CLOSE WINDOW

Gbr002.12: 'khor ba rtsad nas gcod pa gser gyi thig pa'i man ngag
Wyliee-texts produced with BDRC’s OCR application

བརྩད་ནས་གཅོད་པ་རྡོ་རྗེ་སེམས་དཔའི་ནམ་ངག་ཅེས་བྱ་བ།། སློབ་དཔོན་ཤྲི་སིང་ངས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ།། སཾ་ས་ར་མུ་ལ་ཚེ་དྷ་ཀན་ཚ་བིན་དུ་དྷེ་ཤ། བོད་སྐད་དུ། འཁོར་བརྩད་ནས་གཅོད་པ་གསེར་གྱི་ཐིགས ་པའི་མན་ངག། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཨ་ཏི་ཡོ་ག་མ་སྐྱེས་ཨ། རྨད་འབྱུང་རྡོ་རྗེ་ཀུན་གྱི་གཞི།། གཅུ་གཉིས་རོལ་བ་རྨད་དུ་བྱུང་།། འཁོར་བའི་སྡུག་བསྔལ་རྩ་དེ་ནས་གཅད།། མན་ངག་གསེར་གྱི་ཐིགས་པའོ།། ། དྷརྨ་ཙ ་པྲ་ཏི་ཧཾ།། ལེ་རྩེ་བཅུ་གསུམ་རྡོ་རྗེ་རྩེ།། ལེའུ་བཅུ་གསུམ་མན་ངག་ཐེས།། ལྔ་ཚན་ལྔ་ལ་གདམ་ངག་ལྔ།། བཞི་སྐོར་གསུམ་ལ་གཏན་ཚིག་བཞི།། རྒྱན་བརྒྱད་ཀྱིས་ནི་རྣམ་པར་བསྲེགས།། འཁོར་ལོ་གསེར་གྱི་ཐིགས་པའོ།། ། ཛྙཱ་ན་དྷ་ཀི་ཏད་ཏྲ་ཨ ་ཨེ་མ་མཁའགྲོའི་ཕྱག་ན་ནི།། ཀློང་དགུ་ལེའུ་འབུམ་ཕྲག་ལྔ།། བམ་པོ་བརྒྱད་ཁྲི་བཞི་སྟོང་ལས།། སྟོན་པ་བབ་མོའི་རྒྱུད་བཞི་ཕྱུང་།། རྒྱུད་བཞི་འགྲེལ་བཞི་རྩ་བ་བཞི།། སྟོན་པ་སྐུ་གསུ་ཆོས་ཡིན་ལ།། རྒྱན་ཆོས་བརྒྱད་དང་མན་ངག་གཅིག། ་ཤྲི་སིང་ང་བ་ཡིས་བྱས།། ཆོས་ནི་ཉི་ཤུ་རྩ་ཅིག་ལས།། ལྷགས་ན་གཞན་གྱིས་བསླད་དེ་ལྟུང་།། ཆད་ན་མ་བུ་མི་འཁྲིགས་སོ།། ཁ་བྱང་གསེར་གྱི་ཐིགས་པའོ།། །། བཛྲ་ས་ཏ་ཨུ་ཁཾ་དྷེ་ཤ།། སློབ་དཔོན་སྙིང་བཏོན་གདམ་ངག་ཐོབ།། མཚམས ་མེད་གསུམ་གྱིས་རྫོགས་སངས་རྒྱས།། ཕ་མ་བསད་པས་འབྲས་བུ་སྟེག། ལྟ་བས་དམྱལ་བ་ཤིན་ཏུ་ཆེ།། སྣང་བ་ཐ~ཾད་བརྫུན་ལམ་ཁྱེར།། ཅི་སྤྱོད་མོ་གཤམ་བུ་བཞིན་སྤྱོད།། འཁོར་བའི་ཆོས་ལ་ཆགས་པ་སྐྱེད།། བྱ་ལམ་ཁམ་སུ་ཅིག་པུ་སྟོད ་འགྲོ་དྲུག་མ་ཏོགས་སེམས་ཅན་གཉིས།། སྦྲུལ་སྐུ་དམྱལ་བའི་གནས་སུ་འགྲོ།། འགའ་གའི་ཆུ་དང་སིན་དུའི་མཚོ།། ཁྱོད་ཀྱིས་སྲེས་ལ་རྟག་ཏུ་འཐུང་།། ཡུཾ་གྱི་བ་ག་རྒྱུན་དུ་ལྟོས།། བཙུན་མོ་དེས་ཀྱང་མེ་ལོང་སྟོན།། ལྡེམ་དགོངས་གསེར་གྱི ་ཐིགས་པའོ།། མ་ཧཱ་ཀ་རུ་ན་མུ་ནེ།། ལྡེམ་པོ་དགོངས་པ་མ་གྲོ་བར།། སྒྲ་བཞིན་སྤྱད་ན་ལོག་པའི་ལམ།། གོ་རྟོགས་ཁོང་ནས་མ་ཤར་བར།། ཁ་འབྱམ་སོང་ན་བདུད་ཀྱིས་ཁྱེར།། བློ་ཆུང་ཐོས་པ་ཆུང་བ་ནི།། ཁྲོན་པ་ནང་གི་རུས་སྦལ ་འདྲ། བསྟན་ཆོས་ཚིག་མང་ཞེན་པ་ནི།། དོན་མྱ་ངན་སོག་པའི་རྒྱུ།། རིག་པ་ཅུད་ཀྱང་གཟེགས་ན་ནི།། ལོག་ལྟའི་ཤེས་པ་སྐྱེ་ཉེན་ཡོད།། ཡང་དག་དོན་གྱི་རྡེང་མེད་པར།། རྒྱུ་འབྲས་བཀག་ན་ཐར་ལམ་མེད།། དྷོ་ཧ་བཛྲ་གི་ཏ་མ་ཀོ་ལ་ཨ་ཧོ།། ་སྐུ་གསུམ་སྟོན་པ་ནས་རྒྱུད་པའི།། དཀའ་ཚོམས་བཞི་སྐོར་བཅ་བཞི་འདི།། བློ་རབ་འགའི་སྤྱོད་ཡུལ་ལས།། བློ་དམན་རྣམས་ཀྱི་དུག་དུ་འགྱུར།། འཁོར་བ་རྩད་ནས་གཅོད་པ་གསེར་གྱི་ཐིགས་པའི་མན་ངག་ཞེས་བྱ་བ།། ་སློབ་དཔོན་ཤྲི་སིང་ངས་མཛད་པཔོ་རྫོགས་སོ།། རྒྱ་གར་གྱི་མཁས་པ་ཤྲི་སིད་ངས་གསུངས་པ།། བོད་པན་བཻ་རོ་ཙ་ནས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སཾ་ས་ར་མུ་ལ་ཚེ་དྷ་ཀར་རྨ་ཏན་ཏྲེ་ཎཀྵ་ར་དེ་ཤ་ཁོད་སྐད་དུ། ་