CLOSE WINDOW

Gbr002.13: 'khor ba rtsad nas gcod pa snyan rgyud yi ge med pa'i man ngag
Wyliee-texts produced with BDRC’s OCR application

སྐུ་གསུམ་སྟོན་པ་ནས་རྒྱུད་པའི།། དཀའ་ཚོམས་བཞི་སྐོར་བཅ་བཞི་འདི།། བློ་རབ་འགའི་སྤྱོད་ཡུལ་ལས།། བློ་དམན་རྣམས་ཀྱི་དུག་དུ་འགྱུར།། འཁོར་བ་རྩད་ནས་གཅོད་པ་གསེར་གྱི་ཐིགས་པའི་མན་ངག་ཞེས་བྱ་བ།། ་སློབ་དཔོན་ཤྲི་སིང་ངས་མཛད་པཔོ་རྫོགས་སོ།། རྒྱ་གར་གྱི་མཁས་པ་ཤྲི་སིད་ངས་གསུངས་པ།། བོད་པན་བཻ་རོ་ཙ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སཾ་ས་ར་མུ་ལ་ཚེ་དྷ་ཀར་རྨ་ཏན་ཏྲེ་ཎཀྵ་ར་དེ་ཤ་ཁོད་སྐད་དུ། ་འཁོར་བ་རྩད་ནས་གཅོད་པ་སྙན་རྒྱུད་ཡི་གེ་མེད་པའི་མན་ངག། སྐུ་གསུམ་ཐིག་ལེར་འདུས་པ་ལ་ཕྱག་འཚལ་ལོ།། ཧེ་དུ་ཙཀྲ།། གདོད་ནས་མ་སྐྱེས་རིས་མེད་ཨ།། ཀུན་གཞི་རྩ་ནས་གཅད་པ་དང་།། ཤེས་བྱ་གྲས་ཐག་ཆོད་པ ་ཡིས། རིག་པ་རང་སར་གྲོལ་བའོ།། བཛྲ་ས་ཏྭ་དྷེ་ཤ། དྲན་པ་དངོས་མེད་རིག་པའི་རྒྱུན།། ཐོག་མ་ཉིད་ནས་ཁམས་གསུམ་འཁོར།། ངོས་ཅིག་རྒྱུན་ནི་ཐ་དད་པ།། རང་བཞིན་མི་གཉིས་ལྷུན་གྱིས་གྲུབ།། ཨ་མྲི་བྷི་མ། གཞི་ལམ་འབྲས་བུ ་འདུས་པའི་རྒྱུད།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འགྲོལ།། སྐུ་བཞི་ཡེ་ཤེས་རྣམ་པར་དག། ཐུག་རྗེ་རོལ་པ་འགག་པ་མེད།། ཀན་ཙ་བྷྲྀ་དུ། སྐུ་གསུམ་སྟོན་པ་ནས་བརྒྱུད་པའི།། སྙན་བརྒྱུད་རྡོ་རྗེ་ཟམ་པ་འདི།། ཐོད་རྒལ་བློའི་སྤྱོད ་ཡུལ་ལས།། སྐལ་མེད་རྨོངས་པ་སྙིང་རེ་རྗེ།། དྷོ་ཧ་བཛྲ་ལི་ཏ་མེ་ཀོ་ལ་ཨ་ཧོ།། འཁོར་བརྩད་ནས་གཅོད་པར་བྱེད་པ།། སྙན་བརྒྱད་ཡི་གེ་མེད་པའི་མམ་གེ། སློབ་དཔོ་མ་ཤྲི་སིང་ངས་མཛད་པའོ།། ། རྫོགས་སོ།། ་རྒྱ་གར་སྐད་དུ། སཾ་ས་ར་མུ་ལ་ཚེ་དྷ་ཀར་རྣ་ཏན་ཏྲེ་ཎཀྵ་ར་དྷེ་ཤ། བོད་སྐད་དུ། འཁོར་བ་རྩ་ནས་གཅོད་པ་སྤྱན་རྒྱུད་ཡི་གེ་མེད་པའི་མན་ངག། སྐུ་གསུམ་ཐིག་ལེར་འདུས་པ་ལ་ཕྱག་འཚལ་ལོ།། གདོད་ནས་མ་སྐྱེས་རིས་མེད་ཨ། ་ཏྲཥྚ་ཀར་ནཱ་ཏན་ཏྲེ།། ཀུན་གཞི་རྩད་ནས་གཅད་པ་དང་།། ཤེས་བྱ་གྲས་ཐག་གཅད་པ་དང་།། རིག་པའི་གནད་ནི་བསྡུ་བའོ།། ཀ་བ་བྷི་བ་ཀར་རྣ་ཏན་ཏྲེ།། རྫོང་དང་འཕྲང་དང་ཀློང་དང་གདེང་།། གཉིས་མེད་དབྱེར་མེད་ཟུང་འཇུག ་སྐུ། བདུད་རྩི་ལྟ་བུ་བཞི་དང་སྦྱར།། རྩ་རྒྱ་ཀར་རྣ་ཏན་ཏྲེ།། ཚིག་དྲུག་དོན་དྲུག་རྩལ་དྲུག་སྟེ།། ཆེ་བ་དྲུག་དང་ཐིག་ལེ་དྲུག། འགྲོ་དྲུག་འཁོར་བའི་དྲ་བ་གཅད།། ཕ་ལམ་ཀར་རྣ་ཏན་ཏྲེ། རྨད་བདེ་ནམ་རྗེ་རྩེ་ཀུན་སྲོག། མྱུ་ཡིད་བདེ་སྤྱི་ཏིག ་སྒྲོན་མས།། འཁོར་བ་རྩད་ནས་གཅད་པར་བྱ།། སྐུ་གསུམ་སྟོན་པ་ནས་བརྒྱུད་པའི།། སྨན་བརྒྱུད་རྡོ་རྗེ་ཟམ་པ་འདི།། ཐོད་རྒལ་བློའི་སྤྱོད་ཡུལ་ལས།། སྐལ་མེད་རྨོངས་པ་སྙིང་རེ་རྗེ།། དྷོ་ཧ་བཛྲ་གི་ཏ་མ་ཀོ་ལ་ཨ་ཧཾ།། ་འཁོར་བ་རྩད་ནས་གཅོད་པར་བྱེད་པ།། སྙན་བརྒྱུད་ཡི་གེ་མེད་པའི་མན་ངག། སློབ་དཔོན་ཤྲི་སི་ངས་མཛད་པའོ་རྫོགས་སོ།། །། རྒྱ་གར་སྐད་དུ།། ཏྲི་ཤ་ཨ་ཀ་ཤ་ནི་སན་ཏི་ཏན་ཏྲ་པན་རྩི་ཀ། བོད་སྐད་དུ། ལྟ་བ་ན་མཁའ་དང ་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ།། སྤྲོས་བྲལ་རོག་པའི་ལྷ་ལ་ཕྱག་འཚལ་ལོ།། ཨེ་མ་སྤྱད་དོན་གསུམ་དུ་བཤད།། གླེང་གཞི་སྐྱེ་བ་མེད་པ་དང་།། དངོས་པོ་ཟབ་མོ་བཅུ་གཉིས་དང་།། གཏད་བ་འགྱུར་བ་མེད་པའོ།། སྐྱེ་བ་མེད ་