CLOSE WINDOW

Gbr001.7: la zlo gsang ba'i 'khor lo zhes bya ba'i rgyud
Wyliee-texts produced with BDRC’s OCR application

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད།། དེ་ནས་སེམས་དཔའ་ཆེན་པོ་ལ།། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས།། ཆོས་ཐམས་ཅད་ལ་ངེས་པ་དང་། དམིགསུ་མེད ་པར་དགོངས་ནས། ལ་ཟློ་གསང་བའི་འཁོར་ལོ་འདི་གསུངས་སོ།། དེ་ཡང་ཇི་ལྟར་གསུངས་པ་ཡིན་ཞེ་ན། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས།། རང་བྱུང་ཆོས་ཀྱི་དབྱིངསུ་ལ་བཟླས་པས།། རང་བྱུང ་ངོ་བོ་མངོན་དུ་ཕྱུང་བ་ལ།། ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་ཡང་།། རང་ལ་རྫོགས་ཤིང་རང་ལ་ཚང་བར་སྟོན།། དམིགསུ་མེད་པ་དབྱིངསུ་ལ་ཟླ་ཡིན།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས ་རྣམ་ལྔ་རང་ལ་ཇི་ལྟར་ཚང་བར་སྟོན།། རང་ལ་དམིགསུ་མེད་པས་ལ་ཟླ་ཅི་ཡི་ཕྱིར།། ཞེས་ཞུས་སོ།། ཀྱཻ་སེམས་དཔའ་ཆེན་པོ་དགོངས་ཤིག། མིག་གི་དབང་པོ་སྟོན་པའི་ངོ་བོར་བྱུང་།། ལྕེ་ཡི་དབང ་པོ་བསྟན་པའི་ངོ་བོར་བྱུང་།། རྣ་བའི་དབང་པོ་འཁོར་གྱི་ངོ་བོར་བྱུང་།། སྣ་ཡི་དབང་པོ་དུས་ཀྱི་ངོ་བོར་བྱུང་།། ལུས་ཀྱི་དབང་པོ་གནས་ཀྱི་ངོ་བོར་བྱུང་།། ཇི་ལྟར་བྱུང་བའི་གཏན་ཚིགས་བསྟན་པ་ནི།། ་མིག་གི་དབང་པོས་གཟུགས་རྣམས་ཅར་ཡང་སྟོན།། ཀུན་བྱེད་རྒྱལ་པོའི་སྐུ་རུ་བསྟན་པ་ཡིན།། དེ་ལས་གཞན་པའི་སྟོན་པ་དམིགསུ་མེད།། དེ་ལས་སྟོན་པ་རང་ལ་ཚང་ཞེས་གསུངས།། ་ལྕེས་ནི་སྣང་སྲིད་ཚིག་དང་ཡི་གེར་བརྗོད།། སྒྲ་རྣམས་བསྒྲགས་པ་སྟོན་པའི་གསུང་ཡིན་པས།། བསྟན་པའི་ཆོས་ཞེས་ཀུན་ལ་གྲགས་པ་ཡིན།། རྣ་བས་སྒྲ་རྣམས་ཇི་ལྟར་གསན་པ་ཡང་།། ཀུན་བྱེད་རྒྱལ ་པོའི་སྐུ་བསྒྲགས་གསན་པ་ལས།། དེ་ལས་གཞན་པའི་སྒྲ་ནི་ཐོས་པ་མེད།། དེ་ཐོས་འཁོར་གྱི་དམ་པར་བྱུང་བ་ཡིན།། དྲི་རྣམས་སྣ་ཚོགས་ཇི་ལྟར་བྱུང་བ་ཡང་།། སྣ་ཡི་དབང་པོ་གཅིག་ལས་མ་འདས་པས ་དབྱེར་མེད་དུས་གསུམ་གཅིག་ཏུ་བསྟན་པ་ཡིན།། མིག་དང་རྣ་བ་སྣ་དང་ལྕེ་ལ་སོགས།། ཐམས་ཅད་ལུས་ལ་གནས་པས་གནས་སུ་བསྟན།། ལུས་གནས་པ་ལ་ཀུན་ཀྱང་གནས་པ་ལས།། ལུས་མི་གནས་ལ ་སུ་ཡང་གནས་པ་མེད།། དེ་བས་ལུས་འདི་གནས་སུ་བསྟན་པ་ཡི་ནི།། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཅིག། ཐམས་ཅད་རང་ལ་ཡེ་ནས་བཙལ་བས་ན།། སྟོན་པ་གཞན་དུ་རྟོག་པར་མ་བྱེད་ཅིག། གདུང་རྒྱུད ་བཟང་དང་རིགིས་རྒྱུད་བཙུན་པ་ལ།། སེམས་དཔའ་རྗེ་རྗེ་ལྟོས་པ་མ་འཇོག་ས་ག། མིག་གིས་མཐོང་བ་སྟོན་པའི་གཟུགས་མཐོང་ཡིན།། དེ་ལས་ལྷག་པའི་ལུང་ནཱི་ངས་མ་བསྟན།། དེ་བཞིན་པ་ལ་གཞན་དུ་རྟོག་མ་བྱེད།། དུས ་དང་གནས་དང་འཁོར་ལ་སོགས་པ་ཡང་།། གཞན་དུ་མ་རྟོག་རང་དུ་བསྟན་པར་ཟད།། བདེན་ཚིག་གཞན་ལ་རྟོག་པར་མ་བྱེད་ཅིག། སྒྲ་ནི་ཇི་བཞིན་མ་ཡིན་བརྗོད་མི་ལང་།། འཁོར་ཡང་བཀྲོལ་བས་མི་ཁྲོལ་དགྲོལ་མི་ལང ་དང་མོས་བསྐུར་བསྟི་ཅན་ལ་དམིགས་མ་བྱེད།། དུས་ཀྱང་དུས་བཟང་འདི་ཞེས་དམིགས་མ་བྱེད།། ཡེ་ནས་དབྱེར་མེད་དུས་སུ་ཚོགས་པ་ཡིན།། གནས་ཀྱང་བླ་ཁབ་གཞན་ལ་མ་ལྟོས་ཙག། ཡེ་ནས་གནས་པས་གཞན་གྱི་རང་བཞིན་ཡིན།། ་དེ་བས་རང་ལ་རྫོགས་པར་བསྟན་པ་ཡིན།། རང་ལ་དམིགས་སུ་མེད་པར་ལ་བཟླས་ཡིན།། ཀྱཻ་སེམས་དཔའ་ཆེན་པོ་ཇི་ལྟར་དགོངས།། སྟོན་པ་ལ་སོགས་ཆོས་ལྔ་སྣང་བ་ཡང་།། སེམས་དཔས་བསྒོམ་པར་བྱ་བ་ཡོད་མ་ཡིན།། ་བསྒོམས་ན་གང་ལྟར་བསྒོམས་ཀྱང་ལ་མ་ཟློས།། རང་ལ་རང་གིས་དམིགས་སུ་མེད་པས་ན།། མི་བསྒོམ་ཞེས་ཀྱང་བཞག་པའི་གནས་ཡིན།། བསྒོམས་ན་གང་བསྒོམས་གང་གིས་ཇི་ལྟར་བསྒོམ།། མི་བསྒོམ་གང་གིས་གང་ལ་ཅི་མི་བསྒོམ། ་དེ་བས་བསྒོམ་དང་མི་བསྒོམ་ཐ་སྙད་ནི།། རྩེ་གདབ་ཀུན་ལས་འདས་པས་གཞན་དུ་འོས་མ་ཡིན།། ལྕེས་སྨྲས། རྣ་བས་ཐོས་པས་ཐོས་པའི་ཤེས་རབ་ཡིན།། རྣ་ཐོས་ཡིད་ཀྱིས་བསམས་པས་བསམ་པའི་ཤེས་རབ་ཡིན།། ་ཡིད་ལ་དམིགསུ་མེད་པས་བསྒོམ་པའི་ཤེས་རབ་ཡིན།། ཤེས་རབ་རྣམ་གསུམ་སོམས་ཀྱི་རང་བཞིན་ལ།། སེམས་ལ་འདི་ཞེས་བརྗོད་དུ་ཡོད་མ་ཡིན།། མ་བརྗོད་སྙན་གྱིས་དེ་ལ་གསམ་དུ་མེད།། དེ་བཞིན་ཡང ་ཀྱི་བསམ་པ་ཀུན་དང་བྲལ།། ཞེས་ཕུན་སུམ་ཚོགས་པ་ལྔ་རང་དུ་ལ་ཟླ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་ལྟ་བསྒོམ་དམ་ཚིག་ལ་བཟླ་བའི་དགོངས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་དགོངས ་ཙག། སེམས་ཉིད་ངོ་བོ་མངོན་དུ་ཕྱུང་བ་ཡི།། སྣང་སྲིད་ལྟ་བའི་ཆོ་འཕྲུལ་ཤར་བ་ལ།། ཡིད་འཇོགས་སེམས་ཀྱིས་བསྒོམ་པར་མ་བྱེད་ཅིག། རང་བྱུང་བསྒོམ་པ་རྫོགས་པར་མ་བསྒོམས་ན།། བསྒོམས་པས་སྣང་སྲིད་བསྒོམ་གྱིས ་མི་ལང་ཅིང་།། བསྒོམས་དང་མ་བསྒོམས་སྟོན་མཉམ་པ་ལ།། འོག་མ་པ་བཞིན་དམིགས་པའི་བསྒོམས་པ་ཡིས།། གང་བསྒོམས་རྩོལ་བའི་ནད་ཀྱིས་ཟིན་པ་ལ།། ཆོས་ཉིད་དོན་དུ་འགྱུར་བ་ཅིག་ཀྱང་མེད།། མ་བསྒོམས ་ངན་དུ་སོང་བའི་རྒྱུ་མེད་པས།། སྒོམ་དང་མི་སྒོམ་དགོངས་པ་མ་ལེན་ཅིང་།། གནས་པ་གཞི་ཆེ་འབྱུང་བ་རྒྱུ་ཕྱུག་པས།། སྣ་ཚོགས་མི་འཆར་གང་ཡང་མེད་པ་ཡིན།། ཅི་བྱུང་རང་ཤར་ཆོས་ཉིད་ངོ་བོར་སྣང་།། གང་ཟག་བློ་ཡི་དེ་ལ་ཇི ་ལྟར་བསྒོམ།། འདི་ཡིན་ངེས་པ་མེད་པས་བསྒོམ་དུ་ཡོད་མ་ཡིན།། བསྒོམ་དུ་མེད་པར་འཇོག་པའི་བདག་པོ་ཡང་།། རྡུལ་ཙམ་ཡོད་པར་ཀུན་བྱེད་ངས་མ་གསུངས།། དེ་བས་རྩིས་མེད་ཕྱོགས་ལས་འདས་པ་ལ།། སེམས ་དཔའ་རྡོ་ལྟ་བསྒོམ་ཡུལ་མ་ཚོལ།། རྟོགས་དང་མ་རྟོགས་བློའི་ཡུལ་ལས་འདས།། བསྒོམ་དང་མི་སྒོམ་དམིགས་པའི་ཆ་དང་བྲལ།། སྣ་ཚོགས་སྣང་ཞིང་བདག་པོ་མ་ངེས་པས།། ནོར་དང་མ་ནོར་སེ་དའ་མ་དགོངས་ཅིག། ་གང་ལ་དགོངས་པར་བྱ་བའི་སེམས་འདི་ཞེས།། སེ་དཔའ་རྡོ་རྗེས་གཞན་ལ་ལུང་མ་བསྟན།། དགོངས་པ་འདི་ཞེས་གཞན་ལ་ལུང་བསྟན་ན།། འཁོར་རྣམས་དགོངས་པའི་ཡུལ་ལ་དམིགས་པ་ཡིན།། བློ་ཆོས་འཛིན་པའི ་མཐའ་ལས་མི་གྲོལ་བས།། དེ་བས་དགོངསུ་མེད་པའི་དགོངས་པ་སྟོན།། ཀྱཻ་སེཾ་དའ་ཆེན་པོ་དེ་དགོངས་ཅིག། སྐྱེ་མེད་རང་ཡིན་གཞན་དུ་མ་བསྒོམ་ཅིག། རང་ལ་བལྟ་བའི་ཡུལ་མེད་ལྟ་བའི་ལ་ཡང་ཟློས།། དམ་ཚིག་རང་ཡིན ་གཞན་དུ་མ་བསྲུང་ཅིག། བསྲུངས་པས་རང་བྱུང་ཆོས་ལ་ཕྲ་དོག་བྱས།། རང་བྱུང་ཆོས་རྣམས་ཅི་བྱུང་ཅི་ཤར་ཡང་།། ཕྲ་དོག་མེད་པར་རང་སར་རང་བཞག་ནས།། བསྲུང་དུ་མེད་པའི་དམ་ཚིག་ཀུན་བསྲུངས་ན།། བདག་མེད་དམ་ཚིག་མེད ་པར་ལ་ཡང་བཟླས།། གང་གིས་འཚམས་མེད་ལྔ་ཡིས་ལས་སྤྱད་ཀྱང་།། རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས།། ཞུམ་པ་མེད་པའི་སྡང་དང་ལྡན་གྱུར་ནས།། ཀུན་བྱེད་ང་ཡི་དམ་ཚག་ལ་ཟླས་ཡིན།། རྩ་བ་ཡན་ལག ་དམ་ཚིག་གཞུང་བསྲུངས་ཀྱང་།། རེ་དོགས་འཇིགས་པའི་སེམས་དང་མ་བྲལ་ན།། དམ་ཚིག་ལ་གནས་དམ་ཚིག་ལ་མི་ཟློས།། བསྲུང་དང་མ་བསྲུང་དམ་ཚིག་ཡུལ་ལས་འདས།། ཉམས་དང་མ་ཉམས་བློ་ཡིས་བླང་བ་མེད།། ་xxx ་xxx ་ང་ཟླ་ནུ་སེཾ་འདིདི།། སྨན་པ་བཟླས་ཏེ་སྨྲ་བར་དང་པཱུར་དཀྵ་ལྱཱ་ཀྐཱམྦྷནྣི་ཁྱུ་བ་གཎྜཱི་ཡ~ཾ་ན་།། ཤཱནས་སྟོ་བོ་ལ་ནི་འརྩོན། ཨོཾ་ཌཱུ་ན་སྦྱི་། ་།། རྫུན་ནི་སྲིང་ན་སྣུ་སྟུན། འི་ནི་སྦྱིན་པ་དུ་སྨྲ་སུ ་xxx ་xxx ་པས་གཟུང་བྱས་ནས།། འབྱུང་བའི་དར་གུད་སྐྱེ་འཇིག་བྱུང་བ་ལ།། སྐྱེ་ཤི་ཡ་ནི་ཞེས་མྱ་ངན་འབྱུང་བ་ཡིན།། བྱང་ཆུབ་སེམས་ལ་སྐྱེ་ཤི་ཡོད་མ་མྱོང་།། དཔེར་ན་ན་མཁའ་སྐྱེ་འཆི་མེད་པ་བཞིན།། དེ་བཞིན་སེམས་ལ ་སྐྱེ་འཆི་མེད་པ་ཡིནི།། འབྱུང་བས་ཆུ་མེ་རླུང་བཞི་ལ་ཡོང་།། སྐྱེ་ཤིའི་ཐ་སྙད་ཡི་ནས་མེད་པ་བཞོན།། དེ་བཞིན་ལུས་ལ་སྐྱེ་ཤི་ཡོད་མ་ཡིནི།། ཀྱེ་སེ་དེའ་ཆེན་པོ་དེ་དགོངས་ཅག།། འདི་ལས་ལྷག་པའི་ཆོས་ལ་མ ་རྟོག་ཤིག། བརྟགས་ན་སྙིང་པོའི་དོན་ལ་སྒྲུབ་པ་ཡིན།། ལུས་ངག་བཅོལ་བ་དང་དུ་མ་ལེན་ཅིག། བླངས་ན་རྩོལ་བའི་ནད་ཀྱིས་གོལ་བ་ཡིན།། གོལ་ས་སྒྲིབ་པ་རང་ས་མ་འཛིན་ཅིག། གང་གིས་རང་ས་གཟུང་བ་དེ ་ཡིས་ནི།། ལྷུན་གྲུབ་སྙིང་པོའི་དོན་ལ་ལ་མི་ཟློས།། ལ་ཟློས་ཆོས་སུ་གསུངས་པ་དེ་ལ་ནི།། བདག་དང་གཞན་དུ་གྲུབ་པ་གཉིས་མེད་པས།། རྩིས་མེད་རྩིས་ལས་འདས་པར་རང་ཡིས་བསྟན།། རང་ལ་ལྷུན་གྱིས་གྲུབ་པས ་བསྒྲུབ་མི་དགོས།། དམིགས་པའི་ཡུལ་ལས་འདས་བསྒོམ་མི་དགོས།། མཚོན་པའི་ཚིག་ལས་འདས་པས་ཤེས་མི་དགོས།། ཡིད་ཀྱིས་བྱས་པ་ཀུན་དང་བྲལ་བས་ན།། གཞུངས་པའི་ཡིད་ཀྱིས་དེ་ལ་བསམ་དུ་མེད།། ་རྒྱུ་མེད་རྐྱེན་ལས་བྱུང་བ་མ་ཡིན་པས།། བསོད་ནམས་ཚོགས་ཀུན་ངེས་པར་བསག་ཏུ་མེད།། ཡེ་ནས་ང་ཡིས་བྱས་པས་ཆོས་ཡིན་པས།། འབྲས་བུ་དུས་ལ་ལྟོས་པའི་རེ་བ་བཅའ་མི་དགོས།། རིག་སྟོང་རྩ་བ་ཡེ་ནས་མེད ་བ་ལ། ཤི་ནས་སྐྱེ་བའི་དགོངས་བསམ་མ་བྱེད་ཅིག། རང་གི་སེམས་འདི་སྐྱེ་བ་མེད་སེམས་ནས།། ཕ་རོལ་མི་འབྱུང་སྙམ་སེམས་མ་འཆའ་ཅིག། ཐོས་དང་བསམ་དང་དགོངས་པའི་ཆོས་རྣམས ་ནི། བྱིས་ཆོས་རྩེད་མོ་ཙམ་དུ་དགོངས་མཛོད་ལ།། དམིགས་མེད་ཕྱོགས་བྲལ་ཕྱོགས་ལས་འདས་པར་མཛོད།། ཕྱོགས་ཆ་བྲལ་བའི་གང་ཐོག་སུ་ཡང་རུང་།། འཁོར་བར་མི་གནས་མྱ་ངན་འདས་མི་གཡོ།། ཡུལ་སེམས ་གཉིས་མེད་དྲན་པའི་རྒྱུ་འགྲུལ་ནི།། བདག་ཏུ་འཛིན་པའི་ཤེས་རྒྱུད་འཆད་པར་ངེས།། སྐྱེ་འཆིལ་ཟླ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སངས་རྒྱས་ལོགས་ན ་མེད་པར་ལ་ཟླ་བ་འདི་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། སངས་རྒྱས་ཞེས་ནི་མང་དུ་བཏགས་པ་ནི།། སྐུ་གསུམ་སྟོན་པ་དྲང་བའི་ལུང་བསྟན་ཡིན།། མི་ཤེས་བྱིས་པ་ལྟ་བུའི་འབྲིད་བཀོལ་ཡིན།། ་སེམས་ཉིད་སྐྱེ་མེད་ང་བྱངས་ལ་ཆོས་སྐུ་བྱས།། བསྒྲུབས་པས་རྣམ་གཅིག་ཐོབ་པར་བྲོད་པ་བསྐྱེད།། སེམས་ཀྱི་རང་བཞིན་ཅིརི་ཡང་སྣང་བ་ལ།། རྣམ་པར་སྣང་མཛད་ཞེས་བྱའི་བསམ་བསྒོམས་པས།། ལོངས་སྤྱོད་རྫོགས་པའི ་སྐུ་རུ་བསྟན་པ་ཡང་།། དེ་བཞིན་ཉིད་དུ་ནམ་ཞིག་འགྱུར་རོ་ཞེས།། དེ་བསྟན་དེ་ཡང་དྲང་བའི་ལུང་བསྟན་ཡིན།། ངེས་པར་འབྱུང་བ་སྨན་པའི་ཤཱག་ཐུབ་ལ།། སྤྲུལ་པའི་སྐུ་ཡིནི་ཚོགས་རྫོགས་ལས་བྱུང་ཞེས།། དེ་བཞིན་ཉིད་དུ ་ཚོགས་ལ་འགོད་པ་ཡང་།། མ་རྟོགས་བྱིས་པ་ལྟ་བུའི་དྲང་ལུང་ཡིན།། སེ་དེའ་དེ་ལྟར་དགོངས་པར་མ་བྱེད་ཅག། ཆོས་སྐུ་ཐག་ལེ་སེམས་ལས་འདས་པ་ཡིནི།། རེས་ཤི་གི་ཙམ་དུ་མཚོན་པར་གསུངས་པ་ལ།། བསྒྲུབ་པར ་བྱ་བའི་དངོས་པོ་ཡེ་ནས་མེད།། ཀུན་གྱི་གཞི་ཡིན་གྲུབ་པ་རྡུལ་ཙམ་མེད།། མིང་དུ་བཏགས་པ་ཙམ་ཀྱང་ནོར་པ་ལ།། ཞེ་འདོད་དམིགས་པ་བཅུག་ན་ཤིན་ཏུ་ནོར།། ཆོས་སྐུ་གཏི་མུག་ཆེན་པོར་ལ་ཟློས་ཅིག། འཇིག་རྟེན ་ཆགས་འཇིག་འབྱུང་བའི་ལོངས་སྤྱོད་རང་བཞིན་ལས།། རྣམ་སྣང་ལྷག་པར་བསྒྲུབས་པས་གྲུབ་པ་མེད།། ཀུན་ཀྱང་རྣམ་སྣང་རང་བཞིན་ལོངས་སྤྱོད་ཡིན།། སེམས་དཔའ་དེ་ལ་བསྒྲུབ་པར་མ་སེམས་ཅག། རྣམ་སྣང་མང་དུ ་བཏགས་པའང་ངས་ནོར་ན།། ངེས་པོར་གཞན་དུ་བསྒྲུབ་ན་ཤིན་ཏུ་ནོར།། སྣང་སྲིད་སྤྲུལ་པར་མ་གྱུར་ཡེ་ནས་མེད།། གཞི་མེད་གཅིག་ལས་སྣང་ཞིང་སྲིད་པས་ན། སྤྲུལ་པ་ཡིན་པར་སེ་དིའིས་རྟོགས་པར་རགས།། ཀུན་ཀྱང་སྤྲུལ་པའི། ་རང་བཞིན་མ་ཡིན་ན།། ཤཱག་ཐུབ་མི་བཞུགས་འགྲོ་དོན་སུ་ཡིས་བྱེད།། དེ་བས་སྤྲུལ་པར་མ་གྱུར་གཅིག་ཀྱང་མེད།། སྤྲུལ་པ་ཤཱག་ཐུ་བ་ངེས་པར་བརྗོད་པས་ནོར།། ཀྱཻ་ཏྲེས་དའ་ཆེན་པོ་དེ་དགོངས་ཅིག། ཕྱོགས་ཆ་ཞེན་པའི་མཐའ ་ལས་མ་གྲོལ་ན།། ཞེ་འདོད་བསྒྲུབ་པ་འཁོར་བའི་གཏིང་རྡོ་ཡིན།། ཕྱོགས་འདོད་ངེས་པ་མེད་པའི་དོན་ལ་དགོངས།། སྣང་བ་མ་ངེས་སྟོན་པའི་དབྱིངས་ན་འབྱམ།། སྟོང་པ་ཕྱོགས་བཟློག་སྣང་བ་རང་ས་འཛིན།། སི་དའ་རྡོ ་དེ་ལ་ཇི་ལྟར་དགོངས།། ཆོས་སྐུའི་མཆོག་ནི་གཏི་མུག་ཆེན་པོར་གསུངས།། དུས་གསུམ་སངས་རྒྱས་ན་རག་གནས་ན་འབྱམ།། དམྱལ་ཁམས་བཅཝོ་བརྒྱད་སྐྱེ་མེད་བཙན་ས་ཟིན།། ཡི་དགས་བཀྲེས་སྐོམ་བདུད་རྩི་ཀི། ་སློང་ན་བྱེད།། ངན་སྐྱུགས་མཐོང་ན་ལྷ་རྣམས་བདུད་རྩི་གསོལ།། མནར་མེད་དམྱལ་བའི་ཚེ་དཔག་མེད་ཀྱང་།། སེས་གོལ་གཏོག་པ་ཙམ་གྱི་ཡུན་ལ་རྫོགས།། སྟོང་གསུམ་ཆེན་པོའི་ཀློང་ཡང་ས་ཁོག་པ་ན། སེམས་ཅན་ཕྲ་མོ་འགྱུར ་ལྡོག་བྱས་པ་མེད།། བསྐལ་པར་བསྒོམས་པའི་བསྒོམ་ཆེན་གནས་ངན་ལེན།། དུག་ལྔ་གྲོགསུ་རྙེད་པའི་ཤེས་བྱ་ཡུལ་སྤངས་ནས།། བསྒོམ་ཆེན་རྣམས་ལ་སྙིང་རྗེ་ལྷུག་པར་བསྐྱེད།། རྟག་ཏུ་བྱམས་པ་བསྒོམས་པས་ཐ་མ་བདུད ་ཀྱི་འཁོར།། ཞེ་སྡང་ལྷུག་པར་སྐྱེས་པས་མཚན་མ་རང་སར་གྲོལ།། ཨེ་མ་ཧོ།། ཁེ་བེལ་ལྟ་བུའི་དགོངས་པ་འདི།། སེ་དེའི་རྡོ་ད་ནི་དགོངས་ལགས་སམ།། སངས་རྒྱས་ལོགས་ནས་མ་ཚོལ་ཅིག། རང་ལ་ཡོད་པ་ལྟར་མི་ཁོམ།། ་མ་ཚོལ་མ་ལྟ་སྒོམ་མ་བྱེད།། མ་སྤྱོད་མ་སྒྲུབ་འཛིན་མེད་ལྷུག་པར་ཞོག། སངས་རྒྱས་ལོགས་ན་མེད་པར་ལ་ཟླ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། རྒྱུ་རྐྱེན་མེད་པར་ལ་བཟླ ་བའི་དགོངས་པ་འདི་གསུང་སོ།། །། ཀྱཻ་ས་དའ་ཆེན་པོ། དགོངས་ཅིག། བྱང་ཆུབ་སེམས་ལ་རྒྱུ་མ་མཆིས་པས་ན།། དེ་བཞིན་རྐྱེན་ཡང་ཡོད་པ་མ་ཡིན་པས།། རྒྱུ་རྐྱེན་བྱས་པའི་ཆོས་ལ་མ་དགོངས་ཅིག། བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད་པ ་ན། ས་ཆུ་མེ་རླུང་བྱང་ཆུབ་རང་བཞིན་ཏེ།། ས་རྒྱུ་རྐྱེན་མེད་པར་རང་བྱུང་བས།། དེ་བཞིན་བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད།། ཆུ་དང་རླུང་ལ་རྒྱུ་མེད་པར།། འབྱུང་བ་མ་འགགས་ཅར་ཡང་འཆར་བ་ལྟར།། བྱང་ཆུབ་སེམས་ཀྱང་བྱས་པ ་མེད་པར་གྲུབ།། ཚོགས་བསགས་ལས་ཀྱི་དོན་ལ་སྦྱར་བ་མེད།། མ་མཐོང་གང་ལ་གང་གོས་ཇི་ལྟར་བསྒོམ།། ཡེ་ནས་དོན་དུ་གཅིག་པོས་བར་ཆད་ཡོངས་ཀྱིས་མེད།། ལམ་ལྔ་རྒྱུ་རུ་བྱས་ནས་གང་བསྒོམ་པ།། འབྲས་བུ་སྤྲུལ་སྐུ ་ཐོབ་པར་འདོད་པའི་ཆོས།། རྒྱུ་འབྲས་གཉིས་མེད་སེམ་སུ་ལ་ཟློས་ཤིག། ས་ལམ་འོག་མ་རྒྱུ་ཡི་ཆོས་བྱས་ནས།། གོང་མ་གོང་མ་འབྲས་བུར་འདོད་པ་ཡང་།། སེམས་ལ་གོང་འོག་མེད་པས་རྒྱུ་འབྲས་མེད།། དོན་ལ་སྔ་ཕྱི་མེད ་པས་རྒྱུ་འབྲས་མེད།། རྒྱུ་འབྲོས་གཉིསུ་མེད་པར་ལ་ཟློས་ཤིག། ཕྱི་བ་ཐུབ་པའི་རྒྱུད་དུ་གསུངས་པ་ཡི།། ལྷ་ལ་གྲོགས་པོ་ཇོ་བོ་སོགས་མཐོང་ནས།། དངོས་གྲུབ་རབ་བསྒྲུབས་བཞིན་དུ་འདོད་པ་ཡང་།། སྒྲུབ་པ་རྒྱལ་གྲུབ་པ་འབྲས ་བུ་འདོད་པ་ན།། རྒྱུ་འབྲས་གཉིས་མེད་རྟོགས་པའི་ལྟ་བ་མེན།། སྒྲུབ་དང་གྲུབ་པ་དོན་ལ་དབྱེར་མེད་པས།། གཉིས་འཛིན་རྟོག་པ་མེད་པར་ལ་ཟློས་ཤིག། ནང་པ་ཐབས་མཁས་པའི་རྣལ་འབྱོར་ཀྱང་།། ཏིངེ་འཛིན་རྣམ་གསུམ་བསྒོམ་པའི། ་ཡན་ལག་གིས།། ཐབས་དང་ཤེས་རབ་གཉིས་མེད་དོན་བལྟས་ནས།། རྡོ་འཆང་གི་འབྲས་བུ་བསྒྲུབ་པ་ཡང་།། རྒྱུ་འབྲས་གཉི་སུ་མེད་པའི་ལྟ་བ་མེན།། ཐབས་དང་ཤེས་རབ་ཏིང་འཛིན་རྣམ་གསུམ་ཡང་།། སྐྱེ་མེད་བྱང་ཆུབ་སེཾས ་ནལ་དབྱེར་མེད་པས།། གཉིས་མེད་རྒྱུ་འབྲས་འདས་པར་ལ་ཟློས་ཤིགི། བསྐྱེད་པ་ཨ་ནུ་ཡོ་གའི་དགོངས་པ་ཡང་།། དབྱིངས་ནི་རྒྱུ་ལ་ཡིས་འབྲས་བུར་འདོད།། ཡུལ་སེམས་བསམ་པའི་མཐའ་དང་མ་བྲལ ་བས། རྒྱུ་འབྲས་གཉིས་སུ་མེད་པའི་ལྟ་བ་མིན།། དབྱིངས་དང་ཡིས་ཐིག་ལེར་དབྱེར་མེད་པས།། བདག་མེད་ཐིག་ལེའི་ངང་དུ་ལ་ཟློས་ཤིག། ཨ་ཏིའི་ཆོས་ལ་ཕྱོགས་ཆུ་མ་མཆིས་པས།། ཕྱོགས་མེད་གང་ལྷུར་སྤྱད ་ཀྱང་འགལ་བ་མེད།། འདོད་ཡོན་ལྔ་ལ་སྤྱད་ཀྱང་བྱང་ཆུབ་ལམ།། གལ་མེད་ཡལ་བར་བར་བསྡུད་ཀྱང་ཡེངས་པ་མེད།། སངས་རྒྱས་བསྒྲུབ་པ་མེད་ཀྱང་སྐྱེ་མེད་དབྱིངས།། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། ་གང་ལ་འདྲེས་པར་མ་བྱེད་ཡེངས་པར་བཞུགས།། ཀུན་གྱི་སྒྲུབ་གནས་སྐྱེ་མེད་ཆོས་ལ་ཡང་།། སེམས་དཔའ་རྡོ་རྗེས་འདྲིས་པར་མ་བྱེད་ཅིག། འདྲིས་ན་གང་ལ་འདྲིས་ཀྱང་ལ་མི་ཟློས།། ལ་ཟླའི་ཆོས་ནི་འདྲིས་པ་ཀུན ་ལས་འདས།། སྐྱེ་མེད་ཆོས་ལའང་འདྲིས་པར་མི་བྱེད་ན།། དངོས་པོའི་ཆོས་ཀུན་འདྲིས་པར་ལྟ་ཅི་སྨོས།། གང་ལ་འདྲིས་མེད་སྲོག་དང་བྲལ་བས་ཆོག། འདྲིས་མེད་བག་ཆགས་བྲལ་བས་སངས་རྒྱས་ས་ལ་གནས།། ་རྒྱུ་རྐྱེན་མེད་པར་ལོ་ཟླ་བའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བཅོས་སུ་མེད་པར་ལ་ཟླ་བའི་དགོངས་པ་འདི་གསུངས་སོ།། ཆོས་ཉིད་དབྱིངས་སུ་རང་བཞིན་སྐྱེད་བྱེད་པས། ་འདས་དང་མ་འོངས་ད་ལྟར་སངས་ཀྱིས།། སྔར་ཡང་མ་བཅོས་ད་ལྟ་འཆོས་པ་མེད།། ཕྱིས་ཀྱང་འཆོས་པར་མི་འགྱུར་བཅོས་མེད་དབྱིངས།། མིག་ལ་གཟུགསུ་ཤར་བའི་སྣང་བ་ཡང་།། མིང་ཡང་ཆེད་དུ་གཟུང་བ ་མེད་པའི་ངང་།། མ་གཟུང་སྣང་བ་ཅི་ཤར་ཀུན་བྱེད་སྐུ།། རྣ་བར་སྒྲ་རུ་གྲགས་པའི་ཆོས་རྣམས་ཀྱང་།། སྙན་དང་མི་སྙན་བྱུང་ཚོར་ཅི་བྱུང་ཡང་།། མ་བཅོས་མི་བཅོས་བཅོས་པ་མེད་པར་བཞག། རང་ལ་ལྷུན་གྱིས་གནས ་པས་བཅོས་མི་དགོས།། བཅོས་ན་བཅོས་པས་འཛིན་པའི་ལ་མི་ཟློས།། དྲི་དང་རོ་དང་རེག་བྱ་ལ་སོགས་པ།། གང་ལེ་བཅོས་པར་མི་བྱ་མི་བཅོས་པར་ཡང་མ་ནི།། གང་ལ་གཉེན་པོ་མ་ཞུགས་བཅོས་མེད་མཆོག། ་བསམ་པ་ཅི་སྐྱེས་རང་བྱུང་ཡེ་ཤེས་ལ།། དེ་ལས་ལྷག་པ་འདོད་ན་རྩོལ་བའི་ནད།། རང་ཤར་འདོད་མེད་ཆོས་ཀྱི་ལ་བཟླས་ན།། འདི་ལ་འདོད་པར་མི་བྱ་དོར་མི་བྱ།། ཕྱི་མར་འདོད་པར་མི་བྱ་དུས་གསུམ་འདོད་དང་བྲལ།། འདོད་བྲལ་ན་བཅོས ་མེད་དབྱིངས་ན་གནས།། ཆོས་ཀྱི་དབྱིངས་ལ་སྔ་ཕྱི་འགྱུར་བ་མེད།། གང་ཟག་བློ་ཡིས་དེ་ལ་བཅོས་སུ་མེད།། འཁོར་བའི་ལུས་ངག་ཡིད་ནི་བཅོས་པ་ལ།། ལ་ཟླ་བ་ནི་རང་བྱུང་ཤར་བས་བཟླས།། ལུས་ལམ་བཅོས་སྐུ་ཡི་ལ་ཟླ་ཡིན།། ངག་མ་བཅོས་པ ་གསུང་གི་ལ་ཟླ་ཡིན།། དྲན་པ་མ་བཅོས་ཐུགས་ཀྱི་ལ་ཟླ་ཡིན།། སངས་རྒྱས་འདོད་བྲལ་སངས་རྒྱས་ལ་ཟླ་ཡིན།། དངོས་པོ་སྤངས་མེད་སྟོང་པའི་ཡ་ཟླ་ཡིན།། སྡུག་བསྔལ་དོར་མེད་བདེ་བའི་ལ་ཟླ་ཡིན།། ཆོས་ཉིད་ཡུལས་འདས་པ ་ལྟ་བའི་ལ་ཟླ་ཡིན།། དམིག་སུ་རྡུལ་ཙམ་མེད་པས་བསྒོམ་པའི་ལ་བཟླ་ཡིན།། ལུས་ངག་རྩོལ་བ་མེད་པས་སྤྱོད་པའི་ལ་ཟླ་ཡན།། སངས་ལ་རྒྱས་མེད་པས་འབྲས་བུ་ལ་བཟླ་ཡིན།། གཞན་དུ་བཙལ་དུ་མེད ་པས་ལམ་གྱི་ལ་ཟླ་ཡིན།། བཅོས་སུ་མེད་པར་སེམས་དཔས་དགོངས་པར་གྱིས།། བཅོས་སུ་མེད་པར་ལ་ཟླ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། དགོངས་པ་ན་མཁ ་ལྟར་ཀུན་ལ་ཁྱབ་པ་འདི་གསུངས་སོ།། ཀྱཻ། སེམས་དཔའ་ཆེན་པོ་དེ་དགོངས་ཤིག། ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ།། ནམ་མཁའ་ཀུན་ཁྱབ་བདག་ཏུ་འཛིན་པ་མེད།། ཆོས་ཉིད་བྱང་ཆུབ་སེམས་ཀྱང་ཀུན་གྱི་རང་བཞིན ་ཏེ། བདག་དང་བདག་ཏུ་གྲུབ་པ་རྡུལ་ཙམ་མིན།། ན་མཁའི་ངང་ན་སྣ་ཚོགས་ཀུན་ཁྱབ་གནས།། འཁོར་དང་མྱང་འདས་ཆོས་ཉིད་དབྱེར་མི་ཕྱེད།། སྣ་ཚོགས་ཇི་ལྟར་ཤར་ཡང་ན་མཁའི་ངང་དུ་རྫོགས།། དྲན་རྟོག་བདེ་དང་། ་སྡུག་བསྔལ་ཆོས་རྣམས་ཀྱང་།། སེམས་ཉིད་སྐྱེ་མེད་དབྱིངས་སུ་མ་རྫོགས་མེད།། སངས་རྒྱས་རང་ལ་རྫོགས་པས་སངས་རྒྱས་ས།། སངས་རྒྱས་འདོད་སྒྲུབ་མེད་པས་ལ་བཟླ་རང་དུ་བཟླ།། འཁོར་བ་རང་ལ་རྫོགས་པས་ལྟུང་བའི་གཡངས ་མིམེད། བདེ་སྡུག་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ།། གཉིས་མེད་རང་ལ་རྫོགས་པས་ཐ་དད་འདུ་ཤེས་བྲལ།། ཉག་ཅིག་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ།། ཐེག་པ་རང་དུ་རྫོགས་པས་གྲུབ་མཐའི་ཁ་འཛིན་བྲལ།། ་སྒོམ་སེམས་སུ་རྫོགས་པས་ལ་བཟླ་རང་དུ་བཟླ།། ཀྱཻ་སེམས་དཔའ་ཆེན་པོ་ད་དགོངས་ག་གི། ན་མཁའ་མཐའ་དབུས་དམི་གསུམ་མཆིས་པས།། དོན་ལ་དམིགསུ་མེད་པར་ལ་ཟློས་ཤིག། ན་མཁའ་ཀུན་ལ་གཙང་རྨེ་མ་མཆིས་པས།། ་གཙང་རྨི་མེད་པར་སེམས་དཔས་ལ་བཟློས་ཤིག། ན་མཁའི་ངང་ལ་ཉནི་མཚན་མ་མཆིས་པས།། ཉནི་མཚན་གསལ་འགྲིབ་མེད་པར་ལ་བཟློས་ཤིག། ནམ་མཁའ་དག་ལ་སྐྱེ་འཆི་མ་མཆིས་པས།། སྐྱེ་ཤིའི་འདུ་ཤེས་མེད་པར་ལ་བཟློས ་ཤིག། ནམ་མཁའ་དག་ལས་སངས་རྒྱས་མ་མཆིས་པས།། སངས་རྒྱས་འདུ་ཤེས་མེད་པར་ལ་བཟློས་ཤིག། ནམ་མཁའ་དག་ལ་སེམས་ཅན་མ་མཚོས་པས།། སེམས་ཅན་འདུ་ཤེས་མེད་པར་ལ་བཟློས་ཤིག། ནམ་མཁའ་དག་ལ་རེ་དོགས ་མ་མཆིས་པས།། རེ་དོགས་འདུ་ཤེས་མེད་པར་ལ་བཟློས་ཤིག། ནམ་མཁའ་དག་ལ་མཐོན་དམན་མ་མཆིས་པས།། མཐོ་དམའ་གཉི་སུ་མེད་པར་ལ་ཟློས་ཤིག། ནམ་མཁའ་དག་ལ་རྩིས་གདབ་མ་མཆིས་པས།། རྩིས་གདབ་འདུ་ཤེས་མེད་པར ་ལ་ཟློས་ཤིག། ན་མཁའ་དག་ལ་ཤེས་རྟོག་མ་མཆིས་པས།། ཤེས་རྟོག་འདུ་ཤེས་མེད་པར་ལ་ཟློས་ཤིག། ནམ་མཁའ་དག་ལ་རློམ་སེམས་མ་མཆིས་པས།། གང་ལའང་རློམ་སེམས་མེད་པར་ལ་བཟློའོ།། ཇི་མི་སྙམ་དུ་དགོངས་པ་དགོངས ་སུ་མེད་པ་ནི།། ཀུན་བྱེད་ང་ཡི་དགོངས་པ་བླངས་པ་ཡིན།། དགོངས་གཞི་ཀུན་དང་བྲལ་བའི་དགོངས་པ་ནི།། དུས་གུ་སུམ་སངས་རྒྱས་ཀུན་གྱི་ལྡེམ་དགོངས་ཡིན།། འཁོར་བ་སྤངས་དུ་མེད་པའི་དགོངས་པ་ནི།། མྱང་འདས་གཞན་མེད ་པའི་ལྡེམ་དགོངས་ཡིནི།། བྱང་ཆུབ་སྒྲུབ་ཏུ་མེད་པའི་དགོངས་པ་ནི།། སྐྱེ་མེད་རང་ལ་གནས་པའི་ལྡེམ་དགོངས་ཡིན།། དྲན་སྣང་དགག་དུ་མེད་པའི་དགོངས་པ་ནི།། དེ་ཉིད་རང་གྲོལ་ཡིན་པའི་ལྡེམ་དགོངས ་ཡིནི། རྟོག་མེད་བསྒོམ་དུ་མེད་པའི་དགོངས་པ་ནི།། ཆོས་ཉིད་འདུ་འབྲལ་མེད་པའི་ལྡེམ་དགོངས་སོ།། ཚོགས་གཉིས་བསག་ཏུ་མེད་པའི་དགོངས་པ་ནི།། ཆོས་ཉིད་རྒྱུ་རྐྱེན་མེད་པའི་ལྡེམ་དགོངས་སོ།། ཅིརི་ཡང་ངེས་པ་མེད་པའི ་ངས་པ་ནི།། འཛིན་མེད་ཆོས་སྐུ་ཡན་པའི་ལྡེམ་དགོངས་ཡནི།། ཀྱཻ། སེམས་དཔའ་ཆེན་པོ་ད་ཉོན་ཅག། ངེས་མེད་ཕྱོགས་ལོག་དགོངས་པ་མ་ལོན་ན།། ཇི་ལྟར་བསྒོམས་ཀྱང་འཆིད་ལ་མ་བསྒོམས་ན་ཡང་འཆིང་།། ལྡེམ ་དགོངས་བསྟན་ཡང་དགོངས་པ་ཞེ་བཞག་ན།། ལྡེམ་པོ་ཉིད་ཀྱི་སེམས་དཔའ་འཆིང་བར་འགྱུར།། ཇི་མི་དགོངས་ཀྱི་རྟོགས་པ་མ་ཤར་ན།། འཁོར་བའི་སྒྲོག་ལས་གྲོལ་བར་མི་འགྱུར་རོ།། དགོངས་པ་ན་མཁའ་ལྟར་ལ་བཟླ་བའི་སྟེ ་བདུན་པའོ།། །། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས།། རྒྱ་མཚོ་ལྟ་བུའི་དགོངས་པ་འདི་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ཆོས་ཉིད་རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ་བའི་ཆོས།། སུས་ཀྱང་འདི ་ལ་དགོངས་པ་རྡུལ་ཙམ་མེད་པ་སྟེ།། རྒྱ་མཚོ་ཆེན་པོའི་ཚུ་ལ་ཁ་གཏིང་དབྱེ་རུ་ཡོད་མ་ཡིན།། དེ་བཞིན་ཆོས་ཉིད་བྱང་ཆུབ་སེམས་ལ་སྒོ་ཕུབས་མེད།། རྦ་དང་རླབས་དང་ཆུ་བུར་རྒྱ་མཚོ་ཆེན་པོར་གཅིག། དེ་བཞིན་འཁོར་དང་མྱང་འདས ་རྟོག་དང་མེ་རྟོག་ཡང་།། ཆོས་དབྱིངས་ཀློང་ན་དབྱེར་མེད་གཅིག་ཏུ་རྫོགས་པ་ཡིན།། ཕྱོགས་བཞི་མཚམས་བརྒྱད་ཆུ་བྲན་ཐཾད་འབྱུང་བ་ཡང་།། རྒྱ་མཚོ་ཉིད་ལུས་བྱུང་ཞིང་རྒྱ་མཚོ་ཉིད་དུ་འདུ་བ་ལྟར།། བརྒྱ་ཁྲི་བཞི་སྟོང་ཆོས ་རྣམས་ཐ~ཾད་འབྱུང་བ་ཡང་།། ཆོས་ཉིད་དབྱིངས་ལས་བྱུང་ཞིང་ཆོས་ཉིད་དབྱིངས་སུ་གཅིག། རྒྱ་མཚོའི་འཛིངས་ལ་གཡོ་འགུལ་ཡེ་ནས་མེད་པ་བཞིན།། སྐྱེ་མེད་དོན་ལ་དུས་གསུམ་འཕོ་དང་འགྱུར་བ་མེད།། རྦ་དང་རླབས ་ལ་འགག་པ་མེད་པ་བཞིན།། སྐྱོན་དང་ཡོན་མི་འགག་ཅིར་ཡང་འཆར་བར་ངེས།། ཤར་ཡང་སྐྱེ་མེད་དབྱིངས་ལས་མ་འདས་དགོངས་མཛོད་ལ།། མ་རྟོགས་སེམས་ཅན་གཞན་ལ་ལེགས་པར་ལུང་སྟོན་ཞིག། ཀྱེ་མ་འཁོར ་དང་མྱང་འདས་དབྱིངསུ་སྦྱོར།། སྣང་སྟོང་དབྱེར་མེད་རྩ་བྲལ་ཕྱོགས་ལས་འདས་པ་ཡིན།། སྲོག་དང་མ་བྲལ་འབྱུང་བ་རང་རངས་འཛིན།། སྐྱེ་མེད་བྱང་ཆུབ་སེམས་ལ་དམིགས་པ་གཉིས་དང་བྲལ།། ཞེ་འདོད་རེ་དོགས་མཐའ་ནི་ངེས་པ་མེད ་པར་གྲོལ།། སེཾ་ན་ཉིད་ནི་ཡེ་ནས་སངས་རྒྱས་དགོངས་པ་འཛིན།། ཆོས་ཉིད་བྱང་ཆུབ་སེམས་ནི་རང་བཞིན་སྐྱེ་མེད།། འབྱུང་བ་ལྔ་རུ་གྲོལ་བས་བར་དོའི་འདུ་ཤེས་བྲལ།། ཐེག་ཅིག་བྱང་ཆུབ་སེམས་ལ་ཀུན་ཀྱང་གནས་པ་ཡིན།། རང་བྱུང་ཡེ ་ཤེས་རྟོགས་ལ་རིག་པ་ནམ་ཡང་མེད།། མ་རིག་འཁྲུལ་པ་རྣམས་ཀྱང་སྐྱེ་མེད་དབྱིངས་ན་འབྱམ།། ཟུ་དུ་བྱུང་བ་ཆོས་ཉིད་རང་མ་ཚོར།། མི་སྲིད་སྲིད་པར་ཤར་བ་སེམས་དཔས་ཇི་ལྟར་དགོངས།། ཆོས་ཉིད་དོན་གྱི་གནས་ལུགས་སྐྱེ་མེད ་བདེ་ཆེན་དེ། ཡོངས་ལ་རྫོགས་པར་ཤེས་ནས་སྨོན་པ་སུ་ལ་འབུལ།། རྒྱ་མཚོའི་ཆུ་ཡིས་ཆུ་ལ་སྨོན་པ་མེད་པ་བཞིན།། བྱང་ཆུབ་སེམས་ཀྱིས་སེམས་ལ་སྨོན་དུ་མེད་པ་ཡིན།། སྨོན་པ་གཞན་དུ་འབུལ་ན་རང ་གི་དོན་རྟོགས་མིན།། དེ་བཞིན་དོགས་པ་བྱེད་པའང་དེ་དང་མཚུངས་པ་ཡིན།། ཡུལ་ལ་དམིགས་པ་བཅུག་ན་རེ་དོགས་ནམ་ཡང་འབྱུང་།། སེམས་ཀྱི་རང་བཞིན་སྐྱེ་མེད་ཡིན་པར་དགོངས་ནས་ནི།། རེ་དོགས་དམིགས་པ་རྡུལ ་ཙམ་མེད་པར་ཤི་བས་ཆོག། ཀུན་ཏུ་བཟང་པོའི་རང་བཞིན་ཉིད་དུ་དེ་འགྱུར་རོ།། བདག་དང་བཅས་པའི་ཡུལ་ལ་འཇུག་པའི་རྒྱུ་མ་མཆིས།། བདག་མེད་སྐུ་གསུང་ཐུགས་ཀྱི་འགྲོ་དོན་རྫོགས་པར་བྱེད།། རྟག་དང་ཆད་པའི་རྩིས་གདབ་བློ། ་ཡིས་མ་ལེན་ཅིག། བློས་བླངས་ཐ་རེ་དོགས་མཐར་ལྷུང་འཆིང་བའི་རྒྱུ།། རྟོགས་པའི་སེམས་ལ་འཆིང་བྱ་འཆིང་བྱེད་གཉིས་ལས་གྲོལ།། སྣང་བ་ཙམ་མེ་ལམ་མེ་འདི་ལས་ལྷག་པ་མེད།། དབང་པོ་འགགས་ན་དེར་འཛིན་སྣང་བ་གྲོལ ་པར་འགྱུར།། སེམས་ཉིད་བྱང་ཆུབ་སེམས་ལ་འཕོ་འགྱུར་ཡེ་ནས་མོད།། སེམས་དཔའ་ཆེན་པོས་དེ་ལྟར་དགོངས་པ་ལོང་མཛོད་ཅིག། ཆོས་ཉིད་རྒྱ་མཚོ་ལྟར་ལ་ཟླ་བའི་ལེའུ་སྟེ་བརྒྱད་པའོ།། ། བྱང་ཆུབ་སེམས་ཀུན ་བྱེང་རྒྱལ་པོས་ཁྱུང་ཆེན་རྩལ་རྫོགས་ལྟ་བུའི་དགོངས་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོད་དགོངས་ཤིག། ཁྱུང་ཆེན་རྩལ་རྫོགས་མཁའ་ལ་ལྡིང་བས་སྤྲོ་བསྡུ་མེད།། སེམས་ཉིད་སྐྱེ་མེད་ཡེ་ནས་རྩལ་རྫོགས་བྱ ་རྩལ་བྲལ། མི་སྤྲོ་མི་བསྡུ་རང་བཞིན་བཞག་པས་ལྷུན་གྱིས་གྲུབ།། མྱ་ངན་འདས་པ་མི་སྤྲོ་འཁོར་བ་ལས་མི་སྡུ།། ཡོན་སེམས་སུ་མཉམ་པས་སྤྲོ་བསྡུ་བྱ་མི་དགོས།། རྣལ་འབྱོར་ཆོས་ལ་མི་སྤྲོ་རྣམ་རྟོག་བསྡུ་མི་བྱ།། ཀྱཻ་སེཾ་སཾ།། ་དཔའ་ཆེན་པོ་དེ་དགོངས་ཤིག། ཁྱུང་ཕྲུག་སྒོ་ངའི་རྒྱ་ལས་གྲོལ་བས་མ་དང་མཉམ།། རྩ་ལེ་དང་གཤོག་རྫོགས་མཁའ་ལ་དབང་སྒྱུར་ལྟར།། བྱང་ཆུབ་སེམས་ཀྱི་རྒྱ་ནི་རྣམ་པ་གསུམ་ཡིན་ཏེ།། སྣང་བ་ཁོ་ནར་འཛིན་པའི་རྒྱ་དང་ལུས ་རྒྱ་དང་། བདག་ཏུ་འཛིན་པའི་རྒྱ་ཡོས་ཡོངསུ་ཟིན་པ་གསུམ།། རྣལ་འབྱོར་རྒྱ་རུ་གསུངས་པ་ང་ཡིས་སྨྲས།། སྣང་བ་ངེས་མེད་དབང་པོ་འགགས་པས་སྣང་བ་གྲོལ།། འབྱུང་བཞི་རང་སར་དེངས་པས་རྣལ་འབྱོར་ལུས་རྒྱ་གྲོལ།། ་ཡུལ་མེད་དྲན་པ་འགགས་པས་བདག་འཛིན་རྒྱ་ལས་གྲོལ།། སྣང་བ་ངེས་མེང་རྟོགས་པས་སྣང་བའི་སྒོ་རྒྱ་ཆག། འབྱུང་བ་རང་ས་ཟིན་པས་ལུས་ཀྱི་སྒོང་རྒྱ་ཆག། དམིགས་པ་རྡུལ་ཙམ་མེད་པས་བདག་འཛིན་སྒོ་ང་རྒྱ་ཆུག། སྒོ་ང་རྣམ ་གསུམ་ཆགས་པས་གནས་ལུགས་མ་བུ་མཇལ།། གནས་ལུགས་གཞི་ནས་སྣང་སྲིད་ཁ་ལོ་བསྒྱུར་བ་བྱེད།། བསྒྱུར་ཡང་བདག་འཛིན་མི་གནས་རྩལ་གྱི་འཆར་ལུགས་ཡིན།། དེ་ནི་ཀུན་བཟང་སྐུའི་ངོ་བོར་ལ་བཟླ་ཡིན།། མ་བུ་དབྱེད ་མེད་ཀུན་ལ་གནས་པ་ཡིན།། དཔེ་ནི་ཉི་ཟླ་ཁ་སྦྱོར་དགོངས་པས་བསྟན་པ་ཡིན།། ཉི་མ་མ་ལྀ་ཟླ་བུ་ཡི་ཚུལ་དུ་བྱུང་བ་ཡིན།། དེ་བཞིན་སྐྱེ་མེད་མ་ལ་ཡིས་བུའི་ཚུལ་དུ་བསྟན་པ་ཡིན།། སྐྱེ་མེད་ཉི་མའི་ཀློང་དུ་ཟླ་བ་ལྟ་བུའི་ཡིས ་ཟིལ་གྱིས་མནན།། ཉི་མ་ཕྱེད་ན་ཟླ་བ་གསལ་དང་མི་གསལ་རྩིས་གདབ་མེད།། སྐྱེ་མེད་དབྱིངས་ན་གནས་པ་རྟོགས་དང་མ་རྟོགས་མེད།། ཟླ་བ་གསལ་ལ་ཉི་མ་ཉེ་བ་མ་ཡིན་དེ་དགོངས་སམ།། འདུ་ཤེས ་གསལ་ལ་སྐྱེ་མེད་ཉེ་བ་མ་ཡིན་རང་།། སྐྱེ་མེད་ཡིས་ཉིད་ཀྱི་ཡིས་རྒྱང་དུ་འཕང་།། འདུ་ཤེས་དྲན་པའི་ཆོས་ལ་དགོངས་པ་མ་ལེན་ཞིག། འདུ་བྱེད་ང་ཡིས་ཆོས་ལ་འདུ་ཤེས་མ་འཇུག་ཅིག། བྱང་ཆུབ་སེམས་ཀྱི་རོ་ལ་མྱང་བར་མ ་བྱེད་ཅིག། དམིགསུ་མེད་པའི་ཆོས་ལ་དམིགས་པ་མ་འཇུག་ཅིག། བླ་དྭགས་ཙམ་གྱི་ཆོས་ལ་རྩོལ་བས་མ་སྒྲུབ་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆེན་པོ་ལ།། ངེས་མེད་རྩོལ་བྲལ་སྔོན་ནས་ཀུན་ལ་ཁྱབ་པར་ཤར།། ང་ལུང ་ཐོས་པས་ངེས་མེད་དགོངས་པ་ད་ལྟ་ཤར།། ཕུང་པོ་བར་བས་ཞི་བ་མཆོག་ལ་ཕྱིན་པར་འགྱུར།། ལྟ་བ་ཁྱུད་ཆེན་ལྡི་ངེས་པའི་དགོངས་པ་ལ་བཟླ་བའི་ལེའུ་སྟེ་དགུ་པའོ།། །། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོས།། ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་འདི་གསུངསོ།། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམསུ་བསྟན་པ་ཡང་།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་བྱུང་བ་ཡིན།། གཟུགས་མེད་ཁམས་ལ་གཟུང་དུ་མ་མཆིས་ངོ་བོས ་སྟོང་། འཛིན་མེད་ཆོས་ཀྱི་སྐུ་རུ་ཡེ་ནས་བཞུགས་པ་ཡིན།། འདོད་པའི་ཁམས་ནི་ལོངས་སྤྱོད་སྐུ་རུ་བཞུགས་པ་ཡིན།། ཉིད་ཀྱིས་ཉིད་ལ་ལོངས་སྤྱོད་སེམས་དཔས་དགོངས་ལགས་སམ།། སེམས་ཀྱི་ལོངས་སྤྱོད་མིན་པ་ཡེ་ནས་ཡོད ་མི་སྲིད། སྔ་མའི་རྒྱགས་ཟད་ཕྱི་མའི་རྒྱགས་ལ་ཁྱོད་བཞིན།། སྔ་མ་གྲོལ་ཞིང་ཕྱི་མའི་འདོད་ཡོན་ཁྱོད་ཡིན།། དེས་ན་འདོད་ཁམས་ཁྱོད་སྐུ་རུ་བསྟན་པ་ཡིན།། སྣང་སྲིད་གཟུགསུ་ཤར་བ་བྱང་ཆུབ་སེམས་ཀྱི་གཟུགས།། ་གཟུགས་ལ་ངེས་པ་མེད་པ་སྣ་ཚོག་སྤྲུལ་པའི་སྐུ།། སེམས་ཉིད་སྐྱེ་མེད་གཅིག་ལས་སྣ་ཚོགས་འབྱུང་བས་ན།། མེད་བཞིན་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་ཡིན་པར་གསུངས།། སྦྲུལ་སྐུ་ཡིན་མིན་དྲན་པ་བརྟག་པར་རགས་སོ་ཨང ་འཁོར་དང་མྱང་འདས་གཉིས་ཀ་སྤྲུལ་པ་འདྲ་བ་ལ།། འོག་མ་རྣམས་ནི་མྱང་འདས་སྤྲུལ་པས་གསུངས་པ་ཡ་ནི།། སྐྱེ་མེད་རྟོགས་ན་སྤྲུལ་པ་ཡོན་མཉམ་པར་གསུངས།། དེ་བས་ཁམས་གསུམ་སྐུ་གསུམ་དབྱིངསུ་གྲོལ་བ་ཡ་ནི།། ་གཅིག་ལ་མ་ཡིན་ཀུན་ལ་གྲོལ་བས་པས་ཡོངས་གྲོལ་ཡིན།། ཡང་ན་ན་མཁའི་ཁམ་སུ་སྨྲ་ནི་དང་ན་བུན་གྲོལ་བ་བཞིན།། སྐྱེ་མེད་དབྱིངསུ་ཁམས་གསུམ་ངང་གིས་གྲོལ་བ་ཡིན།། ཕ་ཤི་བུ་སྐྱེས་ཕ་ལ་བུ་ཡིས་རྩིས་མེད་བཞིན།། ་སྤུ་གྲོལ་ཕྱིས་སྲིད་སྔ་མས་ཕྱི་མའི་གཉེར་སུས་བྱེད།། དེ་བས་སྲིད་གསུམ་རྣམས་དག་མཚན་མ་རང་སྣར་དག། སྔ་ཕྱི་ནི་དོགས་མི་བྱེད་ཀུན་བྱེད་བཀའ་ལ་གནས།། འདོད་ཆགས་ཞེ་སྡང་གཏི་མུག་གཏན་ནུས་བརླག། ཡུལ་ལ་འདས་པར ་གོ་ན་ཡུལ་སྣང་རང་དུ་རྫོགས།། དགོངས་པའི་མཐར་ཐུགས་དགོངས་པ་ཀུན་ལས་འདས་པ་ཡིན།། ཡོངས་གྲོལ་དུ་ལ་ཟླ་བའི་ལེའུ་སྟེ་བཅུ་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བློ་ཐག་བཅད་ཅིང་བསྟན ་པ་གཏད་པ་འདི་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ་བཅད་པ་ནི།། བྱང་ཆུབ་སེམས་ནི་བློ་ཡིན་བློ་ཡིས་བསམས་པ་མེན།། བསམས་ཤིང་བརྟགས་པའི་ཆོས།། ་ནི་རིགས་བྱེད་ཡིས་ཡིན།། རང་བྱུང་ཡིས་རང་ཤར་དེ་ལ་མེད་པ་ན།། བློ་ཡིས་བསམས་ཤིང་བསྒོམས་པའི་ཆོས་ལ་རེ་མ་འཇོག། ཆོས་རྣམས་ཀུན་གྱི་ཐག་ནི་བྱང་ཆུབ་སེམས་སུ་བཅད།། མ་བལྟས་མ་བསྒོམས་བསམས་པ་མེད ་པས་ཐག་ཆོད་ན།། དེ་ལ་རང་བྱུང་ཡིས་ཤར་བས་ཐག་དེར་བཅད།། ཆོས་སྐུ་དམིགསུ་མེད་པར་སེམས་དཔས་བློ་ཐག་ཆོད།། འདོད་ཡོན་ལོངས་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཕན་སེམས་སྤྲུལ་སྐུ་ཡིན་པར་སེམས ་དཔས་བློ་ཐག་ཆོད།། སྣང་བར་རང་སེམས་ཡིན་པར་སེངས་བློ་ཐག་ཆོད།། སེམས་ལ་གཉིསུ་མེད་པས་བག་ཆགས་སྦྱང་དུ་མེད།། ཡུལ་མེད་རང་གསལ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཐག་ལེ་ཉག་ཅིག་སེམས་ཀྱི་རང ་བཞིན་ཡོན་མོད་ཀྱང་།། ཉག་ཅིག་ཅ་ཡང་འབྱུང་བས་སྤོང་དང་སྒྲུབ་མ་བྱེད།། ཀུན་ཀྱང་ཡོན་ཏན་མཉམ་པར་སེམས་དཔས་བློ་ཐག་ཆོད།། ད་ལྟར་སྣང་བའི་སྒྱུ་ལུས་འདི་ཀུན་སེམས་དཔས་ཇི་ལྟར་དགོངས།། འབྱུང་བའི ་ཆོ་འཕྲུལ་ཙམ་དུ་སེམས་དཔས་དགོངས་མཛོད་ལ།། སེམས་ནི་བླ་མེད་ན་མཁའ་ལྟ་བུར་བློ་ཐག་ཆོད།། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཤོཤིག། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་།། ་རང་བྱུང་ཡིས་ཚིག་ཏུ་བསྟན་པའི་མོད་ལུང་ཡན།། སེམས་ལས་རང་བྱུང་ཡིས་གཅིག་ཏུ་ལ་ཟློས་ཤིག། ཕྱི་མ་ལེའུ་བཅུ་དང་གཉིས་སུ་གསུངས་པ་ཡང་།། རང་བྱུང་ཡིས་བསམ་པས་བརྟགས་པ་ཡིན། ་དེ་ཡང་རང་བྱུང་ཅག་ཏུ་སེམས་དཔས་ལ་ཟློས་ཤིག། ཕྱི་མའི་ཕྱི་མ་ལེའུ་བཅུ་དང་ལྔ་རུ་གསུངས་པ་ཡང་།། རང་བྱུང་ཡེ་ཤེས་རྣལ་དུ་འཇོག་པར་དགོངས་པ་ཡིན།། སེམས་དཔའ་རང་བྱུང་ཡེ་ཤེས ་གཅིག་ཏུ་ལ་ཟློས་ཤིག། ཐོས་པས་སྟོན་པའི་ལྡེ་མིག་དང་།། བསམ་པས་གྲོལ་བའི་ལྡེ་མག་དང་། བསྒོམས་པས་འབྱིན་པའི་ལྡེ་མིག་གིས།། ངེས་པར་གཏན་ལ་ཕབ ་པས་ན། སེམས་དཔས་ལེགས་པར་ཐག་ཆོད་ཅིག། ཀྱཻ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། ལ་ཟློ་གསང་བའི་འཁོར་ལོ་འཁོར་བའི་སྲོག་གཅོད་འདི།། སེམས་དཔའ ་རྡོ་རྗེ་ཁྱོད་ལ་འདི་གཏད་དོ།། བློ་ལྡན་བསྐལ་པ་ཅན་ལ་འདི་གསུངས་ཤིག། དམ་མེད་གསོང་སྡོམ་ཆུ་སྐྱུར་གདུངས་པ་དང་། སྲིན་པོ་རག་ཤ་འདྲེ་བརྡུང་མཐུ་ངོམ་དང་། ་རྟག་ཏུ་གྲོང་ཁ་ཡུག་པའི་གླང་རྒན་ལ། རྫོགས་ལྡན་འདི་འདྲའི་དགོངས་པ་མི་བསྟན་ན། རྒྱུད་ཆེན་ལ་བློ་གསང་བའི་འཁོར་ལོ་ཞེས་བྱ་བ། དགོངས་པ་ཀློང་ནས ་ཤར་བའི་རྒྱུ། སེཾས་རྫོགས་པ། འདི་ཐོས་སངྱས་རྒྱས་དགངས་པ་ཡིན།། འདི་བ་སྒོམས་སངས་རྒྱས་དགོངས་པ་སག།། འདི་བ ་སངས་རྒྱས་དགོངས་ལ་གནས།། ཨེ་མ་ཧོ། བསམ་དགོངས་མེད་པར་ལ་ཟླ་བའོ།། ། ཨཱི་ཐཱཾ། མངྒའོ།། ་