| Wylie | e-texts produced with BDRC’s OCR application |
།། རྒྱུག་མྱུ་སྨྲ། སྱཱ་མྦ་སྤྱན་སྒྱུ་སྨྲ་ན་གས་ཕྱུ ་xxx ་xxx ་xxx ་\ུ0f7f། འཕྲོ། རྡོ་རྗེ་སེམས་དཔའ་འདུས་མ་བྱས།། ཨེ་མ་ངོ་མཚར་རྨད་བྱུང་གཙུག། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀུན་གཞི་བརྩད་ནས་ཇི་ལྟར་གཅད།། ་ཤེས་བྱའི་གྲག་ཐག་གཅད་པ་ཅི།། རིག་པའི་གནད་ནི་གང་དུ་བསྡུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། འགྲོ་བ་ཀུན་ལ་རང་བཞིན་གནས།། མ་རིག་ལས་དང་རླུང་གིས་འཁོར།། རྟོགས ་ན་རྫོགས་སངས་རྒྱས་སུ་ངེས།། ཨེ་མ་རྡོ་རྗེ་སེམས་དཔའ་ཉོན།། ལྟ་བས་ཕྱི་རྒྱ་རླབས་ཀྱིས་གཅད།། ཏིང་ངེ་འཛིན་ལ་འབྱུང་འཇུག་མེད།། གཉིས་མེད་རྫོང་ན་ཡངས་པའི་རྒྱ།། ཀུན་ཏུ་བཟང་པོ་བདེ་བ་ཆེནས།། ཨེ ་མ་སེམས་དཔའ་རྡོ་རྗེ་ཆེ།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། ན་མཁའ་བཞིན་དུ་སྤོས་དང་བྲལ།། སྣ་ཚོགས་རང་བཞིན་མེ་གཉིས་ཆེ།། ཐིག་ལེར་རྫོགས་པས་མཚོན་དུ་མེད།། ཨེ་མ་ཀུན་བཟངས་བཅོམ་ལྡན ་ཆེ། སྐྱེ་བ་མེད་པའི་ཆོས་ཉིད་ལ།། སྐྱེ་བའི་ཆོ་འཕྲུལ་ཅི་སྟེ་འོང་། ཀུན་ལ་དེ་བཞིན་ཉིད་ཡོད་ན།། འབད་པ་མེད་པར་གྲོལ་བར་རིགས།། འཁྲུལ་པས་འཁོར་བ་ཇི་ལྟ་བུ།། རྟོགས་པའི་ཐབས་སུ་གང་ཆེ་ལཾ་ལགས།། ་ལྟ་སྒོམ་སྤྱོད་འབྲས་བྱེ་བྲག་གང་། ཐམས་ཅད་སེམས་ཉིད་ཤར་བ་ལ།། བར་དོའི་ཤེས་པ་ཡོད་དམ་མེད།། རིག་པ་སྤྲོས་དང་བྲལ་བ་ལ།། བསྒོམ་དུ་ཡོད་པ་ཡིན་ནམ་མེན།། སྣ་ཚོགས་རང་བཞིན་གཉིས་མེད་ལ།། འབྲས་བུ་ཐོབ་དུ་ཡོད་དམ ་མེད།། མཚོན་མེད་ཐིག་ལེའི་ཡེ་ཤེས་ལ།། ཐུགས་རྗེ་འབྱུང་ངམ་མི་འབྱུང་ལགས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། གླེབ་གཞིའི་ལེའུ་སྟེ་དང་བའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྐྱེ་བ་མེད་ལས ་ཐཾངད་སྐྱེས། སྐྱེས་ཙམ་ཉིད་ན་ངོ་བོས་སྟོང་།། དེ་ཉིད་སྐྱེ་མེད་སྙིང་པོ་ཡིན།། གདོད་ནས་མ་སྐྱེསཚིག་ལས་འདས།། སྤྲོས་བྲལ་བརྗོད་མེད་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམ་ཀློང་།། བགག་བྱ་བ་སྒྲུབ་བྱ་རྣམ་པར་དག། མ་སྐྱེས་རྡོ་རྗེ ་གཉིས་མེད་དང་།། ཡིད་ལ་མི་བྱེད་བྱ་བརྩལ་བྲལ།། མ་བཅོས་སྤྲོས་མེད་ཆོས་ཀྱི་དབྱིངས།། མཐའ་བྲལ་མི་དམིགས་རང་བཞིན་དག། བགྲོད་མེད་ལྷན་གྲུབ་ཡངས་པ་ཆེ།། ཀུན་གྲོལ་ཉག་ཅིག་བདེ་བ་ཆེ།། དམིགས་མེད་ཡེ་ཤེས་རང་སྣང ་དང་། ཁྱབ་བདལ་མཁའ་གསལ་དག་པའི་ཆོས།། སྤྲོས་མེད་བྱང་ཆུབ་སྙིང་པོའི་རྫོངཔ།། བསམ་འདས་བརྗོད་མེད་པང་སར་གྲོལ།། མི་འགྱུར་མཉམ་ཉིད་དཔེ་དང་བྲལ།། དཔེའ་བྲལ་ཡེ་ཤེས་མཚོན་དུ་མེད།། གཉིས་མེད་རྫོགས་པས་མཐའ ་བྲལ་རྫོབ།། མི་སྐྱེ་མི་འགག་ཅིར་མི་དགོངས།། འགག་མེད་ཨ་ལི་ཀ་ལིར་རོལ།། དགག་བསྒྲུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་ཁྲལ།། རྟོང་གསལ་དབྱེར་མེད་ཡེ་ཤེས་ཅན།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད ་ལས། སྐྱེ་མེད་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རྣམ་པར་མི་རྟོགས་སྙིང་པོ་འདི།། ཡོངས་ཀྱི་རྒྱུད་ལ་སྦས་པ་མེད།། དོན་དམ་ཆོས་ཉིད་སྙིང་པོ་འདི།། ་ཀུན་ལ་ཏིལ་མར་བཞིན་དུ་ཁྱབ།། ཟ་མ་ཏོག་གི་ནོར་བུ་བཞིན།། ལྷུན་གྱིས་གྲུབ་ཅིང་ཚང་བའོ།། མི་འགྱུར་ཀུན་རྫོགས་ན་མཁའ་ཆེ།། ཁྱབ་བདལ་འུབ་ཆུབ་ཐིག་ལེར་གཅིག། བརྗོད་བྲལ་རང་གྲོལ་གནས་སུ་དག། རྒྱལ་བ་རྣམས་ཀྱི་ཐུགས་དང ་ནི། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡང་།། སྙིང་པོ་ཡེ་ཤེས་ཡོངས་ལ་ཁྱབ།། མ་ལུས་ཡེ་ཤེས་ཆེན་པོར་གནས།། ཡེ་ཤེས་ཆེན་པོ་གང་འདོད་པ།། རང་གི་སེམས་ལ་བཙལ་བར་བགྱི།། སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད།། ཆོས་ཅན་ཐམས་ཅད ་དེ་བོས་སྟོང་།། མ་རྟོགས་བར་དུ་ཤེས་མི་འགྱུར།། ཡང་དག་བདེན་པའི་སྙིང་པོ་འདི།། རྟོགས་ལྡན་འགའི་སྤྱོད་ཡུལ་ཡིན།། སེམས་ནི་ཡེ་ནས་རྣམ་པར་དག། ཨེ་མ་རང་ལ་གནས་བཞིན་དུ།། གཞན་ནས་ཐོབ་འདོད་ནོར་པའི་ལམ།། རྟོགས ་པར་གྱུར་ན་དེ་བཞིན་ཉིད།། ། མ་རྟོགས་མུན་པའི་མཚོ་ལ་སྤྱོད།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། ཀུན་ཁྱབ་ཡངས་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ་འཁོར་བ་ཐོག་མཐའ་མེད་པ་ནས།། ལྷན་ཅིག་སྐྱེས་པའི་མ་རིག་པས།། ཀུམ་ནས་སློང་བའི་ས་བོན་བྱས།། ལས་དང་ཉོན་མོངས་རྐྱེན་བྱས་ནས།། ཀུན་བརྟགས་མ་རིག་པ་ཡིས་འཁོར།། གྲིབ་མ་གཟུགས་ཀྱི་དཔེ་བཞིན་ནོ།། བསྐྱོད་བྱེད ་ལས་ཀྱི་རླུང་གིས་བརླབས།། ཞེ་སྡང་དམྱལ་བ་ཚ་གྲང་འཁོར།། སེར་སྣ་བཀྲེས་སྐོམ་ཡི་དགས་འཁོར།། གཏི་མུག་བླུན་ལྐུག་བྱོལ་སོང་འཁོར།། འཕྲ་དོག་འགྱུར་བ་མི་རུ་འཁོར།། ང་རྒྱལ་འཐབ་བརྩོད་ལྷ་མིན་འཁོར།། འདོད་ཆགས་ལྟུང ་བ་ལྔ་རུ་འཁོར།། འཁོར་བ་ཟོ་ཆུའི་འཁྱུར་མོ་འདྲ།། ལྷ་མི་གཙང་མའི་ལུས་ཐོབ་ཀྱང་།། མ་རྟོགས་བར་དུ་འཁོར་བར་འཁྱམས།། ཐོག་མཐའ་མེད་ཀྱང་རྟོགས་ན་ཡོད།། ཨེ་མ་ཀུན་བཟངས་བདེ་བ་ཆེ།། གཞི་དང་འཁྲུལ་པ་གང་ལས་བྱུང ་གཅིག་པ་ཡིན་ནམ་ཐ་དད་ཡིན།། སངས་རྒྱས་སེམས་ཅན་གང་སྔ་ལགས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། རྐྱེན་སྣང་ག་བུར་སྨན་དུག་ཚུལ།། གསེར་གྱི་ཉ་མོ་བག་ལ་ཉལ།། ན་མཁའ་སྤྲིན་གྱི་དཔེའ་ཡིས་མཚོན།། ནམ་མཁའ ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། འཁྲུལ་ཚུལ་གནད་ཀྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རྣམ་པར་དག་པ་ལ།། མ་རིག་འཁྲུལ་པའི་གྲིབ་མས་བསྒྲིབས།། བསྒྲིབས་ཀྱང ་ཆོས་ཉིད་སྤོས་དང་བྲལ།། ཁྱབ་བདལ་དོན་འདི་སུ་རྟོགས་པ།། རྒྱལ་སྲས་བཞིན་དུ་དབུལ་བ་སངས།། འདུ་འཕྲུལ་གཉིས་མེད་ཀུན་ཏུ་བཟང་།། མཚན་མ་མ་སྤངས་རང་སར་གྲོལ།། འཁོར་བ་མ་བཀག་གནས་སུ་དག། འཁྲུལ་པ་མ ་བསལ་རྩ་ནས་ཆོད།། དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང་།། རྩོལ་བསྒྲུབ་མེད་པར་ཡེ་སངས་རྒྱས།། ཡིན་པའི་དོན་ལ་ཡིན་པར་ཤེས།། དཔེར་མ་གསེར་ལ་གསེར་མཐོང་བཞིན།། ཡིད་ཀྱི་རྣམ་རྟོག་ཟད་པའོ།། ནམཁའ་ཆེན་པོའི་ཀློང ་ཆེན་བཞིན། ཁྱབ་བདལ་མི་འགྱུར་ཀུན་རྫོགས་གྲོལ།། ཉི་མ་སྤྲིན་མེད་སྙིང་པོ་བཞིམ།། དུས་གསུམ་འགྲིབ་མེད་དེ་བཞིན་ཉིད།། བརྒྱ་བྱིན་གཙུག་གི་ནོར་བུ་བཞིན།། འདོད་དགུ་འབྱུང་ལ་འགྲམ་ཟླ་མེད།། མ་ཀི་ཏའི ་སྨན་བཞིན་དུ། གང་ལ་རེག་པ་སྨན་དུ་འགྱུར།། དགྲ་བཅོམ་རྒྱལ་སྲས་མི་ལུས་མཆོག། རྟོགས་ན་ཁྱད་པར་ཡོད་པའོ།། རྟོགས་པའི་ཐབས་སུ་ཐ~ཾད་ཤར།། ན་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། རྟོགས་ལྡན་མཆོག ་གི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རང་བཞིན་འོད་གསལ་ལ།། སྒྲོ་སྐུར་ལྟ་བ་ཀུན་དང་བྲལ།། ཐམས་ཅད་གཅིག་གི་རང་བཞིན་ལ།། སྤང་འགེགས་བྱིས་པས་བསླད་པ་མེད།། ་དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ།། སྦྱོང་བགྲོད་གཉིས་ལྟ་རང་སར་གྲོལ།། སྐྱེ་འགག་གཉིས་སུ་མེད་པ་ལ།། སྒྱུར་དང་སྤྱོད་ལྔ་རྣམ་པར་དག། དག་པའི་ཀློང་ན་བསྲུང་འཚམས་མེད།། མཉམ་པས་རིམ་པ་བཀོད་པ་མེད།། རྟོགས་པས ་ལྟ་བའི་ཡུལ་ལས་འདས།། གསལ་བས་བསམ་གཏན་སྤྲོས་དང་བྲལ།། ཡུལ་ལས་འདས་པས་སྤྱད་དུ་མེད།། ལྷུན་གྱིས་གྲུབ་པས་རྩོལ་བསྒྲུབ་མེད།། མ་ཡེངས་དྲན་པས་སྤོས་དང་བྲལ།། སྔགས་དང་ཕྱག་རྒྱ་རྣམ་པར་དག། ་སྟོང་ཉིད་དངལ་མཆོད་བཤགས་མེད།། འཁོར་འདས་ཁྱབ་བདལ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས།། འགྲོ་བ་མུ་ཏེགས་རིམ་དགུ་རྫོགས།། ལམ་ལྔ་ཕ་རོལ་ཕྱིམ་བཅུ་རྫོགས།། འཁོར་འདས་བྱང་ཆུབ་སེམས་སུ་རྫོགས ་སྣང་སྲིད་ཐིག་ལེ་གཅིག་དུ་རྫོགས།། དྲན་པ་བཞི་བཞེངས་ཡོངས་སུ་རྫོགས།། རྒྱ་ཆད་ཕྱོགས་ལྷང་མེད་པའོ།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། ནམ་མཁའ་མཛོད་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ ་ལྡན་བཀའ་སྩལ་པ།། རང་རིག་བདེ་བ་ཆེན་པོ་ལ།། བསྒོམ་ཡོད་བསྒོམ་མེད་གཉིས་སུ་མེད།། མིང་ཙམ་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡེངས་རང་སར་གྲོལ།། དྲན་པ་རང་གྲོལ་བདེ་ཆེན་ཀློང་།། སོ་མ་ལྷུག་པ་གྱིན་དྷ་ཙམ།། མིང་ཙམ ་བསྒོམ་ཞེས་དེ་ལ་བྱ།། དྲན་རིག་ཤེས་པ་མ་འགགས་ལ།། འཛིན་རིག་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་རྫོང་།། མཉམ་ཉིད་རྣམ་དག་བདལ་བའི་ཀློང་།། མཁའ་འདྲ་ཡིས ་ལྷུན་གྱིས་གྲུབ།། མ་བརྩལ་རང་བཞག་རྙོག་མ་མེད།། ལྷུན་གྲུབ་རྟོགས་པས་བྱ་བརྩལ་བྲལ།། ཡེ་ནས་རང་བྱུང་ཡེ་ཤེས་ལ།། འཁྲུལ་དང་མ་འཁྲུལ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡིས་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད། ་བསྒོམ་པ་མིང་དུ་བཏགས་པས་ནོར།། ཅི་སྟེ་སྨྲ་བསམ་བརྗོད་ལས་འདས།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། དེ་ཀ་རྟོག་པ་ཆེན་པོ་ཡིན།། མཐོང་ཚོར་དེ་ཉིད་ཀློང་དུ་ཤར།། ཡིད་ལ་མི་བྱེད་བདེ་བ་ཆེ།། ནམ་མཁའ་དང་མཉམ་པ་ཡི་གེ ་མེད་པའི་རྒྱུད་ལས།། བདེ་ཆེན་གསལ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བླང་དོར་མེད་པའི་ཡེ་ཤེས་ནི།། སྐྱེ་མེད་འགག་མེད་ཆོས་ཉིད་ཀློང་།། བྱ་བྲལ་ལྷུན་རྫོགས་བློ་ལས་འདས། ་ཨེ་མ་རང་ལ་གནས་བཞིན་དུ།། སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ།། སྤྱོད་བྱེད་བྲལ་བའི་ཡེ་ཤེས་ལ།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་བཅོས་སུ་ག་ལ་ཡོད།། ཅི་ཕྱིར་དགག་བསྒྲུབ་མེད་པ་ལ།། ་རྩ་ལ་སྤྲུགས་སྨོན་ཆགས་རེ་དོགས་མེད།། ངོ་མཚར་སྨད་འབྱུང་རོལ་པ་འདི།། རྟག་ན་བདེ་བ་ཆེན་པ་རོ་རྟག། ཆད་ན་འཁོར་བ་རྩད་ནས་ཆད།། བྱི་། ཆོས་ཉིད་དབྱིངས་སུ་བྱིང་།། རྒོད་ན་ཡེ་ཤེས་རོལ་པར་རྒོད།། མཉམ་ན་མི་མཉམ་མཉམ་ཉིད་ཀློང ་ཐིམ་ནི་འཁྲལ་སྣང་ཆོས་ཉིད་ཐིམ།། སྐྱེ་མེད་དོན་དེ་ཡི་གེ་གཅིག། བྱ་བྲལ་མཁའ་ལྟར་ཡི་གེ་མེད།། ཡི་གེ་མེད་པྲ་རྒྱུད་ཀུན་མཆོག། ཨེ་མ་རྣམ་དག་བྱ་བརྩལ་བྲལ།། བྱ་བྲལ་དང་ལྔ་རྣ་པར་རོལ།། ཅི་སྤྱོད་དོན་ལ་ས་མ་གཡོས་ཤིང་།། ། ཐུགས་འཕྲད ་རང་གྲེལ་རྩིས་གཟིམ་ན།། མིང་ཙམ་སྤྱོད་ཞེས་དེ་ལ་བྱ།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། རྣམ་རྟོག་ཡེ་ཤེས་སུ་འབར་བའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་མ་སྐྱེས་དོན ་གྱིས།། ཐོབ་བསྒྲུབ་ཀུན་གྱི་ཡུལ་ལས་འདས།། རེ་དོགས་བློ་ལས་རྣམ་པར་གྲོལ།། གོ་བའི་ཡུལ་ན་བདེ་བ་ཆེ།། ངང་དང་རང་བཞིན་བདག་ཉིད་ཀློང་།། རང་བཞིན་རྣམ་པར་དག་པ་ལ།། རོལ་པ་འགག་པ་མེད་པར་ཤར།། མཚན་ཉིད་དབྱེར་མེད་ཆེན་པོ ་ལ། བློ་རྟོག་ཆོས་ཉིད་དབྱིངས་སུ་གྲོལ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བདེ་བ་ཆེན་པོ་ལོངས་སྤྱོད་སྐུ།། རྩལ་དུ་ཤར་པ་སྤྲུལ་པའི་སྐུ།། འདུ་འབྲལ་མེད་པས་རྡོ་རྗེའི་སྐུ།། ཚིག་གི་ཐ་སྙད་མ་ལགས་སམ།། གདོད་ནས་སྙིང་པོ་བྱང་ཆུབ་ལ ་བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད།། སྐུ་དང་ཡེ་ཤེས་ཚིག་ལས་གྲོལ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། སྙིང་པོ་ཀློང་ནས་གྲོལ་བ་ལྔ།། མངོན་སུམ་རྗེས་དཔག་ལོག་པར་རྟོག། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ།། ཅི་སྟེ་བྱ་བ་རྩལ་བྲལ་བའི་ཕྱིམ། ་སྐྱེས་པ་སྐྱེ་མེད་བློ་ལས་འདས།། སྒྲ་དང་ཚིག་གི་མཐའ་ལས་གྲོལ།། སྟོང་པ་ཡེ་ཤེས་སྙིང་པོར་ཤར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩ ་པ། ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ།། འཛིན་པའི་ཤེས་པར་ཡོད་པའི་ཕྱིར།། ཚོར་བ་ཉམས་སུ་མྱོང་བའོ།། སྣང་བ་སེམས་ཉིད་རྒྱན་ཤར་བས།། སྣང་བའི་བར་དོ་སྟོང་རྒྱས་ཐེབས།། བསམ་གཏན་གཉིད་གཉིས་རོལ་མཉམ་ཕྱིར།། རྨི་ལཾ ་བར་རོ་རྣམ་པར་དག། སྐྱེ་ཤི་མེད་པའི་དོན་རྟོགས་པས།། འཚིག་བར་དྲོ་བདེ་ཆེན་ཀློང་།། ཕྱི་མ་བདེ་བ་མཆོག་ཐོབ་པས།། སྲིད་པའི་བར་རོ་ལུས་མི་ལེན།། ལུས་མེད་ལུས་དེ་ལུས་ཀྱི་མཆོག། སྤྲུལ་པའི་སྐུ་དེ་རྣམ་པར་དག། མ་རྟོགས་མོས་པའི ་རྣལ་འབྱོར་ཀྱང་།། ཅི་སྟེ་ལས་ཀྱི་དབང་འགྱུར་ན།། བདེ་བ་མཆོག་གི་ལས་འཕྲོ་འཐུད།། ལས་ལས་གྲོལ་ན་ཐར་པའི་མཆོག། ཇི་ཙམ་པའི་ཚིག་བརྗོད་ཀྱང་།། སེམས་ལས་གུད་ན་ཡོད་མ་ཡིན།། ཕོ་མོ་མ་ཡིན་མ་ནིང་མིན།། ཁ་དོག་དབྱིབས ་དང་མཚན་མ་མེད།། འདས་དང་མ་འོངས་དེ་ལྟ་མེད།། གཅིག་དང་ཐ་དད་ལས་གྲོལ་བ།། དྲན་པ་དངོས་མེད་རིག་པའི་རྒྱུན་།། རླུང་ལ་བརྟེན་ཅིང་རྒྱུན་མེ་ཆང་།། ནམཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། བྱང་ཆུབ་སེམས་ཀྱི་ལེའུ་སྟེ ་བཅུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད།། གཞིག་ཀྱང་རང་བཞིན་རྣམ་པར་དག། རྣམ་པར་མི་རྟོགས་སྤྲོས་བྲལ་མཁའ།། ངོ་བོ་གཟུགས་མེད་ཚོར་བ་མེད།། ་འདུ་ཤེས་འདུ་བྱེད་རྣམ་ཤེས་སྟོང་།། དབང་པོ་ལྔ་དང་ཡུལ་ཡང་སྟོང་།། སྐྱེ་མཆེད་ཁམས་དང་རྟེན་འབྲེལ་སྟོང་།། བདེན་བཞི་གསལ་དང་སྤྲོས་བྲལ་སྟོང་།། ལྷ་དང་ཕྱག་རྒྱ་སྔགས་ཀྱང་མེད།། ཐབས་དང་ཤེས་རབ་བདེ་བ་སྟོང་།། དབུས་མཐའ ་གཉིས་མེད་ཚིག་ཀྱང་མེད།། མེད་དེ་མེད་པའི་སྙིང་པོ་ཅན།། ཡོད་དེ་རྟག་པའི་མཐའ་ལས་འདས།། མཐའ་བྲལ་དོན་གྱི་ཆོས་སྐུ་འདི།། ཕྱོགས་མེད་རྐྱེན་རྣམས་ཀུན་དང་བྲལ།། རང་སྣང་ཐབས་ཀྱི་ཡེ་ཤེས་རོལ།། ཤེས་པ་ཤེས་བྱར་རྣམ་པར་དག། ་སྤྲོས་བྲལ་བསམ་འདས་སྨྲ་རུ་མེད།། མཐའ་བྲལ་ཚིག་གིས་མི་ཕེབས་ལ།། བསྒོམ་ཡོད་བློའི་རྟོག་པ་ཡིན།། བསྒོམ་མེད་སྐུར་བདེ་བས་ལྟ་བ་ལ།། དེས་ན་གཉིས་མེད་བདེ་ཆེན་ཀློང་།། སྤང་བྱ་བླང་བྱ་གཉིས་མེད་རྫོང་།། བཏང་སྙོམས་མངོན་གྱུར ་མེད་པ་ཉིད།། མི་རྟོགས་ན་མཁའི་མཐའ་ལྟར་ཡངས།། ན་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། ཆོས་ཉིད་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་རྣམས་འོད་གསལ་གཉིས ་མེད་ལ།། བདག་དུ་མི་རྟོག་གཞན་མི་རྟོག། མི་རྟོག་རྟོག་ལས་རྣམ་པར་གྲོལ།། གཉིས་མེད་བདེ་བ་ཆེན་པོ་ལ།། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡེངས་དྲན་པ་རང་སར་གྲོལ།། གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད ་རིག་པ་ནང་ན་བསལ།། རྫོགས་ཆེན་རྟོགས་ཀྱི་འབྱོར་ནི།། གསེར་གླིང་བདལ་བའི་ཀློང་ཆེ་མ་བཞིན།། གང་བལྟས་རྫོགས་པ་ཆེན་པོའི་ཀློང་།། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོལ་བསྒྲུབ་མེད་པར་རང་སར་གྲོལ།། གཉིས་མེད་གཉིས་སུ་མེད ་པའི་ཕྱིར།། སྐུ་གསུང་ཐུགས་ལ་བརྟེན་མི་འཆི།། འབྱུང་བ་ལྔ་ལ་རག་མ་ལུས།། སྲིད་གསུམ་ཡེ་ནས་རྣམ་པར་དག། འདོད་ཡོན་ཡེ་ཤེས་ལྔ་རུ་རོལ།། དུག་ལྔ་སྐུ་ལྔའི་ངང་དུ་ཐིམ།། སྡུག་བསྔལ་ཆོས་ཉིད་དབྱིངས་ཀྱི་རྒྱན།། རྣམ་རྟོག་ཡེ་ཤེས་ཆེན ་འབར།། འཁྲུལ་པའི་འགྲོ་འོད་ཟད་པ་དང་། འབྲས་བུ་ཐོབ་ཞེས་རེ་བ་མེད།། མེད་ནས་དོན་མེད་མ་ཡིན་ཏེ།། ལོངས་སྐུ་གཉིས་མེད་ཐམས་ཅད་རྟོགས།། ནམཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས།། འདོད་གསལ་གཉིས་མེད་ཀྱི་ལེའུ ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མིང་ཚིག་སྒྲ་ལས་འདས་པས་ཆེ།། མ་བསླབས་ཀུན་ལ་གྲོལ་བས་མཁས།། མ་བསམས་སྐྱེ་བ་མེད་པ་ཨ།། མ་བསྒོམས་དབྱིབས་སུ་ཐིམ་པས་ཏི།། ཡོ་ག་རྫོགས ་ཆེན་ཆོས་ཀྱི་རྩི།། ཤིན་ཏུ་རྣལ་འབྱོར་ལྷའི་ལྷ།། རྫོད་བཞི་གཉིས་མེད་ཚི་གཅིག་ལྷ།། འཕྲང་བ་ཞི་དབྱེར་མེད་ཚིག་ཆོད་ལྷ།། ཀློང་བཞི་ཟུང་འཇུག་འདའ་ཀའི་ལྷ།། དབུལ་མོ་གཏེར་སྤྲད་སྐུ་བཞིའི་རྡེང་།། རྫོགས་པ་ཆེན་པོ་སྭ་གཅིག་པ།། གང་གི ་དེ་རྟོགས་དེའི་ས།། ཡོངས་སུ་རྫོགས་པས་ཆོས་ཀྱི་རྩི།། བདེ་བ་ཆེ་ལས་གཞན་མེད་དོ།། སྨྲ་བསམ་བརྗོད་མེད་ཆོས་ཉིད་སྐུ།། གཉིས་མེད་བདེ་བ་ཆེན་པོའི་ཀློང་།། སྤྲུལ་བརྒྱན་དང་རོལ་པར་ཤར།། སྐུ་ལྔ་ཡེ་ཤེས་ཐིག་ལེར་རྫོགས།། མ་སྐྱེས ་པའི་དབྱིངས་ཉིད་དུ།། མ་གཡོས་པ་རུ་ཡིད་གནས་པས།། མ་བསྒྲུབས་པའི་འབྲས་བུ་སྟེར།། མ་བསམས་པ་རུ་རེ་བ་སྐོངས།། ཡེ་ཤེས་ཆེན་པོའི་རོས་གང་པས།། མཚོན་དུ་ཡོད་པ་མ་ཡིན་ཏེ།། ཡེ་ཤེས་རོལ་པས་འགྲོ་དོན ་རྫོགས། ནམཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐུ་གསུམ་ཐིག་ལེར་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདི་སྐད་གསུང་།། ཅིར་སྣང་དེ་བཞིན་ཉིད་དུ་གཅིག། འདི་ལ་བཅོས་བསླད་མ ་བྱེད་ཅིག། མ་བཅོས་མཉམ་པའི་རྒྱལ་པོ་དེ།། མི་རྟོག་ཆོས་སྐུའི་དགོངས་པར་གནས།། སྐྱེ་མེད་ལྟ་བ་སྟོང་པ་ཉིད།། ཀུན་ཁྱབ་བསྒོམས་པ་གཉིས་སུ་མེད།། འཁྲུལ་སྤྱོད་སེམས་ཀྱི་རྒྱན་དུ་རོལ།། རྟོགས་པའི་འབྲས་བུ་ཐིག་ལེར་གཅིག། དུས ་གསུམ་གཅིག་སྟེ་ཁྱད་པར་མེད།། གཏན་ཚིག་བཞི་རུ་གཅིག་པའི་ཕྱིར།། ང་ལས་བྱུང་ཞིང་ང་རུ་ཐིམ།། ངའི་རང་བཞིན་འོད་གསལ་ལོ།། ཨེ་མ་སེམས་དཔའ་རྡོ་རྗེ་ཆེ།། ན་མཁའི་མཐའ་ལྟར་ལོངས་སྤྱོད་པས།། ཆོས་དབྱིངས་རྒྱ་མཚོ་ཟད་མི ་ཤེས། བདུད་རྩི་ཐིགས་པ་ལྕེ་ལ་ཞོག། རྒྱལ་པོ་བཙོན་དུ་བཟུང་ཁ་དང་།། གངས་རི་རྩེ་ནས་སྙིལ་བ་སྟེ།། ཤིང་རྟའི་གཟེར་མགོ་གཅད་པར་བྱ།། མཁའ་ལྟར་ཡི་གེ་མེད་པའི་རྒྱུད།། རང་རིག་སེམས་ཀྱི་དཀྱིལ་དུ་ཆོངས།། ཐུགས་རྗེ་ཡེ་ཤེས ་རོལ་པར་འཆར།། ཨེ་མ་ཀུན་བཟངས་རྒྱལ་བའི་ཡབ།། མ་འདྲེས་ཡོངས་རྫོགས་ཟབ་ཅིང་ཡངས།། ནམ་མཁའ་ལྟ་བུའི་རྒྱུད་བསྟན་པ།། མིང་ཚིག་ཡི་གེ་མེད་པ་ལ།། བསྟན་དུ་འོང་བ་ཅིའི་ཕྱིར།། བཅོམ་ལྡན་ཀུན་བཟངས་བཀའ་སྩལ་པ།། ་མཚོན་དུ་མེད་པའི་ཆོས་ཉིད་ལ།། མཚོན་དུ་མེད་པའི་ཚིག་བརྗོད་ནས།། མཚོན་པའི་ཚིག་ལས་རྣམ་པར་གྲོལ།། ལེགས་སོ་སེམས་དཔའ་རྡོ་རྗེ་ཆེ།། དོན་དམ་ཡི་གེ་མེད་པའི་རྒྱུད།། ཁྱོད་ལ་གཏད་དོ་བདེ་བ་ཆེ།། རང་འབྱུང་ཡེ་ཤེས་རྒྱས་ཐོབ་ལ།། ཐིག་ལེ ་ཉག་ཅིག་དང་ལ་བཞོག། ཀུན་ཏུ་བཟང་པོ་བདེ་བ་ཆེ།། ཐིག་ལེ་ཆེན་པོ་ཡི་གེ་མེད།། བྱ་བ་མེད་པ་རྣམ་པར་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་ཤར།། ཀུན་རིག་སེམས་ལ་མངོན་པར་བསྟོད།། ཆོས་ཐམས་ཅད་ན་མཁའ་དང་མཉམ་པ་ཡི་གེ་མེད་པའི ་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཤྲི་སིང་ང་དང་། བོད་ཀྱི་ལོ་ཆ་ང་བོ་རོ་ཙ་ནས་བསྒྱུར་བའོ།། @##། རྒྱ་གར་སྐད་དུ། སརྦ་དྷམ་མ་ཧཱ་སན་ཏིའོ ་རྒྱུད་དྲུག་གནས་སུ་རྣམ་དག་པས།། བརྩལ་བའི་བསམ་པ་བསྐྱོད་པ་མེད།། ལུས་ལ་བསྒྲིབས་པ་མེད་པས་ན།། ཟབ་མོ་དོན་གྱི་མྱུ་གུ་ཡིན།། དེ་ལ་དོགས་མེད་ཀུན་གྱི་གཞི།། དུག་གསུམ་རྩད་ཅོད་བྱང་ཆུབ་སེཾས།། ་འཁོར་བ་ཐམས་ཅད་བསྒྲལ་བའོ།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བྱང་སེམས་མྱུ་གུའི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཁམས་གསུམ་ལས་འདས་རིན་ཆེན་དག། ་བགྲོད་མེད་རྣམ་གྲོངས་ལམ་སྟོན་པ།། གཞན་ནས་རྙེད་པར་མི་འགྱུར་ཏེ།། ཐིག་ལེ་ཆེན་པོ་ཀུན་ཁྱབ་གནས།། རང་འབྱུང་མ་བཅོས་ཡེ་ནས་གསལ།། བཅོལ་བས་བརྩལ་མེད་སྙིང་པོའི་དོན།། རྣམ་སྣང་རྟག་པར་ཀུན་ཏུ་བཟང་།། གཉིས་མེད ་བདེ་མཆོག་ལྷུན་གྱིས་གྲུབ།། རྟག་ཆེན་བདེ་ལ་རྟག་སྤྱོད་པ།། བདེ་ཆེན་ལོངས་སྤྱོད་རྫོགས་པ་ནི།། འདི་ཤེས་རྣལ་འབྱོར་སྤྱོད་ཡུལ་ཏེ།། དྲང་སྲོང་ཆེན་པོ་རྣམས་ཀྱི་ནི།། སྤྱོད་ཡུལ་ཡིན་ཞེས་ངེས་པར་གསུངས།། རིན་པོ་ཆེ་དང་མཉམ་པ་སྐྱེ ་བ་མེད་པའི་རྒྱུད་ལས།། ཡིད་བཞིན་ནོར་བུའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བདེ་བ་ཆེན་པོའི་བྱང་ཆུབ་སེམས།། འགྲོ་བའི་དོན་དུ་འཕྲ་བཀོད་པས།། མ་སྐྱེས་བདེ་བའི་བྱང་ཆུབ་སེམས ་ཉོམ་མོངས་སྐྱོམ་གྱིས་མ་གོས་ཏེ།། ཚོགས་རྣམས་མ་བསགས་སྐྱེ་མེད་ཀློང་།། བདེ་ཆེན་འཕྲ་བཀོད་ལྷུན་གྱིས་རྫོགས།། ན་མཁའ་བཞིན་དུ་ཀུན་ལ་ཁྱབ།། སེམས་ལ་དམིགས་པའི་ཡུལ་མེད་པས།། ལྟ་བ་ཏིང་འཛིན་གསང་བའི་སྔགས།། ་ངོ་བོ་ཉིད་ཀྱི་འཕྲ་བཀོད་པས།། དཔལ་ཆེམ་ཐུགས་རྗེས་འཁོར་འཟུང་།། གཞལ་ཡས་ཁང་ཆེན་དེ་དག་གིས།། ཡིས་རང་ལ་འོད་གསལ་ཏེ།། སྐྱེ་འགག་གཉིས་མེད་མེ་དང་འདྲ།། དག་པའི་སངས་རྒྱས་ལ་མ་ཐོབ་པས།། དོན་དུ་སངས་རྒྱས་ཉིད། ་ལ་གནས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། བདེ་བ་ཉིད་དུ་ཡང་དག་པ།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། བྱང་ཆུབ་སེམས་ཆེན་བདེ་བའི་ཀློང་།། ཤིན་ཏུ་འཕྲ་ལ་རབ་སྦྱངས་པའི།། བདེ་ཆེན་དོན་ལ་བཀོད་པ་དེ།། ཡང་དག་དོན་གྱི་བླ་མ་ཡི།། ་བདེ་བ་འཕྲ་བཀོད་ཐིག་ལེའི་ཀློང་།། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལས།། བདེ་བ་འཕྲ་བཀོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཐེག་པ་ཀུན་ལ་ཁྱབ་པའི།། སྤྱི་གཅོད ་རྒྱལ་པོ་རྫོགས་པའི་མཆོག། འདི་ལ་བརྩལ་དུ་གདོད་སྦེང་།། གཅན་ཟན་ཡོངས་ཀྱི་ཁྲོ་བོ་ནི།། སྤྱི་སྤྱོད་སེང་གེ་རྒྱལ་པོ་སྟེ།། རྩལ་གསུམ་རྫོགས་པའི་རྒྱལ་པོ་ལྟར།། རྫོགས་པའི་སྤྱི་གཅོད་ཨ་ཏི་ནཱི།། འཁོར་བ་རྩད་གཅོད་གཟུང་འཛིན ་འདས། ཝ་སྒྲེས་སེང་གེར་བཅོས་ཀྱང་ནི།། ཀུན་ནས་མི་མཉམ་སྤྱི་གཅོད་ཆེ།། ཡོ་གཱ་རྣམ་གསུམ་ཐེག་འོག་རྣམས།། ཇི་ལྟར་དེ་ལྟར་བལྟས་སྤྱད་ཀྱང་།། རྒྱུ་ལས་རྩོལ་བར་མི་ནུས་སོ།། རྫོགས་པ་སྤྱི་གཅོད་ཨ་ཏི་ནི།། ནམ་མཁའི་ཀློང་ལྟར ་ཡོངས་ལ་ཁྱབ།། རྩོལ་ཞིང་བསྒྲུབས་པའི་ཡུལ་མེད་པས།། བསྒོམ་པར་བྱ་བའི་ཚིག་དང་བྲལ།། རིན་ཆེན་ནོར་ལྟར་དགོས་དགུ་འབྱུང་།། བྱང་ཆུབ་སེམས་བདལ་ཡངས་པའི་ཀློང་།། རང་སེམས་མི་ནུབ་རིན་ཆེན་ཏེར། ་