CLOSE WINDOW

Gaz002.003: ngo sprod rin po che spras pa'i rang gi mtshan nyid / zhing khams bstan pa'i rgyud ces bya ba
Wyliee-texts produced with BDRC’s OCR application

ཐཱགྷྲཿ་མ་ས། རྒྱ་གར་སྨད་དུ། ངདྲན་པ་དཤཱ་པཥྛི་ཏཀྵེཿདྷཱུ་ཏཱ་ཤྭཱ་ས་ནཱ་ཏནྡྷནཱ་མ། བད་སྐད་དུ། རསྣང་རིན ་སྤྲས་པའི་རང་གི་མཚན་ཉིད། ཞིང་ཁམས་བསྟན་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་གཞོན་ནུ་རྡོ་རྗེ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མིན་པའི་གླེང་གཞི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྒྱན་མ་བཀོད་པར་སྣང་བ་སྟེ། འོད་ཀྱི་ཡུལ། ་སྐྲའི་མཁའ། རིག་པའི་མ། གསུང་གི་ཟེར། རིག་པའི། ཐུགས་ཀྱི་གནས། དགོངས་པ། ཡེ་གདངས་ཆེན་པོའི་སྣང་བ།། ཁྱབ་འརྡལ་དགྱིངས། ་ཆེན་པོའི་ཕོ་བྲང་། སྟོང་པ་ཡེ་རྫོགས་ཀྱི་གཞལ་ཡས་ན། གནས་ཐུན་མོདང་མ་ཡིན་པ། ཆུད་གསང་བ་ཆེན་པོའི་དོན་རང་དག་ཏུ ་བཀོད་པ་འདི་གསུངས་སོ།། བསྟན་བཐུན་མོང་མ་ཡིན་པ། གསུང་ངོ་།། གསུང་བར་འགྱུར་རོ།། འདི་སྐད་བདག་གིས་ཐོས་ཐུན་མོང་བའི་གླེང་གཞི། པའི ་དུས་གཅིག་ན། རང་བཞིན་རྫོགས་པ་ཆེན་པོའི་གནས། གནས་ཕུན་སུམ་ཚོགས་པ། ཤིན་ཏུ་རྒྱ་ཆེ་ལ་ཁྱབ་ཅིང་གསལ་བའི་གཞི། གཞི་གཞན་གྱིས ་དཔག་པར་དཀའ་བ་ཆེན་པོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟོན་པ་དང་གསུང་བསྟན་པ་དང་ཐུགས་ཀྱི་རྡོ་རྗེ ་གནས་མི་བསྐྱོད་པ་ཆེན་པོའི་འཁོར་བདག་ཉིད་དུ་བཞུགས་སོ།། དུས། དེ་ནས་སྡུད་པ་པོ། གསང་བའི་བདག་པོས། ཆོས་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བའི་སེམས་བསྐྱེད་དེ། ་བཅོམ་ལྡན་འདས་ལ་ཕྱག་འཚུལ་ཞིང་བསྐོར་ནས་འདི་དག་རྣམས་མངོན་དུ་ཞུ་བའི་ཚིག་རྡོ་རྗེ་མཛད་པ་ཞེས་བྱ་བ་རྣམས་ཀྱི་ཚིག་ཏུ་འདི་རྣམས་ཞུ་བ་ཉིད་རབ་ཏུ་ཞུས་སོ།། ་ཀྱེ་སྟོན་པ་ཆེན་པོ་ཉིད་ཀྱི་སྒྲ་ཡི་ངོ་ག་ཇི་ལྟ་བུ་ལགས། གསུང་བསྟན་པ་ནི་གང་། ཐུགས་དགོངས་པ། ནི་ཅི་ལྟ་བུ་ལགས། མཛད་པ་གདུལ་བྱའི་དོན། ནི་ཅི། སྔོན་འབྱུང་གི ་ཡུལ་ནི་གང་ལགས། དེའི་ཚེ་འཁོར་ནི་ཇི་ལྟ་བུ། དེའི་ཚེ་ཏིང་ངེ་འཛིན་ནི་ཇི་ལྟ་བུ་ཞིག་མངའ། འདི་དག་ཇི་ལྟར་ཡོད་དམ་སྙམ། བདག་ཐེ་ཚོམ་དུ་གྱུར་ཡིད་གཉིས་སུ་གྱུར།། ་བློའི་རྟོག་པར་མ་ཚུད་ལགས་ན། དེ་དག་ཇི་ལྟར་ལགས་བསྟན་དུ་གསོལ། ཞེས་ཞུས་སོ།། དེ་ནས་ཉིད་ཀྱི་རང་བཞིན་གྱི་གནས་ནས་འདི་དག་ཐུགས་ཀྱི་དཀྱིལ་འཁོར ་ནས་ཕྱུང་ངོ་།། ཀྱེ་གསང་བའི་བདག་པོ་ཉོན་ཅིག། ངའི་སྐུ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྒྲ་རྡོ་རྗེ་སྙིང་པོ་མི་ཤིགས་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ཡིན་ནོ།། ངའི ་གསུང་ནི་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བདག་ཉིད་དུ་གནས་སོ།། ཐུགས་ནི་མི་བསྐྱོང་བའི་རང་བཞིན་ཡེ་ཤེས་ཆེན་པོར་ཡེ ་གནས་པ་ཡིན་ནོ།། ངའི་མཛད་པ་ནི་སྐྱེ་བ་བཞི་དུས་ཐམས་ཅད་དུ་འབྱུང་བནི།། ངའི་ཡུལ་ནི་ང་རྙེད་པ་ཡོངས་སུ་རྫོགས་པ་རྒྱ་ཆེ་བ་མིན་ཐཱ། མཐའ་གང་དུ་ཡང་མ་ལྷུང་བ་ཉིད ་ཡིན་ནོ།། ངའི་འཁོར་ནི་ཕྱི་དང་ནང་དང་གསང་བ་ལས་སྤྲུལ་པ་ཉིད་དོ།། ངའི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ། མི་བརྗེད་པ་མངོན་དུ་མ་གྱུར་པའི། རྒྱུན་གྱི་ཏིང་ངེ་འཛིན་དང་། ཡེ་ནས ་རབ་ཏུ་གསལ་བ་རྒྱུན་གྱི་ཏིང་ངེ་འཛིན་དང་། ཉམས་སུ་བླངས་ནས་འབྱུང་བ། ཤིན་ཏུ་རྣམ་པར་དག་པ་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་བཞི་འཇོམས་པའི་དགྲ་ཐམས ་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིགས་པ་དྲན་སོང་། ཐམས་ཅད་ལས་ཡོངས་སུ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཀྱེ་ལག་ན་རྡོ་རྗེ་འཆང་། ཁྱོད་ཀྱིས་འདི་དག་རྣམས་ཀྱི་དོན་དྲིས་པ་དེ་ལེགས་སོ།། འདི་དག་རྣམས་ཀྱི་ཚིག་འདི་ལ་དོན་དུ་སྐྱེ་ལས ་བསམ་མི་ཁྱབ་སྟེ། ང་ནི་ལུང་ཀུན་གྱི་བདག་ཉིད་དུ་བྱུང་བའི་ཕྱིར་རོ།། དེ་ནས་འཁོར་དེ་དག་ཀྱང་ཤིན་ཏུ་དགའ་ཞིང་ཡིད་རབ་ཏུ་རངས་ཏེ། བཅོམ་ལྡན་འདས་ལ་བསྟོད ་ཅིང་ལག་ན་རྡོ་རྗེ་ལ་རབ་ཏུ་སྨན་པའི་ཚིག་གིས་མཆོད་ཅིང་། སོ་སོའི་དོན་སྐུལ་བའི་ཚིག་འདི་དག་ཀྱང་བརྗོད་དོ།། ཨེ་མ་སྟོན་པ་ཐུགས་རྗེ་མཆོག་གིས་བཀའ་སྩལ་པའི།། ་དོན་གྱི་སྙིང་པོ་དེ་དག་སོ་སོའི་སྒྱིང་ལ་ཞུགས།། ཇི་ལྟར་བརྗོད་པའི་སྒྲ་ཡིས་རང་རང་ཡིད་ཀུན་ཚིམ།། བཅོམ་ལྡན་འཇིག་རྟེན་གསུམ་གྱི་གཙོ་བོ་ཁྱོད།། བདག་ཅག་རྣམ ་ཀྱི་ཡིད་རྣམས་ཁྱེད་ཀྱིས་ཅི་བཞིན་མཁྱེན། འཇིག་རྟེན་མགོན་པོ་མ་རིག་དམག་དཔུང་འཇོམས།། དཔའ་བོ་ཉོན་མོངས་དྲི་མེད་ཉི་མའི་འོད་ལྟ་བྱ།། བསྟན་པ་མི་ནུབ་གཏེར ་འཛིན་རྡོ་རྗེ་སྙིང་པོའི་གདུང་།། ཡེ་ཤེས་སྟོང་པ་དག་མེད་ལ་ཕྱག་འཚལ་ལོ།། ཞེས་ཚིག་རྣམས་ཀྱིས་ཀྱང་རབ་ཏུ་བསྟོད་ཅིང་སོ་སོའི་ཏིང་ངེ་འཛིན་རང་བཞིན་རྣམས་དང ་ལྡན་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུས་བདེན་པའི་དོན་གྱིས་རང་གི་རྒྱུད་ཚིམ་པར་བྱས་ཏེ། ཀུན་ཀྱང་འོད་ཟེར་གྱི་ཕུང་པོ་སྣ་ཚོགས་དང་ལྡན་ནས། སངས་རྒྱས་རྣམས་ཀྱི ་བཀའི་དེ་བཞིན་ཉིད་ཡོངས་སུ་འཛིན་པར་གྱུར་ཏེ། སེམས་རངས་པ་དང་ལྡན་པར་གྱུར་ཏོ།། ཞེས་ངོ་སྤྱོང་རིན་པོ་ཆེ་སྨྲས་པའི་རྒྱུད་ལས། གླེང་གཞི་རང་བ ་བྱུང་དབུམ། ཨཱཥྚ.ཱ། དེ་རྙེའི་རྗི་སྦྱི་བུ་རྗི་ཀྱིས་ག་ད་ཧླཱགས་ད་དོན་ཏན་དང་སྦྱིན་ལས་ལས་འདི་ཤྀརྣམ་\ུ0f7f། དུ ་བརྗོད་པ་འདི་དག་རྣམ་པར་བརྗོད་དོ།། ལག་ན་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། སྐུ་གསུམ་འབྲས་བུ་མངོན་དུ་འདི་ཉིད་ལ། བལྟ་འདོད་པས། བཅད་ཀྱི་སྙིང་པོ་དཔེ་ལ་ཡེ་ཤེས་འདི ་ལྟོས། རིན་ཆེན་སྙིད་པོ་རྒྱ་མཚོལས་བྱུང་བའི། ནོར་བུ་འོད་འབར་རམ། འོད་དམར་བ་ཤར་བའི་ནོར་བུམ་རྒད་སྔོན་པོ་ཆུ་ཤེལ་ལམ།། ས་ཡི་སྙིང་པོ་རིན་ཆེན་མིག་མ་ཇུག་སའི་འོག ་བྱུང་བའི་མུ་ཏིག་ཕྱག་གང་བ། རྡོ་ཡི་སྙིང་པོ་རིན་ཆེན་རིའམ་རྒྱ་མཚོའི་གཡའ་ལས་བྱུང་བའི། མན་ཤེས་གྱིས།། སངས་རྒྱས་རྣམས་ཀྱི་གནས་ལུགས་དཔེ་དོན་རྟགས་ཀྱི། གཏན་ལ་འབེབས།། དེ ་ཡི་ཕྱིར་ན་འདི་ལྟ་བུ་གཉིས་ནས་གསུམ་ཚོམ་འཚལ་ལ། འདི་དག་མཁས་པས་བཙལ།། སྙིང་པོ་ལྟ་བའི་དོན་དུ་འདི་རྣམས་ནན་ཏན་བཅད་པར་བྱ།། སྐྱེས་བུ་རྣམས་ཀྱི་ངོ་སྤྲོད་པའི། དོན ་ལ་འཇུག་པའི་ཐབས།། དཔེ་ཡི་ཡེ་ཤེས་པལྟ་བར་གང་འདོད་པ།། དོན་ནི་ངོ་སྦྱོང་འདི་ལྟར་སྐྱེས་བུས་རིག་པར་གྱིས།། དཔེ་ཡི་མན་ཤེལ་ཟེ། འོད་ཀྱིས་ཕྱི་ཡི་དབྱིངས་རྣམས ་བསྟན།། དཔེ་ཡི་ཐབས་ཀྱིས་རྐྱེན་འབྲེལ་དུམས། སྒྲ་ཡི་ངོ་བོ་བསྟན།། དཔེ་ཡི་ཅོད་ང་དང་སྒྲ་དང་ཐིག་ལེག་སུམ། ཀྱིས་ཡེ་ཤེས་ལམ་ཡང་བསྟན།། དཔེ་ཡི་མཐོང་བས་རང་གི་གནས ་ལུགས་བསྟན།། འོད་ཀྱིང་སྤྲོད། དང་ཐིག་ལེ་བ་སྦེད། སྲུ་དང་ཡེ་ཤེས་ཀྱར་སྤྱོད། དང་།། རེག་པ་ད། དང་ནི་དབྱིངས་ཀྱི་འགྲོད་ཚད་འཛིན་པ།། རྣལ་འབྱོར་རྣམས ་གྱིས་དཔེ་ཏེ་གུ་རྩ་གཅིག་སྟེ་རབ་བདུན་འབྲིང་བདུན་ཐམ་བདུན། ལ་མཁས་པར་བྱ།། གང་ཟག་རྣམས་ཀྱི་དབང་པོའི་བྱེ་བྲག་གིས། རང་རྡོ་དང་རྣལ་འཐར་ཤེས་པ་སྤང་པའི ་ཕྱིར།། རང་ངོ་མཐོང་བར་འདོད་ན་དཔེ་འདི་དག་ལྟོས།། རྡོ་རྗེ་སེམས་དཔའི་གསལ་བྱེད་ལ། མན་ཤེས། དང་པོ་མཆོད་པ་དག་ནི་རབ་མཆོད་ནས། ཤེལ་དེ་རླུང་གི་བླ་མའི ་སླར་བསམ་སྟེ། དེ་ལ་ཇི་ལྟར་རིགས་པའི་ཚོགས་རྣམས་བསག། དེ་ནས་སྐལ་ལྡན་རྗེས་འཇུག་རྣམས།། རང་གི་ངོ་བོ་བལྟ་བའི་ཕྱིར།། གནས་ཁང་ཕྱོགས་ནི་བྱེད ་པར་ནི།། ཟུག་ཉི་མའི་ཟེར་ལྷུན་དྲུག་ལ་འང་། ག་ནས། ཟུགགས་ཤེས་བའི་ཤེལ། གསལ་བར་བྱེད་བྱའི་སྐྱེད་དེས། མ་མད་ཕྱུར་བ་ལས།། འོད ་སྣང་བ་ཕྱིར་ཐལ་མར། འབྱུང་མཐོང་བ་ཡིན།། མིག་གི་སྟེང་དུ་མཁས་པས་དེ་ཤེལ་མིག་ཕབ་པའི་སྟེང་དུ། བཞག་ན།། ནང་འོད་གསལ་བའི་ཆ་ཟང་ཐལ་དུ། ཡང་མཐོང་བའོ།། ། ་རྗེས་འཇུག་གཡོན་པའི་ཟུར་གྱིས་གཅིག་བལྟས་ན།། བར་གྱི་འབྲེལ་ཐག་འོད་ཀྱི་ཟེར་གྱི་སྣང་བ་མཐོང་།། ཡང་ནི་མིག་གི་སྟེང་དུ་འོད་ཤེལ་དེ་མེད་པར་སློབ་ན་མིག་ལའོ།། བཞག ་གཅིག་གིས་གཙུགྶ་བ་ས་ངས། སྔགས་མིག་གཏུ་འཕེལ་བའི་ཚུས་ཡང་མཛོད། མཽར་མི་ལྟུང་མ་ཡི་ནི་ད་ས ་གྱུར་ནས། བལྟས་ན།། ཡེ་ཤེས་སྣང་གསལ་རང་གི་ངོ་ཡང་སར་ལེ་ལ་བལྟས་ན། འཕྲང་། མཁས་པས་རྡུལ་ཚོན་དཀྱིལ་འཁོར་ཕ་པ་གྲམཚུང་། འགྲམ་དུ་མེ་ལོང་གཉིས།། གསལ ་བྱེད་ཤེས་གྱི། མིག་གིས་ཐབས་མཆོག་ཉིད་ནམ་མཁར་བལྟས་ན། རིག་པམ་བུའི་ཚད་རྣམས་ངོ་འཕྲད་ནས།། ཆོས་ཉིད་མ་ཡི་ཚད་རྣམས་ཤེས་པ་ཡིན།། ཁམསའི་གཟུགས ་བརྙན་ཁོང་སྟོང་དབང་སྒོ་དོང་། ཟུག་དགུ་བཏོད་ལ་བཞག་ནས་མིག་ཏུ་སྣང་བ་འོང་བར་བྱ། ནང་དུ་མར་མེ་བཅུག་སྟེ་ཡེ་ཤེས་སྒོ་ངོས་བཟུང་།། འཁར་ཕོར་ཆུས་གཏམས་ལེགས་པའི་ནང ་ཉིད་བལྟ། ཤེལ་གྱིས་བལྟས་ན།། ཐིག་ལེ་ཉིད་ཀྱི་རང་ངོ་འཕྲོད་པ་ཡིན།། རས་ཀྱི་སྒྱུམ་བུ་དཀར་དམར་རྣམས་ན་མདངས་པའི་ཚེ་ཐང་ལ། བཀྲམ་ནས། ཤེལ་གྱི་གསལ་བྱེད ་ལྡན་པའི་མིག་གིས་བལྟས་གྱུར་ན།། ཡེ་ཤེས་རྣམས་ཀྱི་འོད་རྣམས་རང་ངོ་འཕྲོད། ཤར་ཕྱོགས་ན་ཡོད་པའི་རྒྱ་མཚོ་འམ་ལྟེང་ཀ་རྫིང་ངམ་འཁྱིལ་ཆུའི་འགྲམ།། གསལ ་བྱེད་ལྡན་པའི་མིག་གིས་དེ་བལྟས་ན། ནུབ་ནས་བལྟས་ནས་ནམ་མཁའ་ལ་བསྟན་ནས། འོད་ཀྱི་གང་བུ་ནམ་མཁའ་གར་བ་ཡིས།། བར་དོ་དང་པོའི་སྣང་བ་གཏན་ལ་ཕེབས།། རྨ ་མེ་ལོང་ཉིད་ཀྱི་འཕྲེང་ལྔའམ་དྲུག་གི་བར་ལ་རྨ་བྱ་ཡང་། བརྒྱུས་ལ།། གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི།། ཐིག་ལེ་འོད་གསལ་ལྡན་པ་མཐོང་བ་ནི།། ཡེ་ཤེས་དགོངས ་པ་ཉིད་ཀྱི་ངོ་ཡང་འཕྲོད།། དབྱུག་པ་ལ་ནི་འཁར་པོར་རབརྒྱ་བསྒྲགས་དེ་མགོ་ལ། ཡང་བྱུང་། འཁར་དབྱེ་ཞབསལ་ལ་ཆུས་སྦྱར་ལ་བཅོད་ཆུས་བཀང་ལ། ཕོར་བཏགས་པ་སྒྲིགས་སྟེང་འོག་ལ། ་གསལ་བྱེད་ལྡན་པས་དེ་ཉིད་བལྟས་པ་ན།། ཐིག་ལེ་དགུ་བརྩེགས་ཐིག་ལེའི་དོན་ངོ་སྤྱོད།། རིགས་ལྔའི་འདྲ་འབག་ཚོན་བཀྲག་ཆེ་བ། ཐང་ལ་བཞག་ནས ་ནི།། ཤེལ་གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན།། ནམ་མཁའ་ཉིད་ལ་གཟུགས་ཀྱི་སྒྱུར་ཐེག་པའི་དོན་ཡང་བྱུང་། མཐོང་སྟེ། ལོངས་སུའི་ཞིང་ཁམས་རང་ངོ་སྤྲད་པ་ཡིན། ་གཟུགས་ཀྱི་སྐུ་ཉིད་ཉམས་ཀྱི་དགོངས་པའོ།། སྐྱེས་བུ་རྒྱན་དང་ལྡན་པ་རང་གི་མདུན་མི་གཅིག་ལགས་གསར་པ་གོན་བཅུག་ཕྲེང་བའི་རྒྱན་བཏགས་ལ། བཞག་སྟེ།། གསལ་བྱེད ་ལྡན་པའི་མིག་གིས་ཡང་བལྟས་ན། དེ་ཐར་འགྲོ་ཚུར་འགྲོ་ཡང་\ུ0f7f། འོད་ཀྱི་སྤྱནཱི་འགྲོ་འོད་ཟེར་དང་ལྡན།། དེ་ཉིད་མཐོང་བས་ལོངས་སྒྱུ་རང་རྒྱང་སྣང་།། རིག་པ་གཞོན་ནུ་བུམ ་པའི་སྐུ་ཞེས་བྱ།། ཡང་ནི་སྣང་བ་མེད་པའི་མུན་པ་ནག་པོའི་སྒོ་མཐོངས་མེད་པ། ཁྱི་མ་དག་ཏུ།། སྐྱེས་བུ་གོས་ཁ་དོག་ནག་པ་རུས་པའི་རྒྱན་ལྡན་པ། བྱང་ནས་རང་གི་མདུན ་དུ་གོང་བཞིན་བཞག་ནས་ནི།། གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི།། ཁྲོ་སྲུ་འཇིགས་པའི་གཟུགས་བརྙ་ནམ་མཁར་ནི།། འགྲོ་དང་འོད་དང་སྟབས་དང་བཅས་པ། ་མཐོང་། ལོངས་སྤྱོད་ཁྲོ་བོའི་སྐུ་ཡི་ངོ་བསྟན་པས།། རིག་པ་ཉིད་ནི་གཞོན་ནུ་ཁྲོ་གཉེར་ཅན།། དཔའ་བོ་ཉིད་ནི་སྟོབས་དང་ལྡན་པར་བསྟན། ཁང་བརྗེད་ཕུག་ཏུ། སྐྱེས་བུ་རྒྱན ་དང་ལྡན་པ་སྟེ་བ་མན་ཆད་མི་མངོན་པར་བྱས་ལ། ཕྱེད་སྣང་མཚམས་འདུག་སྟེ།། གསལ་བྱེད་ལྡན་པས་མིག་ཡ་གཅིག་བཙུམས་པས་བལྟས་པ། གོང་བཞིན་བལྟས་པ་ན། ་སེམས་དཔའ་ཉིད་ཀྱི་བཞུགས་ཚུལ་ངོ་འཕྲོད་ནས།། སྐུ་ཕྱེད་བསྟན་པས་འདྲ་འབག་ཉིད་ལ་སྦེད།། ཤེལ་ལས་བྱས་པའི་ལུགས་སྤུ་ཕྱག་གང་བ།། རྣལ་འབྱོར་ལྡན ་པའི་གཡོན་པས་བཟུང་ནས་ནི།། གསལ་བྱེད་ལྡན་པས་ཡང་ནི་དེ་བལྟས་ན།། ཤིན་ཏུ་འོད་དང་ལྡན་པའི་སྐུ་མཐོང་བར།། སྐུ་ཕྱེད་ཉིད་དུས་སེམས་དཔའི་རང་ངོ་སྤྲད། གསལ ་བྱེད་སྣང་བ་མཉམ་སྦྱོར་སྐུ་ཞེས་བྱ།། སྐལ་ལྡན་རང་དང་གཞན། གཉིས་ཀ་རྒྱན་གྱིས་རབ་བརྒྱན་ཏེ།། གསལ་བྱེད་ཤེལ་རེ་རེ་ལྡན་པའི་མིག་གིས་ཕན་ཚུན་བལྟ།། ཡབ་དང ་ཡུམ་གྱི་ངོ་བསྟན་ཡེ་ཤེས་བཟུང་།། མཉམ་ཉིད་ཁ་སྦྱོར་དགོངས་པ་ཞེས་བྱའོ།། དེ་དག་གཉིས་ཀྱི་བར་དུ་དེ་མིན་པའི་སྐྱེས་བུ་རྒྱན་དང་ལྡན། རང་དང་གཞན་དབུས་མ། གསུམ ་གཉིས་གཅིག་ལ་བལྟས་པས་སྐུ་གསུམ་རང་ངོ་འཕྲོད།། སྐུ་གསུམ་རང་འཇུག་དགོངས་པ་ཞེས་ནི་བྱ།། ཡང་ནི་སྐྱེས་བུ་རྒྱན་ལྡན་རང་དང་གཞན་གཉིས ་ཀྱི་བར།། རྟ་རྔུ་དག་ལ་སྒོ་ང་གཉིས་བརྒྱུས་ཏེ། གསང་པའི་མཚན་མའི་ཟད་ཀར་བཟུང་བ། མཁའ་ཡི་ཐད་ཀར་གཉིས་ཀས་རབ་བཟུང་ནས།། གསལ་བྱེད་ལྡན་པའི་མིག་གིས ་བལྟས་ནས་ནི།། བར་དུ་ཐིག་ལེ་ཟེར་དང་ལྡན་པ་ཉིད་མཐོང་སྟེ།། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ངོས་བཟུང་།། གཉིས་མེད་གསང་སྦྱོར་ཞེས་བྱའི་དགོངས་པའོ།། ་དབྱུག་པ་ཡང་ནི་ཕྱི་ནང་མཚམས་སུ། ནམ་མཁར་བསླང་བྱས་ཏེ། ཡང་ན་ཤ་དང་། ཁ་དོག་མི་མཐུན་དཀར་དམར། དར་གྱི་འཕུར་ལྕེ་འཕྱར།། གསལ་བྱེད་ལྡན་པས་ཡང་ནི་བལྟས ་པ་ན།། ཡེ་ཤེས་བསྐྱོད་པའི་ནང་རླུང་རང་ངོ་འཕྲོད།། གནས་པ་རླུང་འཛིན་མི་དང་མཆོམས་སུ་ཡང་བྱུང་། ཞེས་བྱའི་དགོངས་པའོ།། སྐྲ་ནི། ལྤགས་མའམ། ཁ་དོག་དཀར་དམར ་སེར་ལྗང་མཐིང་། རས་དེའི་ཁ་དོག་ལ་མཐུན་པའི་སྟེང་དུ་བཞག་ནས། རེ་རེའི་ཁ་དོག་སྣམ་བུ་རྣམས་བལྟས་ན།། རིགས་ལྔ་སོ་སོའི་སྐུ་ཡང་རང་ངོ་འཕྲོད།། ཤིང་ནི་བར་སྣང་ཕྱོགས ་བཞི་སྟེང་འོག་ཏུ། གྱེན་དུ་བཙུག་པ། མུ་ཏི་ག་སོགས་པའི་སྒོ་ངའམ་རང་གི་ཕྲེང་བས་སྦྲེལ་བ། ཕྲེང་བས་ཡོངས་བསྐོར་ཏེ། གསལ་བྱེད་ལྡན་པའི་མིག་གིས་ཕྲེང་བ་ལ། ཡང་བལྟས ་ན།། དྲ་བ་དང་ནི་དྲ་བ་ཕྱེད་པ་ཡང་།། ཤིན་ཏུ་གསལ་བའི་འོད་ཀྱིས་རྣམ་སྦས་ཏེ།། སྟེང་འོག་ཕྱོགས་མཚམས་རྣམས་ནི་གསལ་བར་མཐོང་།། རིགས་ལྔའི་དྲ་བ་ཉིད་ལ་ངོ ་སྤད་པས།། གཞལ་ཡས་རང་སྟོན་ཞེས་བྱའོ་ང་སྤྲོད་དོ།། ཡང་ནི་གནས་ཁང་གུ་བཞི་ཕྱོགས་ནི་ཕྱེད་པ་རུ། ཤར་ལ་སོགས་པར་ཕྱོགས་བཞིའི་སྐར་ཁུང་དབུས་ཀྱི་མཐོངས་དང ་བཅས།། རང་འདོད་ལྷ་ཡི་ཡི་དམ་གཟུགས་བརྙད་ལེགས་བྲིས་ལ།། ལོགས་ལ་བྲིས་ལ་གྱང་གི་དབུས་སུ་དམར་པོའི་ཆུ། བཙོད་ཆུས་ཟངས་བཀང་། འོད་དང་ལྡན་པའི་རྫས ་རྣམས་བཀྲམ་ནས་ནི།། དེ་ཡི་འོད་རྣམས་རང་འདོད་མ་དེ་དག་གི་འོད་ཐདཀ་ལ་ཕོག་པར་བྱས་ལ། དང་སྦྱར། ཟང་། དེ་ཉིད་བལྟ་ཞིང་བློ་ལ་གོམས་པར་བྱ།། དེ་ལྟར་བྱས་ན་རྟག ་ཏུ་ལྷ་དང་མཉམ་པར་གནས།། མེ་ཏོག་སྣོད་བཀང་འཁར་ཕོར་འོ་མས་བཀང་དེའི་ནང་དུ་མེ་ཏོག་དཀར་དམར། རང་གི་མདུན་དུ་བཞག། གསལ་བྱེད་ལྡན་པའི་མིག་གིས་ཡང ་བསྟུས་ན། རྒྱུམྦྷ་ཐུ་རྣམས་དུང་ང་དུ་ཕྲང་པ་སན།། དས་རྒྱུ་ན་འདུལ་སྔགསས་པ། བྱུ་སྤྱན་དབ་རླུ་མག་ས།། དུ་སྱཱ་ས་། ་སྤྲུལ་བས། གསུང་བ་དག་སེམ་སོགས་པ་དེ་གཱ་ཏྟེ་དགཱ་ནས།། བཅོཾམ་ལྡནྱ་ཥྚྲི་སྩོལ་འད་སྐྱེད་ཀྱིསས། བཅོམ་ལྡན་ལ ་ཚིག་ཋཿག་། དེ་དག་རྣམས་གསུངས་བྱས། བདག་ཅག་རྣམས་ཡིད་རབ་ཏུ་ད་པར་ནྡྷེ་།། ། སེམས་ཀྱི་ནུས་པ་རྐྱེ་ལགསསག་། དེ་དག་ནཔ ་རྒྱ་ཆེ་བ་རྣམས་ཀྱི་དོན་དུ་གསུངས་ན། དབང་པོ་རྒྱ་ཆུང་བ་རྣམས་ཀྱིས་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གསུང་དུ་གསོལ། ཞེས་ཞུས་སོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་གི་རྟོག་པ་བསལ་བའི་ཕྱིར། ཡང་འདི་དག་རྣམས་ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུང་ངོ་།། དེ་ནས ་རྣལ་འབྱོར་བློ་རབ་ཅན།། དོན་འདི་ཉིད་ལ་རབ་ཏུ་དད་པས་ནི།། འདི་དག་རྣམས་སུ་བསྟན་གྱིས་ཉོན།། དཔེ་ཡིས་དཔེ་རྣམས་ཉི་ཤུ་རྩ་གཅིག་གྲངས་བསྟན་པས། ་ཡི་ཡུལ་རྣམས་སྙིང་པོར་གྲོལ།། འདི་ལྟར་མིག་གི་ཨུ་འབྲས་རྟགས་ཕུག། རང་གི་ཚོན་ཟབ་ཀྱིས་ནི་དེ་བཙིར་ན།། འད་ནི་དམར་པོ་ཐིག་ལེ་སྟོང་པའི་སྒྲོན་མ། ཚོན་གང་ཆ། ་ཐིག་ལེཉྩི་ནི་ལྷས་གནས་རྨུགས། ངེས་པའི་སྐྱེད་པ་གཏན་ལ་འབྱེ།། མམན་པ་ཡཱ་ན་རོལ། ཎྜི་། ད་གི་མཛུབ་དང་སྲིན་ལག་གིས། སེམས་ན ་དབུགས་ནི་རྣབས་ཏེ་དེ་བཙིར་ན། བར་སྣད་། འོད་ལྔའི་དུ་མཐ་རྙེད་སྣང་བ།། ལྷྭསྩལ་དེ་བཞིན་གནུས་པའི་རྟགས།། དེས་ནི་འབྱུང་བ་རངས་དགྲོལ།། ནདདུ་དབུགས ་དྲུབ་བློ་དང་སྤྲིང་དྲུག་ཏུ་བྱས་ན། རང་བཞིན་གྱིས་ནི་མེ་སྟག་བཞིན།། རྣམ་པར་འགྲོ་བའི་འོད་ནུམ་ནི།། ཤེས་རབ་ནི་རྟགས་པཙོཿ། འབད་པ་ནས་རྟག་ནི་དེ་དག་གིས།། ཡ་བཿས ་གྲོལ་བའི་ངེས་དོན་ཐོབ། དབྱིངས་སྨིན་མ་ཡིན་ཡང་མཚམས་དང་། མིག་གཡོན་པ་དག་གི་ཟེར་གྱི་ཆ། མཐིང་ག་ཁྱབ་ཆེན་མི་འགྱུར་གཉིས་དག་ནི། དབྱིངས་ཀྱི་རྟགས ་ཏེ་གོམས་པའི་གནས། རིགས་ལུ་གུ་རྒྱུད་ནི་འབྲེལ་ཆགས་པས།། སངས་རྒྱས་ཡུལ་ནི་མངོན་སུམེད།། རྣལ་འབྱོར་རྣམས་ཀྱིས། འབད་མེད་ཅི་དགར་རོལ།། རང ་བཞིན་རྫོགས་ཆེན་རྣལ་འབྱོར་པས།། གཞན་གྱི་འབད་པ་མ་ཡིན་པར།། འདི་ཉིད་དུ་ནི་མངོན་སུམ་དུ།། ཡུལ་རྣམས་ཀུན་ཀྱང་དབྱིངས་རིག་གོ།། ་གང་གི་རྣལ་འབྱོར་ཉིད་ལྡན་པས། འདི་ལ་གླནས་ན། འབྱུང་བ་རྣམས་ནི་རང་དེངས་སུ།། རྣལ་འབྱོར་ལྡན་པ་དེ་ཉིད་འགྱུར།། དེ་ལྟར་འབད་པ་མེད་པའི་རྟགས།། རྣལ ་འབྱོར་ལུས་ལ་དེ་འཆར་བས།། དོན་གྱི་སྙིང་པོ་གཏན་ལ་ཕེབས།། དོན་ནི་རང་གི་ལུས་དཀྱིལ་ན།། སྙིང་ན་ཡེ་ཤེས་སྙིང་པོ་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ། གནས། ་མ་འཁྲུལ་པ་ཡི་ཡེ་ཤེས་ཏེ།། འཁྲུལ་པ་ཀུན་གྱི་བདག་ཉིད་དོ།། སྣང་བ་ཉིད་ནི་འདི་དག་ལ།། ཚུལ་མེད་ཉིད་ལ་རབ་གོམས་ན། དན་དེ་ཇོ་སྤང་བས། ཆོས་ཉིད་བར་བྱོལ ་སྔར་འདྲིས་མི་བཞིན་མཐོང་བའི་སྟོབས་ཀྱིས། ཤེས་པར་འགྱུར། རྡོ་སྤད་པའི། དེ་ཡི་དོན་རྣམས་དེར་སྣང་ངོ་།། གསང་བའི་བདག་པོས་ཡང་གསོལ་བ།། ཀྱེ་མ་བཅོམ ་ལྡན་ཐུགས་རྗེ་ཅན།། རྒྱ་ཆུང་སེམས་ཅན་བློ་གསུམ་རྣམས་ལ།། མཆོག་ཏུ་བསྡུས་པ་དེ་ལྟར་ན།། དེ་དག་རྣམས་ཀྱི་བྱེ་བྲག་རྣམས།། རིམ་པ་ཇི་ལྟར་བདག་ལ ་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། གསང་བའི་བདག་པོ་ཡང་ཉོན་ཅིག། སྤྱི་རྣམས་སྤྲོས་པ་ཅན་གྱི་དོན།། རྒྱ་ཆེ་ལས་ནི་རྣམ་བསྡུས་པ།། ཉི་ཤུ་རྩ ་གཅིག་བློ་རིམ་བཞིན།། འོད་དང་ཡེ་ཤེས་ཉིད་ལ་ནི།། ངོ་སྤྱོད་རྣམ་པ་བདུན་དག་གིས།། བློ་ཆུང་རིམ་པ་བདུན་རྣམས་གྲོལ།། སྐུ་དང་ཐིག་ལེ་ཉིད་ལ་ཡང་།། ངོ་སྤྲོད ་ཉིད་ནི་རྣམ་བདུན་གྱིས།། འབྲིང་པོ་བདུན་པོའི་དོན་དུའོ།། རིག་པ་དང་ནི་དབྱིངས་ལ་བདུན།། ཆེན་པོ་རྣམས་ཀྱི་དོན་དུའོ།། དེ་ནི་ཕྱི་ལས་ནང་དུ་བསྡུས།། ཡང་བསྡུས ་པ་ནི་འདི་དག་གོ།། འོད་ལ། གྱི་དང་ནང་གཉིས་ཏེ་ཡེ་ཤེས་ཀྱི་འོད་དང་ངོ་བོ་དང་ལམ་དུའོ།། གསུམ།། སྐུ་ལ་ཆོས་ལོངས་སྤྲུལ། གསུམ་བསྟན་ཐིག་ལྀ་ཙྪའི་དང་མིག་གི་དེ་བར ་དོའོ།། གསུམ།། རིག་པ་གཉིས་ཏེ་གཞི་འཛིན་པ་དང་མཚན་ཉིད་འཛིན་པ། དབྱིངས་ལ་གཉིས།། དེ་དག་བསྡུས་པའི་དོན་དུའོ།། ཤིན་ཏུ་བསྡུས་པ་འདི་དག་ཉིད།། དཔེ ་ཤེལ་ལས་བྱུང་བའི་འོད་དང་རྟགས་མིག་ནས་དང་དོན་སྙིང་ན་གསུམ་གྱིས།། རབ་བཞིན་གནས་པའི་འབྲས་བུ་ཐོབ། གལ་ཏེ་དེ་ལམ་མོས་ན་ལྷ་བསྒོམ་པ་ལ་བསླབ།། ཕྱག་རྒྱ་ལྷ ་ཡེ་རྡུལ་འབྱོར་འཇུག། མཚན་མ་ཅན་གྱི་དོན་དུར།། སྤྲོས་བྲལ་ད་སྦྱངས་དག་པ་ཉག་གཅིག་དགོངས་པ།། དེ་དག་རྣམས་ཀྱི་འཛིན་པ་བྲལ།། སྲནབས ་སྦྱིན་པ་ལ་མ་དུ་བྱེད།། མངོན་གསུམ་རྒྱུན་དུ་གནས་པཱ་ལ།། སྙིང་པོ་རང་གིས་རང་མཐོང་བས།། གཞན་རྩོལ་རྣམས་ཀྱིས་ཅི་ཞིག་བྱ།། འདི་ཉིད་ལ་ནི་གོམས་པར་བྱའོ།། ཞེས ་སྦེད་དྲན་པ་ཚོ་སྨྲས་པའི་རྒྱུད་ལས། གིསང་བ་ན་གི་དེ་སྤྱོད་བསྟན་པའི་ལེའུ་སྐྱེ་གཉིས་པའོ།། ཅག་བྷྱཿཊྚ། ནས་ཀྱིའི་དཔེ་ནས་ཕྱུང་གས་པ་ཞེསཿ ་ཏིང་ངེ་འཛིན་ལས་བཞེང་སྡེ་ནས་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་བོ་སྨྲ་ནས་འདི་སྐད་ཅེས་གསུངས་སོ།། ཀྱེ་ལག་ན་རྡོ་རྗེ་འཛིན་པ་འདི་དག་རྣམས་ཁྱོད་ཀྱིས ་ཟུང་ཞིག། ཕྱི་ཡུལ་གྱི། སེམས་སྦྱང་བ་དང་གཞིལ་བ་དང་བཏུལ་བ་ལ་སོགས་པའི། གནད་ཀྱིས་ནང་སེམས་གཏན་ལ་དབབ་པར་བྱ། དེ་ལྟར་སེམས་སྤྲོས་པ་ཆོད་ནས། ནང་སེམས་ཀྱི ་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པར་བྱའོ།། གསང་བ་དབྱིངས་ཀྱི་གནད་ཀྱིས་གསང་བ་བླ་ན་མེད་པའི་རིག་པ་ཉིད་མངོན་སུམ་དུ་གཏན་ལ་དབ་པར་བྱའོ།། ་དེའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཚད་འཛིན་པ། ཤེལ་དཔེའི་ཡེ་ཤེས་རྣམས་ལ་བརྟག། རྟགས་ཀྱི་ཡེ་ཤེས་ཚད་འཛིན་པ། མིག་ནས། ཐིག་ལེ་སྟོང་པའི་སྒྲོན་མ་བརྟག ་དོན་གྱི་ཡེ་ཤེས་ཚད་འཛིན་པ།། མངོན་སུམ་རྡོ་རྗེ་ལྡག་རྒྱུད་གསལ་བའི་སྣང་བས་བརྟག། སྒྲ་ཚིག་མིང་གི་ཚད་འཛིན་པ།། ཕྱི་ཡི་ཡུལ་དང་སྣང་བ་རྟག་འབྱུང་བ་ཡང་མི ་རྟོག་བསམ་གཏན་ཚད་འཛིན་པ།། ལག་གི་འདུ་བྱེད་མདུང་ཁྱིམ་དང་སྒོ་དེ་ལ་སོགས་པ། ཉིད་ལ་བརྟག། སྒྲ་དོན་ཤེས་པའི་ཚད་འཛིན་པ།། འབྱུང་བའི་ཆོ་འཕྲུལ་ཉིད་སྒྲ ་ཚོགས་པ་ལ་བརྟག། ཨཱ་ལི་ཀཱ་ལིའི་ཚད་འཛིན་པ།། གནས་དང་འབྱུང་བ་ཉིད་ལ་བརྟག། འཁྲུལ་པ་རྣམས་ཀྱི་ཚད་འཛིན་པ།། རྨི་ལམ་བྱ་བྱེད་ཉིད་ལ་བརྟག། བག ་ཆགས་འཐུག་པོའི་ཚད་འཛིན་པ།། གང་ཞེ་ན་ཡུལ་གྱི་རྐྱེན་ལ་བརྟག། མ་འཁྲུལ་ཡེ་ཤེས་ཆོད་འཛིན་པ།། སྤྲིན་དང་བྲལ་བའི་ནམ་མཁར་བརྟག། ཡེ་ཤེས་འོད་ཀྱི ་ཚད་འཛིན་པ།། མན་ཤེལ་སྙིང་པོ་འོད་ཉིད་ལ་བརྟག། ཐིག་ལེ་རྣམས་ཀྱི་ཚད་འཛིན་པ།། དྲ་བ་མིག་ཚགས་ལུ་གུ་ཆུད་ཀྱི་བར་ལ་བརྟག། རྣལ་འབྱོར་གོམས་པའི ་ངན། ག་ནས་རྨུ་། རྒྱུ་ཆུང་རྒྱུ་ང་ནག།། བདྷཱུ་རྣམ་ལ་ཤཱ་དྡྷཱན། ་བདེ་བ་རང་གནས་ཚད་འཛིན་པ། ཡབ་སུམ་གྱི་སྙོམས་འཇུག་མཁའ་མཉམ་དག་ཏུ་བརྟག། ཕྱག་རྒྱ་ཆེན་པོའི་ཚད་འཛིན་པ།། སྡང་སྲིད་ཕྱག་རྒྱའི་ཞིང་ལ་བརྟག། རིག ་པརྩལ་དབང་ཚད་འཛིན་པ།། གཞི་སྤྱོད་ལུས་ངག་བརྡའ་ལ་བརྟག་སེམས་ཀྱི་སྲོག་ཤིང་དམ་ཚིག་ཚད་འཛིན་པ།། གདེངས་ལྡན་མི་འདའ་རྒྱུན་དུ། ཡེ་བསྲུངས་རང་བཞིན ་མེད་པ། ཉིད་ལ་བརྟག། ཐ་སྙད་གྲུབ་མཐའི་ཚད་འཛིན་པ།། ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ་ལ་བརྟག། ཐིག་ལེ་ཕྱི་ནང་ཚད་འཛིན་པ།། རིག་པ་མཁའ་ལྡིང་ད ་རིག་འདྲེས་པ་ཉིད་ལ་བརྟག། དྲན་པ་རྣམས་ཀྱི་ཚད་འཛིན་པ།། སྒོ་ལྔའི་ཤེས་པ་ཡུལ་འཛིན་པ། ཉིད་ལ་བརྟབ། ཐེག་པ་སྤྱིར་རིང་ཡང་བྱུང་།། གསལ་བ་རྣམས་ཀྱི་ཚད་འཛིན ་པ།། ཡུལ་རྐྱེན་གཟུགས་ལ་ཞེ་སྡང་སོགས། བྲལ་བའི་མཚམས་སུ་བརྟག། རྟག་པ་ཉིད་ཀྱི་ཚད་འཛིན་པ། མ་རྟོགས་པའི་དྲན་པ་སངས་པའི་གནས་སུ་བརྟག། འཛིན ་པ་ཀུན་གྱི་ཚད་འཛིན་པ།། འདོད་པའི་ཡོན་ཏན་གཟུགས་ཐལ་སྩོགས་པ། སྦྲུལ་བཱ་རྟག། མ་རིག་རྩ་བའི་ཚད་འཛིན་པ།། སྤྱོད་མེད་རྟག་ཆད་གཉིས་ཀྱི་མཚམས་སུ ་བརྟག། ཉོན་མོངས་རྣམས་ཀྱི་ཚད་འཛིན་པ།། གློ་བྱར་དགྲའི་ཡུལ་ངནུ་པ། རྐྱེན་གྱི་དུས་སུ་བརྟག། འགྱུ་བྱེད་ཡིད་ཀྱི་ཚད་འཛིན་པ།། གང་བསམ་པར་ཤེས་པས་བྱིན་པའི་ཚ།། ་ཡུལ་གྱི་སྣང་བ་བརྟག། བདག་འཛིན་བློ་ཡི་ཚད་འཛིན་པ།། འགྱུ་བྱེད་འགྱུ་བའི་བློ་ཡང་ཡང་འབྱུང་བའི།། མཚམས་སུ་བརྟག། ཤེས་རབ་ཆེན་པོའི་ཚད་འཛིན་པ།། ་ཡུལ་རྐྱེན་ཆོད་པའི་སྒོ་ལྔ་དང་ཡིན་པའི། བར་དུ་བརྟག། རྟོག་མེད་རང་ས་ཚད་འཛིན་པ།། ཕྲ་རགས་བྲལ་བའི་འབྱུང་བའི་ཅུང་ཟད་པ། མཚམས་སུ་བརྟག། དངས་མ་ཉྫུ ་ཡི་ཚད་འཛིན་པ།། འབྱུང་བ་མི་སྣང་འོད་དུ། དག་པའི་དུས་ན་བརྟག། ཡེ་ཤེས་རྣམས་ཀྱི་ཚད་འཛིན་པ།། རང་གདངས་ཡུལ་འོ་དུ་། ཡུལ་སྣང་ཚེ་ན་བརྟག། ཆོས་ཀྱི ་སྐུ་ཡི་ཚད་འཛིན་པ།། གནོད་པ་བྲལ་བའི་དུས་སུ་བརྟག། ལོངས་སྐུ་ཉིད་ཀྱི་ཚད་འཛིན་པ། རིག་པ་མ་བུ་འཕྲད་པའི་ཚེ་ན་བརྟག། སྤྲུལ་པ་སྲུ་ཡི་ཚད་འཛིན་པ། ཕྱེད ་ཕྱེད་ཉིད་ཀྱི་རང་བཞིན་གྱི་ཞིང་ཁམས་མཚམས་སུ་བརྟག། བླ་མའི་མན་ངག་ཚད་འཛིན་པ། ཕུང་པོ་མེད་པར།། འབྱུང་བ་དེངས་པའི་དུས་སུ་བརྟག། ་སྙིང་པོ་རྣམས་ཀྱི་ཚད་གཉིས་ནི། ཡང་བྱུང་། འཛིན་པ།། ཐིག་ལེ་འདུས་པའི་དུས་སུ་བརྟག། ལུས་རྟགས་དྲོད་ཀྱི་ཚད་འཛིན་པ། རྟག་ཏུ་རེས་འཇོག་བྲལ་བའི་དུས་ན ་བརྟག། གསུང་གི་སྒྲ་ཡི་ཚད་འཛིན་པ།། སྲེད་པ་གཞིར་བཞེངས་སྔར་མི་ཤེས་པའི་ཆོས་རྣམས་ཤེས་པ། དུས་སུ་བརྟག། རིག་པ་རང་གནས་མི་འགྱུར་སྤུ་ཡི་ཚད།། འབྱུང ་བ་ཟད་པའི།། མི་ལུས་མི་སྣང་། དུས་ན་བརྟག། ཡེ་ཤེས་ཐུགས་ཀྱི་ཚོད་འཛིན་པ།། སྣང་བ་བློལ་སྐྱེ་མི་མེད། གཞིར་བཞག་དུས་སུ་བརྟག། དགོངས་པ་རྣམས་ཀྱི་ཚད་འཛིན ་པ།། རིག་པ་གོང་ནས་གོང་དུ། སྲང་ལ་ཐེབ་པར་བརྟག། ཏིང་ངེ་འཛིན་གྱི་ཚད་འཛིན་པ། ཟས་གོས་དང་བདག་མེད་པ། འདུ་ཤེས་གསུམ་དང་བྲལ་བར་བརྟག། ཆོས་ཉིད ་མི་གཡོའི་ཚོད་འཛིན་པ། གང་ཡང་མི་བྱེད་མཉམ་པ་ཉིད་ཀྱི་དུས་ན་བརྟག། ལྷག་མཐོང་ཉིད་ཀྱི་ཚད་འཛིན་པ།། བླ་མའི་གདམས་ངག་འཁོར་འདས་དུ་ཤན་ལ་སོགས་པ། ་།། འབྱུང་ང་ག་ག། ས་ན་ན་གས་སྩངས་ས།། ན་སྟོན།། ་སྟངས་བརྡུང་བ་མི་འདྲ་བ་སེང་གེ་དང་དྲང་སྲོངས་སོ་གསུ་། རྣམས་ཀྱི་དུས་ན་བརྟག། ཡིད་ཆེས་གོམས་པའི་ཚད་འཛིན་པ།། ཉམས་མྱོང་གོམས་པའི་དུས་ན་བརྟག། སྐུ་གསུམ ་འབྲས་བུའི་ཚད་འཛིན་པ།། ཆོས་རྣམས་ཀྱི་ཡང་མ་ཡིན་པར་ཤེས། ཟད་པའི་དུས་ན་བརྟན།། ཐུགས་རྗེས་དོན་བྱེད་ཚད་འཛིན་པ།། ཡེ་ཤེས་མཁྱེན་པའི་རྣམ་པ་ཐམས་ཅད་པ ་དུས་ན་བརྟག། ཁ་དོག་དཀྲིབས་ཟད་ཚད་འཛིན་པ། ས་འཐུང་བའི་གནད་བྲལ་དུས་བ་ཏྟག། འཐུང་བ་རྣམས་ཆོད་འཛིན་པ། ་བཐུང་བ་ཕྱི་ནང་གཉིས་ཀྱི་མཚམས་སུ་བརྟག། དེ་ལྟར་ཚད་རྣམས་བརྟགས་པ་ཡིས།། དོན་གྱི་ཡིད་ཆེས་རྡོ་སྤྱོད་པའོ།། ཞེས་གསུངས་བས་གསང་བའི་བདག་པོ་ལ་སོ། ་པའི་འཁོར་དེ་དག་རབ་ཏུ་དང་བ་སྐྱེས་ཏེ།། བློའི་དྲི་མ་ཐམས་ཅད་ཀྱང་རང་བཞིན་གྱིས་དག་ནས། དེ་དག་གི་ཚད་རྣམས་དུས་གཅིག་ལ་ཟིན་པར་གྱུར་ཏེ། མགྲིན་གཅིག་ཏུ ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཚད་བཀའ་སྩལ ་པ། བདག་ཅག་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི་ཚད་འདི་ལྟར་གཏན་ལ་ཕེབས་པ་ལགས་ན།། མ་འོངས་པའི་སེམས་ཅན་རྣམས་ཀྱིས་ཀྱང་། དེ་བཞིན་དུ་འགྱུར་བ་ལགས ་པས། བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྨྲས་པའི་གདུང་བ་གང་གིས་ཆོད་པ་ལགས། ཐུགས་ཀྱི་ཆེན་པོས་བདག་ཅག་རྣམས་ལ་བཀའ་སྩོལ་། ་ཅེས་ཞུས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤྲོས ་པ་འདི་དག་རྣམས་ཀྱིས་ཆོད་པར་འགྱུར་རོ།། ཕྱི་སྣང་བ་ཐམས་ཅད་ལ་ངོ་སྤྲད་པས། ནང་དུ་ལྟ་བ་ཡིད་ལ་གསལ་བར་སྐྱེ་བ་ཡིན་ནོ།། དེ་ཡང་སྣང་བ་ཐམས་ཅད་སེམས ་སུ་ངོ་སྤྲད་པས། སེམས་ཉིད་སྣ་ཚོགས་སུ་གོ་བའོ།། དེའི་ཚེ་ཆོས་ཐམས་ཅད་ཀྱི་འདུ་བྱེད་ལ་མཁས་པ་ཞེས་བྱ་སྟེ། མིག་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། ་རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད ་ཤེས་པས་ལུས་ཡོངས་སུ་མྱ་ངན་ལས་འདས་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག། ནམ་མཁའ་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག། ས་ཡོངས ་སུ་མྱ་ངན་ལས་འདས་ཏེ། ཚོར་བའི་ཕུང་པོ་རྣམ་པར་དག།། མེ་ཡོངས་སུ་མྱ་ངན་ལས་འདས་ཏེ། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག། རླུང་ཡོངས་སུ་མྱ་ངན་འདས ་ཏེ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས། སྣང་བ་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་ང་སྤྲོད་པས། སངས་རྒྱས་ཐམས་ཅད་ཀྱི་གནས་ལ་ལོངས་སྤྱོད་པ ་ཞེས་བྱ་བ་ཡིན་ནོ།། ཀྱེ་རྡོ་རྗེ་སེམས་དཔའ་སེམས་ཉིད་སྐུའི་རང་བཞིན་དུ་ངོ་སྤྲད་པས། སྐུ་ཉིད་གསལ་བ་ཐམས་ཅད་ཀྱི་བདག་ཉིད་དམ་པར་གོ་བས། སངས་རྒྱས་རྣམས ་དང་གདན་གཅིག་ལ་གནས་པ་ཡིན་ཏེ། གཟུགས་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། སྒྲ་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། དྲི་སྐུ་ཐམས་ཅད་ཀྱི་བདག་ཉིད ་ས་སྒྱུ་རྒྱུ་ཀུ་དུ་ཀུ་ས་ན་ན་ཏུ་དུ་རྨད་ས་སུ་ས་རྒན། ་པ་ལྷའི་སྐུ་ངོ་སྤྲད་པས། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གཅིག་ཏུ་གྱུར་པ་ཞེས་བྱའོ།། ཀྱེ་གསང་བའི་བདག་པོ་ཉོན་ཅིག། རྡོ་རྗེ་སྒྲ་ཡི་རང་བཞིན་པས། མི་འགྱུར་མི ་ཤིགས་དང་དུ་གནས།། པདྨ་གསུང་གི་རང་བཞིན་པས།། མ་འགགས་འགག་མེད་སྙིང་པོར་གནས།། འཁོར་ལོ་ཐུགས་ཀྱི་རང་བཞིན་པས།། མི་རྟོག་བསམ་གཏན་ཆེན ་བོར་གནས།། སྐུ་གསུམ་མི་འབྱེད་དཀྱིལ་འཁོར་ན་མ།། སངས་རྒྱས་རྣམས་ཀྱི་ཐབས་ཤར་བས།། ཞེན་པ་བློ་ཡི་ཐག་པ་བཅད།། འགྲོ་བ་དྲུག་གི་གཡངས་ཟླུ་མ།། སྣད ་ནརྣས་པ་བཙུན་སན་ན། བྱུ ་ཉིད་སྟོང་པར་ངོ་སྤྱད་པས་སྡང་བ་ཕུང་པོ་རྣམས་དང་གཉིས་སུ་མི་འབྱེད་པར་གྱུར་ནས་ཆོས་ཀྱི་དབྱིངས་ཀྱི་དབང་དུ་གྱུར་ཏེ། ཡུལ་ཐམས་ཅད་གཅེར་གྲོལ་དུ་ངོ་སྤང་བའོ།། ་སྟོང་པས་སྤྱོད་པའི་ཚད་བླུན་ཏེ། གྲུབ་པའི་མཐའ་ཞེན་པ་ཐམས་ཅད་དུས་གཅིག་ལ་ཆོད་ནས་སྤྱོང་པ་ཎྜི་སྤུའི་ཀློང་དུ་ཀུན་ཆུབ་པར་གྱུར་ནས། འཁོར་འདས་གཉིས ་སུ་མེད་པའི་གདིང་རྙེད་པའོ།། ཀྱེ་གསང་བའི་བདག་པོ་ཉོན་ཅིག། ཆུའི་སྣང་བ་མེད་པས་ཀུན་ཁྱབ་ཆེན་པོའི་སྣང་བ་རྙེད། སའི་སྣང་བ་རང་བྱུང་བས། ཁྱབ་བརྡལ་ཆེན ་པོའི་སྟོང་པ་རྙེད།། མེའི་སྣང་བ་ཡི་རྫོགས་པས། རང་གསལ་ཆེན་པོའི་སྟོང་པ་རྙེད།། རླུང་གི་སྣང་བ་རང་སངས་པས།། བསྐྱོད་པ་ཆེན་པོའི་སྟོང་པ་རྙེད། ནམ་མཁའི་སྣང་བ་། ་དངས་པས།། དག་པ་ཡུལ་གྱི་སྟོང་པ་རྙེད། ཅེས་དམས་པའི་ཚིག་ཏུ་བརྗོད་ནས། ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་རྡོ་རྗེ ་འཛིན། སྟོང་པ་ཉིད་གསལ་བར་ང་སྦེད་པས་སྟོང་པ་ཉིད་བལྟ་བ་རྣམས་དང་མི་བྱེད་པར་གྱུར་ནས། ཡུལ་དང་འཛིན་པ་ཐམས་ཅད་རང་སར་དག་སྟེ། མི་གནས་པའི་ཀློང ་མཁའ་མཉམ་དག་པའི་གནས་སུ། རྡོ་རྗེ་སྙིང་རང་གི་སྣང་བ་པོ་དང་དུ་ལེན་པ་ཟད་པ་གསལ་བའི་ཡུལ་ཞེས་བྱ་བའི་དོན་སྐྱེས་ཏེ། ཆོས་ཐམས་ཅད་ཀྱི་འབྲས་བུ་ལ་དབང་ཐོབ ་ནས་རང་བཞིན་རྫོགས་པ་ཆེན་པ་འ་ན་ལགནས་པའོ།། ཀྱེ་ལགས་བ་འབྱུང་ན་པ་རྒྱུནག་མནས་མེད་པའི་སྟོང་པ་ཡིས། 1་ན་མ ་འབྱུང་བ་རང་ཟད་འོད་སྣང་རྙེད།། བྱ་བྱེད་རྡོལ་མེད་བྲལ་བའི་སྟོང་པ་ཡིས།། སྐུ་གསུམ་མཚོན་པའི་འོད་སྣང་རྙེད།། འབྱུང་བ་ཟད་པའི་སྟོང་པ་ཡིས།། རྣལ་འབྱོར་བརྟན ་པའི་འོད་སྣང་རྙེད། ཏིང་འཛིན་རྒྱུན་དུ་གནས་པའི་སྟོང་པ་ཡིས།། རང་གསལ་བཞག་པའི་འོད་སྣང་རྙེད། རྟག་ཆད་མཐའ་ལ་མི་གནས་སྟོང་པ་ཡིས།། རང་རིག་སྒྲིབ་བྲལ་འོད ་སྡང་རྙེད།། ཅེས་དམས་པའི་ཚིག་ཏུ་བརྗོད་ནས། ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ།། གསལ་བ་རིག་པར་ངོ་སྤྲད་པས། ་གསལ་བ་ཉིད་མཐའ་ཐམས་ཅད་རྣམ་པར་འབྱེད་པའི་རང་སྣང་དུ་ཤར་ནས། དྲི་མ་ཐམས་ཅད་ལས་འདས་པའི་དཀར་པོ་རང་བྱུང་།། ཡོན་ཏན་ཐམས་ཅད་རྫོགས་པའི ་སེར་པོ་རང་བྱུང་། མ་བཙལ་བཞག་པའི་དམར་པོ་རང་བྱུང་། བྱ་བཙལ་རྫོགས་པའི་ལྗང་གུ་རང་བྱུང་། མི་འགྱུར་ཁྱབ་པའི་མཐིང་གར་རང་བྱུང་བའོ།། གསང་བའི ་བདག་པོ་རྡོ་རྗེ་འཛིན་པ་ཆེ།། སྲུ་ཡི་གསལ་ཆས་རིག་པ་དྲི་མེད་མཐོང་།། ཐིག་ལེའི་གསལ་ཆུས་རིག་པ་ཉུག་གཅིག་མཐོང་།། ཡེ་ཤེས་གསལ་ཆས་རིག་པ་ཡེ་དངས ་མཐོང་།། དབྱིངས་ཀྱི་གསལ་ཆས་རིག་པའི་རང་ཡུལ་མཐོང་།། སྒྲོན་མའི་གསལ་ཆས་རིག་པའི་རང་ངོ་མཐོང་།། འོད་ལྔའི་གསལ་ཆས་རིག་པའི་ཁ་དོག་མཐོང་།། སྣང ་བའི་གསལ་ཆུས་རིག་པའི་རང་བཞིན་མཐོང་།། ཤེས་རབ་གསལ་ཆེས་རིག་པའི་འདུག་ཚུལ་ཤེས།། ཞེས་བརྗོད་ནས་ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད། ཡིད་གཞན་དུ་མ་ཡེངས་པར་ཉོན་ཅིག། རིག་པ་དང་དབྱིངས་ངོ་སྤྲད་པས་རིག་པ་ཉིད་ཡུལ་ཐམས་ཅད་ཀྱི་བདག་ཉིད་དུ་བྱུང་སྟེ། ་ཉིད་གནས་ཀུན་ལ་ལོངས་སྤྱོད་པ་ཞེས་བྱ་བར་རྡོ་རྗེ་སྙིང་པོའི་ཚིག་ཏུ་ངས་བསྟན་ཏོ།། དེའི་ཕྱིར་ན། སྔོན་དུ་རིག་པ་སྣང་བའི་ཡུལ་ལ་མཁས་པས། དྲན་པ་ཐམས་ཅད ་གྱི་སྒོ་བཀག་པ་ཞེས་བྱ་སྟེ། དེ་ཉིད་ཀྱིས་དེ་ཉིད་གྲོལ་བའི་མན་ངག་གཞི་རྣམ་པར་དག་པས་ལམ་མངོན་དུ་ཤར་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མཛད་པའི་དོན་ལ་མཁས་པ ་ཞེས་བྱ་བར་རང་བྱུང་བ་ཡིན་པས། བདག་ཉིད་ལུང་ཐམས་ཅད་ཀྱི་ལུང་དུ་རིག་པ་ཉིད་བྱུང་བའོ།། ཀྱེགས་བའི་བདག་པོ་ཉོན་ཅིག། གཞི་ལ ་གནས་པའི་རིག་པ་ཡིས།། ཆོས་ཉིད་འདུས་པའི་དབྱིངས་དང་འཕྲད།། མཚན་ཉིད་འཛིན་པའི་རིག་པ་ཡིས།། རྣམ་པར་དག་པའི་དབྱིངས་དང་འཕྲད།། ལུ་གུ་རྒྱུད་ཀྱི་རིག ་པ་ཡིས།། རང་བཞིན་འོད་ཀྱི་དབྱིངས་དང་འཕྲད།། ཅེས་དམས་པའི་ཚིག་རང་བྱུང་ངོ་།། དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དེ ་རྣམས་ཀྱི་དོན་བསྡུས་ནས་གང་ཟག་གཅིག་ལ་སྟོན་ན་ཅི་ལྟར་བགྱི། སྟོན་པ་ཉིད་ཀྱིས་བདག་ལ་གསུངས། དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། འདི་དག་ཆོག་ཏུ་བརྗོད་དོ།། ་ཨེ་མ་ཧོ།། སྣང་བ་ཐམས་ཅད་སེམས་སུ་དོ་སྤྱད་པས་སེམས་ལ་བྱན་ཚུད། སེམས་སྟོང་པར་ངོ་སྤྲད་པས་སྟོང་པར་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་དོ་སྤྲད་པས་རེག་པ ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ།། དེའི་ཕྱིར་ན། འཁྲུལ་པ་རྣམས་སྦྲུལ་སྐུ་ལ་ངོ་སྤྲད་པས་སྡང་བ་འདི་གཏན་ལ་ཕེབས། ལོངས་ཚོམ་བུ་སྤྱོད་རྫོགས་པའི་སྐུ ་ལ་ངོ་སྤྲད་པས་བར་དོའི་སྣར་བ་གཏན་ལ་ཕེབས། ཆོས་ཀྱི་སྐུ་ལ་ངོ་སྤྲད་པས་ཆོས་ཉིད་ཀ་ནས་དག་པའི་སྣང་བ་གཏན་ལ་འབེབས་པའོ།། དེ་ལྟར་ན་སྦྲུལ་སྐྲ་དང་ངོ་སྤྲད་པས། ་ལུས་ངག་གི་ཞེན་པ་བྱ་བ་བྲལ་བར་བྱ་བའི་སྤྱོད་པ། ལུས་ཀྱི་གནད་གཙུན་པས་སྔོན་དུ་འགྲོ་བའི་ལས་ལ་མཁས་པར་བྱས། དེ་ལྟར་ན་ལོངས་སྐུ་དང་ངོ་སྤྲོད་པས་ཡུལ་ནམ་མཁའ། དང་སྒོ ་དང་ངོ་བོ་རིག་པ། གསུམ་ལ་མཁས་པར་བྱས་ནས་ཉམས་མྱོང་རྒྱུད་ལ་བརྟེན། ཆོས་སྐུ་དང་ངོ་སྤྲད་པས་རིག་པ་ཉིད་ཚད་ལ་ཕབ་སྟེ། ལུགུ་རྒྱུད་མངོན་སུམ་དུ་སྣང་བར་བྱས་པའོ།། ་ཨེ་མ་ཧོ།། ནམ་མཁའ་རིག་པ། དག་ལ་སུས་འཛིན་པ།། འདིས་ནི་རང་གི་དང་པོའི་གནས་ལུགས། འགྲོས་ཤེས།། ཙཀྵུ་ཉིད་ལ་མིག་གི་དེ་བཞིན་ཉིད། གང་སྤྱོད་པ། འདིས་ནི ་ཞིང་ཁམས་གཏན་ལ་ཕེབས།། རིག་པ་ཉིད་ལ་རྡོ་རྗེ་ལུགུ་རྒྱུད་ལ། སུ་གོམས་པ། འདིས་ནི་རང་འབྱུང་ཕུང་པོ་ལྷག་མེད་དུ། རང་སར་དེངས།། དེ་ཡི་ཚད་ལ་གང་གནས་པ།། ་ཆོས་ཉིད་ཀུན་ཀྱང་ཟད་པའི་སའོ།། ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པ་གསང་བའི་རྒྱུད་ཆེན་པོ་ལས། ཕྱི་ཡུལ་ལ་སྤྲད་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་དགའ་མགུ་ཡི་རངས་ནས། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། གསང་བ་ངོ་སྤྱོད་རིན་པོ་ཆེ་སྤྲས་པའི་རྒྱུད་ཅེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ ་བཞིའི་བཅུད་དུ་ཕྱུང་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་དང་། བོད་ཀྱི་ལོ་ཙྪ་བ་སྐབ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།། །། དཔལ་སྔགས་ཀྱི་སྲུང་མས་སྲུངས ་ཤིག། ངོ་སྤོད་སྦས་པའི་རྒྱུད་ལ་འགྲེལ་པ་རིན་པོ་ཆེ་བསྟར་བརྒྱུས་བྱ་བ་ཡོད། ངོ་སྤྲོད་སྦས་པའི་རྒྱུད་ལ་མ་བུ་བཅོ་ལྔ།། །། དགེའོ།། དགེའོ།། དགེའོ།། །་