| Wylie | e-texts produced with BDRC’s OCR application |
པ་རྫོགས་སྷོ།། །། རྒྱ་གར་གྱི་མཁས་པ་ཤྲི་རཱི་སིང་ངསྣ་གསུངས་པ། བོད་བཱནྡ་བཻ་རོ་ཙཱ་ནས་བསྒྱུར་བའོ།། །། །། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། གླ་དམ་ངག་སྤྲུལ་པ་བརྒྱུད་པཱའི་རྒྱུད་འདི་ལ། སྤྱི་དོན ་རྣམ་པ་ལྔས་བསྟན་ཏེ། དང་པོ་ཁོག་དབུབ་པ་སྟོང་ཐུན་གྱི་གདམ་ངག་དང་། གཉིས་པ་ཡིད་ཆེས་པ་ལོ་རྒྱུད་ཀྱི་གདམ་ངག་དང་། གསུམ་པཱ་ས་གཅོད་བུསྡུས་དོན་གྱི་ག་དྲམ་དག་ད་དྲ། བཞི་པ་འབྲུ་གནན་པ་དགྲ ་དོན་གྱི་གདམ་ངགྲ་དང་། ལྔ་པ་དྲོ་སྤྲད་པ་ལག་ལེན་གྱི་གདམ་ངག་གྲེ། དང་པོ་སྟོང་ཐུན་གྱི་གདམ་དགེ་ལ་ལྔ་སྟེ། རྒྱུད་ཀྱི་ངོ་བོ་དྲང་གཅིག། རྒྱུད་ཀྱི་ངེས་ཚིག་དང་གཉིས། རྒྱུད་ཀྱི་དབྱེའ་བ་དང་གསུམ། རྒྱུད་ཀྱི ་ལྡང་ཚད་དང་བཞི། རྒྱུད་བཤད་པའི་ཐབས་དང་ལྔའོ།། དང་པོ་རྒྱུད་ཀྱི་ངོ་བོ་ལ་གིཉིས་ཏེ། བསྐྱེད་རིམས་གཙོ་བོར་བྱས་པའི་རྒྱུད་ཀྱི་ངོ་བོ་དང་། རྫོགས་རིམས་གཙོ་བོར་བྱས་པའི་རྒྱུད་ཀྱི་ངོ་བོ་དང་། དང་པོ་ལས ་།། དང་ཐུགས་རྗེ་འཛོམ་པའོ།། གཉིས་པ་ན་ཐབས་དང་ཤེས་རབ་དུ་འཛོམ་པ་དེའོ།། གཉིས་པ་ངེས་ཚག་ན་གཉིས་ཏེ། ཐུན་མོང་གི་རྒྱུད་ཀྱི་ངེས་ཚག་དང་།། ཁྱད་པར་གྱ་ངེ་ས་ཆོ་གོ། དང་པོ་ནི་རྒྱུན་མ་ཆད་པ ་རྒྱུད་ཞེས་བྱའོ།། དེ་ཡང་གསེང་སྒྲོན་ནུས། རྒྱུད་ནི་རྒྱུན་ཆགས་ཞེས་བྱས་ཏེ། འཁོར་བ་འང་ནི་རྒྱུད་དུ་འདོད་ཅེས་གསང་སོ།། གཉིས་པ་དགོས་པ་ཆུང་བའི་ཕྱིར་ན་རྒྱུད་ཞེས་བྱའོ།། དེ་ཡང་རྒྱུད་ལས། འབྲེལ་དྲང་མ་ཚང་མེད་པ ་དང་། དགོས་པ་ཚད་པས་རྒྱུད་ཞེས་བྱ་ཅེས་པས་སོ།། གསུམ་པ་རྒྱུད་དབྱེ་བ་ལ་གསུམ་སྟེ། གཞིའི་རྒྱུད་དང་ལམ་གྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ།། དང་པོ་ལ་གསུམ་སྟེ། གཞིའི་རྒྱུད་ཀྱི་ངོ་བོ་དང་། དེས་ཚིག་དང་། རྣམ་གྲང ་སོ། གཞིའི་རྒྱུད་ཀྱི་ངོ་བོ་ནི། གཉིས་མེད་ཀྱི་ཡེ་ཤེས་སོ།། གཞིའི་རྒྱུད་ཀྱི་ངེས་ཚིག་ནི་ཀུན་འབྱུང་གི་རྟེན་དུ་གྱུར་པས་ནུ་བཞིའོ།། ཡང་ལ་ལེ་ནི་བྱུང་ཁུང་སམ་བརྟགས་བཞིར་གྱུར་བྲ་ན་གཞིའོ།། གཞི་ལ་དབྱེ་ན་གཉིས་ཏེ། ་ཡེ་ཤེས་དོན་གྱི་ཀུན་གཞི་དང་། གནས་པ་དོན་གྱི་ཀུན་བཞིའོ།། དང་པོ་ན་སྟོང་གསལ་སུས་ཀྱང་མ་བཅོས་པས་རྡོ་རྗེའོ།། གཉིས་པ་ཀུན་གཞི་ལ་རྣམ་སྨིན་ནམ་ས་ས་བོན་གྱི་བྲག་ཆགས་འཇོགས་པའོ།། གཉིས་པ ་གྱི་རྒྱུད་ལ་གསུམ་སྟེ། ལམ་གྱི་རྒྱུད་ཀྱི་ངོ་བོ་དང་། ངེས་ཚིག་དང་། རྣམ་གྲངས་སོ།། ངོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པའོ།། ངེས་ཚིག་ནི་བདེལ་བ་ནས་བདེ་བར་འགྲོ་བས ་ན་ལམ་ཞེས་བྱའོ། རྣམ་གྲངས་ལ་གཉིས་ཏེ། ལམ་ངོ་བོའི་རྒྱུད་དང་། རྐྱེན་དང་ཡི་གེའི་རྒྱུད་དོ།། དང་པོ་ན་རེག་པ་རྩལ་གྱི་དབང་བསྐུར་ནས་ཞེ་གནས་དང་ལྷག་མཐོང་རྒྱུད་ལ་སྐྱེད་པ་དེའོ།། གཉིས་པ་ནི། གླེང་གཞི་དང་གླེང་བསླང་དུ།། ་བཅས་པའོ།། འབྲས་བུའི་རྒྱུད་ལ་གསུམ་སྟེ། ངོ་བོ་དང་། ངེས་ཚིག་དང་། རྣམ་གྲངསོ།། ངོ་བོ་ནི་སྐུ་གསུམ་གྱི་བདག་ཉིད་དོ།། ངེས་ཚིག་ནི་འབྲས་བུ་ནར་སོན་པས་ན་འབད་རྩོལ་མི་ལོ་རེག་མ་ལུས་པའོ།། རྣམ་གྲངས་གཉིས་ཏེ། ་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུའོ།། དང་པོ་ནི་བདག་དོན་ཆོས་སྐུ་ཐོབ་ནས་གཞན་དོན་གཟུགས་སྐུ་ཐོབ་པས་སེམས་ཅན་གྱི་དོན་བྱེད་པའོ།། གཉིས་པ་མཐར་ཐུགས་གི་འབྲས་བུ་ནི། བདག ་དང་གཞན་དུ་མི་དམིགས་པྲ། འཁོར་བ་དང་མྱ་ངན་ལས་འདས་པར་མི་དམིགས་པ། སངས་རྒྱས་དང་སེམས་ཅན་དུ་མི་འགྲུབ་པའི་གཉིས་མེད་ཀྱི་དོན་དེ་ལས་ཡར་ལ་གཤེགས་སུ་དགུང་ལ་ཤུལ་མི་འོང་ངོ་།། ་བཞི་དུ་རྒྱུད་ཀྱི་ལྗང་ཚད་ནི་བརྒྱད་དེ། ལྟ་བ་དང་། སྤྱོད་པ་དང་། དཀྱིལ་འཁོར་དང་། དབང་དང་། དམ་ཚིག་དང་། བསྒྲུབ་པ་དང་། འཕྲིན་ལས་དང་། མཆོད་པའོ།། འཕགས་ལམ་བཀོད་པ་ལས། ་ལྟ་བ་སྤྱོད་པ་དཀྱིལ་འཁོར་དབང་། དམ་ཚིག་དང་ནི་བསྒྲུབ་པ་དང་། འཕྲིན་ལས་དང་ནི་མཆོད་པའོ་ཅེས་སོ།། ལྔ་པ་རྒྱུད་བཤད་པར་བྱེད་པའི་ཐབས་ནི། ཕུན་སུམ་འཚོགས་པ་ལྔའི་སྒོ་ནས་འཆ་དེ། སྟོན་པ་ཕུན ་སུམ་འཚོགས་པ་དང་། གནས་ཕུན་སུམ་འཚོགས་པ་དང་། འཁོར་ཕུནྡ་སུམ་འཚོགས་པ་དང་། དུས་ཕུན་སུམ་འཚོགས་པ་དང་། བསྟན་པ་ཐུན་སུམ་ཚོགས་པ་དང་ལྔ། ་དེ་ཡན་ཆད་ཀྱིས་ཧྲིལ་གྱིས་དྲིལ་ནས། ཁོག་དཔུང་པ་སྟོང་ཐུན་གྱི་གདམ་ངག་གོ།། ། ལོ་རྒྱུས་ལ་སོགས་གཞན་དུ་ཤེས་པར་བྱའོ།། །། རྫོགས་སོ།། མངྒ་ལ། ་