CLOSE WINDOW

Gbr002.23: man ngag thams cad kyi sdom pa
Wyliee-texts produced with BDRC’s OCR application

མན་དག་ཐམས་ཅད་ཀྱི་སྡོམ་པ་ཞེས་བྱ་བའི་དབུ་བཞུགས་སྷོ། ་རྒྱ་གར་སྐད་དུ། ཨུ་པ་ད་ཤ་སརྦ་པུ་ཏྲ་ཤྲི་མཱ་ཧཱ་སུ་ཀ་ན་མ་སུ་ཏཾ། བོད་སྐད་དུ། མན་ངག་ཐམས་ཅད་ཀྱི་སྡོམས། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ་མན་ངག་སྤྱིའི་རྒྱ་མདུད་འདི། བློ་དམན་རྣམས་ཀྱིས་མི་ཁྲོལ་བ། ཕོ་སྲུང་འདྲ་བ་ལྟ་བའི་བཀྲོལ། མ་རིག་ཐར་མས་སྔོན་པོ་འདི།། རྨོངས་པ་རྣམས་ཀྱི་མི་ཕྱེད་པ།། འཕྲུལ་གྱི་ལྡེ་མིག་འདི་ཡིས་ཕྱེ།། ་དེ་ལ་ཐོག་མར་གསང་བའི་བདག་པོས།། ཉིད་ཀྱི་བྱང་ཆུབ་སེམས། བསོད་ནམས་ཀྱི་ངོ་བོ་ཡིན་པས། སེམས་དཔའ་རྡོ་རྗེས་རིག་ཅིང་རྟོགས་སམ། ཞེས་བྱ་བ་བྲི་བའི་ཕྱིར། འདི་སྐད་ཅེས ་གསུངས་སོ།། ཀྱཻ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་ནིག་ནི།། ཡེ་ཤེས་ལྔའི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ་ཀྱེ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ན།། ཡེ་ཤེས་ལྔའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་ཉིད་དབྱིངས་ནས་མ་གཡོས་པ།། ་ཆོས་དབྱིངས་ཡེ་ཤེས་ཡིན་པར་རྟོགས།། གསལ་ལ་རྟོག་པ་མེད་པ་ནི།། མེ་ལང་ཡེ་ཤེས་ཡིན་པར་རྟོགས།། སེམས་ལ་དབྱེ་བ་མེད་པ་ནི།། མཉམ་ཉིད་ཡེ་ཤེས་ཡིན་པར་རྟོགས།། ་སེམས་ཉིད་ཅིར་ཡང་སྣང་བའི།། ཀུན་རྟོགས་ཡེ་ཤེས་ཡིན་པའི་རྟོགས།། སེམས་ཀྱིས་ཀུམ་ལ་དབང་བསྒྱུར་བ།། བྱ་གྲུབ་ཡེ་ཤེས་ཡིན་པར་རྟོགས།། ཏྲེས་གསོལ་ཏོ།། ཡང་གསུངས་པ།། ་ངའི་བྱང་ཆུབ་སེམས་ཅིག་ནི།། བདེ་གཤེགས་རིགས་ལྔའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཀྲྀཿགསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས ་ཅིག་ནོ།། བདེ་གཤེགས་ལྔའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་ཉིད་ཅོར་ཡང་སྣང་བ་ནི།། རྣམ་པར་སྣང་མཛད་ཡིན་པར་རྟོགས།། སེམས་ལ་འཕོ་འགྱུར་མེད་པ་ནི།། རྡོ་རྗེ་སེམས་དཔའ ་ཡིན་པར་རྟོགས།། ཆེ་བའི་ཡེ་ཤེས་བྱུང་བས་ན།། རིན་ཆེན་འབྱུང་ལྡན་ཡིན་པར་རྟོགས།། སེམས་ཀྱིས་ཀུན་ལ་ཁྱབ་པས་ན།། སྣང་བ་མཐའ་ཡས་ཡིན་པར་རྟོགས།། བྱ་བ་ཅེས་མེད་པར་གྲུབ་པས་ན།། དོན་ཡོད་གྲུབ་པ་ཡིན། ་བར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། དེའི་བྱང་ཆུ་སེམས་ཅིག་ནི།། སངས་རྒྱས་སྐུ་ལྔའི་རང་བཞིན་པ།། དེ་དོན་ཁྱོད་ཀྱི་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ། ་ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། སངས་རྒྱས་སྐུ་ལྔའི་རང་བཞིན་པས།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། གཟུང་འཛིན་འདས་པའི་བྱང་ཆུབ་སེམས།། དེ་ནི་ཆོས་སྐུ་ཡིན་པར་རྟོགས།། གསལ་ལ ་རྟོགས་པ་མེད་པ་ནི།། ལོངས་སྤྱོད་རྫོགས་སྐུ་ཡིན་པར་རྟོགས།། སེམས་ལ་དབང་ཐོབ་བསྒྱུར་ནུས་པ།། དེ་ནི་སྤྲུལ་སྐུ་ཡིན་པར་རྟོགས།། རང་རིག་མངོན་དུ་གྱུར་པ་ནི།། མངོན་པར་བྱང་ཆུབ་སྐུ་རུ་རྟོགས།། སེམས་ལ་ཉེས་སྐྱོན ་མེད་པ་ནི།། རྡོ་རྗེ་ལྟ་བུའི་སྐུ་རུ་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ་སེམས་དཔའ་རྡོ་རྗེ་ཉན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། ཉོན་མོངས་དུག་ལྔའི་རང་བཞིན་པ།། དེ་དོན་ཁྱོད་ཀྱི་རྟོགས་གྱུར་རམ།། ་སེམས་དཔའ་རྡོ་རྗེས་གསོལ་པ།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཉོན་མོངས་དུག་ལྔའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། འདོད་པའི་སྲིད་གསུམ་སངས་རྒྱས་འདོད།། ཆགས་པ་ཆོས་ཉིད་དཔལ་ཆགས ་སེམས་ནི་འདོད་ཆགས་ཡིན་པར་རྟོགས།། ཞི་བ་བྱང་ཆུབ་དོན་ལ་ཞེ།། སྣང་བ་འཁོར་བའི་ཆོས་ལ་སྡང་།། སེམས་ནི་ཞེ་སྡང་ཡིན་པར་རྟགས།། གཏིབ་ཆོས་ཉིད་དོམ་ལ་གཏི།། མུག་པ་འཁོར་བའི་ཆོས་ལ་མུག། སེམས་མིག་ཏི ་མུག་ཡིན་པར་རྟོགས།། ང་ནི་བྱང་ཆུབ་སེམས་ཡིན་ལ།། རྒྱལ་ནི་ཐེག་པ་ཀུན་ལ་རྒྱལ།། སེམས་མི་ང་རྒྱལ་ཡིན་པར་རྟོགས།། ཕྲ་ནི་ཆོས་ཉིད་དབྱིངས་ཀྱི་ཕྲ།། དོག་པ་མཚན་མ་ཀུན་ལ་དོག། སེམས་ནི་ཕྲ་དོག་ཡིན་པ ་ཅེས་གསོལ་ཏོ།། ཡང་གསུངས་པ།། ངའི་བྱང་ཆུབ་སེམས་འདི་ནི།། ཁ་དོག་དྲུག་གི་རང་བཞིན་ཏེ།། དེ་དོན་ཁྱོད་ཀྱི་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི།། ་ཁ་དོག་དྲུག་གི་རང་བཞིན་པ།། དེ་ནི་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ།། ཉོན་མོངས་སྐྱོན་གྱིས་མ་གོས་པས།། བྱང་ཆུབ་སེམས་ནི་དཀར་པོར་རྟོགས།། ཆེ་བའི་ཡེ་ཤེས་འབྱུང་བའི་ཕྱིར།། བྱང་ཆུབ་སེམས་ནི་སེར་པོར ་རྟོགས། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཕྱིར།། བྱང་ཆུབ་སེམས་ནི་དམར་པོར་རྟོགས།། གང་ལའང་ཐོགས་པ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་སྡང་ཁུར་རྟོགས།། གཞན་གྱིས་བསྒྱུར་དུ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་ནག ་པར་རྟོགས།། སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར།། བྱང་ཆུབ་སེམས་ནི་ཕྲ་བོར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དེའི་བྱང་ཆུབ་སེམས་ཅིག་ནི།། འདོད་སྤྱོད ་ལྔའི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། འདོད་སྤྱོད་ལྔའི་རང་བཞིན་པ།། དེ་དོན ་བདག་གིས་རྟོགས་གྱུར་པས།། སྣང་བ་ཐམས་ཅད་སེམས་ལས་སྣང་།། དེས་ན་སེམས་ཉིད་གཟུགས་སུ་རྟོགས།། གྲགས་པ་ཐམས་ཅད་སེམས་ལ་གྲགས།། དེས་ན་སེམས་ཉིད་སྒྲ་རུ་རྟོགས།། རོ་མཆོག་ཐཐཾད་སེམས་ལས་བྲོ།། ་དེས་ན་སེམས་ཉིད་རོ་རུ་རྟོགས།། དྲི་ཕྱོགས་ཐམས་ཅད་སེམས་ལ་བྲོ།། དེ་ན་སེམས་ཉིད་དྲི་དུ་རྟོགས།། རེག་ཕྱོགས་ཐམས་ཅད་སེམས་ལ་རེག། དེས་ན་སེམས་ཉིད་རེག་པར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ་ཀྱཻཿསེམས་དཔའ་རྡོ་རྗེ་ཉོན་ཅིག། དེའི་བྱང་ཆུབ་སེམས་ཅིག་ནི།། འབྱུང་བ་ལྔའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པ་ལགས། ཉིད་ཀྱི་བྱང་ཆུབ་སེམས་ཅིག ་ནི། འབྱུང་བ་ལྔའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱིས་ཀུན་བསྡུས་པས།། བྱང་ཆུབ་སེམས་ནི་ཆུ་འདྲར་རྟོགས།། བྱང་ཆུབ་སེམས་ལ་ཀུན་རྟེན་པས།། བྱང་ཆུབ་སེམས་ནི་ས ་འདྲར་རྟོགས།། ཀུན་ལ་སྙོམས་ཤིག་སྨིན་བྱེད་པའི།། བྱང་ཆུབ་སེམས་ནི་ཨེ་འདྲར་རྟོགས།། གཟུགས་མཽད་ཁམས་ལས་རྒྱུ་བས་ན།། བྱང་ཆུབ་སེམས་ནི་རླུང་འདྲར་རྟོགས།། སྣང་མེད་མཁའ་ལ་ཁྱབ་པ་ན། ་བྱང་ཆུབ་སེམས་ནི་ན་མཁའ་འདྲར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། སྐུ་ལྔ་མངོན་དུ་ཕྱུང་གྱུར་པ།། དེ་དོན་ཁྱོད ་ཀྱིས་རྟོགས་འགྱུར་རམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། སྐུ་ལྔ་མངོན་དུ་ཕྱུངས་གྱུར་ཏོ།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི།། ་འབྱུང་ཆེན་ལྔའི་སྐུར་བྱུང་ནས།། ཚིག་དང་ཡི་གེ་རཱ་མི་སྟེན་ཏེ།། རང་གི་ངོ་བོས་ཆེས་སྟོན་ཏོ།། བདག་ཏུ་མི་རྟོགས་གཞན་མི་རྟོགས།། མི་རྟོགས་མཉམ་པའི་ཆོས་སྟོན་ཏེ།། ཅེས་གསོལ་ཏོ།། ཡང ་གསུངས་པ། ཀྱེ། རྡོ་རྗེ་སེམས་དཔའ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། ཁམས་སུམ་དག་གི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས།། ་ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཁམ་སུ་མ་དག་གིས་རང་བཞིན་པ་།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། མ་སྐྱེས་སྟོང་ལ་སྐྱེ་མེད་པས།། དེ་ནི་གཟུགས་མེད་ཁམས་སུ་རྟོགས།། དབང་པོ་ཡུལ ་དུ་སྣང་བ་ནི།། དེ་ནི་གཟུགས་ཀྱི་ཁམསུ་རྟོགས།། དེ་ཉིད་ཞེན་པས་བཟུང་བ་ནི།། དེ་ནི་འདོད་པའི་ཁམ་སུ་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། ་སྐུ་གསུང་ཐུགས་ཀྱི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། སྐུ་གསུང་ཐུགས་ཀྱི་རང་བཞིན་པས། ་དེ་ངན་བདག་གིས་རྟོགས་གྱུར་ཏེ།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། སེམས་ཀྱི་སྐུ་ལས་སྐུ་གཞན་མིན།། དེས་ན་སེམས་ཀྱི་སྐུ་རུ་རྟོགས།། སྣོད་བཅུད་སྒོ་སྐད་སྣ་ཚོགས་པ།། སེམས་ཀྱི་གསུང་ནས་གཞན་མི་གྲགས།། ་དེས་ན་སེམས་ཉིད་གསུང་དུ་རྟོགས།། ཀུན་གྱི་མི་རྟོག་མཉམ་ཉིད་དེ།། བྱང་ཆུབ་སེམས་ཀྱི་ཐུགས་ཡིན་པས།། དེས་ན་སེམས་ནི་ཐུགས་སུ་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ་སེམས་དཔའ་ཆེན་པོ་ཉོན་ཅིག ་ངའི་བྱང་ཆུབ་སེམས་ཅག་ནི།། དུས་གསུམ་བཞུགས་པའི་རང་བཞིན་པོ།། དེ་ངོམ་ཁྱོད་ཀྱིས་རྟོགས་གྱུར་ཏམ།། ཡང་སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི ་དུས་གསུམ་བཞུགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། འདས་དང་མ་བྱོན་དུ་ལྟར་གྱིས།། དུས་གསུམ་དབྱེ་བ་མེད་པ་རུ།། བྱང་ཆུབ་སེམས་ནི་གནས་པའི་ཕྱིར།། སེམས་ཉིད་དུས་གསུམ་ཁྱབ་པར་རྟོགས།། ་ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ་ཀྱི་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་རྟོགས་སངས་རྒྱས་བྱུང་བའི་ཕྱིར།། སེམས་ནི་སངས་རྒྱས ་རྒྱུ་རུ་རྟོགས།། མ་ཡིས་གནས་པ་ལམ་ཡིན་པས།། སེམས་ནི་སངས་རྒྱས་རྒྱུ་རུ་རྟོགས།། མངོན་དུ་གྱུར་པ་འབྲས་བུ་བས།། སེམས་ནི་འབྲས་བུ་ཡིན་པར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ་ཀྱཻཿསེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་སེམས་ཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻཪྵ་གསང་བའི་བདག ་པོ་ལགས་ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། རང་བྱུང་ཡེ་ཤེས་སྒྲིབ་མེད་པས།། སྟོན་པ་ཕུན་སུམ་ཚོགས་པར་རྟོགས།། རིག་པ་འདུ་འབྲལ་མེད་པ་ནི།། ་དེ་འཁོར་ཕུན་སུམ་ཚོགས་པར་རྟོགས།། སེམས་ཉིད་མ་བཅོས་རྣལ་བཞག་པས།། བསྟན་པ་ཕུན་སུམ་ཚོགས་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། ་ཚུལ་ནི་ཇི་ལྟར་ཡིན་པར་རྟོགས།། སེཾདའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཚུལ་ནི་འདི་ལྟར་རྟོགས་གྱུར་ཏེ།། ཡིན་ཚུལ་ངེས་པ་མེད་པ་ལ།། སྣང་ཚུལ་ཅིར་ཡང ་སྣང་བར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ཡོད་པར་རྟོགས་སོ་མེད་པར་རྟོགས།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ ་སེམས་ཅིག་ནི།། མཚན་མའི་དངོས་པོར་མེད་པར་རྟོགས།། རིག་པའི་ངོ་བོར་ཡོད་པར་རྟོགས།། ཅེས་གསུངས་སོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་རྟོགས་པས།། ་ཡིད་ཆེས་དད་པ་ཇི་ལྟར་སྐྱེ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏ་མ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྵུཾ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་རྟོགས་པས།། ཡིད་ཆེས་དད་པ་ཇི་ལྟར་སྐྱེ།། བྱང་ཆུབ་སེམས་ཀྱི། ་ཆོས་ཉིད་ཀྱིས།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས།། ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས།། རྒྱུ་ལ་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས།། རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས ་བཞིན་བཅུ་ཡིས་བརྩལ་དུ་མེད་པའི་ཕྱིར།། མ་བརྩལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས།། ཆོས་རྣམས་ཐམས་ཅད་གཏན་ལ་ཕབ་པའི་ཕྱིར།། བསྟན་པའི་སྒྲོན་མོ་ཡིན་པར་ཡིད་ཀྱང་ཆེས།། ཉམ་སུ་བླངས་ཞིང་བློ་ལ ་བཞག་པའི་ཆོས་ཡིན་པས།། མན་དྲག་ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱིས་འབྱུང་གནས་གཏན་ལ་འབེབས་པས།། ཀུན་གྱི་སྤྱི་འབྲེལ་ཡིན་པར་ཡིད་ཀྱང་ཆེས།། རྒྱུ་འབྲས་ཐེག་པ་ཅན ་ལྔ་ཁྱད་འཕགས་པས།། ཐེག་པའི་ཉིང་ཁུ་ཡིན་པར་ཡིད་ཀྱང་ཆས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ལམ་དུ་ཁྱེར་བའི་ཆོས་ཉིད་དེ།། བྱང་ཆུབ་སེམས་ལས་མེད་པའི་ཕྱིར།། བསྟན་པའི་ཡང་ཆེན་ཡིན་པར ་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་དུ་འདུས་པའི་ཕྱིར།། ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་ཀྱིས་བྱིས་པའི་ཕྱིར།། ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས།། ཐཾད་ཉིད་ལས་བྱུང་བའི་ཕྱིར།། ་ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཉིད་ལ་གནས་པའི་ཕྱིར།། ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས།། ཐམས་ཅད་ཞིང་ལས་གྱེས་པའི་ཕྱིར།། ཀུན་གྱི་སྡོང་པོ་ཡིན་པར་ཡིད ་ཀྱང་ཆེས་ཐམས་ཅད་ཉིད་ལས་མེད་པའི་ཕྱིར།། ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས།། སྣང་མེད་ཀུན་ལ་ཁྱབ་པས་ན།། བརྡལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས།། ཅིག་ལས་དུ་མར་བགྲང་དུ་མེད་པའི་ཕྱིར།། ཐིག་ལེ་ཉག ་ཅིག་ཡིན་པར་ཡིད་ཀྱང་ཆེས།། དུས་གསུམ་འཕོ་འགྱུར་མེད་པར་བྱ་བའི་ཕྱིར།། མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས།། རབ་ལ་ཡོད་ཅིང་རྟོགས་པར་དཀའ་བའི་ཕྱིར།། གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས།། ་ཅེས་གསོལ་ཏོ།། དེ་ནས་སེམས་དཔའི་རྡོ་རྗེས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱཻ། གསང་བའི་བདག་པོ་ལགས།། བླ་མེད་བྱང་ཆུབ་ཆེན་པོ་འདི།། བཅོས་པས་གྲུབ་བམ་མ་བཅོས་གྲུབ།། གསང་བའི་བདག་པོས ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུང་པ།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག། བླ་མེད་བྱང་ཆུབ་ཆེན་པོ་འདི། བཅོས་པས་གྲུབ་པ་མ་ཡིན་ཏེ།། མ་བཅོས་རྣལ་དུ་བཞག་པས་གྲུབ།། སྔར་འདས་སངས ་རྒྱས་ཐམས་ཅད་ཀྱང་།། ཇི་བཞིན་པ་ལ་བཅོས་པ་མེད།། ད་ལྟར་སངས་རྒྱས་ཐམས་ཅད་ཀྱང་།། ཇི་བཞིན་པ་ལ་བཅོས་མི་མཛད།། མ་འོངས་སངས་རྒྱས་ཐམས་ཅད་ཀྱང་།། ཇི་བཞིན་པ་ལ་བཅོས་མི་འགྱུར།། གསང་བའི་བདག་པོ་ཕྲིས ་ཇི་བཞིན་པ་ལ་བཅོས་མི་མྱོང་།། གསང་བ་ཆེན་པོ་ཁྱོད་ཀྱིས་ཀྱང་།། ཇི་བཞིན་པ་བཅོས་མ་བྱེད།། སེམས་དཔའ་ཆེན་པོ་རང་ལུས་མ་བཅོས་པ་ལ་ལྷ་མ་སྒོམ།། སྨྲ་བའི་ཚིག་དང་ངང་མ་བཅོས།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག། ་ཆུ་མ་རྙོགས་ན་དང་།། སེམས་མ་བཅོས་ན་གསལ།། ལམ་ལམ་བགྲོད་ན་ཉེ།། འབྲས་བུ་མ་དམིགས་ན་ཐོབ།། ཀྱཻ། སེམས་དཔའ་ཆེན་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན་དེ་བཞིན་ཉིད་དུ་ཅིག་པ་ལ།། དེ་ལ་སུའང་འ་ཆོས་པར་མ་བྱེད་ཅིག། ་མ་བཅྡོཾས་མཉམ་པའི་རྒྱལ་པོ་དེ་ལ་ནི།། མི་རྟོག་ཆོས་སྐུའི་དགོངས་པ་འདི་ལ་གནས།། ཅི་བཞིན་པ་ལ་བཅོས་མ་བྱེད།། ཇི་བཞིན་པ་ལ་སུས་བཅོས་པ།། དེའི་རྡུལ་དུ་འབྱོར་པ་མེད།། རྣལ་དུ་མ་འབྱོར་དོན་མི་འགྱུར།། ་ཇི་བཞིན་པ་ལ་འཆོས་མ་བྱེད།། ཇི་བཞིན་པ་ལ་སུ་འཆོས་པ།། དེ་ནི་མྱ་ངན་མི་འདའ་ཏེ།། དེ་ནི་འཁོར་བའི་སྙིང་པོ་འགྲུབ།། ཀྱཻ་སེམས་དཔའ་ཆེན་པོ།། རང་ལས་མེད་ཀྱི་གཞན་མ་བལྟ།། འགྲོ་ས་མེད་ཀྱི་ཅོག་གེ་སྡོད། ་ཕུག་ན་འདུག་གི་སྒོར་མ་འབྱུང་།། ཡེ་ནས་ཡིན་གྱིས་གཟོད་མ་ཚོལ།། རང་བྱུང་ཡེ་ཤེས་ཕུག་ནས་སྒོར་ཕྱུང་བས།། མཚན་མ་སྣ་ཚོགས་ཆོས་དང་ཐུག་གིས་ཕྲད།། དེ་ལ་རྟག་ཤིང་འཕྱང་བྱས་པ།། ཁམ་སུམ་འཁོར་བའི ་སྙིང་པོ་འགྲུབ།། རང་བྱུང་ཡེ་ཤེས་ཕུག་ནས་སྒོར་ཕྱུང་བས།། བལྟར་མེད་བལྟས་པས་མ་མཐོང་སྒྲིབ་པ་འབྱུང་།། བཙལ་མེད་བཙལ་བས་མ་གྲུབ་གོས་ས་བྱུང་།། སྐྲྀ། སེམས་དཔའ་ཆེན་པོ།། བྱས་པའི་སྤྱོད་བཟང་མ་མིན།། ་དམིགས་པའི་ཏིང་འཛིན་སྒོམ་པས་སྒོམ་པ་ཟད་མ་མིན།། གསལ་བའི་ཡེ་ཤེས་ཡེ་ཤེས་ཟང་མ་མིན།། སྒྲུབ་པའི་འབྲས་བུ་འབྲས་བུ་ཟང་མཆིན།། ཕྱོགས་ལྷུང་ཡོད་ན་ལྟ་ཟང་མ་མིན།། ་འཕེ་འགྱུར་ཡོད་ན་ཆོས་ཉིད་ཟད་མ་མིན།། འབྱུང་བའི་སྤྱོད་པ་སྤྱོད་པ་ཟང་མ་མིན།། དམིགས་པ་མེད་ན་སྒོམ་པཟང་མ་ཡིན།། གསལ་སྒྲིབ་མེད་མ་ཡེ་ཤེས་ཟང་མ་ཡིན།། ལྷུན་གྱིས་གྲུབ་ན་ཡེ་ཤེས་ཟང་མ་ཡིན། ་ཕྱོགས་ལྟུང་མེད་ན་ལྟ་བཟང་མ་ཡིན།། འཕོ་འགྱུར་མེད་ན་ཆོས་ཉིད་ཟད་མ་ཡིན།། ཀྱཻ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན།། ཆོས་ཇི་བཞིན་པའི་དཔལ་བློ་ཇི་བཞིན་པ་བཞག་སྟེ།། དབང་པོ་རྒྱ་ཡན།། རིག་པ་ཁྱབ་བརྡལ།། ་ལུས་སེམས་བཅོས་པ་མེད་པར་བཞག་གོ།། དབང་པོ་ཡུལ་ལ་ཡན་པ་བསྡུ་མི་བྱ།། ཡུལ་དང་དབང་པོ་མི་དབྱེ་ལྷག་པར་བཞག། ཆོས་རྣམས་ངོ་ཡིས་མི་བཟུང་གྱི་ནར་བཞག། མཉམ་བཞག་ཡེངས་ལ་བཞག་ཅིང་།། རྗེས་ཐོབ་ཏུ ་ལྟར་བཙའ།། ཅེས་གསུངས་སོ།། ཡང་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། དཔེ་མཚོན་ཚིག་གིས་ལྡེ་མིག་གིས།། དོན་གྱི་གསང་སྒོ་དབྱེ་བ་དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ་སེམས་དཔའ་ཆེན་པོ་ཉོན་ཅིམ།། དཔེས་མཚོན་ཚིག་གི་ལྡེ་མིག་གིས།། དོན་གྱི་གསང་སྒོ་དབྱེ་བྱ་སྟེ།། དེ་དོན་བསྟན་པ་འདི་ལྟ་སྟེ། མཁའ་ལ་ཤར་བའི་གཟུགས་སོགས་རྣམས།། དངས་པའི་རྒྱ་མཚོ་ཆེན་པོ་རུ།། དེ་ཉིད་མ་འདྲེས ་ཡོངས་སུ་རྫོགས།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། གཉིས་མེད་ཡེ་ཤེས་ངོ་ཁ་ལ།། དེ་ཉིད་མ་འདྲེས་ཡོངས་སུ་རྫོགས།། མཁའ་ལ་ཤར་བའི་གཟུགས་ཚོགས་རྣམས།། དངས་པའི་རྒྱ་མཚོ་ཆེན་པོ་རུ།། བླངས་པ་མེད་ཅིང་དོར་བ་མེད། ་གཟུང་བ་མེད་ཅིང་དོར་བ་མེད།། མཁའ་ལ་གཟུགས་སོགས་ཤར་བ་རྣམས།། ཆུ་ནང་གཟུགས་བརྙན་ཤུགས་ཀྱིས་འབྱུང་།། ཀུན་གཞི་མཁའ་ལ་ཉི་ཤར་བས།། རིག་པའི་རྩ་ལ་ཤུགས་ཤུགས་ཀྱིས་འབྱུང་།། མཁའ་ལ་ཤར་བའི ་གཟུགས་སོགས་དང་།། ཆུ་ནང་དག་གི་གཟུགས་བརྙན་གཉིས།། ཅིག་པ་མ་ཡིན་ཐ་དད་མིན།། དེ་བཞིན་རིག་པའི་རྒྱལ་པོ་དང་།། རིག་པའི་རྩལ་དུ་སྣང་བ་གཉིས།། ཅིག་པ་མ་ཡིན་ཐ་དད་མིན།། དཔེར་མན་མཁའི་གཟུགས་ཅིག་ལ ་ཆུ་ནང་གཟུགས་བརྙན་བསམ་མི་ཁྱབ།། དེ་བཞིན་རིག་པ་ཅིག་པ་ལས།། རིག་པའི་རྩལ་ཤུགས་བསམ་མི་ཁྱབ།། དཔེར་ན་ཆུ་ནང་ཟླ་བ་ཡང་།། སྣང་ཡང་དེ་ལ་རང་བཞིན་མེད།། དེ་བཞིན་རིག་པའི་རྩལ་སྣང་བ།། སྣང་ཡང་དེ་ལ ་རང་བཞིན་མེད།། མཚོན་ལྔ་འདྲེས་པའི་ཁ་དོག་ལ།། འདི་ཞེསྲ་ཅིག་ཏུ་ངོས་བཟུང་མེད།། དེ་བཞིན་སོ་སོར་དབྱེར་མེད་ཀྱང་།། ཀུན་བྲལ་ཅི་ཡང་མ་སྤངས་པའོ།། ཆེས་རྣམས་འདུས་པའི་ཡེ་ཤེས་ལ།། འདི་ཞེས་ཅིག ་ཏུ་ངོས་བཟུང་མེད།། དེ་བཞིན་སོ་སོར་དབྱེ་བ་ཡང་།། ཀུན་བྲལ་ཅི་ཡང་མ་སྤངས་པའོ།། སྣ་ཚོགས་དར་གྱི་མིང་རྣམས་ཀྱང་།། ཟ་འོག་རྣམ་བུར་བྱས་ཙམ་མ།། སྣ་ཚོགས་དང་མིང་བྲལ་ནས་ཀྱང་།། རྨ་བུར་རྟག་པ་ཇི་བཞི ་དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། གཉིས་མེད་ཡེ་ཤེས་བསྐུས་ཙམ་ན།། སྣ་ཚོགས་ཆོས་ཀྱི་མིང་དང་བྲལ་ནས་ཀྱང་།། གཉིས་མེད་ཇིག་ལེ་ཆེན་པོར་ཅིག། གསེར་ལས་བྱས་པའི་རྫས་རྣམས་ཀུན།། མིང་དབྱིབས ་སོགས་ཐ་དད་ཀྱང་། ངོ་བོ་གསར་དུ་ཅིག་པ་བཞིན།། སེམས་ཀྱིས་རྟགས་པའི་ཆོས་རྣམས་ཀུན།། མིང་དབྱིབས་ལ་སོགས་ཐ་དད་ཀྱང་།། ཆོས་ཉིད་ངོ་བོར་དབྱེར་མེད་ཅིག། དཔེར་མ་རས་རྣམ་ཡུགས་ཅིག་ལ།། མཚོན་གྱི་རྐྱེན་གྱིས་སོ་སོར་སྣང ་སྣང་ཡང་རས་སུ་དབྱེར་མེད་ཅིག། དེ་བཞིན་ཆོས་ཀྱི་རྒྱུ་ཅིག་ལ།། དབང་པོ་རྐྱེན་གྱིས་སོར་སྣང་།། ཆོས་དེ་ངོ་བོར་དབྱེར་མེད་ཅིག། ཤེས་སྒོང་དག་གི་དྲུང་དག་ཏུ།། ཁ་དོག་སྣ་ཚོགས་རས་བཞག་པས།། གང་བཞག་རྐྱེན་གྱིས་དེ་སླར་སྣང་།། ་སྣང་ཡང་ཤེལ་ལ་འགྱུར་བ་མེད།། དེ་བཞིན་སེམས་ཉིད་རྒྱུད་ཅིག་ལ།། འགྲོ་བ་རིགས་དྲུག་སོ་སོ་ནས།། ལས་བག་རྐྱེན་གྱིས་སོ་སེར་སྣང་།། ཆོས་ཉིད་དང་ལ་འགྱུར་བ་མེད།། རྒྱུ་ཉིད་གསར་དུ་གཅིག་པ་ལ།། བཟོའི་ལས་ཀྱི ་རྒྱུར་བྱས་ཏེ།། སྐུ་གཟུགས་ཆེན་པོ་བྱས་པའི་ཚེ།། གསེར་ཡང་དེཟོའི་རྫས་སུ་སྣང་། ཆོལ་ཟེང་དྲི་སྣོད་བྱས་པའི་ཚེ།། གསེར་ཡང་ངན་པའི་རྫས་སུ་སྡང་།། དེ་བཞིནཛེས་ཉིད་རྒྱུ་ཅིག་ལ།། འཁྲུལ་ཅན་གྱི་རྟག་ཙམ་ན།། ཡུལ་ཡངས ་ངས་འཇིག་རྟེན་ཁམས།། ངམ་གྲོག་གཡངས་ལུང་ཁུང་རྣམས།། ཡེ་ཤེས་ཅན་གྱི་ང་ཁལ།། ཡུལ་གྱི་ཞིང་ཁམས་རྣམ་དག་ཏེ།། བདེ་བ་ཅན་གྱི་ཡུལ་དུ་སྣང་།། གཉིས་མེད་ཡེ་ཤེས་ངོ་ཁ་ལ།། སྣང་དང་མ་སྣང་གཉིས་སུ་མེད།། སྨན་དང་དུས ་དུ་ཅག་པ་ལཊ་ལ་ལའི་སྨན་ཡང་ལ་ལའི་དག། ཧ་ལ་ནག་པོའི་དུག་དག་ཀྱང་།། ཐབས་མཁས་གཟའ་ལེགས་སྨན་གྱི་མཆོག། སྨན་གྱི་རྒྱལ་པོ་བཅུད་ལེན་ཡང་།། ཐབས་མ་མཁས་ཤིང་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་མཚུངས།། འདོད ་ཆགས་ཞེ་སྡང་གཏི་མུད་ཀྱང་།། བསྐྱེད་པ་མེད་པའི་ཡེ་ཤེས་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ཡང་།། རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན།། འདོད་ཆགས་ཞེ་སྡ་གཏི་མུག་ཡིན།། ས་འོག་གནས་པའི་གསེར་དག་ཀྱང་།། བདག་པོ་མེད་ན ་བརྡོ་དང་འདྲ།། དགོས་པ་ཅི་ཡང་ཚེ་རྒྱུ་མེད།། ཀུན་ལ་ཡོད་པའི་བྱང་ཆུབ་སེམས།། ཡེ་ཤེས་མེད་ན་འཁྲུལ་པ་ཡིན།། དགོས་པ་ཅི་ཡང་ཚེ་རྒྱུ་མེད།། མི་གཡོ་ཡེ་ཤེས་ལྡན་གྱུར་ན།། ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ།། བྱིན་བརླབས ་ཡིད་བཞིན་ནོར་བུའི་ཚུལ།། དེ་ནས་སེམས་དཔའ་རྡོ་རྗེས།། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་བའི་བདག་པོ་ལེགས་རྫོགས་པ་ཆེན་པོའི་ངེས་ཚིག་ཇི་ལྟར་ལགས།། དེ་ལ་བླང་དོར་ཡོད་དམ་མེད ་གསང་བའི་བདག་པོས་གསུངས་པ།། ཇི་ལྟར་ན་མཁའ་མཚན་ཉིད་དུ།། སྣང་ཉིད་མ་བཀག་ཤོད་པ་ལྟར།། རྫོགས་པ་ཆེན་པོའི་མཚན་ཉིད་དུ།། མེད་པའི་ཆོས་དང་ཡོད་པའི་ཆོས།། དེ་བཞིན་སྲིད་དང་མི་སྲིད་པ།། སངས ་རྒྱས་སེམས་ཅན་བདེ་སྡུག་བསྔལ།། བཟང་ངན་ཆེ་ཆུང་སྐྱེ་ན་ཡོན་ཏན།། ལྷག་མ་མེད་པར་ཡོངས་རྫོགས་པས།། དེ་ཕྱིར་དེ་ལ་རྫོགས་ཞེས་བྱ།། རིན་པོ་ཆེའི་སེར་གླིང་དུ།། ཐམས་ཅད་གསེར་ལས་མེད་པའི་ཕྱིར།། ་དོན་དུ་རུང་བ་ཡོང་མ་ཡིན།། རྫོགས་པ་ཆེན་པོའི་ཆོས་ཉིད་ལ།། སྤང་བ་གང་ཡང་མེད་པའི་ཕྱིར།། དོན་དུ་རུང་བ་ཡོད་མ་ཡིན།། གཉིས་མེད་ཡེ་ཤེས་འོད་ལྔ།། མཚན་མ་ཅི་ཡང་མི་སྡང་ཕྱིར། ་བླང་དུ་རུང་བ་ཡོང་མ་ཡིན།། ཅེས་གསུངས་སོ།། གསོལ་པ། ཀྵེ། གསང་བའི་བདག་པོ་ལགས།། མ་འདྲེས་ཡོངས་རྫོགས་ཞེས་བྱ་བ།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། མཁའ ་ལ་གཟུགས་སོགས་མ་འདྲེས་པ།། ཆུ་ནང་ཕྱོགས་སུ་ཡོངསུ་རྫོགས།། འབྱུང་བ་རྣམ་བཞི་མ་འདྲེས་པ།། ནམཁའི་ངང་དུ་ཡོངས་སུ་རྫོགས།། སྣ་ཚོགས་དང་སྔ་མ་འདྲེས་པ།། ཟ་འོག་སྣམ་བུར་ཡོངས་སུ་རྫོགས།། ་མཚོན་རྩི་རྣམ་སྔ་མ་འདྲེས་པ།། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས།། རིན་ཆེན་སྣ་བཞིར་མ་འདྲེས་པ།། རི་བོ་མཆོག་རབ་ཡོངས་སུ་རྫོགས།། ཀུན་རྫོབ་ཕྱོགས་ནས་མ་འདྲེས་པ།། དོན་དམ་ཕྱོགས་སུ་ཡོངསུ་རྫོགས།། ་ཆོས་ཆེན་ཕྱོགས་ནས་མ་འདྲེས་པ།། ཆོས་ཉིད་ཕྱོགས་སུ་ཡོངས་སུ་རྫོགས།། བསམ་དབང་ཕྱོགས་ནས་མ་འདྲེས་པ།། དངོས་དབང་ཕྱོགས་ནས་མ་ཡོངས་སུ་རྫོགས།། འཁྲུལ་དབང་ཕྱོགས་ནས་མ་འདྲེས་པ། ་གཉིས་མེད་ཕྱོགསུ་ཡོངས་སུ་རྫོགས།། བརྒྱད་ཀྱི་ལྷ་སྤྱོད་མ་འདྲེས་པ།། ཨ་ཏི་ཡོ་གར་ཡོངས་སུ་རྫོགས།། ཡང་གསོལ་པ།། ཀྱཻ་གསང་བའི་བདག་པོ་ལགས།། སྤྱི་སྒྱིངས་རྒྱལ་པོ་ཞེས་བགྱི་བ།། དེ་དོན་བདག ་ཞ་ལ་བསྟན་དུ་གསོལ་བསང་བའི་བདག་པོས་གསུངས་པ།། ལཱམ་གྱི་སྤྱི་ནི་གྲོངས་ཀྱི་བཅིངས།། ཆུ་བྲན་གྱི་སྤྱི་ནི་རྒྱ་མཚོས་བཅིངས།། རི་བདུན་གྱི་སྤྱི་ནཱི་རི་ལོས་བཅིངསྭ།། འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས།། ་ཐག་པའི་སྤྱི་ནི་ཨ་ཏིས་བཅིངས།། སྐུ་གསུམ་སྤྱི་ནི་གསང་ཆེན་སྐུ་ཡིས་བཅིངས།། ཡེ་ཤེས་ཀུན་གྱི་སྤྱི་དགྲ་ནི།། རང་བྱུང་ཡ་ཤེས་ཆེན་པོ་སྭ་བཅིངས།། སྣང་སྲིད་ཆོས་ཀྱི་སྤྱི་དག་ནི།། ཆོས་ཉིད་བྱང་ཆུབ་སེམས་ཀྱིས ་བཅིངས།། ཅེས་གསུངས་སོ།། ཡང་གསོལ་པ། ཀྱེ་གསང་བའི་བདག་པོ་ལགས།། གང་ཟག་དག་གིས་བསམ་དབང་དང་།། ཆོས་ཉིད་དག་གིས་དངོས་དབང་གཉིས།། དེ་དོན་དག་ལ་བསྟན་དུ་གསོལ།། ་གསང་བའི་བདག་པོས་ཡང་གསུངས་པ།། རྟག་པ་ཐམས་ཅད་བློ་ཡིས་རྟགས།། བཟུང་བ་ཐམས་ཅད་བློ་ཡིས་བཟུང་།། ཕྱེ་བ་ཐམས་ཅད་བློ་ཡིས་ཕྱེ།། བརྗོད་པ་ཐམས་ཅད་བློ་ཡིས་བརྗོད།། སྣང་བ་ཐད ་བློ་ལ་སྣང་།། གྲུབ་པ་ཐམས་ཅད་བློ་ལ་གྲུབ།། དངོས་དབང་དེ་ལ་ཟློག་པའོ།། རི་ཤིག་བློ་ལ་བསྒོམ་བྱ་ན།། ཡིན་ཚུལ་ངེས་པ་མེད་པའི་ཕྱིར།། སྣང་ཚུལ་ཅིར་ཡང་སྣང་བ་ཡིན།། རྒྱ་ཆང་ཕྱོགས་ལྟུང་མེད་པ ་ཡིན།། མ་འདྲེས་ཡོངས་སུ་རྫོགས་པ་ཡིན།། ཀུན་བྲལ་སྤྱི་མ་སྤངས་པ་ཡིན།། ལྡན་ལྡོག་གཉིས་དང་བཅས་པ་ཡིན།། དེ་ལ་དབྱེ་བ་མེད་པ་ཡིན།། སྒོ་བསྐུར་ཀུན་དང་བྲལ་བ་ཡིན།། ཅེས་གསུངས་སོ།། ་ཡང་གསོལ་པ། མཱཾ། གསང་བའི་བདག་པོ་ལགས།། ཕྱོགས་མ་ཅན་གྱི་ལྟ་བ་ལ།། དེ་ལ་རྟེན་པར་བགྱི་མི་བགྱི།། བདེ་གཤེགས་གསང་བའི་བདག་པོ་ཡིས།། ཕྱོགས་མ་ཅན་དུ་གསུངས་པ་དེ། ་ངེས་དོན་ལགས་སམ་དགོངས་བཤད་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། ཕྱོགས་གཅིག་སྤངས་ན་ཕྱོགས་ཅིག་བློང་།། ཕྱོགས་ལ་ཆགས་པས་ཕྱོགས་ཐུག ་མཐའ་ཕྱོགས་རིགས་མེད་པའི་ལྟ་བ་ལ།། ཕྱོགས་ཆ་ཅན་དུ་བཟུང་བ་དྲེ།། ལྟ་བ་ངན་ཏེ་ལྡིང་པ་ཡིན།། དེ་ལ་རྟེན་པར་མི་བྱའོ།། ཁྱེད་ལ་སོགས་པའི་འཁོར་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར ་བཞིན་དུ།། ཡོངས་སུ་བརྟགས་ཏེ་ངའི་བཀའ།། བླང་པར་བྱ་ཡིས་གུས་ཕྱིར་མིན།། ངའི་བཀའ་ནི་དགོངས་པ་ཅན།། ཡོང་མཐའ་དགྲོལ་ཕྱིར་མེད་མཐའ་བསྟན།། མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བསྟན།། ་སྤྲོསྲ་དཀྲོལ་ཕྱིར་ན་བརྗོད་མེད་བསྟན།། བརྗོད་མེད་དགྲོལ་ཕྱིར་ཁཱ་འབྱམ་བསྣུན།། ལྟ་བ་འཁྲུལ་གྱི་ཁ་འཇམ་འདི།། ཇི་ལྟར་ན་མཁའི་མདུང་བ་སྐོར་བཞིན།། གང་ལྟར་བསྐོར་ཡང་དོག་པ་མེད།། ཇི་ལྟར་འདམ་གྱི་ཕུར ་བབཞིན། གང་ལྟར་ཚུལ་ཡང་སྦྲུལ་དུ་བཏུལ།། ལྤགས་བརྟེན་པའི་མཛའ་བཞིན་དུ།། གང་མཛིན་ཡང་འཐེན་དུ་འབྱུག།། ཛཿ་སྐྱོན་པོའི་ཚིག་བཞིན་དུ། དང་ལྟང་སྒྲས་ཀྱང་རང་དབང་། ཅེས་གསུངས། ་ཡང་གསུངས་པ་ཀྱཻ། གསང་བའི་བདག་པོ་ལགས།། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས།། སྤྲུལ་པའི་སྐུ་དང་རྣམ་པ་གསུམ།། ཅིག་པ་ལགས་སམ་ཐ་དད་ལགས།། ཆོས་ཀྱི་སྐུ་དང་ཆོས་དབྱིངས་སམ།། ཅིག་པ་ལགས་སམ་ཐ ་དད་ལགས།། ཆོས་ཀྱི་སྐུ་དང་ཡེ་ཤེས་གཉིས།། ཅིག་པ་ལགས་སམ་ཐ་དད་ལགས།། རང་བྱུང་ཡེ་ཤེས་ཆེན་པོ་དང་།། མ་རིག་པའི་འཁྲུལ་པ་གཉིས།། ཅིག་པ་ལགས་སམ་ཐ་དད་ལགས།། ཆོས་ཆེན་མཚན་མར་འཛིན་པ་དང་།། ་ཆོས་ཉིད་དོན་གྱི་ངོབོ་གཉིས།། ཅིག་པ་ལགས་སམ་ཐ་དད་ལགས།། ཁམས་གསུམ་འཁོར་བའི་སེམས་ཅན་དང་།། དུས་གསུམ་བཞུགས་པའི་སངས་རྒྱས་གཉིས།། ཅིག་པ་ལགས་སམ་ཐ་དད་ལགས།། གསང ་བའི་བདུག་བླ་སྟན་དུ་གསོལ།། གསང་བའི་བདག་བློས་གསུངས་པ།། བསམ་དབང་འཁྲུལ་པའི་ཕྱོགས་ནས་མི་ཅིག་ཐ་དད་ཀྱང་།། གཉིས་མེད་དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་ཅིག། ཅེས་གསུངས་སོ།། ་ཡང་གསོལ་པ།། བྷྲཱུཾ། ན་མཁའི་དགོངས་པ་ཉིད་ཅི་ལྟར་ལགས།། བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་ནི།། གསང་བའི་བདག་པོས་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། དབང་པོའི་ངོ་ལ་གང་གསལ ་བ.