CLOSE WINDOW

Gbr002.2: chos thams cad rdzogs pa chen po byang chub kyi sems 'khor ba rtsad nas gcod pa rgya mtsho dang mnyam pa rnyog pa med pa'i rgyud
Wyliee-texts produced with BDRC’s OCR application

རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཤྲི་སིང་ང་དང་། བོད་ཀྱི་ལོ་ཆ་ང་བོ་རོ་ཙ་ནས་བསྒྱུར་བའོ།། @##། རྒྱ་གར་སྐད་དུ། སརྦ་དྷམ་མ་ཧཱ་སན་ཏིའོ ་ཏ་སཾ་ས་ར་མུ་ལ་ཚེ་དྷ་ས་མུ་ཏྲ་ས་མན་ཏ་ན་བྷི་ལ་ཏན་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩ་ད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད།། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག ་འཚལ་ལོ།། འདི་སྐད་སྟོན་པས་གནས་འཁོར་དུས།། སངས་རྒྱས་རིན་ཆེན་ཟ་མ་ཏོག། རྙོག་མེད་རྒྱ་མཚོ་ལྟ་བུའི་ཀློང་།། འཁོར་བའི་རྒྱ་མཚོ་རྩ་ནས་གཅད།། ཀུན་བཟངས་ཐུགས་ཀྱི་བྱིན་བརླབས་ཀྱིས།། ཞལ་གྱི་པདྨ་འཛུམ་པ་ལས།། ་ལྗགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས།། འཇིག་རྟེན་ཁམས་འདི་དྲུག་ཏུ་གཡོས།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། འདས་པ་ཀུན་གྱི་སྔོན་རོལ་ནས།། ཕྱོགས་བཅུ་སངས་རྒྱས་ཀུན་གྱི་ཡབ།། ་བདེ་བ་ཐམས་ཅད་འབྱུང་བའི་གནས།། རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད།། ཀུན་བཞི་རྩད་ནས་བཅད་པ་དང་།། ཤེས་བྱ་གྲས་ཐག་ཆོད་པ་ཡིས།། རིག་པ་རང་སར་གྲོལ་བ་ནི།། བསྟོན་པས་བདག་ལ་བཤད་དུ་གསོལ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་བཞི་ཕྱོགས་རིས་མེད་པའི་ཨ།། མཚོན་པའི་ཚིག་དུ་གཏན་ཚིག་བཞི།། ཐམས་ཅད་འབྱུང་བའི་རྒྱ་མཚོ་ཀློང་།། ཤེས་བྱ་སྣ་ཚོགས་སྣང་བའི།། མ་རིག་འཁོར་བའི་རྒྱ་མཚོ་འདི།། ལྟ་སྒོམ་སྤྱོད་འབྲ ་མ་པ་བཞིས།། གཏན་ལ་ཕབ་སྟེ་རྩད་ནས་གཅད།། དངོས་མེད་རྟག་པ་རིག་པའི་རྒྱན།། རླུང་གིས་བསྐྱོད་པ་ཅིར་ཡང་འཆར།། འདིའི་རང་བཞིན་རྟོགས་གྱུར་ན།། ཆོས་ཉིད་རྒྱ་མཚོ་ཉིད་དུ་གྲོལ།། སེམས་དཔའ་རྡོ་རྗེས་ཡང་ཞེས ་པ། ལེ་རྩེ་བཅུ་གསུམ་རྡོ་རྗེ་རྩེ།། ཟབ་མོ་བཅུ་གསུམ་སྨད་དུ་བྱུང་།། ལྔ་ཚོམས་ལྔ་ལ་བསྡུས་རྒྱས་ལྔ།། འགྲོ་དྲུག་འཁོར་བའི་གཡང་ས་གཅད།། བཞི་སྐོར་གསུམ་ལ་གཏམ་ཚིགས་བཞི།། བདུད་རྩི་ལྟ་བུ་བཞི་དང་སྦྱར།། རྒྱས་པར ་བདག་ལ་བཤད་དུ་གསོལ།། རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། གླེང་བཞིའི་ལེའུ་སྟེ་དད་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྣ་ཚོགས་ཆ་ཤས་ཇི་བཞིན་བཟང་།། ཟིན་པས་ལྷུན་གྱིས་བཞག ་པ་ཡིན།། ཆོས་དང་སེམས་ནི་བསྟན་དུ་མེད།། ཆོས་དང་སེམས་ནི་མི་བསྒོམ་མོ།། རྣམ་པར་རྟོག་པ་ཆོས་ཀྱི་དབྱིངས།། དེ་ལ་དེ་ལྟར་ཉིད་ལས་སུ།། ཐུགས་རྗེ་སེམས་ཅན་བསྒོམ་དོན་ནི།། བྱང་ཆུབ་རྟོགས་པའི་རྣམ་དག་ཡིན།། ཕྱི་ནང ་རྣམ་དག་སངས་རྒྱས་ལམ།། བསྒྲུབ་མེད་བྱ་མེད་ཆོས་དབྱིངས་ལ།། ལོག་རྟོག་གཉིས་མེད་འཁྲུལ་པ་ཡང་།། གོང་ལྟར་མཉམ་པར་ཤེས་པས་རྗེ།། པ་བདག་བྱིས་པས་རྣམ་རྟོག་ཕྱིན།། ཆོས་ཉིད་མ་གྱུར་རྟོག་པས་ཟིན།། དེ་བས་སློ་དཔོན། ་མཁས་པ་སྐུ།། མི་གནས་སྤྲོས་མེད་བདེ་ཆེན་འབྱུང་།། ཟིན་པས་བདུད་རྩི་བཟ་ཡོ་ཡིན།། ཆེ་ཆུང་གསུངས་པ་འབྱུང་འགྱུར་རྣམས།། འདོད་པ་ཁྲོད་པ་མི་སྐྱེ་ཞིང་།། ཁྱུད་བཞིན་སྤྲོ་བསྡུ་དོགས་པ་མེད།། རྒྱ་མཚོ་ཆོས་རྣམས་ཡོན་ཏན་མཉམ།། ་བྱང་ཆུབ་ཏིང་འཛིན་རྒྱ་མཚོ་འབྱུང་།། རྒྱ་མཚོ་མི་རྟོག་ཀུན་དུ་སྐྱེ།། རྒྱུ་རྐྱེན་སྐུར་བ་སྒོ་ཙམ་དུ།། མཁས་པ་འགྲོ་བའི་ལམ་ཤེས་བྱ།། འདོད་སྤྱོད་གང་དུ་ཤན་པ་སྩོགས།། ཁ་ན་ཡོངས་རྫོགས་བདེ་བ་ཆེ།། ཡོད་ནི་དེ་ལྟར་ཆོས་ཡིན་ཏེ།། ཆོས ་ཀྱི་ཆོས་བཙལ་ན་མཁའ་ཚོལ།། ལྟོས་པ་མེ་འདྲ་རྙེད་དཀའོ།། སྙིང་པོ་ཡོངས་ཀྱི་བྱང་ཆུབ་གནས།། རྡོ་རྗེ་ཀུན་བཟང་རྣམ་དག་ཕྱིར།། མི་སྐྱེ་བྱམས་པས་སྙིང་རྗེ་ཆེ།། ཡོན་ཏན་དོན་རྣམས་བྱ་བ་མེད།། རང་བྱུང་གྲོལ་ནས་ལམ་ཡང་སྟོན།། ་འབྱུང་བ་འགྲོ་བ་ཕྱིན་ཅིས་ཀྱང་།། རང་བྱུང་ཡེ་ཤེས་གྲུབ་ཡང་འབྱུང་།། ཆོ་འཕྲུལ་ཡོན་ཏན་ཇི་བཞིན་ཏེ།། སྣང་བ་མི་བརྩལ་བརྩལ་ན་མིན།། ཆོས་ཉིད་རྣ་དབང་ལྕེ་བརྗོད་མེད།། འགྲོ་ཀུན་དེ་ལ་གནས་པ་ལ།། ལས་སོ་ཅི་སྟེ་རང་འབྱུང ་འབྲེལ།། མ་སྐྱེས་གདོད་ནས་བརྩལ་མི་བསྐྱོད།། ཡོན་ཏན་བསམ་གཏན་མ་བསམས་སྐྱེ།། འཕྲ་ཞིང་བསྒོམ་ཞིང་སེལ་ཞེས་བསྐྱེད།། ལམ་འདྲ་ཞེས་གསུངས་གཏི་མུག་ཀྱང་།། བྱང་ཆུབ་ཀུན་སྤྱོད་ཆོས་ཉིད་རྒྱན།། ནམ་མཁའ ་རྟོག་པ་མི་ཆགས་འབྱུང་།། རྟོག་མེད། བཟུང་ཁས་ཀུན་ཏུ་ཨ།། དེ་ནི་པ་དང་འཇིག་རྟེན་སངས།། འདི་བཙལ་ཡུལ་མེད་ན་མཁའ་བཞིན།། ཚངས་ལམ་མཐུན་མིན་བགྲོད་པ་མེད།། དེ་ལྟར་དེ་བསྟན་དེ་བས་ཆེ།། སྔོན་གྱི།། ་དེ་བཞིན་དེ་ལྟར་རང་།། དེ་ལ་ཀུན་ལྟས་གྲུབ་པ་མེད།། བདེ་འབྱུང་དེ་ཡང་མི་བྱའོ།། དུས་གསུམ་གདོད་ནས་ཆོས་སྐུར་བདེ།། སྲིད་མིང་འཁོར་སྐྱ་བ་སྟེ་གནས་ཡིན།། རྣམ་སྤྱོད་འབྱུང་མི་སྨོན་པས་བཞིན།། ཅི་སྟེ་ན་མཁའ་མ་སྐྱེས་ཆོས།། ་ཕྱི་ནང་ཟབ་མོ་སྲིད་པ་དེ།། དེ་ལ་རང་བཞིན་དུས་གསུམ་མེད།། གཡོ་བ་བསྐྱོན་ལེན་འདོར་མཉམ་ཉིད་དོ།། གང་དུ་ཀུན་འཁོར་བདག་ལས་འབྱུང་།། བདི་མཉམ་འདི་གནས་ཨ་བདེ་བཞིན།། སྣང་དེ་བྱང་ཆུབ་མུ་ཟླ་བཞིན།། མ་བསྒོམས་དཀྱི། ་འཁོར་ཡི་གེ་མེད།། རྣམ་གྲངས་གང་ལྟར་མེ་ཏོག་སྐྱེ།། མཚན་མར་མི་འགྱུར་གནས་པ་བཟང་།། མི་བྱེད་རོལ་པར་གནས་མཉམ་ཞིང་།། མ་ཡིན་གནས་པས་ཡེ་ཤེས་རང་།། མི་འགྱུར་མི་གནས་བསྟན་དུ་མེད།། སྨད་བྱ་བ་བྱ་བྲལ་ཅིར ་ཡང་འབྱུང་།། འདི་འགྲོ་འཁྲུལ་པས་སྨན་པ་ཚོལ།། གོ་བ་དེ་ཉིད་དེ་ལ་ཕྱོགས།། མ་རེས་རིགས་ཀྱི་དེ་བཞིན་འབྱུང་།། འདས་དང་མ་འོངས་ཐ་སྙད་དེ།། སྐྱེ་བགག་དེ་ཉིད་མཉམ་པས་གཅིག། ཚོགས་ཀྱི་རང་བཞིན་ལྷུན་གྱིས་དག། འདུ་མཆེད ་ལྷག་པ་ཡུད་ཀྱིས་བལྟས།། མཐོང་བ་དེ་ནི་ཡུད་ཙམ་ཡིན།། དམ་ཚིག་སྦྱོར་བ་གཏོར་མ་ལས།། བགེགས་བསལ་སྔགས་ཚིག་མཆོད་དང་གཏོང་།། ཐཾད་རྟོག་མེད་ཆེན་པོར་འགྱུར།། ཉིད་ལ་བསྒྲིབ་པར་རྟོགས་ན་མེད།། རྒྱ་མཚོ་དང་མཉམ་པ ་ནརློག་ས་མེད་པའི་རྒྱུད་ལས། རྒྱུན་གྱིས་གྲུབ་པའི་ལེའུ་སྟེ་གཉིས་པའོ།། ། དེ་མས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་ས་སྐྱེས་བློ་སྐུར་བྲས།། སྲེད་འགེགས་སྦྱོར་བ་འང་སར་གྲོལ།། སྒྱུར་དང་སྤྱོད་ལྔ་རྣམ་པར་དག། འདེ ་ནི་འགྲོ་ཀུན་བྱང་ཆུབ་སེམས།། རྣམ་དག་ན་མཁའ་བཞིན་དུ་གསལ།། སྐྱེ་བགག་ཡོད་མེད་མཐའ་ལས་འདས།། དངོས་བྲལ་རིགས་གསལ་ཕྱོགས་མ་ལྟུང་།། སྤང་བླང་གཏང་སྙོམས་མངོན་གྱུར་མེད།། བརྗོད་བྲལ་མ་བཅོས་ལྷུན་གྱིས་གྲུབ།། དོན ་ངམ་བདེ་ཆེན་མཐའ་ལས་འདས།། དུས་གསུམ་ཡང་དག་ཨ་ཏི་ནི།། འདུ་འབྲལ་རྟོག་མེད་ལྷུན་གྱིས་གྲུབ།། མི་འགྱུར་བའི་ལྟ་བ་ལ།། གཡོས་པ་མེད་པའི་རྩི་ཡིས་ཟུང་།། གཡོས་པ་མེད་པའི་ཏིང་འཛིན་ལ།། མ་འགགས་པའི་རྩི་ཡིས་ཟུང་།། མ ་འགགས་པའི་སྤྱོད་པ་ལ།། ལྷུན་གྱིས་གྲུབ་པའི་རྩི་ཡིས་ཟུང་།། དོན་གྱི་རྩི་ཞིག་གང་གནས་པ།། ལྟ་བའི་དོན་ལ་གནས་པ་ཡིན།། དེས་ན་སྲིད་གསུམ་རྣམ་པར་དག་འབྱུང་བ་དུག་ལྔ་འདོད་ཡོན་ལྔ།། ཐ~ཾད་མི་འགྱུར་ལྟ་བར་སངས།། ལྟ་བ་མི་ཟད་ནོར ་གུ་བཞིན།། ལྷུན་གྲུབ་ཀུན་རྫོགས་ན་མཁའ་ཆེ།། ཐིག་ལེ་བརྗོད་བྲལ་མཚོན་དུ་མེད།། གཉིས་སུ་མེད་པའི་སྙིང་པོ་ཨ།། མ་བཀག་མ་སྤང་འང་སར་གྲོལ།། མ་བསལ་མ་བསྒྱུར་རྩོལ་བསྒྲུབ་མེད།། ཡིན་པའི་དོན་ལ་ཡིན་པར་ཤེས།། ཟབ་ཨོའི་མཛོ། ་བཞི་མདོན་རྣམས་འབྱུང་།། སྙིང་པོ་ཀུན་ཁྱབ་སུ་རྟོགས་པ།། རྒྱལ་སྲས་བཞིན་དུ་དབུལ་བ་སངས།། མཁའ་ཀློང་ཀུན་བཟང་ཡེ་ཤེས་འོད།། རྡོ་རྗེ་སེམས་དཔའ་དག་པའི་ཀློང་།། བསྲུང་འཚམས་རིམ་པ་བཀོད་པ་མེད།། ལྟ་བ་བསམ་གཏམ་སྤྲོས་དང ་བྲལ། སྤྱད་དུ་མེད་པས་བསྒྲུབ་དུ་མེད།། རང་གྲོལ་སྔགས་དང་ཕྱག་རྒྱ་དག། མཆོད་བཤགས་འཕྲིན་ལས་གདོད་ནས་རྫོགས།། ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས།། འགྲོ་བ་མུ་སྟེགས་རིམ་དགུ་རྫོགས།། སྣང་སྲིད་འཁོར་འདས ་ཐམས་ཅད་རྫོགས།། པ་དང་འབ་བཞིན་བདག་ཉིད་གསུམ།། དབྱིངས་དང་ཀློང་དང་རྫོང་ཆེན་ནོ།། གཞི་དང་ལམ་དང་འབྲས་བུ་གསུམ།། མ་སྐྱེས་མི་འགགས་ལྷུན་གྱིས་གྲུབ།། ལྷུན་གྲུབ་མ་ནོར་དག་པའི་རྫོ་།། ཕྱོགས་མེད་འང་གྲོལ་དངོས་སྤྲུགས ་དབྱིངས། གསལ་ཁྱབ་གཉིས་མེད་བདེ་ཆེན་ཀློང་།། སྐུ་གསུམ་ལྷུན་གྲུབ་སྙིང་པོ་ཨ།། རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། ལྟ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས ་གསལ་བས་བྱིང་རྒོད་བྲལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། འདི་ནི་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡེངས་རང་སར་གྲོལ།། དྲན་པ་རང་གྲོལ་དོན་དམ་དབྱིངས།། སོ་མ་ལྷུག་པ་གྱི་ན་རྩམ།། མིང་ཙམ་བསྒོམ་ཞེས་དེ་ལ་བྱ།། དྲན་འཛིན ་མ་སྐྱེས་སྤྲོས་བྲལ་དང་།། མཉམ་ཉིད་མཁའ་འདྲ་རྙོག་མ་མེད།། ལྷུན་གྲུབ་པརྟོགས་པས་བྱ་བ་རྩལ་བྲལ།། དང་པོ་ཞི་གནས་དུས་སུ་ནི།། དྲན་པ་ཤེས་བཞིན་རྩི་ཡིས་གཟུང་།། དཔེར་ན་གླང་ཆེན་ལྕག་ཀྱུ་བཞིན།། མ་ཡེངས་དྲན་པ་རབ་སར་གྲོལ། ་གཉིས་པ་མཉམ་བཞག་དུས་སུ་ནི།། ཤེས་བྱ་ཆོས་ཉིད་བུམ་པར་གཞུག། གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། གསུམ་པ་རྗེས་ཐོབ་དུས་སུ་ནི།། དབང་པོ་མི་དགགའང་ཡན་བཞག། གསེར་གླིང་བརྡལ་བའི ་ཀློང་ཆེན་བཞིན།། གང་བལྟས་རྫོགས་པ་ཆེན་པོའི་ཀློང་།། ཐ་མ་ལྷག་མཐོང་དུས་སུ་ནི།། མཚན་མ་རབ་གྲོལ་བློས་མ་རེག། དུག་སྦྲུལ་འབར་བའི་འདུད་པ་བཞིན།། བརྩོལ་བསྒྲུབ་མེད་པར་རང་སར་གྲོལ།། དེ་སྐར་དུས་བཞི་བསྒོམ་པ་ལ།། བྱིང ་པ་བརྒྱད་དང་རྒོད་པ་ལྔ།། བྱིང་རྒོད་སྐྱོན་དུ་གཏང་མི་བྱ།། བྱིང་ན་སེང་ལ་རྒོད་ན་བསྡུ།། དེ་ལྟར་ཟླ་བ་དྲུག་བསྒོམས་ན།། གཡོལ་དང་གོམས་དང་ཐོབ་དང་བསྟན།། གསལ་བ་ན་མཁའ་ལྟ་བུ་འབྱུང་།། ན་མཁའ་དངས་པའི་ཟླ་བ་བཞིན།། ཀུན་ལ་སྙོམས་ལ ་རྟོག་སྒྲིབ་མེད།། ཁ་སྐོམ་ཟས་དང་བྲལ་བྱས་ཀྱང་།། མདངས་དང་དབང་པོ་གཏིང་ནས་གསལ།། བཟོད་ཐོབ་ཆོས་བརྒྱད་སྤོང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ་པར་གྲོལ།། ཉོན་མོངས་ཞེར་འཛིན་རྟོག་པ་ཟད།། ལུས་ནི་ཤིང་བལ་ལྟ་བུར་ཡང ་དབུགས་ནི་འབྱུང་འཇུག་མེད་པའི་ཉམས།། གྲུབ་པའི་རྟགས་རྣམས་འཆར་བ་དང་།། མངོན་ཤེས་ལ་སོགས་མཚན་མ་མཐོང་།། མཁའ་གྲོ་ལུང་སྟན་ལ་སོགས་འབྱུང་།། དེ་ལ་དགའ་བྲོད་མི་བྱ་ཞིང་།། མེད་ཀྱང་ཇི་མི་སྙམ་པའི་ཉམས།། ་གཉིས་མེད་གསལ་ཁྱབ་ཁྱུད་ཆེན་རྒྱས།། ཀུན་གཞི་སྐྱེ་མེད་སྙིང་པོ་ལ།། བསྒོམ་དང་མི་བསྒོམ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡེ་ཤེས་ལ།། བསྒོམ་ཕྱིའི་ཆོས་ཉིད་གུད་ན་མེད།། བསྒོམ་པ་མིང་དུ་བཏགས་པས་ནོར།། ཅི་ཕྱིར་བརྗོད་པ ་ཀུན་དང་བྲལ།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། དེ་ཀ་རྟོག་པ་ཆེན་པོ་ཡིན།། རྟོག་པའི་མཚན་མ་ཅི་སྐྱེས་ཀྱང་། དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། དུག་ལ་སྨན་དུ་ཤེས་པ་བཞིན།། ཆོས་ཉིད་གཞན་ནས་བཙལ་མི་དགོས།། གསལ་ལ་རྟོག ་མེད་ཏིང་འཛིན་ལ། བསྒོམ་བྱ་བསྒོམ་བྱེད་གཉིས་མེད་དང་།། རྟག་ཆད་གཟུང་འཛིན་ཀུན་རྫོབ་དོན།། བླང་དོར་དབྱིངས་དང་ཡེ་ཤེས་རྫོགས།། འགྱུར་བ་མ་ཡིན་དྲང་པོར་གསལ།། ལྷུན་གྱིས་གནས་པས་བདེ་བ་ཆེ།། རང་བྱུང་ཡེ་ཤྭེ།། ་རྒྱུ་རྐྱེན་བྲལ། རང་གི་མཐུ་ཡིས་རིག་པ་ལས།། ཆོས་ཉིད་གཞན་ནས་མི་འབྱུང་ངོ་།། ཚིག་དུ་གཞན་ལ་བརྟེན་འདྲ་ཡང་།། དངོས་སུ་བདེ་ཆེན་རང་ལ་ཤར།། རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། བསྒོམ་པའི་ལེའུ་སྟེ་བཞི་པའོ།། ། ་ས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་བླང་དོར་ཀུན་དང་བྲལ།། སྐེ་མེད་དོན་དམ་ཆོས་ཉིད་ཀློང་།། སྤྱོད་པའི་དམ་པ་ཁོ་ནའོ།། འགྲོ་འཆག་ཉལ་དང་འདུག་པ་རྣམས།། ཅི་སྤྱོད་དོན་ལས་མ་གཡོས་ཤིང་།། དོན་དམ་བདེ་བའི་རྩིས་ཟིན་ན།། ་སྤྱོད་པ་ཞེས་ནི་དེ་ལ་བྱ།། ཕྱི་ནང་གསང་བ་ཁོ་ན་ཉིད།། ཕྱི་རྟོག་ནང་དུ་བསྡུ་བ་དང་།། ནང་རྟོག་གསང་བར་བསྟིམ་པ་སྟེ།། གསང་སྟོག་ཁོ་ན་ཉིད་དུ་གྲོལ།། ལུས་ནི་འབྱུང་ལྔ་འདུས་པའི་ལུས།། སྐུ་ལྔ་ཡེ་ཤེས་རོལ་པ་ཡིས།། རྟོག་མེད་རྟུལ་ཤུགས ་རྒྱན་དུ་རོལ།། འཇིག་པ་མེད་པའི་སེང་གེ་བཞིན།། འབར་བ་ཆེན་པོ་སྤྲུལ་པའི་སྐུ།། ངག་ནི་སྔགས་དང་སྒྲ་དབྱངས་སྒྲ།། འཇིག་རྟེན་འཁྱལ་ཚིག་སྣ་ཚོགས་ཀྱང་།། དཔེར་ན་བིན་དའི་སྐད་བཞིན་དུ།། འགག་མེད་གྲག་སྟོང་རོལ་པར་སྣང་།། སྣང་བ ་རང་རིག་གཉིས་མེད་རྫོགས།། སེམས་ནི་ཡེ་ནས་རྣམ་པར་དག། ཉོན་མོངས་ལྔའི་སྐྱོན་དང་བྲལ།། ཨེ་མ་རང་ལྀ་གནས་བཞིན་དུ།། སྤྱད་པས་ཐོབ་འདོད་ཨེ་མ་འཕྲུལ།། སྤྱོད་བྱེད་བྲལ་བའི་རྒྱ་མཚོ་ནི།། དྲན་རྟོག་མེད་པའི་ཡེ་ཤེས་ལ།། ཐོབ་པར ་བྱ་བའི་སངས་རྒྱས་དང་།། སྤང་བར་བྱ་བའི་སེམས་ཅན་གཉིས།། བྱང་ཆུབ་སེམས་སུ་རོ་གཅིག་པས།། ལམ་པས་བཅོས་སུ་ག་ལ་ཡོད།། ཅི་ཕྱིར་དགག་བསྒྲུབ་མེད་པ་ལ།། རྩལ་སྤྲུགས་རེ་དོགས་ཡུལ་ལས་འདས།། མཐོ་རིས་འདྲེན་པའི ་དགེ་བ་དང་། འཁོར་བར་ལྟུང་བའི་སྡིག་པ་གཉིས།། ཆོས་ཀྱི་དབྱིངས་སུ་ཡོད་མཉམ་པས།། རྫོགས་ཆེན་རིས་མེད་ཆོས་ཆེན་པོ།། ཐོད་དག་ལ་བློའི་བདུད་རྩི་འདི།། སྐལ་མེད་རྨོངས་པའི་བདུད་དུ་འགྱུར།། དཔེར་མདུག་གི་རང་བཞིན་ལ ་རྨ་བྱ་དག་ལ་རྒྱན་གྱིས་མཛེས།། གཞན་རྣམས་ལ་ནི་དུག་གིས་འཇིགས།། ཐམས་ཅད་རྫོགས་པའི་བདེ་ཆེན་པོ།། སྐྱེ་འགག་མེད་པར་ལྷུན་གྱིས་གྲུབ།། ཁྱབ་བདལ་མ་བཅོས་ཡེ་སངས་རྒྱས།། སྤྲོས་བྲལ་གཉིས་མེད་ཁོ་ནའོ།། དོན་འདི ་ངེས་པར་རྟོགས་ན་ནི།། རྒྱལ་བ་རྣམས་དང་མཉམ་པ་ཡིན།། སེམས་ཉིད་དོམ་གྱི་ཡེ་ཤེས་ལ།། སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་བྲལ་དང་ལ་རྣམ་པར་རོལ།། མིང་ཙམ་སྤྱོད་ཞེས་དེ་ལ་བྱ།། འདའ་ཁ་མའི་སྤྱོད་པ་ནི།། ཅི་སྤང་བྱང་ཆུབ ་ས་སུ་སྤྱད།། སེམས་ཉིད་ཆོས་ཀྱི་སྐུ་རུ་སྤྱད།། སྐུ་ཉིད་སྤྱད་བྱ་སྤྱོད་བྱེད་བྲེལ།། བྱ་བྲལ་དང་ལ་གང་གནས་པ།། སྐྱེ་མེད་དོན་གྱི་རྣལ་འབྱོར་རོ།། རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། སྨོད་པའི་ལེའུ་སྟེ་ལྔ་པའོ།། ། ་ང་ནས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་མ་སྐྱེས་ཐོབ་པ་སྒྲུབ་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ།། སྐྱེ་མེད་བརྗོད་མེད་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམ་ཀློང་།། དགག་བྱ་བ་སྒྲུབ་བྱ་རྣམ་པར་དག། མ་སྐྱེས ་བྱ་བྲལ་ཆོས་ཉིད་ཀློང་།། ཅིར་ཡང་མི་དམིགས་ཁྱབ་བངལ་ས།། བགྲོང་དུ་མེད་པར་ལྷུན་གྱིས་གྲུབ།། སྐྱེ་མེད་གཉིས་མེད་སྨོས་དང་བྲལ།། སྐུ་ལྔ་ཡེ་ཤེས་ལྔའི་དང་།། རྟོག་བྲལ་དམིགས་མེད་ཁྱབ་བདལ་ཀློང་། ་སྨོས་མེད་བྱང་ཆུབ་སྙིང་པོའི་དབྱིངས།། འབྲས་བུ་ལྟ་བསྒོམ་སྤྱོད་པ་སྟན།། རང་སྣང་སྨྱུག་མ་ལམ་ལས་གྲོལ།། ཁྱབ་པདལ་འུ་བ་ཆུབས་ཆེན་ནོན།། རྒྱལ་པོ་བཙོན་དུ་བཟུང་བ་དང་།། བདུད་རྩི་ཐིག་པ་ལྕེ་ལ་གཞག། གང་རི་རྩེ་ནས་བསྙིལ ་བ་སྟེ།། ཤིང་རྟའི་གཟེར་མགོ་གཅད་པར་བྱ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། ཅིར་ཡང་མ་འགགས་སྤྲུལ་པའི་སྐུ།། གཉིས་སུ་མེད་པས་རྫོགས་པའི་སྐུ།། སྐུ་གསུམ་རྫོགས་པས་ཐིག་ལེར་གཅིག། བསམ་འདས་བརྗོད ་མེདདང་ས་ར་གྲོལ།། ཀུན་བཟངས་དབྱེར་མེད་སྐྱེ་མེདས།། ཐོབ་བསླུ་བ་མེད་པར་ཐམས་ཅད་རྫོགས།། སྣང་སྲིད་བྱང་ཆུབ་སེམས་སུ་རྫོགས།། སྐུ་གསུམ་ཐིག་ལེ་གཅིག་ཏུ་རྫོགས།། ལྷག་མ་མེད་པར་ཡོངས་སུ་རྫོགས།། ་མི་འགྱུར་མཉམ་ཉིད་དཔེ་དང་བྲལ།། དཔེའ་བྲལ་ཡེ་ཤེས་མཚོན་དུ་མེད།། ཅི་ཕྱིར་བསམ་བརྗོད་དམིགས་པ་མེད།། དམིགས་མེད་བློ་འདས་རང་སར་གྲོལ།། མི་སྐྱེ་མི་འགག་ལྷུན་གྱིས་གྲུབ།། གོ་བའི་ཡུལ་ན་བགྲོད་དུ་མེད།། ་བགྲོད་དུ་མེད་པས་ས་ལམ་རྫོགས།། གཉིས་མེད་རྫོགས་པས་མཐའ་བྲལ་རྫོང་།། དམིགས་མེད་མ་སྐྱེས་དེ་ཉིད་དང་།། འགག་མེད་ཨ་ལི་ཀ་ལིར་རོལ།། དབྱེར་མེད་མ་བསལ་ལྷུན་གྱིས་གྲུབ།། སྨྲ་བསམ་བརྗོད་མེད་ཚིག་ལས་འད ་དངོས་སུ་མི་སྣང་ཀུན་ལ་ཁྱབ།། ཁྱབ་བདལ་མ་བཅོས་ཡེ་སངས་རྒྱས།། རང་བཞིན་འོད་བསལ་རྣམ་པར་དག། དགག་བསླུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ།། སྟོང་གསལ་དབྱེར་མེད་ཡེ་ཤེས་ཙམ།། སྐྱེ་འགག་མེད ་པཔར་རྣམ་པར་དག། ཁྱབ་བདལ་གཉིས་མེད་ཡེ་བ་དལ་ཀློང།། ཀུན་རྫོགས་བླ་མེད་ཐེག་ཀུན་གཙོ།། ས་རྣམས་ཀུན་གྱི་ངོ་བོའོ།། ཁྱབ་བདལ་ཡངས་པ་ན་མཁའི་ཀློང།། རྒྱ་མཚོ་བདེ་ཆེན་ཀུན་རྫོགས་གྲོལ།། ཉི་མ་དུས་གསུམ་དེ ་བཞིན་ཉིད།། ནོར་བུ་འདོད་འབྱུང་འགྲན་ཟླ་མེད།། སྐྱེ་མེད་རྟོག་མེད་ལྷུན་གྱིས་གྲུབ།། འགྱུར་མེད་རང་གསལ་རྣམ་པར་དག། མཐའ་བྲལའང་གྲོལ་མཚོན་དུ་མེད།། དེ་ཉིད་ཤེས་ཀྱི་མ་རྟོགས་མ་གྲོལ།། རྒྱལ་སྲས་བཞིན་དུའི་དོགས་མེད།། རྒྱ་མཚོ་དང་།། ་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། འབྲས་བུའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ད་ནི་སྐྱེ་མེད་མངོན་སངས་རྒྱས།། གཟུགས་ནས་ཐ~ཾད་ད་ལས་བྱུང་།། འཇམ་དཔལ་པདྨ་ཡང་དག་རྩི།། ཕུར་བུ ་ཡུ་མ་སྔགས་འཇིག་རྟེན་རྫོགས།། རྨད་བྱུང་ཐེག་ཆེན་སྣ་ཚོགས་སྟོན།། བདེན་བཞི་ཡན་ལག་རྣམ་རིག་དོན།། བདེན་གཉིས་གསུམའི་ག་དེ་ཉིད་བཞི།། སྐུ་ལྔ་ཐིག་ལེ་ཆོས་དབྱིངས་ཤེས།། ལྷ་མ་གྲུབ་རྨད་བྱུང་ཉིད་སངས་རྒྱས།། ངོ་མཚར ་སྐུ་ལྔ་ཡེ་ཤེས་རྫོགས།། གཉིས་མེད་དབྱིངས་སུ་འབྲས་བུ་ཀློང་།། མི་སྐྱེ་དོན་ལ་རྫོགས་པས་བདེ།། དོན་དམ་རང་བཞིན་འགྱུར་བ་མེད།། རྨོངས་པ་སངས་རྒྱས་ཐིག་ལེའི་ཀློང་།། བྱང་ཆུབ་རིག་པ་བདེ་ཆེན་རྫོགས།། འབྱུང་བཞི་སངྱས ་ཡོངས་རྫོགས་སེམས།། སྙིང་པོ་ན་མཁའ་རྫོགས་པའི་ཐེག། འཁོར་བ་མ་ལུས་དོན་ལ་སེམས།། རང་འབྱུང་འདི་རྟོགས་དམིགས་དང་བྲལ།། སེམས་ཅན་རྣལ་འབྱོར་ཐུགས་རྗེས་བསྒྲལ།། མ་བརྩལ་དོན་དམ་གྲུབ་པའི་ཀློང་། ་སྲིད་གསུམ་དབང་པོ་ཐམས་ཅད་གསལ།། ཐམས་ཅད་ཡེ་བདལ་སྤྲོ་བསྡུ་འཆིང་།། བླ་མེད་སྲིད་པའི་འཆི་བདག་མེད།། དངོས་མེད་རིག་པ་ལོགས་ན་མེད།། གཞི་རྩ་བྲལ་བས་སྐྱེ་མེད་སྣང་།། རྒྱུ་ལུས་སེམས་ནི་མི་ནུབ་སྨྲ།། སྣང་སྲིད་ཐད ་མི་ནུབ་དང་།། སྲིད་གསུམ་སྐྱེ་འགྲོ་བདེ་བ་ཉིད།། རྗེ་བཙན་ངས་བཤད་སྐྱོན་མེད་མཆོག། འགྲོ་ཀུན་མི་འགྱུར་དང་གནས་སྣང་།། སྲིད་གསུམ་སྐྱེ་འགྲོ་བདེ་བ་ཉིད།། བདེ་ཆེན་ཡ་མཚན་སྒྲ་བསམ་འདས།། དམིགས་མེད་སྣང་བའི་གཡོས ་པ་མེད། རྟོག་པ་ཉམས་ཏེ་འདི་ཆེན་སེམས།། འཁོར་བ་ཇི་ལྟར་ཆོས་ཀྱི་སྐུ།། ནམ་མཁའ་ཀུན་སྐྱེ་དྲན་མེད་ནི།། རྩེ་མོ་དེ་ཉིད་འབྲས་བུ་སྨྲ།། མ་སོང་འབྲལ་མེད་དུས་གསུམ་སྲུང་།། དམ་ཚིག་སྤྱོད་པ་མ་སྤངས་གྲུབ།། རིག་པ་གང་ཡང་བདག་། ་དོན་སྣང་།། འདུ་འབྲལ་ཀུན་ལ་སྣང་སྲིད་རྒྱུ།། ཚོགས་མཆོད་བསོད་ནམས་དུས་གསུམ་མཉམ།། འདུ་འབྲལ་མེད་པའི་ས་རུ་བརྟགས།། སྣ་ཚོགས་འབྱུང་བ་ན་མཁའི་རིག། ཀུན་འདུས་ལྟ་བའི་ཐེག་བརྒྱད་འདུས།། ཡིད་ལ་མ་ལུས་རྩ་བྲལ་གནས།། ་མི་འགྱུར་ཡང་དག་རྒྱུ་ལ་བདེ།། འབྲས་བུ་སྣང་སྲིད་འཁོར་བ་ཆོད།། དཔལ་ལྡན་སངས་རྒྱས་སྐྱེ་མེད་གྲོལ།། ཐམས་ཅད་གཅིག་པས་ཡེ་ཤེས་རྗེ།། ལྟ་བ་འགྲོ་དྲུག་ཐོད་ཁྱབ།། ཡེ་ནས་བྱས་ནས་མ་བསྒྲུབས་ཏེ།། གནས་ལ་མ་བྱས་ཀུན་ལ ་གསལ་མ་ལུས་འག་ལུས་གཞན་བཅོས་མེད།། སྤྲུལ་པའི་རྒྱལ་པོ་དང་དུ་འདུས།། མ་བཅོས་འདི་ལ་ཀུན་ནས་སྲོག། དུས་གསུམ་འགྱུར་སྲོག་གི་ཀློང།། འདི་རུ་སངས་རྒྱས་སྐྱེ་འགག་མེད།། འགྲོ་རྣམས་འཆི་མེད་སྐྱེ་ཤི་སྲིད།། སྲོག་གི་ཡུལ་ལ ་སེམས་ཀྱི་འཛིན།། སྐྱེ་མེད་དུས་གསུམ་སྣང་སྲིད་འཕགས།། དུས་གསུམ་གང་ཡང་བསམ་དུ་མེད།། བརྗོད་དུ་མེད་པའི་ཆགས་མེད་ཀློང་།། མ་ཡེངས་ཀུན་ལ་འགྱུར་མེད་གྲུབ།། སྨྲ་བསམ་ཆགས་མེད་སྤྲོས་བྲལ་སྲོག། རྒྱུ་རྐྱེན་མྱུ་གུ་མ་བགོས ་གནས། སྤྲོས་མེད་རིན་ཆེན་རྒྱུ་ལ་མེད།། རྐྱེན་གྱིས་སྐྱེ་འགག་དམིགས་མེད་སེམས།། ཡུལ་སེམས་སྦྱོར་བ་དེ་ལ་སེམས།། མ་སྤོས་བསྲུང་མེད་ཡེ་བསྲུབ་བསྒོམ།། མ་ཡེངས་རྟོག་མེད་གཟུང་འཛིན་མེད།། བླ་མེད་བྱང་ཆུབ་རྐྱེན་བྲལ་འབྱུང། ་སྣང་སྲིད་བྱང་ཆུབ་ཐམས་ཅད་རྒྱུ།། སྐྱེ་མེད་སྒྲིབ་མེད་ཟབ་མོ་དེ།། དུག་གསུམ་རྩད་གཅོད་འཁོར་བ་བསྒྲལ།། རིན་ཆེན་ལམ་སྟོན་མི་འགྱུར་གནས།། ཡེ་གསལ་སྙིང་པོ་ཀུན་བཟང་གྲུབ།། རྟག་ཆེན་བདེ་ལ་ལོངས་སྤྱོད་རྫོགས།། འདི་ཤེས ་དྲང་སྲོང་སྤྱོད་ཡུལ་གསུངས།། བདེ་བ་འགྲོ་བའི་བྱང་ཆུབ་སྟེ།། ཀློབ་རྫོགས་ཁྱབ་པས་སྔགས་པས་ཟུང་།། གཞལ་ཡེ་ཤེས་སྐྱེ་འགག་དང་།། དོན་དུ་ན་མཁའ་བདེ་སངས་རྒྱས།། བྱང་ཆུབ་ཤིན་ཏུ་བདེ་དོན་ཀློང་།། ཐེག་པ་ཅི་གཅོད་འདི་ལ་ནི།། ་སྤྱི་གཅོད་རྩལ་གསུམ་རྫོགས་པའི་གཅོད།། བཅོས་ཀྱང་མི་མཉམ་ཡོ་ག་གསུམ།། ཇི་ལྟར་སྤྱད་ཀྱང་རྒྱ་ལ་རྩོལ།། ཨ་ཏི་ཡོངས་ལ་རྩོལ་བསྒྲུབ་བྲལ།། རིན་ཆེན་བྱང་ཆུབ་རབ་སེམས་པོ།། འོག་མས་ཆོས་སྤྱོད་འབྲས་བུ་རིང་།། སེང་རྫོགས ་དོན་ལ་ནེ་ཚོ་འགལ། མ་བཅོས་འགྱུར་མེད་ཆོས་ཉིད་ཏིག། བྱང་ཆུབ་དུས་གསུམ་ཨ་ཏི་སྣང་།། འཁོར་བ་དུག་གསུམ་མ་བསྒྲིབས་འདས།། ཡེ་ཤེས་ལྔ་རུ་གསལ་བའི་ཐུགས།། བྱང་ཆུབ་མ་གོལ་ཐེག་ཀུན་ཆོས།། གསུམ། ་ལ་བྲལ་ལུང་ལས་གོལ།། ཡོ་ག་རྣམ་གསུམ་བྱིས་རྩེ་འདྲ།། འགྱུར་མེད་ཨ་ཏི་མཉམ་ཉིད་ཏིག། ཁམས་གསུམ་མུན་སེལ་འང་འབྱུང་ཤར།། ལྷན་གྲུབ་སྙིང་པོ་ཡེ་ནས་གསལ།། དོན་དམ་བཙལ་དད་ཇི་བཞིན་ཀློང་ང།། རྣམ་དག་ཀློང་རྟོགས ་ཆོས་ཀྱི་སྐུ།། ལོངས་སྐུ་ཡེ་ཤེས་སྤྲུལ་པས་སྤྲུབ།། ཐུགས་རྗེ་མ་གཡོས་རང་བཞིན་མཁས།། བདེ་ཆེན་སྒྲོན་མེས་ཐུགས་རྗེ་རྫོགས།། རྒྱ་མཚོ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད་ལས།། ཆོས་ཉིད་འགྱུར་བ་མེད་པའི་ལེའུ་སྟེ་བདུན་པའོ།། ། ་དེ་ནས་བཅོམ་ལྡན་འདི་སྐད་གསུང་།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀྱི་དབྱིངས་ནི་ཡི་གེ་མེད།། རང་བཞིན་འོད་གསལ་ཡོངས་སུ་དག། ནམ་མཁའི་དབྱིངས་བཞིན་དྲི་མ་མེད།། བདུད་རྩི་དྲི་མེད་བརྒྱད་ལྡན་མཚོ།། མཁའ་ལ་ཉི་ཤ ་འོད་ཟེར་ལྔ།། དབུས་ན་ན་མཁའ་བཞིའི་མཐོངས།། རྟིང་ན་རིན་ཆེན་བཅུ་གསུམ་གཏེར།། བདེར་གཤེགས་མི་མཆོད་རང་སེམས་མཆོད།། རང་སེམས་སངས་རྒྱས་ཡིན་པ་ལས།། སངས་རྒྱས་གཞན་དུ་མི་བརྩལ་ཏེ།། རིག་པརབ་གྲོལ་བྱ ་བརྩལ་བྲལ།། རང་སྣང་འཁོར་བའི་རྒྱ་མཚོ་འདི།། དཔེར་ན་རྨི་ལམ་ལྟ་བུ་སྟེ།། རྨི་ལམ་བདེ་སྡུག་སྣ་ཚོགས་ཡང་།། གཉིད་སད་དུས་ན་ཆོས་ཀྱི་སྐུ།། ཚངས་པ་ཁྱབ་འཇུག་ལ་སོགས་བསྒོམ།། ལོག་པའི་ལམ་དུ་ཞུགས་པའོ།། ན་མཁའ་ལྟ་བུར ་སེམས་འགག་པ།། ཉི་ཚེ་བའི་སྟོང་པར་ལྟུང་།། མི་གཙང་ཀེང་རུས་ལ་སོགས་བསྒོམ།། ཕྱིའི་སྒྲིབ་པ་ཅན་དང་མཚུངས།། འགོག་པའི་སྙོམས་འཇུག་བསྒོམ་བྱེད་པ།། སྐྱེ་མཆེད་བཞི་ལས་ཐར་ལམ་མེད།། ཕུང་པོ་གཏན་ཚིག་གཞིགས་ནས ་བསྒོམ། དེ་ཀ་རྟོགས་པར་ཤེས་པར་གྱིས།། ལྷ་དང་དཀྱིལ་འཁོར་ཞལ་ཕྱག་བསྒོམ།། མེད་པར་སྒྲོ་ཡིས་བཏགས་པ་ཡིན།། རྩ་རླུང་ཐིག་ལེར་བདེ་བ་འཛིན།། རོ་མྱགས་མངལ་གྱི་སྲིན་བུ་མཚུངས།། སྐད་ཅིག་སྣང་སྲིད་ལྷ་རུ་གསལ།། ་འདི་ནི་རྩོལ་བའི་ནང་དུ་འགྱུར།། ཞི་གནས་འཐིབས་པོ་བསྒོམ་བྱེད་པ།། མཱ་ཧེ་གླང་དང་ཁྱད་པར་མེད།། གསལ་བ་ཕྱི་ནང་མེད་པར་སེམ།། རྣམ་རིག་པས་ཀྱང་ཤིན་ཏུ་གསོག། ཀུམ་ཡིན་གང་མ་ཡིན་སོགས་པ།། ཨ་ཏིར་ཁས་འཆེས་མུ་སྟེ ་གོས་རྫོགས་ཆེན་རེས་མེང་བྱ་བརྩལ་བྲལ།། རྒྱ་ཆད་ཕྱོགས་ལྟུང་མེད་པའི་ཕྱིན།། རེ་ཤིག་རྫོགས་ཆེན་རོལ་པར་མཚོན།། སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད།། སེམས་དཔའ་ཆེན་པོ་འདི་ལྟ་སྟེ།། སློབ་དཔོན་སྙིང་བཏོན་གདམ་ངག་ཐོབ ་མཚམས་མེད་གསུམ་གྱིས་རྫོགས་སངས་རྒྱས།། ཕ་མ་བསད་པས་འབྲས་བུ་གཏེར།། ལྟ་བས་མྱལ་བ་ཤིན་ཏུ་ཆེ།། སྣང་བ་ཐམས་ཅད་རྫུན་ལས་ཁྱེར།། ཅི་སྤྱོད་མོ་གཤམ་བུ་བཞིན་སྤྱོད།། འཁོར་བའི་ཆོས་ལ་ཆགས་པ་སྐྱེ།། བྱ་ལ་མ ་ཁམས་སུ་ཅིག་པུ་སྡོད།། འགྲོ་དྲུག་མ་གཏོགས་སེམས་ཅན་གཉིས།། སྤྲུལ་སྐུ་དམྱལ་བའི་གནས་སུ་འགྲོ།། འག་གའི་ཆུ་དང་སྲིན་དུའི་མཚོ།། ཁྱོད་ཀྱིས་རྟག་ཏུ་སྲེས་ལ་འཐུང་།། ཡུམ་གྱི་བ་ག་རྟག་དུ་ལྟོས།། བཙུན་མོ་དེས་ཀྱང་མེ ་། ལོང་སྟོན། ལྡེམ་པོ་དགོངས་པ་མ་གོ་བར།། སྒྲ་བཞིན་སྤྱད་ན་ལོག་པའི་ལམ།། རྡོ་རྗེ་སེམས་དཔའ་དཔའོ་ཆེ།། འདས་པའི་དུས་ན་སྔོན་འབྱུང་པ།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། ཏིང་འཛིན་རྒྱ་མཚོ་འདི་ལས ་འབྱུང་།། རྦ་རླབས་མེད་པའི་མཉམ་ཉིད་མཚོ།། རྙོག་མ་མེད་པའི་དྲི་མེད་ཆུ།། གདོད་ནས་དག་པའི་བདུད་རྩི་འདིས།། ཁམས་གསུམ་འཁོར་བའི་དྲི་མ་ཁྲུས།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། ཆེད་དུ་བསྟོད་པ་འདི་བརྗོད་དོ།། ཀུན་རིག ་ཐུགས་ཀྱི་དཔལ་བེའུ་ནས།། ཟབ་མོ་བདུད་རྩི་ལྟ་བུའི་ཆོས།། ཆོས་ཉིད་བྱིན་བརླབས་རོལ་པ་ཡིས།། རྙོག་མེད་རྒྱ་མཚོའི་ཀློང་བཏོན་པ།། མཉམ་ཉིད་རྒྱ་མཚོ་ལྟ་བུའི།། ཀུན་ཏུ་བཟང་ལ་མངོན་པར་བསྟོད།། ་ཆོས་ཐམས་ཅད་རྒྱ་མཚོའི་མཐའ་དང་མཉམ་པ་རྙོག་མ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤྲི་སེང་བ་དང་། བོད་ཀྱི་ལོ་ཚ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། ་