CLOSE WINDOW

Gbr001.5: rdo rje sems dpa' nam mkha' che rgyas pa yi ge med pa'i rgyud
Wyliee-texts produced with BDRC’s OCR application

དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཞིང་གཏན་ལ་ཕབ་པ། ཕྱིས་སྐད་སར་ཆས་ཀྱིས་བཅོས་པའོ།། ། རྡོ་རྗེ་སེམས་དཔའ་ན་མཁའ་ཆེ་རྒྱས་པའི་ཡི་གེ་མེད་པའི་རྒྱུད། རྒྱལ་པོ་རྒྱུད་དུ་གསུངས་པ། ་ཡི་གེ་མེད་པ་འདི་གསུང་བའི་ཚེ་ན། ཉིད་དང་ཐ་མི་དྲང་པ་རྣམས། སྔོན་མ་ཐོས་པ་འདི་ཐོས་པས་སྐྲག་པར་གྱུར་ཏོ།། དེ་ནས་རྡོ་རྗེ་འཛིན་པ་ལ་སོགས་པ་འདུན་པ་རྣམས་དང་། སེམས་དཔའ་དང་། ་སྒོ་བ་དང་། སྒོ་མ་དམ་པའི་སྒོ་སྲུངས་གཤིན་རྗེ་གཤེད་པོ་ལ་སོགས་པ་དང་། བཅོམ་ལྡན་འདས་དཔལ་མི་བསྐྱོད་པ་ལ་སོགས་པ་དང་། བཙུན་མོ་རྣམས་དང་། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་པར ་གནས་སོ།། དེ་ནས་འཁོར་རྣམས་ཀྱིས་ཞུ་བ་ཞུས་པ། དེ་བཞིན་གཤེགས་པ་ཉག་གཅིག་གིས། ཐུགས་སུ་ཆུད་པའི་དོན་མཆོག་དེ།། གཟུ་བོ་ཆེན་པོས་བཤད་དུ་གསོལ།། མཚན་མ་རྣམས་ནི་སྤངས་པ ་ཡི། ཐབས་མཆོག་དམ་པ་བཤང་དུ་གསོལ།། ཡི་གེ་མེད་པ་བཤང་དུ་གསོལ།། ཡི་གེ་མེད་པ་ལས་གླེང་གཞིའི་ལེའུ་སྟེ་དྲང་པོའོ།། ། དེ་ནས་བདག་པོའི་མཆོག་རྣམ་པར་སྣང ་མཛད་ཀྱི་སྐུར་བྱུང་ནས།། བཀག་པར་མ་མཛད། འཛུམ་པར་མཛད། འཁོར་གྱི་དོན་དེ་ཐུགསུ་ཆུད་ནས། རིགས་ཀྱི་བུ་ཁྱེད་ཞེས་གསུངས་ཏེ།། ཁྱེད་རྣམས་ལེགས་པར་ཉན་འདོད་ན།། རྒྱུད་འདི་ཤ་ནི ་ཏུ་བརྟག་དཀའ་སྟེ།། མཚན་མ་ཀུན་དང་བྲལ་བསོ།། དཔའ་བོ་ཆེན་པོ་འཇོམས་པ་ནི།། ཤིན་ཏུ་བཟློག་པར་དཀ་ན་ཡང་།། རེད་པའི་ཚུལ་གྱིས་རྣམ་པར་སྦྱང་།། འདུན་པ་དང་བློ་སྐྱེས་པ་ཡང་། ་ངཤ་ནི་ཏུ་བཟློག་པར་རབ་ཏུ་དཀའ།། དེ་ནས་འཁོར་རྣམས་ཀྱི་མགྲིན་གཅིག་དུ་དོན་ཞུས་པ།། བདེ་བར་གཤེགས་པའི་དོན་རྟོགས་པ།། མཚན་མ་མེད་པ་དོན་གྱི་མཆོག། ཡི་གེ་མེད་པའི་དོན ་མ་འཚལ།། བདེ་བར་གཤེགས་པ་ཡི་གེ་མེད།། གང་ཟག་ནོངས་པའི་ཡི་གེ་ཅན།། བདག་ཅག་མཚན་མ་ལས་ལྡོག་ལགས།། རྟགས་རྣམས་ལྔ་ལས་གྲོལ་བར་འཚལ།། དེ་ནས་ཐཾད་མཁྱེན ་པ་དེས། བཀའི་དོན་དམ་ཡི་གེ་མེད།། གསུང་པ་ལས་ནི་མ་ལོག་པ།། དང་པོའི་རྒྱུད་ལ་བློ་སྦྱངས་པ།། བར་དུ་བསམ་པ་ཐག་ཆོད་པ།། ཡང་ན་ཡང་རབ་བློའི་རྩཝ་ལ།། དོན་དག་མགོ ་སྨོས་གོ་བ་དང་།། ཐབས་མ་ནོར་བར་བསླབས་པ་དང་།། དེ་ལ་ཏ་ཀྱི་ཉིད་དུ་སྣང་།། ཁ་གསལ་བླ་བློ་ཚོགས་ལའོ།། དོན་དམ་དགེ་པ་སློབ་མ་ལ།། གྲོལ་བ་བདག་ཉིདིར་ནི་ཆེན་རགས།། བདག་པོ་རབ་ཏུ ་མཉེས་པ་སྟེ་ལེའུ་སྟེ་གཉིས་པའོ།། ། དེ་ནས་བདག་པོའི་མཆོག་གིས། ཡིས་ཀྱི་ར་མི་པ་གསུངས་པ། ཡིས་མ་བསྐྱེད་དབྱིངས་མ་བསྐྱེད། རང་སེམས་རང་གིས་མཐོང་བ་ནི།། མཚན་མ་ཡན་ཏེ ་དོན་དམ་མིན།། བཀག་པ་ཐ་མུ་བྱུང་བ་དེ།། སེམས་བཅོས་ཐབས་ནི་དེ་ལ་རག། སྤྱོད་པ་ཆོས་དབྱིངས་ཟད་མི་ཤིས།། སྡེ་སྣོད་གསུམ་ཡང་མ་བཀོ་ག་སྟེ།། ཆོས་གཅིག་ངོ་བོ་དེ་ལ་མེད།། གལ་ཏེ་མཚན ་མ་སྣང་བ་ལས།། ཏང་ངེ་འཛིན་དེ་རེད་ན་ནི།། མ་རིག་པ་དང་ཐར་པ་ཐོབ།། བྱང་ཆུབ་ལམ་དང་དམིགས་པ་གཉིས།། ཏང་ངེ་འཛིན་གྱི་ཁྱད་པར་རོ།། བདེར་གཤེགས་ཡི་གེ་མེད་པ་ལཱས།། ཡིས་རིམ་པའི ་ལེའུ་གསུམ་པའོ།། ། དེ་ནས་བདག་པོའི་མཆོག་ལ་བདེ་བར་གཤེགས་པའི་འཁོར་གྱིས་ཞུས་པ། ཀྱེ་མ་བདེ་བར་གཤེགས་པའི་གཙོ།། དམ་པ་ཡི་གེ་མེད་པ་འདི།། ་ནཱ་མ་ཡང་མ་ཁུམས་དེ་རང་ཁུམས།། དོགས་རྣམས་ཀྱང་ཆེར་གཡོས་པ།། འཁོར་རྣམས་སྔོན་མ་ཐོས་པས་དངངས།། ཡི་གེ་མེད་པ་འདིའི་དོན།། ཤེས་རབ་ཁྱད་པར་ཇི་ལྟར་ལགས།། གཙོ་བོ་དམ་པས་བཀའ་སྩལ་པ།། ་ཡི་གེ་མེད་པའི་ཤེས་རབ་ནི།། དམིགས་པ་མེད་པའི་ཤེས་རབ་སྟེ།། ཆོས་དབྱིངས་ཟང་མ་མུ་བཅོས་ལ།། ཡེ་ཤེས་སྤྱི་བླུགས་སྐད་ཅིག་མས།། རང་བྱུང་རིག་པ་དེ་ཡིས་བཅད།། དབྱིངས་དང་ཡིས་ངོ་ཏི་ཕྲད།། དེ་བཞིན་གཤེགས། ་པ་ཐ~ཾད་ཀྱི་རང་བཞིན།། ཡི་གེ་མེད་པའི་རྒྱུད་མཆོག་ལས།། ཤེས་རབ་དམིགས་པ་མེད་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཁྱད་པར་དུ་ཞུས་པ།། བརྗོད་མེད་རྣམ་པར་མི་རྟོག་པ།། ཡི་གེ་མེད ་པའི་གསུང་མཆོག་འདི།། སྒྲ་ཡི་གེ་རྣམ་པར་སྤང་སླད་དུ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་འཚལ།། ཡང་མཆེད་དུ་བརྗོད་པ་བཀའ་སྩལ་པ།། རང་བཞིན་གནས་པའི་ཆོས་ཉིད་དེ།། ཞི་བ་བླང་དོར་བྲལ་བའོ།། ཆོས་ཀྱི ་རང་བཞིན་སྟོང་པ་སྟེ།། སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།། མངོན་སུམ་མཐོང་བ་ག་ལ་ཡིན།། གང་ཡང་མཐོང་བ་མེད་པ་ནི།། དེ་ནི་མཐོང་བ་ཆེན་པོའོ།། ཀཱ་ཡ་དག་པ་ཆོས་དབྱིངས་སོ།། ཆོས་ཀྱི་འཁོར ་ལོ་བསྐོར་བ་ཡང་།། སྐད་ཅིག་ཙམ་ཡང་བྱས་པ་མེད།། དེ་དོན་རྟོགས་པ་དམིགས་མེད་དོ།། ཡི་གེ་མེད་པའི་རྒྱུད་མཆོག་འདི།། དཔེར་ན་རྒྱལ་པོ་ལྟ་བུ་སྟེ།། རྒྱུད་རྒྱལ་ཡི་གེ་མེད་པ་ལས།། རང་བཞིན་གནས་པའི ་ལེའུ་ལྔ་པའོ།། །། དེ་ནས་ཡི་གེ་མེད་པའི་གཙོ་མཆོག་དེས།། འཁོར་གྱི་ཞུ་བ་ཐུགས་ཆུད་ནས།། ཐེག་ཆེན་འདི་ནི་སྦྱིན་པའི་གནས།། བྱང་ཆུབ་སྙིང་པོ་ཆེ་ཡས་ཀྱང་།། རིན་ཆེན ་རགས་སུ་གང་ལྡན་པས།། བླ་མའི་ཁ་ནས་ཤེས་པར་བྱའོ།། ལམ་གྱི་ནང་ནས་ཉེ་ལམ་སྟེ།། ཐབས་ཀྱི་མཆོག་ཏུ་གྱུར་པས་ན།། ཡི་གེ་མེད་པར་གྲགས་པའོ།། རྣམ་པ་དང་ནི་རྨད་གྲགས་པ།། ཐེག་པ་ཀུན་ལྔ ་འདས་པ་དེ།། ཡི་གེ་མེད་པར་གྲགས་པའོ།། འདིའི་ཚུལ་ནི་མ་ཤེས་ན།། ཡི་གེ་མེད་པར་དབྱེ་བ་མེད།། འདིའི་དོན་དང་གང་ལྡན་པ།། དེ་ཡིས་ཐེག་ཆེན་འབྲས་བུ་ཐོབ།། རྒྱས་པ་ཆེན་པོ་ཡི་གེ་མེད་པ་ལས།། ་བདག་པོ་མཉེས་པའི་ལེའུ་དྲུག་པའོ།། ། དེ་ནས་བདག་པོའི་མཆོག་ལ། བྱང་ཆུབ་སེམས་དཔའ་དགྱེས་པ་ལ་སོགས་པའི།། འཁོར་རྣམས་ཀྱི་མགྲིན་གཅིག་དུ་ཞུས་པ། དཔའ་ཆེན་འཁྲུལ་པའི ་རྣམ་རྟོག་འཇོམས།། རྨོངས་པའི་བདུད་ལས་ཐར་པའི་མཆོག། ཉག་ཅག་ཐུགས་ཆུད་དོན་དམ་དེ།། ཁྱེད་ཀྱི་བླ་མེད་བཤད་དུ་གསོལ།། དེ་ནས་སེམས་དཔའ་དགེས་པ་ལ་སོགས་པ་ཡི།། རྣམ་པར་རྟོག ་པ་མཁྱེན་ནས་བཀའ་སྩལ་པ།། ཁྱེད་ཅག་ལེགས་པར་ཉན་འདོད་ན།། ཉག་གཅིག་ཐུགས་ཀྱི་དགོངས་པ་དེ།། བཤད་ཀྱིས་སེམས་ཉིད་ལྡན་པར་གྱིས།། དབྱེར་མེད་པའི་ནམམཁའ་དེ།། དང་པོའི་ཚེ་ན ་ན་མཁའ་ཀུན།། བསམ་པ་ཡིན་ཆོད་རུང་བའོ།། ཐ་མ་ལ་ནི་མི་དམིགས་ལས།། ནམཁའ་གཞན་ནི་བཀག་པའོ།། དོན་དམ་དབྱེར་མེད་ན་མཁའ་དེ།། གང་ལ་བཀག་པ་མེད་པ་སྟེ།། བཀག་པ་མེད་པའི ་གཏན་ཚིགས་སོ།། དེ་ན་ཡོད་ན་བཀག་པར་འགྲོ།། མེད་པས་ན་མཁའི་མེ་ཏོག་ཚུལ།། དགོངས་པའི་མཐའ་ནི་བཀག་མེད་དོ།། ཡི་གེ་མེད་པའི་རྒྱུད་ལས།། རྣལ་འབྱོར་མཐོང་དུ་མེད་པའི་ལེའུ་བདུན་པའོ།། ། ་དེ་ནས་བདག་པོའི་མཆོག་ལ་ཡང་ཞུས་པ།། མཚན་མ་འདི་ནི་མིང་དུ་ཡང་།། སྨོན་པ་དེ་ཡང་འགལ་ལགས་སམ།། མངའ་བདག་ཁྱོད་ཀྱིས་མཁྱེན་པ་རུ།། བློ་རྣམས་སྦྱང་ཕྱིར་བཀའ་སྩལ་འཚལ།། ་ཁྱེད་ཅག་བསམ་པ་དམན་པ་ལ།། ཟབ་མོ་རྒྱུད་རྒྱལ་ཡི་གེ་མེད།། གུས་དང་བཅས་པས་མཉན་པར་གྱིས།། ཐོ་རངས་ཚེ་ན་གཅད་པར་བྱ།། དེ་ནས་རེད་ཅིང་གོམས་པ་ནི།། ཡི་གེ་མེད་པའི་ཡན་ལག་ཡིན།། ་མཛད་སྤྱོད་གཏད་རྒྱ་དང་བཅས་པ།། རནི་ཚོན་རིགས་ནི་འདམ་བྱས་ལ།། བཀའི་སྣོད་ནི་ཤེས་པ་ལ།། རྒྱུད་ནི་རིམ་པ་བཞིན་དུ་སྦྱིན།། ཡི་གེ་མེད་པ་རྒྱས་པ་ཆེན་པོ་ལས།། འཁོར་ལ་གཏད་པའི་ལེའུ་རྒྱད ་པའོ།། དེ་ནས་འཁོར་ལ་གདམ་ངག་དུ་གནང་བ།། བསྒོམ་བསྒྲུབ་ཀུན་དང་བྲལ་བ་ཡི།། དྲང་པོའི་འདུ་བ་ཆུད་མ་ཟོད།། བར་དུ་བསམ་པ་ཐག་ཆོད་པ།། ཐ་མར་སེམས་འཆོས་ཤེས་པ་སྟེ།། ་མི་དམིགས་པ་ལ་གང་གནས་པ།། དེ་ནི་རྩལ་དང་ཐུལ་པའོ།། བདེ་བར་གཤེགས་པས་གཏང་རྒྱ་དང་བཅས་པ་རྫོགས་སོ།། བོད་ཀྱི་དགེ་སློང་བཻ་རོ་ཙ་ན་དང་།། ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་