རང་གསལ་དེ་ལ་མི་རྟོགས་པ།། དེ་བཞིན་ན་མཁའི་དགོངས་པར་བཤད།། ཡུལ་དང་དབང་པོ་མི་འབྱེད་ཅིང་།། ཆོས་ཉིད་ངོ་ཡིས་མི་འཇིམ་ན།། དེ་བཞིན་ནམ་མཁའི་དགོངས་པར་བཤད།། རིག་པ་ནང་ནས་མི་གཡོ་ཞིང ་དེ་བཞིན་ནང་དུ་མི་རྩོལ་ན།། དེ་ནི་ནཱ་མཁའི་དགོངས་པར་བཤད།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། བྱང་ཆུབ་སེམས་སུ་ཞུགས་ཙམ་ན།། ཐམས་ཅད་འབྱུང་བའི་བདག་ཉིད་དུ།། ཆོས་རྣམས ་ཀུན་གྱི་སྙིང་པོར་བཞུགས།། ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན།། བཟུང་འཛིན་གཉིས་དང་བྲལ་བར་བཞུགས།། ལོངས་སྤྱོད་རྫོགས་སྐུ་བཞུགས་ཙམ་ན།། འདོད་པ་ཕུན་སུམ་ཚོགས་པར་བཞུགས།། སྤྲུལ་པའི་སྐུ་རུ་བཞུགས་ཙ་མ།། ་གང་ལ་གང་དགོས་དེར་སྤྲུལ་ནས།། དགོངས་པ་ཕུན་སུམ་ཚོགས་པར་བཞུགས།། རང་བྱུང་ཡེ་ཤེས་བཞུགས་ཙམ་ན།། གང་ཡང་ཆགས་པ་མེད་པར་བཞུགས།། གསལ་ལ་གཞན་རྟོག་མེད་པར་བཞུགས།། འཁྲུལ་པའི་བློ ་རུ་བཞུགས་ཙམ་ན།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། བདེན་འཛིན་བློ་ཡིས་བཟུང་ནས་བཞུགས།། ཅེས་གསུངས་སོ།། ཡང་གསུངས་པ།། ཀྱཻ་གསང་བའི་བདག་པོ་ལགས།། རང་བྱུང་ཡིས་ཞེས་བགྱི་བ།། ་སྲ་དང་སྲའི་རྣམ་པ་རྣམས།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། རང་བྱུང་རྒྱུ་རྐྱེན་མེད་པ་ནི།། ཡེ་ཤེས་སྒྲིབ་པ་མེད་པ་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ལ།། ་ཏིང་འཛིན་བག་ཆགས་མི་སོགས་འདི།། བཙོ་ལ་སྒྲུབ་དག་ལས་མི་འབྱུང་བས།། རང་བྱུང་ལས་ཀྱི་དང་པོ་མི་འགྱུར།། ཡུལ་འབྱུང་བྱས་འགྱུར་ཡེ་ཤེས་དེ།། ཡུལ་ལས་འབྱུང་ཞིང་གནས ་འགྱུར་བས། དེ་ལ་རང་བྱུང་མིང་མ་བརྟགས།། ས་དང་སའི་རིམ་པ་དང་།། སྡུས་རྒྱས་གསུམ་གྱི་རིམ་པར་བསྟན།། ཀུན་ཏུ་འོད་དང་པད་མ་ཅན།། འཁོར་ལོ་ཚོགས་ཆེན་བསྡུས་པའི་ཚུལ།། ཀུན་ཏུ་འོང་དང་རྡོ་རྗེ་འཛིན། ་སྟུག་པོ་བཀོད་དང་རྡོ་རྗེ་འཆང་།། དབྱེར་མེད་རང་བཞིན་ལྷུན་གྲུབ་པ།། དེ་ནི་འབྲིང་དུ་བསྟན་པ་ཡིན།། བརྒྱད་དང་དགུ་དང་བཅཝ་ལྔ་ནི།། རྒྱས་པར་བསྟན་པའི་ས་ཡིན་ཏེ།། རང་རང་སྐབས་སུ་ཤེས་པར ་བྱ། ཅེས་གསུངས་སོ།། ཡང་གསུངས་པ།། ཀྱཻ་རྗེ་གསང་བའི་བདག་པོ་ལགས།། ཆོས་ཀུན་རྩ་བ་སེམས་ཅིག་ལ།། དེ་དོན་གང་ལགས་པ་སྟན་དུ་གསོལ།། གསང་བའི་བདག་པོས་གསུངས ་པོ། སངས་རྒྱས་སྐུ་དང་ཡེ་ཤེས་དང་།། སེམས་ཅན་ལུས་དང་བག་ཆགས་དང་།། སྣང་སྲིད་ཆོས་དང་འབྱུང་ཆེན་ལྔ།། རྩ་བ་བྱང་ཆུབ་སེམས་སུ་ཅིག། སྤྲོས་པ་མེད་པའི་དོན་དུ་ཅིག། ་རྒྱུ་རུ་གཅིག་པས་འབྲས་བུར་གཅིག། དཔེ་རུ་ཅིག་པས་དོན་དུ་ཅིག། བརྟགས་དང་བསྟན་ཚིགས་འཐུན་པ་ཅིག། ཅེས་གསུངས་སོ།། ཡང་གསོལ་པ།། ཀྱཻ་གསང་བའི་བདག་པོ་ལགས། ་སྐུ་དང་ཡེ་ཤེས་དོན་དམ་བདེན། སངས་རྒྱས་སེམས་ཅན་སྣང་སྲིད་ཆོས།། བསམ་དབང་ཕྱོགས་ནས་གྲངས་ཤིང་སྣང་། དངོས་དབང་ཕྱོགས་ནས་དེ་མི་བདེན། ཅེས་གསུངས་སོ།། ་སབཐམས་ཅད་ཀྱི་གནད་མན་དཔ་ལམས་ཅད་ཀྱི་རྣམས་ཏནཱ་རྣ་ཐམས་ཅད་ཀྱི་བཅུད་བྱུང་རས། དོན་ལུས་པ། བང་བ་དོང་འཕྲུལ་གྱི་ཁྲོམ་ག་ཅེས ་གསང་བའི་བདག་པོས།། སེམས་དཔའ་རྡོ་རྗེ་ལ་གང་མ་ངག་རིམ་པར།། ། རྫོགས་སྷོ།། །། ཞལ་དྲོའོ།། ་ལན་གཅིག་ཞུས་དག་པའོ།། ། མསྟུ་ཏྶ་ཛ་ག་ཏེ།། ་