགས།། ཞེན་མེད་སྣང་བ་རང་གི་སེམས།། ་ཅི་དགར་བཞུག་པས་གཡོ་བ་མེད།། རང་རིག་ཡེ་ཤེས་བསམ་མི་ཁྱབ།། འདུ་ཤེས་མེད་པའི་དབྱིངས་ལ་འཇུག། བླང་དོར་མེད་པ་ཀུན་རྫོགས་པ།། མཚན་འཛིན་ཆེ་ཆུང་ཡོངས་ཀྱི་མེད།། དུས་གསུམ་གཅིག་ཏུ ་བཞག་པའི་བློས།། མ་བཙལ་སེམས་ཀྱི་རང་བཞིན་གནས།། བདེ་མཆོག་མཉམ་པའི་སེམས་ཀྱིས་བལྟས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་རྒྱུད་ལས།། རིག་པ་འདེ་བཞག་གི་ལེའུ་སྟེ་བཅུ་གཅིག་པའོ།། ་དེ་ནས་ཡང་རང་བྱུང་རིག་པའི་རྒྱལ་པོ་དེས་ཐེག་པའི་རྒྱལ་པོ་གདམས་པ་འདི་གསུངས་སོ།། ཨེ་མ་ཧོ།། སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི།། དད་དང་དམ་ཚིག་མི་ལྡན་ཞིང་།། ཤེས་རབ་སྙིང་རྗེ་བྱང་ཆུབ ་སེམས།། དམ་པའི་ལོངས་སྤྱོད་ལྔས་དབུལ་ཞིང་།། ཐོས་པ་ཆུང་ཞིང་དྲེག་པ་དང་།། གུས་ཆུང་སེར་སྣ་ཆེ་བ་དང་།། ཕྱོགས་དང་དམ་མེད་ཡལ་བ་དང་།། འདོད་དང་མེ་ལོང་ཕྱོགས་འཛིན་ཅན།། འཇིག་རྟེན་གྲགས་པ་གཙོར་བཞག་ན།། ་ཡུལ་གྱི་དོན་སྲིན་སྤོང་བ་དང་།། གྲག་ཅིང་འཇིགས་པར་བྱེད་པ་དང་།། རྣ་བ་རྒྱུད་གདམས་ངག་མི་ཐོབ་པར།། གསང་བ་ལོག་པར་འཆད་པ་ཡིས།། ཡེ་ཤེས་རིག་པའི་གདེང་མེད་པའི།། འཇིག་རྟེན་ལོག་པའི་གང་ཟག་ལ།། ་ལེ་དང་གྲགས་པ་གཙོར་བཞག་ནས།། ཉམས་པའི་སེམས་ཀྱི་འཕེལ་འགྱུར་ན།། མཐོང་ཡུལ་འདི་ལ་བརླག་པ་དང་།། དེ་མ་ཐག་པར་ལྷུང་གྱུར་ནས།། ཐར་པའི་རིག་དང་བྲལ་བ་ཡིན།། དད་དང་དམ་ཚིག ་ལྡན་པ་ཀུན།། སྐྱོན་མེད་ཡོན་ཏན་ལྡན་པ་དང་།། ཐེག་ཆེན་དོན་ལ་གོམས་པ་དང་།། ལུས་དང་སྲོག་ལ་མི་ལྟ་ཞིང་།། ཆོས་དང་བླ་མ་བསྐུར་བ་དང་།། རྡོ་རྗེ་བླ་མ་མཉེས་གྱུར་ན།། ལུས་དང་སྲོག་ལ་མི་ལྟ་ཞིང་།། ་ཆོས་དང་བླ་མ་བསྐུར་བ་དང་།། རྡོ་རྗེ་བླ་མ་མཉེས་གྱུར་ན།། ལུས་དང་སྲོག་ལ་མི་ལྟ་ཞིང་།། ཆོས་དང་བླ་མ་བསྐུར་བ་དང་།། རྡོ་རྗེ་བླ་མ་མཉེས་གྱུར་ནས།། ལུས་དང་སྲོག་ལེ་མི་ལྟ་ཞིང་།། རིན་ཆེན་བདུན་གྱིས་བརྟེན ་རྫས་དང་ཆགས་ཆུང་ཕངས་པ་མེད།། ཐེག་ཆེན་གསང་བའི་རིགས་སུ་ངེས།། འདི་ལ་གསང་སྒོ་དབྱེ་བར་བྱེད།། འཕྲལ་དུ་རིན་ཆེན་མི་གཏོང་ཞིང་།། དམ་པ་བསྐུར་བའི་སེམས་མེད་ན།། ་དམ་པ་རྣམས་ཀྱི་དགྲ་ཡིན་པས།། འདི་ལ་གསང་བའི་དོན་བཏད་ན།། ཉམས་རྡོ་རྗེ་བླ་མ་ཉིད།། རྡོ་རྗེ་དམྱལ་བ་ཁོ་ནར་འགྲོ།། རྗེས་སུ་འཐུན་པའི་དམ་བཅས་བཟུང་།། ཞེས་གསུངས་སོ།། ་སྙིང་པོ་དོན་གྱི་རྒྱུད་ལས།། ཐེག་པ་ཆེན་པོའི་རིགས་བརྟག་པའི་ལེའུ་སྟེ། བཅུ་གཉིས་པའོ།། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་སྙིང་པོ་རྣལ་མངོན་གྱི་རྒྱུད་རྫོགས་སྷོ།། ་