| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སུ་ཀ་པྲ་ཀ་ཏེ། བོད་སྐད་དུ། བདེ་བ་འཕྲ་བཀོད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། སེམས་ལ་མཐའ་དང་དབུས་མེད་པས། ་ཕྱི་དང་ནང་མེད་ཡེ་ཤེས་མ་བྲལ་ཏེ།། སེམས་ལ་སྤོང་ལེན་མེད་པས་བདེ་བ་འཕྲ་བཀོད་པའོ།། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་དེ་ལ།། སྐྱེ་མེད་ངང་ལ་གནས་པས་བདེ་བ་འཕྲ་བཀོད་པའོ།། ་སྐྱེ་བ་མེད་པའི་བྱང་ཆུབ་སེམས་ཆེན་ལ།། རྫོགས་པའི་ཡང་རྫོགས་བདེ་བའི་ཀློང་ན་འཕྱོ།། རྟེན་པའི་གནས་མེད་ཆགས་པའི་ཡུལ་དང་བྲལ།། འཁོར་བ་མེད་པའི་དོན་དེ་འཕྲ་བཀོད་པའོ།། སྒྲུབ་དུ ་མེད་པས་འབྲས་བུ་ལྷུན་གྱིས་གྲུབ།། བསྒྲུབ་དུ་མེད་པས་ལྷ་རྣམས་མྱ་ངན་འདས།། མཚོན་དུ་མེད་པས་ཡི་གེ་བཀྲི་རུ་མེད།། གདགས་སྐྱེད་ཀུན་དང་བྲལ་བས་བདེ་བ་རང་ལ་སྣང་།། མི་སྐྱེ་གདིང་དུ ་ཆུད་པས་འདུ་འབྲལ་ཡི་ནས་མེད།། མཐའ་དང་དབུས་མེད་བརྡལ་བའི་འཕྲ་བཀོད་པའོ།། གཉིས་སུ་མེད་པའི་རང་བཞིན་ཕྲ་བཀོད་པའོ།། སྣང་མེད་རིག་པ་ཤར་བས་དངོས་པོ་ཀུན་དང་བྲལ།། སྐྱེ་མེད ་དབྱིངས་སུ་ཐུག་པས་སྥོ་རུ་མེད་པ་ཡིན།། མ་བཅོས་ལྷུན་གྱིས་གྲུབ་པས་རིག་པ་རང་ལ་ཤར།། རྟེན་པའི་དབྱིངས་སུ་འབྱུང་བ་ལྔ་ཉིད་ཆོས།། གྲུབ་པའི་སྐུ་མཆོག་ཆོས་སྐུ་བརྡལ་བ་ཆེ།། ་ཡིན་པའི་རྟགས་སུ་ཆགས་སྡང་བྲལ་བས་ན།། འཕོ་འགྱུར་མེད་པས་སྙིང་རྗེ་གདེང་དུ་ཆུད།། འབྲས་བུ་མངོན་སངས་རྒྱས་པའི་བདེ་བ་འཕྲ་བཀོད་པའོ།། འགོག་པའི་ལམ་ཉིད་མཐར་ཕྱིན་ལམ་བགྲོད་པ།། ་གཉིས་མེད་མཉམ་པའི་ཀློང་དུ་མཐར་ཕྱིན་པས།། བཞག་པའི་གཞི་མེད་སྐྱེ་མེད་བྱང་ཆུབ་སེམས་ལ་གནས།། དུག་ལྔར་སྤོང་བ་སྐུ་ལྔ་འཕྲ་བཀོད་པའོ།། སྤྱོད་པ་སྤྱད་དུ་མེད་དེ་ཆགས་སྡང་ཡུལ་ལྔ་འདས།། ་བསྒྲུབས་པས་བསྒྲུབ་དུ་མེད་དེ་ལྷ་ལ་རྟེན་མི་འཆའ།། བསྒོམས་པས་བསྒོམ་དུ་མེད་དེ་དམིགས་པའི་ཡུལ་དང་བྲལ།། བསྲུང་བའི་ཚུལ་ཁྲིམས་བྱ་བ་ཡེ་མེད་དེ།། ཡེ་བསྲུང་གདེང་དང་ལྡན་ན་སངས་རྒྱས་འགྲུབ ་པ་ཡིན།། འཕྲིན་ལས་བཙལ་དུ་མེད་དེ་འཁོར་བ་མྱ་ངན་འདས།། སེམས་ལ་སྐྱེ་ཤི་མེད་པས་བདེ་བ་ཕྲ་བཀོད་པའོ།། མ་གཡོས་དབྱིངས་ན་གནས་པས་གར་ཡང་འགྱུར་བ་མེད།། སྣང་སྲིད་ཀུན་ལ་ཁྱབ་པྲ ་མཐའ་དང་དབུས་མེད་ཡིན།། གང་ཡང་བཀག་པ་མེད་པས་གསང་བ་གྲ་བཀོད་པའོ།། བདེ་བའི་ཀློད་ན་གནས་པས་སྡུག་བསྔལ་བྲལ་བ་ཡིན།། འབྲས་བུ་ཆོས་སྐུར་གྲུབ་པས་མཚོན་པ་མྱ་ངན་འདས།། ཡེ་བརྡལ་འབྲས་བུ་མོ ་སྐུར་ལྷུན་གྱིས་གྲུབ།། ལྟ་བས་བསྟན་པས་ཡེ་ནས་གོལ་ས་མེད།། སྣང་བ་རང་ལ་ཤར་བས་སེམས་ལ་ནུབ་པ་མེད།། མི་ནུབ་རྒྱལ་མཚན་རྩེ་རུ་ཕྱིན་ན་ལྟུང་ས་མེད།། དམིགས་པའི་ཡུལ་མེད་རྟེན་མེད་གནས་དང་བྲལ།། ཆགས ་སྡེང་མེད་ན་སྡུག་བསྔལ་བྲལ་བ་ཡིན།། མི་འགྱུར་ལྷུན་གྱིས་གྲུབ་ནས་བདེ་བའི་ཀློང་ན་གནས།། མཉམ་ཉིད་དོན་དུ་རྟོགས་པས་ཕྲ་བཀོད་པའོ།། བསྒོམ་བསྒྲུབ་མཐའ་ལས་འདས་པས་མཉམ་པའི་ཀློང་ན་གནས།། རང་བཞིན་ལྷུན་གྱིས་གྲུབ་པ ་རྒྱུ་དང་འབྲས་བུ་མེད།། སྣང་བ་དང་ལ་ཤར་བས་ཉིན་དང་མཚན་མོ་མེད།། མ་བཀག་ཀུན་ལ་ཁྱད་པས་ཡེ་བརྡལ་འཕྲ་བཀོད་པའོ།། སྐྱེ་མེད་དབྱིངས་ན་རིག་པ་རང་ལ་ཤར།། དོན་དམ་ངེས་པར་རྟོག་ན་མཉམ་པའི་ཀློང་ན་འབྱོ།། མཉམ་པའི་ངང་ལ ་བཞག་ན་དུས་གསུམ་གཅིག་ཏུ་ངེས།། བྱུང་ཚོར་བྱིང་རྨུག་ཐར་ལམ་མི་ཐོབ་པ།། བསྒོམ་དུ་མེད་པའི་དོན་ལ་གཉིས་མེད་མཉམ་པར་བཞག་པའོ།། སྐྱེ་མེད་དབྱིངས་ནས་རིག་པའི་བཅུད་ཤར་བའོ།། དངོས་པོ་ཀུན་དང་བྲལ་བས་སྣང་བ་རང ་ཤར་བའོ།། གཟུང་འཛིན་རྣམ་རྟོག་དྲལ་བས་བདེ་བ་རང་ལ་ཤར།། ཆགས་སྡང་བྲལ་བས་རྟོགས་པའི་མཐར་ཐུག་པ།། སེམས་ལ་བསྒོམ་དུ་མེད་པས་ཚིག་གི་མཐའ་ཝ་འདས།། བསྒྲུབ་དུ་མེད་པས་ཡི་གེའི་སྒྲ་དང་བྲལ།། བསྲུང་དུ་མེད་དེ་ཡེ ་བསྲུངས་ཕྲ་བཀོད་པའོ།། བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་པ་རྫོགས་སོ།། ། @#། བཅོམ་ལྡན་འདས་རྡོ་རྗེ་བསྐལ་པའི་བདག་པོ་ལ་ཕྱག་འཚལ་ལོ།། སྲིད་པར་བཅས་པའི་འཇིག ་རྟེན་དང་།། ཐུགས་རྗེར་བཅས་པའི་ཕོ་བྲང་ཀུན།། སྤྲུལ་པའི་འཁོར་ལོ་འོད་འབར་བའང་།། མངོན་སུམ་སངས་རྒྱས་མཁའ་ལ་ཤར།། ཕྱོགས་བཅུའི་འཇིག་རྟེན་མང་པོ་ནས།། སྤྱན་དྲངས་ལ་སོགས་རྩོལ་བའི་ནད།། བདེ་བ ་གསལ་བའི་ཐིག་ལེ་ལས།། སངས་རྒྱས་གཞན་དུ་མི་རྩོལ་ལོ།། སེམས་དང་ཆོས་ལས་སངས་རྒྱས་གཞན་ན་མེད།། མཉམ་ཉིད་ན་མཁའ་ལྟ་བུའི་རང་བཞིན་ལས།། སྣ་ཚོགས་མཚན་མ་རྡུལ་དུ་བརླག་པའི་ཕྱིར།། ཕྱག་རྒྱའི་ཚོག ་ཀྱང་བསྐལ་པའི་མེ་ལྟར་འབར།། ཡ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ལས།། རྩོལ་བའི་སྡུགོ་བསྔལ་རྒྱ་མཚོའི་རླབས་དང་འདྲ།། ཆོས་སོ་ཅོག་གི་ངོ་བོ་ཉིད།། མ་བཙལ་བཞག་པས་རྡུལ་དུ་བརླག། ཐམས་ཅད་བདག་ཉིད་རང་གི ་ལྒ། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ལ།། དུས་གསུམ་མཉམ་སྦྱོར་འབྱུང་འཇུག་མེད།། མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར།། ཕྱི་ནང་སྤྱོད་ཡུལ་མ་ལུས་པ།། མཉམ་དག་ལྷུན་གྱིས་གྲུབ་པ་ལ།། དུས་གསུམ་མཉམ་པར ་བཞག་པ་ནི།། བཅིང་དུ་མེད་པའི་ཕྱག་རྒྱ་ཡིན།། མི་ཕྱེད་ཐིག་ལེར་གཅིག་པ་ལ།། དུས་གསུམ་འབྱུང་འཇུག་མེད་པ་ནི།། སངས་རྒྱས་ཀུན་དང་མཉམ་པའི་ཕྱིར།། བ་སྲུང་དུ་མེད་པའི་དམ་ཚིག་མཆོག། ཁམས་གསུམ ་ངོ་བོ་རང་རིག་དབྱིངས། ཁ་ཕྱོགས་བཅུ་བརྒྱ་དང་བྲལ་བ་ཡི།། བཅོས་པ་མེད་པའི་འཁོར་ལོ་ལ།། མ་བཀོད་ཤར་བའི་དཀྱིལ་འཁོར་མཆོག། ཐམས་ཅད་མངོན་སུམ་ཤར་བ་ཡང་།། བྱིན་རླབས་མཐུ་ལ་མི་ལྟོས་པར།། ཡིད་བཞིན། ་ལྷུན་གྱིས་གྲུབ་པ་ནི། བསྔོ་དང་བྲལ་བས་མཆོད་པའི་མཆོག། རྟོགས་པའི་རྒྱལ་མཚན་ཤར་བའི་ཕྱིར།། བདེ་ངོ་བོ་བདག་ཉིད་སྐུ།། དོན་ལ་རིམ་པས་མི་འགྲུབ་པས།། ཐོགས་པ་མེད་པ་དབང་གི་མཆོག། ཕྱོགས་བཅུའི་འཇིག ་རྟེན་རབ་འཇམས་ན།། གཡོ་ཞིང་བསྐྱོད་པའི་ཆོས་རྣམས་ཀུན།། རང་བྱུང་སྤྲུལ་པ་བསམ་ཡས་ཀྱིས།། བྱ་བྱེད་མེད་པའི་ཕྲིན་ལས་ཕུལ།། མི་དམིགས་བྱམས་པ་ཆེན་པོ་སྟེ།། མཐའ་ཡས་ཐུགས་རྗེ་ཆེན་པོ་ཡིན།། རབ ་འཇམས་པདེ་ལ་དགའ་བ་སྟེ།། སྟོང་ཉིད་གསལ་བ་གཏང་སྙོམས་སོ།། གསང་སྔགས་ཆེན་པོའི་ཁྱད་པར་ནི།། རང་རིག་རྒྱལ་བའི་ཐུགས་རྗེ་ཡིས།། བག་ཆགས་རྡུལ་དུ་བརློག་པ་དང་།། མཚན་མ་ཟིལ་གྱིས་གནོན་པ་ནི།། ་ཁྱུང་ཆེན་མཁའ་ལ་ཐོགས་མེད་པས།། སྟེང་འོག་རིམས་ཀྱིས་མི་བགྲོད་སྟེ།། སྣང་བ་དུས་གཅིག་གསལ་བ་ནི།། སྐྱེ་འགྲོ་འདུལ་བའི་གཉེན་པོ་ཡིན།། སེ་གེའི་སྐད་ལ་འཇིགས་མེད་པས།། གཅན་ཟན་རིམས་ཀྱིས་མི་འདུལ ་ཏེ།། གཞན་གྱིས་རྩོལ་བས་མི་ཆུང་བས།། དུད་འགྲོ་འདུལ་བའི་གཉེན་པོ་ཡིན།། རང་བཞིན་གསལ་བའི་བྱང་ཆུབ་སེམས།། རྒྱུ་འབྲས་རིམས་ཀྱིས་མི་བགྲོད་སྟེ།། བདེ་ཆེན་མཁའ་ལ་ཐོགས་མེད་པས།། རྣམ་རྟོག ་སྒྲོལ་བའི་གཉེན་པོ་ཡིན། བྱང་ཆུབ་སེམས་མི་འགྱུར་བའི་རྡོ་རྗེ། ཐུགས་རྗེ་ཆེན་པོའི་འོད།། ག་ནམ་སླར་འདེབས་རྫོགས་སོ།། །་