CLOSE WINDOW

Gaz001.005: rdo rje sems dpa' snying gi me long gi rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མགོང་མ་གཞི་འོག་མ་འཁྲུན་པ་ལོག་པའོ།། ནརོ་དབྱིངས། ཀླད་ཀོར་སྐུ་དང་ཡེ་ཤེས་སོ། བཛྲ་རྡོ་རྗེ་སཏྭ་སེམས་དཔའ་ཙིཏྟ་སྙིང་ཨཱ ་དཪྴ་མེ་ལོང་གི་ཏན་དྷུ་རྒྱུད་ནཱ་མ། ཅེས་བྱབ། དབྱེར་མེད་པའི་སུ། ཨོཾ་ཨ་ནི་ཆོས་ཀྱི་མུ། ཧ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་ནི་སྤྲུལ་པའི་སྒྲ། གུ་གུ་ནི་ངོ་བོ་ཉིད་ཟླ། ཞབ་རྒྱ་ནི་རྡོ་རྗེ་འཛིན་པ ་མཽ་། བོངག་དེས། ཙྪལ་མས་ནཱ་དྷོ་ས་མས་དཔའ་སྟེང་གས་པ་གས་ལ་ཟླ་ལའི་གི་རྒྱུད་དང་ས་ས་བྱག། བདུ་མ ་ལས་འདས་པས། བཅོམ་ལྡན་འདས་རྟོགས་པ་དང་ལྡན་པས་མི་ཕམ་ཡེ་ཤེས་ཀྱི་ཞེ་ལྡེང་དང་ལྡན་པས། ཁྲོ་འོད་ལྔ་རང་ལ་ཡོད་པས་གཉེར། གཉེར་ཅན་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིསྐུ་བསྟན་པའི་དུས་བདེན་པ་ཆེན་པོ་བསྟན་པའི་དུས་ཕུན་སུམ་ཚོགས་པ། གཅིག་ན། ཉེ་བའི་འཁོར་ཕུན་སུམ་ཚོགས་པ། འཁོར་རྣམས ་ལེགས་པར་ཉོན་ཅིག། རང་ལ་གནས་པའི་དོན་རང་བྱུང་ཐབས་ཆེན་དོན་བཤད་ཀྱིས། ང་ཡིས་བསྟན་པ་ཕུན་སུམ་ཚོགས་པ། བཤད་ཀྱིས་ང་ལ་ཉོན། ཅེས་རྡོ་རྗེ་སེམས ་དཔའི་དོན། བཀའ་བསྒོ་བ་མཛད་དོ།། འདི་སྐད་བདག་གིས་ཐོས་པའི་གོ་ནས་ཤེས་པའི་ཕྱིར། དུས་གཅིག་ན། དུར་ཁྲོད་མེ་རི་འབར་བ་ཅེས་བྱ་བ། གནས་ཕུན ་སུམ་ཚོགས་པ། ཉིན་བཞིན་རླུང་འཚུབ་པ། ཁྲོ་བའི་གནས། མཚན་བཞིན་མེ་འབར་བ་དེ་ན། བཅོམ་ལྡན་འདས་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྲུ་ཁྲོ་བོར་སྣང་། ་xxx ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བར་སྐུར་སྤྲུལ་ནས། གསང་བའི་བདག་པོ་ལ་སོགས་པ་ཁྲོ་བོ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཁྲོ་བོའི་ཚོགས་དང་མཁའ་འགྲོ་མ་ལ་སོགས་ཏེ་མཁའ་འགྲོའི་ཚོགས་རྣམས ་ལ་རྒྱུད་ཆེན་པོ་གསང་བ་ཡང་ཁོལ་དུ་ཕྱུང་བ་འདི་བཤད་དོ།། མ་རིག་པས་བཅིངས་པ་ལས། དོན་དགྲོལ་ཏོ།། གསལ་བར་བྱེད་དོ།། སྙིང་གི་དཀྱིལ་འཁོར་གྱི་འོད། རྒྱུད་ཀྱི་དོན། རྒྱས་པར་སྟོན་ནོ།། ཞེས ་བྷུ་བའི་སྒྲ་ཉིད་ཀྱིས་བླཁོར་རྣམས་ལ། ལན་གསུམ་བརྗོད་དོ།། དེ་ནས་གསང་བའི་བདག་པོས་ཞུ་བ་ཞུས་པ། ངོ་མཚོར་བས། ཨེ་མ་བྱམས་མགོན་བཅོམ་ལྡན་ཐུགས་རྗེ་ཅན།། བསྟན་པའི ་སྙིང་པོ་རླུང་ཐམས་ཅད་ཀྱི་བྱུང་པོ། གསུང་དུ་གསོལ། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཁྲོ་བའི་ཆ་ལུགས་སུ་མངོན་པར་སྤྲུལ་ནས། བཤད་པར་དེས་བཅེས་པ། ཨ་སརྦྦ་དྷཱརྨ ་ཨ་ཧི། སྐྱེ་མེད་ཀྱི་དང་དུ་ཆོས་ཐམས་ཅད་དབྱེར་མེད་དུ་དབྱིངས་དང་རིག་པ། ཞེས་བྱ་བའི་སྒྲ་བརྗོད་པས། མཁའ་འགྲོ་མ་ཐམས་ཅད་ཡིད་འཁྲུགས་གྱི་ཧུད་ཀྱི་སྒྲ་བརྗོད་པར་གྱུར་ཏོ།། འཇིག་རྟེན ་གྱི་ཁམས་ཐམས་ཅད་ཀྱང་འོད་ཀྱིས་ཁེངས་སོ།། དེ་ནས་ཡང་། སརྦ་མ་ཆོས་ཐམས་ཅད་མཉམ་པ་ཉིད་སྐྱེ་བ་མེད་པའོ།། ལམ་ལ་ཨ་ཧཱུ~ཾ། ཞེས་བརྗོད་པས། སངས་རྒྱས་ཀྱི་བྱིན་གྱི་རླབས ་མངོན་པར་བྱེད་བ་དང་ལྡན་པར་གྱུར་ཏོ།། དེ་ནས་ཁྲོ་བའི་ཚོགས་དཔག་ཏུ་མ་དྲུག། དང་མཁའ་འགྲོ་མྱ་ཚོགས་རྣམས་ཀྱིས་ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་རང་བྱུང་དབྱིངས་རྫི་བ་གསུམ་དྲིས་སོ། ནས་འོད་གསལ་བར་གསུང་དུ་གསོལ།། ཨ་ཏི་ཐེག་པའི་དོན་དུ་གསུང་དུ་གསོལ། རང་རིག་བསྟན་པའི་སྒྲོན་མ་མི་འགྱུར་བ ་གསུང་དུ་གསོལ།། ཞེས་དྲི་བ་གསུམ་དྲིས་སོ།། དེ་ནས་སྟོབས་ཀྱི་བདག་པོས་སྟོབས་དང་མི་འཇིགས་པ། བཀའ་སྩལ་པ།། ཀྱེ་རྩེ་ཁྲོ་བདག་ཆེན་པོ་ཉོན།། ང་ཡི་བསྟན་པ་ཐེག་། བསམ ་མི་ཁྱབ། དེ་རྣམས་དོན་ཆེན་འདིར། དེ་རྣམས་གང་གིས་ཀྱང་གཏན་ལ་མི་ཕེབས་པ། བཤད་ལེགས་པར་ཉོན། དྲི་བ་དང་པོའི་ལན། རང་བྱུང་དབྱིངས་ནས་འོད་གསལ་རིག་པའི་ཀློང་།། མ ་སྐྱེས་གདོད་ནས་དག་པའི་མ་རིག་པ་མེད་པའི་རིག་པ་ཟག་པ་མེད་ལ་རིག་པ་བྱང་ཆུབ་སེམས།། སྐྱེ་མེད་དོན་ལྡན་རིག་པའི་ཡེ་ཤེས་སྐུ། རིག་པའི་ངོ་བོ་སྲུ་དང་ཡེ་ཤེས་སོ།། འཇའ་ཚོན་ལྟ་བུར ་ངས་མ་འདྲེས་ཡོངས་སུ་རྫོགས།། ཙིཏྟའི་དཀྱིལ་འཁོར་སྙིང་གིད་ཅིལ་ན་གནས། ཡེ་ཤེས་འོད་དུ་གསལ།། ཡེ་ཤེས་འོད་འཕྲོས་མི་གནས་ལམ་བྱུང་ཞིང་།། རྣམ་དག་སྟོང་པའི ་མཁའ་ལ་རྣམ་མཁར་འོད་འ་ནས། ཡེ་ཤེས་འོད་དུ་བརྡལ།། སྟོང་གསལ་འབྱེད་མེད་སྟོང་པགཅིག་སང་མེད་གས་ལ་པར་ཡོད་དང་དུ་གཉིས་མེད་ཐིམ། དྲི་བ་གའི་སྩ་བ། ཨ་ཏཱི་འགྱུར་མེད་རིག་པར། ་ལྟ་བ་ནི། གཅིག་ལ་ཀུན་རྫོགས་ཐ་དད་དུ་མེད། ཐ་སྙད་ཀུན་དང་བྲལ།། ཐ་སྐད་སྤངས་ན་རང་བྱུང་སྟོང་པ་གཅིག་པོར་མ་ཡིན་གསལ་བར་ཡོད། བདེ་བའི་ཀློང་།། གཉིས་མེད་རྟོགས་ན་བདེ ་ཆེན་ཨ་ཏིའི་ངང་།། ཐོག་ཆེན་དོན་རྟོགས་རིག་པ་ཨཾ་ཏིའི་ངང་།། གསང་སྔགས་དོན་རྟོགས་རིག་པ་ཨ་ཏིའི་ངང་།། ཡེ་ཤེས་དོན་རྟོགས་རིག་པ་ཨཏཱིའི་ངང་།། རང་སྣང་དོན་རྟོགས ་རིག་པ་ཨ་ཏིའི་དང་། དྲི་བ་གསུམ་པ། རང་རིག་བསྟན་པའི་སྒྲོན་མ་འདི།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། བྱང་ཆུབ་ལམ་གྱི་སྒྲོན་མ་རང་བྱུང་རང་ལ་ཐིམ། མིག་ནས་བྱུང་ཞིང་སྙིང་གི ་དཀྱིལ་གྱི་རིག་པ་ལ་ཐིམ། དཔེར་ན་ཉེ་བཞིན་འགྲོ་བ་ཡོངས་ལ་ཁྱབ།། ཙིཏྟའི་དཀྱིལ་དུ་གནས་བཅས་མེ་གནས་ལམ་ཕྱུང་ཞིང་།། ཡེ་ཤེས་སྒྲོན་མ་སྟོང་ཉིད་ནམ་མཁའ་ལ། རིག་པ་མིག་ནས ་ནམ་མཁའ་ལ་ཡེ་ཤེས་ཀྱི་སྣང་བ་ལྔར་བར་རོ།། ཡེ་ཤེས་འོད་ཕུང་ནམ་མཁའི་མཐའ་དང་མཉམ།། བག་ཆགས་སྦུབས་ལ་བརྟེན་ནས་ཡེ་ཤེས་དབྱིངས་ལ་སྤྱོད།། ཡེ་ཤེས་སྒྲོན་མ་རང ་སྣང་འོང་པོ་ཆེ།། ཡེ་ཤེས་སྒྲོན་མ་བསྟན་པ་ཀུན་གྱི་རྩེ།། ཞེས་བཀའ་སྩལ་ཏོ།། ཡང་ཞུས་པ། ཨེ་མ་ཧོ། ངོ་མཚར་གྱི་སྒོ་ནས་ཐུགས་བརྩེ་བས་སེམས་ཅན་ལ་ཕན ་གདུགས་པ་དང་རང་གི་དོན་རྟོགས་པར་བྱེད་པའི་ཕྱིར། བཅོམ་ལྡན་ཐུགས་རྗེ་ཅན།། རྣམ་གསུམ་དྲིས་ལན་དེ་ལྟར་ན། དོན་གྱི་སྙིང་པོ་གསུང་དུ་གསོལ།། བརྗོད་མེད་རྣམ་དག་གསུང་དུ ་ས་ལ་ས་ལ ་འགྱུར་མེད་ཀློང་ན་རིག་པ་རང་བྱུང་གསལ།། སྙིང་པོ་ཡེ་ཤེས་སྐུལ་གསལ་འགྲིབ་ཡོངས་ཀྱིས་མེད།། དོན་གྱི་སྙིང་པོ་རང་གསལ་བདེ་བའི་སྒྲ།། ཀུན་ལ་ཁྱབ་པའི་སྙིང་པོ་ཉག ་གཅིག་པོ།། བརྗོད་པས་ཐོག་ཏུ་མི་ཕེབས་ཆོག་གིས་མཚོན་དུ་མེད།། རིག་པའི་ཡེ་ཤེས་བརྗོད་པའི་མཐའ་དང་བྲལ།། རྣམ་དག་འོད་གསལ་བརྗོད་མེད་དང་དུ་ཐིམ།། དབྱར ་མེད་ཚུལ་གྱིས་སེམས་ཅན་ཡོངས་ལ་གནས།། ཨེ་མ་ཧོ། རང་བྱུང་བདེ་བའི་སྐུ།། ཚིག་གཅིག་བསྟན་པས་དོན་ཆེན་པོ།། ཁ་དོག་དཀར་དམར་མ་འདྲེས་ཡོངས་སུ་གསལ།། སྐུ། ་གཅིག་ཀུན་ལ་ཁྱབ་པས་བདེར་གཤེགས་སྙིང་པོའི་སྐུ།། འགག་མེད་ཀློང་ནས་ཤེས་རབ་འོད་གསལ་བ།། རྟག་པར་གཏེར་འཆང་རང་གི་ཐུགས་ལ་གནས།། རྒྱུད་ཆེན་དོན ་འགྲོ་ལ་གསང་སྔགས་ཨཱ་ལཱི་ཀཱ།། ཡེ་ཤེས་དོན་སྟོན་གསང་སྔགས་རྒྱལ་པོ་འདི།། ཀུན་ལ་དཀོན་པའི་རིན་ཆེན་གཏེར་ཡིན་པས།། མ་ཡེངས་དམ་ཚིག་ལྡན་པས་སྤྱད་པར་བྱ།། ཞེས ་ཁྲོ་བོའི་རྒྱལ་པོས་ཐོག་མིའི་དབྱིངས་བསྟན་ཏོ།། བཀའ་བསྒོ་བའི་དོན་རྒྱས་པར་བཤད་དོ།། ཅེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཡང་ཁོལ་དུ་ཕྱུང་བ། རྡོ་རྗེ་སེམས་དཔའ་སྙིང་གི ་མེ་ལོང་གི་རྒྱུད་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། སེག། ཚཱ་མ~ཾ་གཱ། དེ་ནས་ཡང་བཅོམ་ལྡན་འདས་སྒྲ་ཞི་བའི་ཆ་ལུགས་དྲུག་པ་རྡོ་རྗེ་འཆང་ཞེས་བྱ་བར་སྤྲུལ་ན། ་མཁའ་འགྲོ་མ་ཆེན་མོ་ལྷ་ཚངས་པ། དུང་གི་ཐོར་ཚུགས་ཅན་དང་། རྨ་བྱའི་མགྲིན་དང་། རོ་ཟན་དང་།། ཁྲོ་གདོང་མ་དང་། ལ་སོགས་པ་སྟེ་མཁའ་འགྲོ་མ་བྱེ་བ་དང་ཐུབ་པ་དྲུག་དང་བྱང་ཆུབ ་སེམས་དཔའ་རོ་ལངས་བདེ་བ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ལས། གསང་བའི་བདག་པོ་ལག་ན ་རྡོ་རྗེ་ཞེས་བྱ་བ་མདུན་དུ་བབས་ནས། ཐལ་མོ་སྦྱར་ནས་ནུབ་ཞུས་སོ།། ཅེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཐེག་པའི་སྒོ་རྣམས་གསུང་དུ་གསོལ།། ཆོས་ཀྱི་རྣམ་བསས། ་གྱིས་མི་ཁྱབ་པ་ཐེག་པ་དགྲའོ།། འཇིག་རྟེན་པའི་ཆོས་ཐམས་ཅད་ལོག་ལྟ་དང་ཡང་དག་ལྡན་པར་བལྟའོ།། ཞེས་ཞུས་སོ།། རྡོ་རྗེ་འཆང་གིས་དོན་གཉིས་སུ་བཀའ་སྩལ་པ།། ཐེག་པའི་སྒོ་ནི་བསམ་བརྒྱད ་ཁྲི་བཞི་སྟོང་ལོག་པའི་ཐེག་པ་འཇིག་ཚོགས་སུམ་བརྒྱ་དྲུག་ཅུ་ལས་གྱེས་པའི་དོན། ཡས་ཀྱང་།། ཡི་གེ་རྣམ་པ་གཉིས་སུ་ལོག་ལྟ་དང་ཡང་དག་གཉིས། གསུངས།། ཡི་གེ་རྣམ་གཉིས་གཔ་ཞེ་ན།། ས་དང ་དེ་ཡངས་ཞེས་བྱ་བ་ཐམས་ཅད་འབྱུང་བའི་གཞི་མ་ལྟ་བ་སྟེདདེ་ཡང་ལོག་ལྟ་རྟག་ཆད་བྱེད་པའི་ས་ཡིན། ཡི་གེ་ཧི་ཧ་ཞེས་ཐ་བ་ནི་ཡང་དག་པའི་ལྟ་བ་མཚོན་པར་བྱེད་པའི་ཡི་གེ་ཆོས་ཀྱི་སྒོ་མོ་བརྒྱད་། ཁྲི་བིནི་སྟོང་དེ་བ་གྲུས་ཏེ་བསྟན་པ ་དེ་བང་ཡང་དག་པའི་ལེ་ཞེན་གྱི་སྙིང་པོ་ཅན་ཞེ་ཅོག་ལ་འདུས། དེ་ཡང་བཤད་ལུགས་གང་ཞེ་ན།། འཇིག་རྟེན་པའི་ཐེག་པ་དང་། འཇིག་པནི་ག་ཆགས་ཕུང་པོ་འཇིག་པས་རིག། ཕུང་པོ་དག་ཡོ ་རྟེན་ཡིན་པས་རྟེན་ནོ།། འཇིག་རྟེན་ལས་འདས་པའི་ཐེག་པའོ།། དེ་ལ་འཇིག་པའི་རྟེན་དུ་གྱུར་པ་མེད་དོ།། འཇིག་རྟེན་པ་ནི་གང་ཞེ་ན།། ཡི་གེ་ས་ལ་འདུས་པའོ།། འཇིག་རྟེན་ལས་འདས་པའི་ཡི་གེ ་ཧ་ཞེས་ཀུན་ཏུ་གྲགས།། ལྷ་དང་མི་ཡི་ཐེག་པ་བཤད།། དེ་ལ་ཡང་ནི་རྣམ་གཉིས་སོ།། ལོག་ལྟ་དང་ནི་ཡང་དག་ལྟ།། ལོག་ལྷའི་ཐེག་པ་བསམ་ཡས་ཀྱང་།། བསྡུས་ན་རྣམ་པ ་གཉིས་སུ་འདུས།། རྟག་ལྟ་དང་ནི་ཆད་ལྟའོ།། རྟག་པར་ལྟ་བའི་གྲུབ་མཐའ་ནི།། རྒྱུ་རྟག་འབྲས་བུ་འགྱུར་བར་ལྟ།། རྒྱུ་ནི་རྟག་པ་ཐེར་ཟུག་ལ།། འབྲས་བུ་ག་ནས་སྐབས་འགྱུར ་བའོ།། དེ་ཡང་ཡི་གེ་ས་ལ་རྫོགས།། ཆད་པར་ལྟ་བའི་གྲུབ་མཐའ་ནི།། གླུ་ནི་ཆུ་ཡི་ལྦུ་བ་བཞིན།། གློ་བུར་དག་ཏུ་འདོད་པ་ལ།། འབྲས་བུ་སྟོང་པ་ཕྱལ་ཆད་དོ།། འཇིག་རྟེན་རྒྱང་པར ་ལྟ་བ་སྟེ།། ད་ལྟའི་ལུས་འདི་བོར་ནས་ནི།། ལུས་ནི་འབྱུང་བའི་བག་ལ་ཞ།། སེམས་ནི་ནམ་མཁའི་བག་ལ་ཞེ།། ཅང་མེད་སྟོང་པ་ཕྱལ་ཆད་དོ།། དེ་ཡང་ཡི་གེང་ལ་རྫོགས།། ལྷ་མིའི ་ཐེག་པ་ཕྱེད་ལྟའོ།། ཡང་དག་ལྟ་བ་ལ་ཡང་རྣམ་གཉིས་སོ།། དེ་ཡང་ཡི་གེ་གཉིས་ལ་འདུས།། ཡི་གེ་གཉིས་པོ་གང་ཞེ་ན།། ཡི་གེ་མ་དང་ཨོཾ་ལ་འདུས།། རྒྱུ་ཡི་ཐེག་པ་དག་དང་ནི། ་གསང་སྔགས་རྡོ་རྗེའི་ཐེག་པའོ།། མཚན་ཉིད་ལ་ཡང་རྣམ་གསུམ་སྟེ།། དེ་ཡང་ཡི་གེ་རྣམ་པ་གསུམ།། ཡི་གེ་བ་དང་ཙ་དང་ནི།། ཡི་གེ་ཝ་ལ་རྫོགས་པའོ།། ཉན་ཐོས་པ་ཡི་གྲུབ ་མཐའ་ནི།། འཇུག་པའི་སྒོ་ནི་བདེན་བཞིའོ།། བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡིས།། ལོག་པའི་ལྟ་བ་དག་ལས་ཡང་དག་འཕགས། རྟོགས ་པའི་ལྟ་བ་གང་ཟག་བདག་མེད་ཆོས་ལ་བདག་ནི་ཡོད་པར་འདོད།། བདེན་བཞི་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདོན། བསྒོམས་པས་འབྲས་བུ་རྣམ་བཞི་ལན་ཅིག་ཕྱིར་འོང་བ་ཕྱིར་འི ་འོང་བ། དགྲ་བཅོམ་པ་རང་བྱུང་བ། ཐོབ།། སྡུག་བསྔལ་སྤང་བར་འདོད་ཅིང་འགོག་པ་བསྒྲུབ་པར་འདོད།། ཀུན་འབྱུང་སྤང་བར་འདོད་ཅིང་ལམ་ལ་མངོན་པར་གནས།། ཉོན་མོངས ་སྤངས་ཤིང་ས་ལམ་བསྒྲུབ་པར་འདོད།། དེ་ལ་རྣམ་པ་གཉིས་སུ་སྟེ།། བྱེ་བྲག་པ་དང་མདོ་སྡེ་པ།། བྱེ་བྲག་པ་ཡི་ལྟ་བ་ནི།། ཕུང་པོ་ཁ་མ་དང་སྐྱེ་མཆེད་ལ།། གཡག་རྔ་ནི ་གསེང་ཚུལ་དུ་འདོད།། མདོ་སྡེ་པ་ཡི་ལྟ་བ་ནི།། ཁ་ཏོན་བྱས་པའི་རང་བཞིན་དང་།། ཐོས་བསམ་བྱས་པའི་རང་བཞིན་གྱིས།། ས་བརྒྱད་འབྲས་བུ་ཐོབ་པར་འདོད།། རང ་རྒྱལ་མདོ་སྡེའི་ཐེག་པ་ནི།། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་ལ།། རྟོགས་པའི་ལྟ་བ་ཆོས་ཀྱི་ཁམས།། གཅིག་གི་ཕྱོགས་ལ་བདག་མེད་བལྟ་བས་འཕགས།། ་འདོད་ཆགས་གཉེན་པོར་མི་སྡུག་རྣམ་བརྒྱད་བསྒོམ།། དཔེར་ན་དུར་ཁྲོད་རོ་བཞིན་ནོ།། བྱང་ཆུབ་སེམས་དཔའི་ཐེག་པ་ནི།། འཁྲུལ་གཞི་རྣམ་པར་བརྩི་བ་ནི།། རང་རིག། ་རང་གསལ་རྣམ་པའོ།། སེམས་ཙམ་ག།། སྟོང་ཉིད་རང་བཞིན་མེད་པར་བལྟ། དབུ་མ་པ།། སྟོང་ཉིད་མ་འགགས་སོ་སོར་གསལ་བས་འཕགས།། བདེན་གཉིས་ཚུལ་གྱི་རྣམ་པ ་ཅན།། དོན་དམ་དང་ནི་ཀུན་རྫོབ་བོ།། སྟོང་པ་ཕྱལ་ཆད་མ་ཡིན་ཏེ།། སྟོང་པ་ཁད་ཀྱིས་གསལ་བར་བསྒོམ།། སྟོང་པའི་མུ་ལ་མི་གནས་ཚིག་གིས་མཚོན་དུ་མེད།། རྡོ་རྗེ་ཐེག ་པ་རྣམ་གཉིས་པོ།། ཕྱེ་བ་ཐུབ་པ་ཆུད་ཀྱི་ཐེག་པ་དང་།། ནང་པ་ཐབས་ཀྱི་རྒྱུད་དུ་གསུངས།། དེ་ཡང་ཡི་གེ་རྣམ་པ་གཉིས།། ཤ་དང་འ་ལ་འདུས་པའོ།། ཕྱི་བ་ལ་ཡང་རྣམ ་གསུམ་མོ།། ཀྲི་ཡ་ཨུ་པ་ཡོག་གསུམ།། དེ་ཡང་ཡི་གེ་གསུམ་དུ་འདུས།། ཡི་གེ་གསུམ་པོ་གང་ཞེ་ན།། ཡི་གེ་ཧ་དང་ཧེ་དང་ནི།། ཀ་ལ་ཡང་དག་རྫོགས་པའོ།། ཀྲི་ཡིའི ་ཐེག་པའི་གྲུབ་མཐའ་ནི།། འཇུག་པའི་སྒོ་ནི་དག་པ་གསུམ།། ཁྲུས་དང་གཙང་སྦྲས་འཇུག་པ་ལ།། ལྷ་ཡི་དཀྱིལ་འཁོར་གསལ་བས་པ་ཕགས།། ལྟ་སྤྱོད་གཉིས་མེད་ལྷ་དང་། ་རྗེ་ཁོ་ལ་བལྟ།། བསྲུང་བའི་དམ་ཚིག་གང་ཞེ་ན།། ལུང་གཅིག་ཆུ་ལ་མི་འཐུང་བསྲུང་།། རྟོགས་པའི་ལྟ་བ་གང་ཞེ་ན།། ལྷ་དང་བརྗོད་མེད་ཐིམ་པར་རྟོགས།། ་འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་འགྱུར་མེད་གནས་པར་རྟོགས།། ཨུ་པ་ཡ་ནི་གང་ཞེ་ན།། སྤྱོད་པ་ཀྲི་ཡ་ལྟ་བུར་སྤྱོད།། ལྟ་བ་ཡོ་གར་བལྟ་བས་འཕགས།། དེ་ཕྱིར་གཉིས ་མེད་རྒྱུད་ཀྱིས་ཐེག་པ་ཞེས་ཀྱང་གྲགས།། ཡི་གའི་གྲུབ་མཐའ་གང་ཞེ་ན།། འཇུག་པའི་སྒྲོ་ནི་མངོན་པར་བྱང་ཆུབ་ལྟ།། རྟོགས་པའི་ལྟ་བ་ལྷ་དང་གཉིས་མེད་རྟོགས།། བསྲུང ་པའི་དམ་ཚིག་གང་ཞེ་ན།། མཁྲེལ་རྣམ་པ་གསུམ་པོ་བསྲུང་།། མཁྲེལ་རྣམ་གསུམ་གང་ཞེ་ན།། སློབ་དཔོན་མཆེད་ཀྱིས་མཁྲེལ་དང་།། ཡི་དམ་ལྷ་ཡིས་མཁྲེལ་དང་།། རང ་གི་སེམས་ཀྱིས་མཁྲེལ་བའོ།། བྱང་ཆུབ་ལྔ་པོ་གང་ཞེ་ན།། གདན་གྱི་སྒོ་ནས་བྱང་ཆུབ་དང་།། སྐུ་ཡི་སྒོ་ནས་བྱང་ཆུབ་དང་།། གསུང་གི་སྒོ་ནས་བྱང་ཆུབ་དང་།། ཐུགས ་ཀྱི་སྒོ་ནས་བྱང་ཆུབ་དང་།། བསྐྱེད་པའི་སྒོ་ནས་མངོན་པར་བྱང་ཆུབ་པའོ།། དེ་དང་འདུ་འབྲལ་མེད་པ་རྟོགས་པའི་དོན་གྱིས་འཕགས།། གཉིས་མེད་དང་ལས་ལྷ་ཡི་ཚེ ་འཕྲུལ་བྱུང་།། ནང་པའི་རྒྱུད་ལ་རྣམ་གསུམ་སྟེ།། དེ་ཡང་ཡི་གེ་རྣམ་གསུམ་མོ།། ཨཽ་དང་ཨཱཿཧཱུ~ཾ་ལ་རྫོགས།། མ་ཧཱ་ཡོ་གའི་ཐེག་པ་ནི།། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ ་གྲཝསུམ་སྟེ།། ཆོས་ཅན་ལྔ་ཡི་དཀྱིལ་འཁོར་དག་ཏུ་རྟོགས་པས་འཕགས།། བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས།། ཏིང་ངེ་འཛིན་ནི་རྣམ་གསུམ་གང་ཞེ་ན།། དེ་བཞིན ་ཉིད་ཀྱི་ཏིང་འཛིན་ནི།། ཡེ་ཤེས་སྟོང་ཉིད་བརྡལ་བར་བསྒོམ།། ཀུན་ཏུ་སྣང་བའི་ཏིང་འཛིན་ནི།། སྙིང་རྗེ་གསལ་ལ་མ་ཡེངས་བསྒོམ།། རྒྱུ་ཡི་ཏིང་འཛིན་ཧཱུ~ཾ་གིས་བསྒོམ།། དེ ་ཡང་སེམས་དཔའ་སུམ་བརྩེགས་བསྒོམ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི།། སྐུ་ཡི་སྒོ་ནས་མ་བྱིན་ལེན་དང་སྲོག་གཅོད་སྤང་བར་བྱ།། གསུང་གི་སྒོ་ནས་རྫུན་དང་ཕྲ་མ་ཞེ།། ་གཅོད་ཚིག་མི་སྨྲ།། གསང་སྒོ་འཆོལ་བར་མི་སྤྱད་གསང་སྔགས་ཐབས་ཀྱིས་བཅའ།། ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་སྤང་བར་བྱ།། རྡོ་རྗེ་སློབ་དཔོན ་ཐུགས་ཀྱང་དཀུག་མི་བྱ།། མཆེད་དང་ལྷ་མ་བྲལ་སུན་མི་ཕྱུང་།། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྱེར།། བཅོ་ལྔ་རྡོ་རྗེ་འཛིན་པའི་ས་ལ་འབྲས་བུ་ཐོབ།། དཔེར ་ན་ས་གཞི་ལྟ་བུའོ།། ལུང་ཆེན་ཨ་ནུ་ཡོ་གའི་གྲུབ་མཐའ་ནི།། འཇུག་པའི་སྒོ་ནི་ཅིག་ཆར་རིམ་གྱིས་སོ།། རྟོགས་པའི་ལྟ་བ་འདུ་འབྲལ་མེད་པས་འཕགས། ་བསྲུང་བའི་དམ་ཚིག་རྣམ་གཉིས་རིམ་གྱིས་བསྲུང་།། ཊཱིག་ཆར་འཇུག་པ་གང་ཞེ་ན།། སྙིང་པོ་དྲན་པས་ལྷ་རྣམས་མ་བསྐྱེད་རྫོགས།། དཔེར་ན་ཆུ་ལ་ཆུ་བུར་རྡོལ་བའི་ཚུལ་དུའོ།། རིམ ་གྱིས་འཇུག་པ་གང་ཞེ་ན།། དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི།། འབྲས་བུ་བཅུ་དྲུག་ས་ལ་གནས།། དམ་ཚིག་རྣམ་གཉིས་གང་ཞེ་ན།། གསང་སྔགས་དོན་རྟོགས ་རྟག་ཏུ་བཀུར་བར་བྱ།། ཁམས་གསུམ་སེམས་ཅན་སྙིང་རྗེའི་རྒྱུན་ཐག་གཅད་མི་བྱ།། འཁོར་བའི་རྒྱུ་མཚོ་དཔག་ཏུ་མེད་པ་ནས།། མ་རྙེད་ནོར་བུ་རིན་ཆེན་སྟེར་མཛད་པ། ་སློབ་དཔོན་རྟག་ཏུ་བཀུར་བར་བྱ།། དཔེར་ན་ཡིད་བཞིན་ནམ་མཁའ་ལྟ་བུའོ།། ཞེས་རྡོ་རྗེ་འཆང་ཉིད་ཀྱིས་བཀའ་སྩལ་ཏོ།། ཡང་གསང་པའི་བདག་པོས་ཞུས་པ། ་བཅོམ་ལྡན་ཐེག་ཆེན་བདག། ཐེག་པ་བརྒྱད་ཀྱི་གྲུབ་མཐའ་དེ་ལྟར་ན།། ཨ་ཏིའི་ཐེག་པ་གསུང་དུ་གསོལ། ཞེས་ཞུས་པས།། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ།། དྲི་བ ་དྲིས་པ་དེ་ལེགས་སོ།། ང་ཡིས་ཁྱོད་ལ་བསྟན་པར་བྱ།། མ་ཡེངས་གུས་པའི་སེམས་ཀྱིས་ཉོན།། རྫོགས་ཆེན་ཨ་ཏིའི་གྲུབ་མཐའ་ནི།། གཅིག་རྫོགས་ཀུན་རྫོགས་ཐ་སྙད། ་ཀུན་དང་བྲལ།། དམ་ཚིག་བསྲུང་དུ་མེད་པའི་ཕྱུལ་བ་ལྷུན་གྲུབ་གཅིག་པུ་ཉིད།། གཏིང་དཔག་དཀའུ་ལ་བརྗོད་པའི་ཐ་སྐད་ཀུན་དང་བྲལ།། འགྱུར་བ་མེད་པས་དྲན་པར ་ཀུན་ལ་ཁྱབ།། དུ་མར་མེད་ལ་ཉག་གཅིག་དགོངས་པའི་མཆོག། ཀུན་བྲལ་ཉག་གཅིག་ཅིར་ཡང་མེད་པའི་འོད་གསལ་བདེ་བའི་སྐུ།། ཞེས་གསུངས་སོ།། ཡང་ཞུས ་པ། ཀྱེ་མ་ཐུགས་རྗེའི་བདག་པོ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་དོན་གསུང་དུ་གསོལ། ཞེས་ཞུས་སོ།། ཡང་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ང་འདས ་པའི་འོག་ཏུ་མ་འོངས་པའི་སེམས་ཅན་རྣམས་ལ་འདི་སྐད་སྟོན་ཅིག། བསྐྱེད་པ་མ་ཧཱ་ཡོ་ག་ནི། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ།། རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད ་ཀྱི་ལམ་ལྟ་བུའོ།། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ།། དེའི་ཕྱིར་ན་བསྐྱེད་རྫོགས་རྣམ་གསུམ་འདུ་འབྲལ་མེད་པའི་དོན་ཡི་གེ་གསུམ་གྱིས ་ཤེས་པར་བྱ་སྟེ། དེ་ཡང་གང་ཞེ་ན། ཨཱཾ་ཨཱཿཧཱུ~ཾ་གསུམ་གྱིས་ཤེས་པར་བྱའོ།། དེའི་ཕྱིར་ན་ངས་གསལ་བར་བསྟན་གྱིས་ཡིད་ལ་ཟུང་ཞིག། སྐྱེ་འགུག ་མེད་པའི་ཨཽ་ནི་རང་ལ་ཡོད།། སྐྱེ་ཤི་མེད་པའི་ཨཱཿནི་བདག་ལ་མཆིས།། འདུ་འབྲལ་མེད་པའི་ཧཱུ~ཾ་གཅིག་བདག་ལ་མཆིས།། ཡི་གེ་མེད་པའི་རྒྱུད་གཅིག་བདག་ལ་མཆིས།། ། ་བསྟན་དུ་མེད་པའི་ལུང་གཅིག་བདག་ལ་མཆིས།། རང་རིག་ཁ་འབྱེད་མན་ངག་བདག་ལ་མཆིས།། ཡེ་ཤེས་སྙིང་པོ་སྒྲོན་མ་འོང་པོ་ཆེ། ཞེས་ཐེག་པ་དྲུག་གི་དོན་ཐེག་པ ་གསུམ་དུ་ཤེས་པར་བྱའོ།། ཡི་གེ་དྲུག་གི་དོན་ཡི་གེ་གསུམ་དུ་ཤེས་པར་བྱའོ།། མ་འོངས་པའི་སེམས་ཅན་རྣམས་ལ་བསྐྱེད་རྫོགས་རྣམ་གསུམ་གྱི་དོན་གྱིས་རྒྱུད་གྲོལ་བར ་གྱིས་ཤིག། སེམས་ཅན་ཐམས་ཅད་རང་ལ་ཡི་གེ་འབྲུ་གསུམ་དུ་གནས་པར་གྱིས་ཤིག། དེ་ཡི་ཕྱིར་ན་བསྒྲུབ་ལ་མ་ཧཱ་ཡོགས་གཞི་དང་སྦྱར་ཏེ་བཤད། ལུང་ཨ་ནུ་ཡོ་ག་ནམ ་མཁའ་དང་སྦྱར་ཏེ་བཤད། མན་ངག་རྫོགས་པ་ཆེན་པོ་ཉི་ཟླ་དང་སྦྱར་ཏེ་བཤད་དོ།། དོན་གྱི་སྙིང་པོ་གཏན་ལ་འབེབས་པ་རྒྱུད་འདིས་ཤེས་པར་བྱའོ།། ཞེས་དྲུག་པ་རྡོ་རྗེ་འཆང ་ཆེན་པོས་གསང་བའི་བདག་པོ་ལ་ཐེག་པའི་དོན་བཀྲོལ་ཏེ་བསྟན་པའོ།། ཞེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཞལ་ཐོན་ཏུ་བསྟན་པའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ ་ལོང་གི་རྒྱུད་ཆེན་པོ་ལས། ཐེག་པའི་རིམ་པ་ལྟ་བ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་ཞུ་བ་ཞུས་པ། བཅོམ་ལྡན་འདས ་ཐུགས་རྗེ་ཆེན་པོ་དང་ལྡན་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ། སེམས་ཅན་ཐམས་ཅད་ལ་ཇི་སྐད་བསྟན་པར་བགྱི། ཞེས་ཞུས་སོ།། ཁྲོ་བོའི་རྒྱལ་པོ ་འཇིགས་པའི་གཟུགས་ཅན་གྱིས་བཀའ་སྩལ་པ། ཨེ་མཧོ། དོན་ཆེན་པོ་ངས་བཤད་ཀྱིས། རྡོ་རྗེ་འཛིན་པ་ལེགས་པར་ཉོན། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས ་ཅད་ནི། དང་པོ་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ།། གཞི་དེ་ངོ་བོ་སྟོང་པ། རང་བཞིན་གྱིས་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ།། དེ་ནས་ནང ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་བྲེང་ཙམ་འགྱུས་པ་ལས། ཤེས་པ་སྲུན་པོས་ཕ་གི་ལས་དབྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས ་འཁྲུལ་ལོ།། མ་རིག་པ་དེ་གཞི་ལ་མེད་དེ། ཉམས་ས་མ་རྨི་ལམ་རྣམ་པ་ལ་ཡོད་དོ།། སྣང་བྱ་རྣམ་པ་ལས་ཀྱང་བྱུ་། ལས་རྐྱེན་རྣམས་བྱུང་ངོ་།། གཞི་དེ་འོད་ཁྱིམ ་གྱིས་ཚུལ་དུ་གནས་པ་ལས། རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ།། དེ་ལ་རྟོག་དཔྱོད་དུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ།། དེ་ལ་ཡུལ་ཡུལ་ཅན་དུ་བཟུང་བས། དམིགས ་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ།། དེ་གསུམ་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ།། དེ་རང་གི་གཞི་ཡིན་པ་ལ ་རང་གིས་ངོམ་ཤེས་ཏེ། འཁྲུལ་ནས་ཁམས་གསུམ་འཁོར་འགྲུབ་བོ།། དེ་ནས་ཉོན་མོངས་པ་རགས་སུ་སོང་ནས། སེམས་ཅན་གྱི་གཟུགས་ཐ་དད་དུ་བྱུང་ངོ་།། གཞི་དེ་ལྟ ་ལས་འཁྲུལ་ལོ།། ཞེས་གསུངས་སོ།། དེ་ནས་མཁའ་འགྲོ་མའི་ཚོགས་ནག་མོ་སྙིད་ཟན་མ་དང་། རོ་ཟ་ཙཎྜི་དང་། ཐོད་པའི་ཕྲེང་བ་ཅན་དང་། རྨ་བྱའི་མགྲིན་པ་ཅན། སྙིང ་ཁྲག་འཇིབ་མ་ལ་སོགས་ཏེ་ནམ་མཁའ་གང་བའི་མ་མོའི་ཚོག་རྣམ་གྱིས་ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། གཞིའི་རྣམ་པ་དེ་ལྟར་ལགས་ན། སེམས་ཅན་རྣམས་ལ་གཞི ་བདེ་བར་གཤེགས་པའི་སྙིང་པོའི་དོན་ཅི་ལྟར་གནས་ཞེས་ཞུས་སོ།། ཡང་བཀའ་སྩལ་པ། ཨེ་མ་ཧོ།། ཀློང་བདག་ཆེན་མོ་རྣམས་ཉོན་ཅིག། འཇིག་རྟེན་ཁམས་ཀྱི་སེམས ་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རང་ཆས་སུ་ཡོད་དོ།། དེ་ཡང་ཏིལ་འབྲུལ་མྱུར་གྱིས་ཁྱབ་པ་བཞིན་དུ་གནས་སོ།། དེ་ཡང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ ་བརྟེན་ནོ།། གནས་ནི་སྐྱེང་གི་དཀྱིལ་ན་གནས་ཏེ། དེ་ཡང་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ། དཔེར་ན་བསེའི་གཱའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང ་ན་འོད་ཁ་དོག་ལྔའི་དཀྱིལ་ནས། ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་འོད་ཁྱིམ་གྱིས་ཚུལ་དུ་གནས་སོ།། དེ་ནི་རིག་པའི་གནས་སོ།། དཔེར་ན་བུམ་པའི་སྒྲ་ལྟ་བུའོ།། དེ་ལས ་བྱུང་བའི་ཡེ་ཤེས་ནི། གནས་པ་ཀླད་པའི་དུང་ཁང་གི་ནང་ན་གནས་སོ།། དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙོམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ།། དེ་ཡང་འོད་ཟེར་གྱི་ཚུལ ་དུ་གནས་སོ།། དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་ལ་དངས་པའམ། དཔེར་ན་ཉའི་མིག་ལྟར་འོད་ཟེར་དུ་གནས་སོ།། དེ་དང་རིག་པའི་འབྲལ་བ། ་ན་སྙིང་གི་རྩེ་ནས་ཡར་ལ་རྩ་དང་དཀར་གྱི་སྐལ་མ་ཙམ་སྦྲུལ་ཚིགས་ཀྱི་འདབ་ནས་ཡང་ཡོད་དེ། དེ་ནས་ལམ་དུ་བྱུང་ནས་མགོའི་ནང་དུ་འཇུག་གོ། རྩད ་ཡང་ཙེའུ་ཆུང་གིས་གཡས་ནས་ཐོན་ནས་ཀླད་པ་དང་འབྲེལ་ལོ།། དེ་ཡང་རྣ་བའི་འདབགཡས་གཡོན་ནས་མིག་དང་འབྲེལ་ལོ།། དེ་ཡང་ནམ་མཁའ་ལ་མིག་བཟློག་སྟེ་རྩ་གཏུན ་ན། ཡེ་ཤེས་ཀྱི་སྣང་བ་ཤར་ནས་ནམ་མཁའ་གང་བར་འགྱུར་རོ། རྩའི་གཙུན་ཐབས་ནི་འགྲེལ་བ་ལས་ཤེས་པར་བྱའོ།། དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། ཨེ་མ་ཧོ།། སེམས་ཅན་རྣམས་ལ་དོན་དེ་ལྟར་གནས་པ་ངོ་མཚར་ཆེའོ།། བདེ་བར་གཤེགས་པའི་གནས་ལུགས་དེ་ལྟར་ལགས་ན། སེམས་ཅན་རྣམས་ལ་མ་རིག་པའི ་གནས་ལུགས་ཅི་ལྟར་ལགས། ཞེས་ཞུས་སོ།། ཡང་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ་ཀྱེ་འབྱུང་བའི་བདག་མོ་རྣམས་ཉོན་ཅིག། ལེགས་པར་ཡིད་ལ་ཟུང་ཞིག། དོན་ཞུགས ་སུ་ཆུད་པར་གྱིས་ཤིག། ཀྱེ་འགྲོ་བ་སྲོག་གིས་བསླུས་པའི་སེམས་ཅན་རྣམས་ལ། ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེ་བ་རག་ནས་སོ།། དེ་ཡང་རྟེན་གཟུགས་ཀྱི་ཕུང ་པ་ལ་བརྟེན་ནས་གནས་སྙིང་དང་གློ་བའི་བར་ན་གནས་སོ།། དེ་ཡང་མ་རིག་པ་རྐྱང་པར་མེད་དེ་སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པའི་གཞིར་གནས་སོ།། དེ་ལ་ཡིད ་ཅེས་བྱ་བ་ཡུལ་རྟོག་པ་དང་ལྷན་ཅིག་ཏུ་གནས་སོ།། དེ་གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ། འཁོར་བར་འཁོར་རོ།། དེ་ལ་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ་།། དེ ་ནས་ཉོན་མོངས་པ་སྟོ་ཕྲག་བརྒྱད་ཅུ་བྱུང་ངོ་།། དེ་རྣམས་ལམ་གང་ནས་བྱུང་ཞེ་ན། གློ་བ་དང་སྙིང་དུ་འབྲེལ་པའི་བར་ན། སྲོག་རྩ་དམར་པོ་ཞེས་བྱ་བ་སོག་མའི་སྦུ་གུ་ཙམ ་གྱིས་ནང་ནས་ཡང་རྒྱུ་སྟེ། དེ་སྐལ་ཚེགས་ཀྱི་འདབ་ནས་ཡར་རྒྱུའོ།། དེ་ཡང་རྩེའུ་ཆུང་གཡོན་པ་དང་འབྲེལ་ལོ།། དེ་རྣམས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ།། དེ་ཁ་དང་སྣ་ནས། ་རྒྱུ་སྟེ། དེ་ལས་ཉོན་མོངས་པ་སྣ་ཚོགས་འབྱུང་ངོ་།། དེ་རྣམས་ཀྱི་དབང་དུ་མ་གྱུར་པའི་རིག་པ་ནི། རིག་པ་ནམ་མཁའ་བརྡལ་བར་བྱའོ།། བར་སྣང་གི་ཁམས་ལ་ཡེ་ཤེས ་ངོས་བཟུང་ངོ་།། དེ་བཞིན་དུ་མའོངས་པའི་སེམས་ཅན་ལ་བྱོས་ཤིག། ཅེས་བཀའ་སྩལ་ཏོ།། དེ་ནས་མཁའ་འགྲོ་མ་རྣམས་ངོ་མཚར་མཆོག་ཏུ་གྱུར་ནས། ཨེ་མ་ཧོ། ཀློང ་ཡངས་སོ།། སངས་རྒྱས་ཀྱི་སྐུ་སེམས་ཅན་ལ་བྱུང་བ་ངོ་མཚར་ཆེའོ།། ཨེ་མཚོ། ཀློང་གཅིག་ཏུ་འདུས་སོ།། ཨཱ་ལ་ལ་ཧོ།། དོན་སྲིད་ཆེན་པོ་རྙེད་དོ།། ཞེས ་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ།། དེ་ནས་ཡང་གསང་བའི་བདག་པོ་བཛྲ་པཱ་ཎི་དང་། གནོད་སྦྱིན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཀླུའི་རིགས་བསམ་གྱིས་མི ་ཁྱབ་པའི་འཁོར་དང་བཅས་ཏེ།། ཁྲོ་བོའི་རྒྱལ་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཛྲ་པཱ་ཎི་དྷཱ་སྭརྟ་ནི་གྷ་མ་བྷ་བ་ཁ་ཚ་བྷ་ཨཱ~ཾ་ཨཽ། ཞེས་བརྗོད་ནས་ཡང ་ཞུས་པ། ཨེ་མ་ཧོ།། ཀྱེ་ཐུགས་རྗེ་ཆེན་པོ་དོན་གྱི་སྙིང་པོ་དེ་ལྟར་ལགས་ན།། སེམས་ཅན་དབང་པོ་འགགས་པ་ལ། ཇི་ལྟར་འཆར་ལུགས་བསྟན་དུ་གསོལ། ཞེས་ཞུས་པས།། ་སྟོབས་ཀྱི་རྒྱལ་པོས་བཀའ་སྩལ་པ། ཨེ་མཧོ།། གནོད་སྦྱིན་གྱི་འཁོར་རྣམས་ཉོན་ཅིག། ང་མྱ་ངན་ལས་འདས་པའི་འོག་རོལ་ནས། སེམས་ཅན་བག་ཆགས་སད་པ་རྣམས་ལ་འདི ་སྐད་སྟོན་ཅིག། རིགས་ཀྱི་བུ་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། རིག་པ་གཞི་ནས་འཕགས་ཏེ་ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་རྟགས་གསུམ་གྱིས ་ངོ་སྤྲད་ལ་སོགས་ཏེ། ངོ་སྤྲོད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ།། གངས་སམ་གཡའ་འམ་རྒྱ་མཚོ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་ཞིག་སྐར་ཁུང་གི་སྣང་བ་ལ་ཕྱར་ནས་བལྟས ་ན་འོད་ཁ་དོག་ལྔ་ལྷག་པར་འཆར་ཏེ། རྡོ་སྤྲོད་བྱས་ནས་ཉམས་སུ་བླངས་པས། སྐུ་ཐམས་ཅད་ཁ་དོག་ལྔ་དང་ལྡན་པར་འཆར་རོ།། དེ་ཡང་སེམས་ཅན་རང་རྒྱུད་པ་རྣམས་ལ་ཇོ་སྲིད་གསུམ་བྱས་ན་དོན་གྱི་ངོ་སྤྲོད ་ཉམས་སུ་བླངས་ནས་རྟོགས་པའི་དོན་ལ་མཉམ་པར་བཞག་ན་འཁྲུལ་སྣང་དུ་དག་སྣང་འཆར། དག་སྣང་ལོངས་སྤྱོད་རྫོགས་པའི་སྒྲ་ཁ་མིག་རྣ་བ་ཅན་དུ་འཆར་རོ། གང་ཞེ་ན། ཁ་དོག་མཐིང་ག་དང་དཀར ་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ།། མར་ཤེལ་གཅིག་རྗེས་སུ་འཇུག་པའི་གང་ཟག་དེའི་མིག་གཡས་པར་ལག་པ་གཡས་པས་བཟུང་སྟེ། མིག་གི་སྟེང་དུ་བཞག ་ན་སྣང་བ་མཐོང་བར་འགྱུར་རོ།། ལག་པ་གཡོན་པས་མིག་གཡོན་པ་དགབ་པར་བྱའོ།། དེ་ནི་དཔེའི་ངོ་སྤྲོད་དོ།། དོན་དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་གནས་སོ།། དེ་ནི་དོན་གྱི་ངོ ་སྤོད་དོ།། རྟགས་ཀྱི་ངོ་སྤྲོད་ནི་རང་གི་མཛུབ་མོས་མིག་མནན་ན། བོད་ཀྱི་ཐིག་ལེ་ཉའི་མིག་ལྟ་བུར་འཆར་རོ།། དེ་ནི་རྟགས་ཀྱི་ངོ་སྤྲོད་དོ།། ཆོས་ཀྱི་སྐུའི་ངོ་སྤོང་ནི་ཉི་མའི་དཀྱིལ ་འཁོར་ལ་སྤད་དོ།། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་སྤྲོད་ནི། དེ་བཞིན་གཤེགས་པའི་སྲུ་ངས་ལ་བྲིས་པ་རང་གི་མདུན་དུ་བཞག་སྟེ། ཤེལ་མིག་གི་སྟེང་དུ ་བཞག་ནས་མིག་ནམ་མཁའ་ལ་བལྟས་ན། ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྔ་བ་ཅན་མཐོང་བར་འགྱུར་རོ།། དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་པར་མདོ་ལ ་འཆར་བ་ངོ་ཤེས་པར་གྱིས་ཤིག། སྤྲུལ་པ་སྐུའི་ངོ་སྤྲོད་ནི། ཆོས་ཅན་མཚན་མར་སྣང་བ་རང་གི་རིག་པའི་ཆོ་འཕྲུལ་དུ་ཤེས་པར་གྱིས་ཤིག། ཆོས་ཉིད་རང་གི་རེག་པ་འོད་ཟེར་གྱི ་ཕུང་པོར་ངོ་ཤེས་པར་གྱིས་ཤིག། དེ་ནི་རྣམ་རྟོག་བག་ཆགས་ཀྱི་སྐབས་འདི་ཉིད་མ་བོར་བ་ལ་ངོ་ཤེས་པར་གྱིས་ཤིག། དེ་ནི་སྤྲུལ་པ་སྐུའི་ངོ་སྤོང་ངོ་།། རྩའི་གཙུན་ཐབས་ཀྱིས ་སྣང་བ་རང་ལུགས་སུ་འཆང་བའི་ངོ་སྤྲོད་ནི། འཆི་བདུད་ཀྱི་སྒོ་ནས་ཡེ་ཤེས་ཀྱི་རླུང་འགྱུ་བའི་ལམ་གཉིས་གནས་པས། ལམ་དེ་གཉིས་རྩ་རྒྱུ་བའི་གྲོང་ཁྱེར་ན་ཡོད་པའི་བདུད་ཀྱི ་སོ་བ་མིག་གཉིས་འགེག་ཏུ་གཞུག་གོ།། ལམ་དེ་གཉིས་བཀག་པས་མ་དག་འཁྲུལ་པའི་སྣང་བ་འདི་འགགས་སོ།། དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་རོ།། བློན་པོ་བཙོན ་དུ་ཟིན་ནོ།། བློན་པོ་བཙོན་དུ་ཟིན་ནས།། ཀྱེ་རྐུན་སྒོར་ཕྱུང་ངོ་།། ཁྱི་རྐུན་སྒོར་བྱུང་བས་རྒྱལ་པོ་གདན་ལ་བཞུགས་སོ།། རྒྱལ་བ་གདན་ལ་བཞུགས་པས། ཡེ་ཤེས་རྟོག་མེད་དུ ་གསལ་ལོ།། རྟོག་མེད་དུ་ངོས་ཟིན་པས་ཆོས་སྒྱུ་རང་ལུགས་སུ་གནས་སོ།། ཆོས་སྐུའི་ངང་ལ་བཞག་པས་འཁྲུལ་སྡང་དག་སྡང་དུ་འཆར་རོ།། འཆང་སྒོ་གང་ནས་འཆར་ན།། ནམ ་མཁའི་མཐོངས་ཁུང་གི་སྒོ་ནས་འཆར་རོ།། དེ་ཡང་འཆར་ལུགས་གསུམ་དུ་འཆར་རོ།། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འཆང་བ་དང་། ཞིང་ཁམས་དེའི་ཐིག་ལེ ་དང་ཐིག་ཕྲན་དུ་འཆར་བ་དང་། ཚོམ་བུ་ལྟར་འཆང་བའོ།། ཚོམ་བུ་ལ་གཉིས་ཏེ། ཞེང་ཁམས་ཀྱི་ཚོམ་བུར་འཆར་བ་དང་། སྲུའི་ཚོམ་བུར་འཆར་བའོ།། སུའི་ཚོམ་པ ་འཆར་བ་ལ་གསུམ་སྟེ། སྐུ་མང་ཉུང་ངུ་འཆར་བ་དང་། བཞུགས་ཚུལ་ཅི་ལྟར་བཞུགས་ནས་འཆང་བ་དང་། སྐུ་མདོག་ཅི་ལྟར་འཆར་བའོ།། ཞིང་ཁམས་ཚམ་བུ་ནི་ཝ ་ལྡན་དུ་འཆར་རོ།། ཏུ་ཉུང་བར་འཆར་བ་ནི་རྣམ་སྣང་གཅིག་པུར་ཡང་འཆང་རོ།། འོད་དཔག་མེད་གཅིག་པུར་ཡང་འཆར་ར།། རིགས་ལྔ་འགྲེའོ།། མང་བར་འཆར་བ་ནི། ་རིགས་ལྔ་དུས་གཅིག་ལ་ཡང་འཆར་རོ།། ཡུམ་ལྔ་སྟེ་བཅུ་དུ་ཡང་འཆར་རོ།། བཅུ་གཅིག་བཅོ་ལྔ་ལ་སོགས་པར་ཡང་འཆར་རོ།། བཞུགས་ཚུལ་ནི། ལོངས ་སྐུ་ཁ་མིག་རྣབ་ཅན་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པལ། ནམ་མཁའི་འཇའ་ཚོན་ལྟར་མི་འདྲེས་ཡོངས་སུ་རྫོགས་པས། མེ་ལོ་ལ་ཉི་མ་ཤར་བ་ལྟར ་གསལ་ལ་རྟོག་པ་མེད་པ། གདན་ཁྲི་དང་། དབུ་རྒྱན་དང་། ཕྱག་མཚན་དོ་ཤལ་ཐམས་ཅད་དང་ལྡན་པའི་སྐུ་མཉམ་པ་སྐྱིལ་ཀྲུང་དུ་བཞུགས་ནས་འཆར་རོ།། སྐུ་མདོག་ཏུ་འཆང ་བ་ནི། རྣམ་སྣང་ཡང་མཐིང་ག་ཁོ་ནའི་བདག་ཉིད་དུ་མི་བཞུགས། རྡོ་རྗེ་སེམས་དཔའ་ཡང་སྐུ་མདོག་དཀར་པོའི་རང་བཞིན་དུ་མི་བཞུགས་པ་དེས་འགྲེ་བའི། རྣམ་སྣང་ཡང་། ་མཐིང་ག་དང་། དཀར་པོ་དང་། དམར་པོ་དང་།། སེར་པོ་དང་། ལྗང་གུ་སྟེ། ཁ་དོག་ལྔ་ལྡན་དུ་འཆར་རོ།། སེམས་ཅན་དང་རྒྱུད་པ་རྣམས་ལ་ངོ་སྤྲོད་གསུམ་བྱས་ན་དེ་བཞིན་དུ ་འཆང་ངོ་།། ངོ་སྤོང་བྱས་ནས་དེའི་དོན་ཉམས་སུ་བླངས་པས་རྟོགས་པའི་དོན་ཡང་འཁྲུལ་སྣང་ཐམས་ཅད་དག་སྣང་དུ་འཆར། དག་སྣང་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྒྲ་ཁ ་མིག་རྣ་བ་ཅན་གྱིས་གང་ནས་ངང་ལ་འཆར་རོ།། དེ་རྣམས་བདུན་པོ་ནི་འོད་ཀྱི་ངོ་སྤྲོད་ཅེས་བྱའོ།། ཡེ་ཤེས་ཀྱི་ངོ་སྤྱོད་གང་ཞེ་ན། ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲད་ནི་མཁར་གཞོང ་གྲི་བཅུད་ལ་བརྟགས་པ་སྟེ་མཁར་གཞོང་ལེགསྲ་པའི་ནང་དུ་ཆུ་དང་ས་མས་བཀང་སྟེ། མིག་གི་ཐོག་ཏུ་གསལ་བྱེད་ཀྱི་མེ་ལོང་བཞག་ན། ཐིག་ལེ་དང་ཐིག་ཕྲན་གྱི་ཚུལ་དུ་འཆར ་ཏེ། དེ་ལས་ཀྱང་འོད་ཟེར་མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོའོ།། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤོང་དོ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་སྤྲོང་གང་ཞེ་ན། མེ་ལོང་གཉིས ་ཀྱི་བར་དུ་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་སྟེ། ཕར་འགྲམ་ཚུར་འགྲམ་གཉིས་སུ་མེ་ལོང་རེ་གཟུག་སྟེ། དེ་ལ་བལྟས་ན་སྣང་བ་གཉིས་འཆར་རོ།། དེ་ནི་མེ་ལོང་ལྟ་བུའི་ཡེ ་ཤེས་ཀྱི་ངོ་སྤྲོད་དོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་སྤོང་གང་ཞེ་ན། ཆུའི་ཟླ་བ་ལ་ངོས་བཟུང་ངོ་།། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་སློད་དོ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱི ་སྤྲོད་ནི། མར་མེ་ལ་ངོས་བཟུང་ངོ་།། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་དོ།། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མན་ཤེལ་དྲི་མ་མེད་པ་ལ་ངོས་བཟུང་ངོ་།། དེ་ནི་བྱ་བ་གྲུབ་པའི ་ཡེ་ཤེས་ཀྱང་སྤྱོད་དོ།། མི་གནས་པའི་ཡེ་ཤེས་ཀྱི་དོ་སྤྱོང་ནི།། ནམ་མཁའི་ཁམས་ཀྱི་འཇའ་ཚོན་ལངས་བཟུང་དུ།། དེ་ནི་མི་གནས་པའི་ཡེ་ཤེས ་སྤྱོད་དོ།། ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའ་སྤྲིན་མེད་ལ་ངོས་བཟུང་ངོ་།། བདུན་པོ་དེ་ཡེ་ཤེས་ཀྱི་ངོ་སྤྲོད་དོ།། ད་ནི་རིག་པའི་ངོ་སྤྲད་བསྟན་པ་ནི། རིག་པ ་གཞོན་ནུ་བུམ་པ་སྐུའི་ངོ་སྤོང་ནི། མི་གོས་དཀར་དམར་ཁ་དོག་སྣ་ཚོགས་གྱོན་པ་གཅིག་བདག་གི་མདུན་དུ་བཞག་ནས། མིག་གི་སྟེང་དུ་རིན་པོ་ཆེ་བཞག་སྟེ། མྱིག་ནམ ་མཁའ་ལ་བཏེགས་ན། དེ་བཞིན་གཤེགས་པ་ཞི་བུའི་སྐུ་མཐོང་བར་འགྱུར་རོ།། དེ་ནི་རིག་པ་གཞོན་ནུ་བུ་མ་སྨྲའི་ཛི་སྤྱད་དོ།། རིག་པ་གཞོན་ནུ་དཔའ་བ་སྟོབས་ལྡན་གྱི་སྤྱད་ན། ་ཁྱིམ་མུན་པ་ནག་པོར་མི་གོས་ནག་པོ་གོན་པ་རང་གི་མདུན་དུ་བཞག་ནས། གོང་གི་ལྟར་བལྟས་ན་དེ་བཞིན་གཤེགས་པ་ཁྲོ་བོའི་སྐུ་མཐོང་བར་འགྱུར་རོ།། དེ་ནི་རིག་པ་དཔལ ་པས་བྱུང་བང་། ས་ལ་གཞགན་ཀྱི་ངན་ས་ལངས་ནི་གགས་ང། པཔ་ཆགས་པ་པ ་ཉི་མ་དང་ཟླ་བ་ལ་ངོས་བཟུང་ངོ་།། དེ་ནི་རིག་པ་ཀུན་ཏུ་གསལ་བའི་ངོ་སྤྲོད་དོ།། རིག་པ་གཉིས་མེད་ཀྱི་ངོ་སྤྱོད་ནི། བུམ་པའི་སྐུ་ལ་ངོས་བཟུང་ངོ་།། དེ་ནི་རིག་པ་གཉིས་མེད་ཀྱི་ངོ་སྤྲོད ་དོ།། རླིག་པ་དྲི་མ་དང་བཅས་པའི་ངོ་སྤྲོད་ནི། ཉི་ཟླ་སྤྲིན་གྱིས་བསྒྲིབས་པ་ལྟ་བུ་ལ་ངོས་བཟུང་ངོ་།། དེ་ནི་རིག་པ་དྲི་མ་དང་བཅས་པའི་ངོ་སྤྱོད་དོ།། རིག་པ་ཅི་ཡང་མི་གནས་པའི ་ངོ་སྤོང་ནི། མིག་བར་སྣང་ལ་བལྟས་པས་ཤེས་པར་བྱའོ།། དེ་ནི་རིག་པ་ཅི་ཡང་མི་གནས་པའི་ངོ་སྤོད་དོ།། དེ་ལྟར་བདུན་ནི་རིག་པའི་ངོ་སྤྲོད་དོ།། དེ་ལྟར་ཉི་ཤུ་རྩ་གཅིག་རྫོགས ་ནས་རིགས་ཀྱི་བུ་དེ་མྱ་ངན་ལས་འདའ་བའི་ཚེ། རིག་པ་མིག་ནས་ལམ་བྱུང་ནུས་པར་དེའི་སྣང་བ་ལ་འཇུག་གོ།། དེ་ཡང་གང་ཞེ་ན། ཞག་ལྔ་འདས་པའི་འོག་ཏུ་རང་གི་ཐུགས ་ཀ་ནས་ཐུགས་རྗེའི་ཐག་པ་ཞེས་ཀྱང་\ུ0f7f། ཡེ་ཤེས་མཐོང་བ་ཞེས་ཀྱ་བྱ། དག་པའི་སྤྱོད་ཕྲེར་ཤེས་ཀྱང་བྱབ་འང་བྱེར་ཟླ་བནྡྷནའི་རྒྱུནམ་ཞིག་ཟུང་གིས་འང་སྟེ། དེའི ་བག་ཆགས་ཀྱི་སྦུབས་མེད་ཀྱང་ཡོད་པ་སྙམ་འོང་བས། མིག་ནམ་མཁའ་ལ་བཏེགས་ཏེ་བལྟས་པས། ནམ་མཁའི་དཀྱིལ་ན་འོད་ཀྱི་ཚོམ་བུ་ལྔ་བཀྲ་ས་ལེ་མཐོང་སྟེ།། དེའི་དུས ་སྒྲ་ཡིད་ཆེས་པ་མའི་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག། མི་འགྱུར་བ་གསེར་གྱི་ཐུར་མཱ་ལྟ་བུའི་གདམས་དག་དྲན་པར་བྱས་ཤིག། ་དེ་ནས་རིག་པ་འོད་ཀྱི་ཚོམ་བུལ་ཤྲཱིམ་ནས་འགྲོས། དེའི་དུས་སུ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གད་མྱུ་གརྟན་པར་གྱིས་ཤིག། དེ་ནས་བརྟན་པ་ཐོབ་སྟེ། ཞག་ཉིས ་རྩཝ་གཅིག་ནས་སྐུལ་བའི་སྐུ་འབྱིན་ནུས་པའོ།། ཕྱི་ནང་གིས་གསུམ་གྱི་དབང་རྫོགས་པ་རྣམས་ལ་དེ་བཞིན་དུ་བྱོས་ཤིག། སནྟནཱ་ཛྙཱམ་མམ་པང་བྱུང། སརྦཱདྷ། ཧ་ཐཱལ། ་ཞེས་བརྗོད་ནས། སྤྱན་ལྡོག་པས་ཐུགས་ཀ་ནས་འོད་ཟེར་གྱི་ཕུང་པོ་ལྔ་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་མཛད་དེ་ཡང་འདི་སྐད་རྣཾསུ་བསྒྲགས་སོ།། ་དྷརྨ་ཨ་པ་མ་ཀ་མ་དེ་ནི་ཞུ་པ་ཡཱ་འདི་མ་ཡ། ཨོཾཿཱ~ཾ། སྐྱེ་བ་མེད་པ་ལ་སྟོང་པས་རྒྱས་གདབ་ཅིང་ཐུགས་རྗེ་མ་འགགས་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ།། ཨོཾ་ཨཱིཾ་སྡེ་མེད་སྟོང་པའི་རང་བཞིན ་འགག་མེད་དབྱིངས་ཀྱི་རང་བཞིན། སརྦ་དྷརྨ་ཨ་སྭ་མཱ་ཀེ་ཏ་ནི་ནུ་པཱ་ཡཱས་འདི་དྷ་རྨཱ་ཡཱ། འདུ་མིན། སྤྱི་རང་བཞིན་འདུ་འདྲལ་མེད་པ་མ་བཅོས་དབྱིངས་དང་ཡེ་ཞེས་གསལ་པ་དང་ལྡན་པའོ།། ཨོཾ་ཨཽཾ་སླེབ་མེད་པ་ལ ་སྐྱེབའི་ཚེ་འཕྲུལ་དུ་སྣང་བ་དབྱིངས་དང་ཤེས་རབ་འདུ་འབྲལ་མེད་པ། མཱ་མྨེའི། གཞི་མ་བཅོས་པ་ལ་སྟོང་པ་ཐུགས་རྗེས་བརྒྱན་པ་འཇིག་རྟེན་ལས་ཡོག་ཙང་། རྨྱིདྡྷི་མི་འགྱུར་བ་འཛིན་པ་མེད་པ་ཤེས་རབ་རྩེ་གཅིག་པས་ངོནས ་མ་ཡེངས་པའོ།། ཨཱ་ཨཱ་སྐྱེ་བ་མེད་པ་ལས་སྐྱེ་བར་སྣང་བ་འགག་མེད་ཀྱི་ཡེ་ཤེས་རང་གསལ་མ་བཙས་པའི་ཆོས་ཉིད། མཱ་ཨཱུ་མཉམ་ཉིད་དག་པ་ཤེས་རབཙོ་གྱི་ཐུགས་རྗེ་ཨ་ཨཱརྒྷཾ་སྐྱེ་མེད་དབྱིངས་དང་ཡེ་ཤེས་འདུ ་འབྲལ་མེད་པ་ཧ་སྐྱེ་བ་དག་པ། སྐྱེ་བ་མེད་པ་ཨ་ཨ་ཨཱ་མཱ་མཉམ་པར་གནས་པ། དེ་སྐད་ཅེས་ཆོ་འཕྲུལ་གྱི་སྒྲན། ཙཽ་ཤྲཱི་གེ་ཞེས་བྱ་བ། སྒྲ་ཐམས་ཅད་གཏན་ལ་འབེབས་པ། རྫོགས་པ་ཆེན ་པོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་དོན་སྒྲ་ལ་བསྡུས་ཏེ་བཤད་པའོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོ་ལ་སོགས་ཏེ་གནོད་སྦྱིན་གྱི་འཁོར་དང ་བཅས་པ་རྣམས་ངོ་མཚར་མཆོག་ཏུ་སྐྱེས་ཏེ། ཐབས་ཅིག་ཏུ་ཐལ་མོ་སྦྱར་ཏེ་བསྟོད་པ། ཨ་ཧཱུ~ཾ་ཨེ་མ་ཧོ།། བཅོམ་ལྡན་མགོན་པོ་རྡོ་རྗེ་འོད་དཔག་མེད། འགྲོ་བ་ཕ་རོལ་སྒྲོལ ་མཛད་སྟོབས་ཀྱི་བདག། འགྲོ་བའི་གཉེན་བཤེས་གཙུག་གི་ནོར་བུ་ཅན། མ་རིག་མུན་ཁམས་འཇོམས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས་རང་རང་གི་སྟན་ལ་མངོན ་པར་འདུག་གོ།། དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་འཇུས་པའི་འཁོར་རྣམས་ཉོན་ཅིག། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་མ་འོངས་པའི་སེམས ་ནཱནྡྲ་རྣམས་ལ་གྱི་རླུང་གསང་བ་གསུམ་གྱི་དབང་རྫོགས་པར་གྱིས། དོན་དེ་ལྟ་ཟླུ་མ་ནོར་བར་སྟོན་ཅིག། དེ་ནི་དེ་ལྟར་བསྒོམ་དུ་མེད་དོ།། སྒོ་མ་བྱེད་མ་འགགས་པའོ།། བསྒོམ་རྒྱུ ་ནི་མི་དམིགས་པའོ།། དོན་དེ་ལྟ་བུ་འདས་པ་དང་མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་ནུས་རེ་ཀན། ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ།། ཞེས་ཆུད་ཆེན་པོ་རྡོ་རྗེ་སེམས ་དཔའ་སྙིང་གི་མེ་ལོང་གསང་བའི་རྒྱུད་ཅེས་བྱ་བ། གྲུབ་པ་མངོན་དུ་ཕྱུང་བ་བསྟན་པ་ལས། གནས་ལུགས་དང་རྟོགས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། ཐམ ་བྷབཱཿ། དེ་ནས་འཁོར་རྣམས་སྡུག་བསྔལ་གྱིས་གཟིང་བའི་ཡིད་མི་བདེ་བར་གནས་པ་ལས། དེ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད ་ཅེས་གསོལ་ཏོ།། ཀྱེ་ཧུད་སྡུག་བསྔལ་གྱིས་ཟིན་པའི་འཁོར་རྣམས་ལ། བསྟན་པའི་སྒྲོན་མེ་བྱ་ཕྱིར་རྒྱུད་ཆེན་པོ་བསྟན་དུ་གསོལ།། རྒྱལ་བའི་སྐུ་མཆོག་འཁོར་རྣམས་ལ་བསྟན ་དུ་གསོལ།། བཛྲ་ས་མ་ཡ་ཨ་ཧཾ་ཨ་ཧཾ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱི་སླུ་བར་སྣང་ལ་མངོན་པར་གྱུར་ནས། སེང་གེའི་ཁྲིའི་སྟེང་ན་གདུན་དང་བཅས་པ་བཞུགས་ཚུལ ་ནི་སྐུ་ཞི་པའི་ཆུ་ལུགས་སུ་བཞུགས་སོ།། རྡོ་རྗེའི་རིགས་ཀྱི་འཁོར་སེམས་དཔའ་དང་། སེམས་མ་དང་། བྱང་ཆུབ་སེམསད་དཔའ་དཔག་ཏུ་མེད་པ་རྣམས་ཀྱང་འོད་ལ་སྦྲུལ ་ནས་བཞུགས་སོ།། མ་མོ་དང་གནོད་སྦྱིན་གྱི་འཁོར་རྣམས་ཀྱང་སྡུག་བསྔལ་ཆེན་པོ་ལས་གྲོལ་བར་གྱུར་ཏོ།། དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ ་ལྡན་རྡོ་རྗེ་འཆང་། རྒྱུད་ཆེན་ངེས་ཚིག་གསུང་དུ་གསོལ། ཞེས་ཞུས་སོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་ཀྱེ་འདུས་པའི་འཁོར་རྣམས་ཉོན། ཐམས་ཅད་འབྱུང་བའི ་བྱང་ཆུབ་ཡིད་བཞིན་གཏེར།། མ་གྲོལ་གྲོལ་བར་བྱེད་པའི་རྒྱུད་ཆེན་འདི།། རྡོ་རྗེ་དམ་ཚིག་གསེར་གྱི་ལུ་གུ་རྒྱུད།། སྙིང་པོའི་དོན་འགྲོ་ལ་སྙིང་གི་རྒྱུད་ཆེན་འདི།། དུ་མ ་གཅིག་ཏུ་བསྡུས་པའི་དོན་གྱི་མཆོག། དོན་གྱི་འབྲེལ་པ་གསང་སྔགས་བདག་པོས་འཆང་།། སྙིང་གི་དཀྱིལ་ན་རིག་པ་བྱང་ཆུབ་སེམས།། དེ་ཡོད་ཕྱིར་ན་སྙིང་གི་ཆུད ་ཅེས་གྲགས།། མི་འགྱུར་རྡོ་རྗེའི་དོན་ཉིད་རྟག་པར་གཏེར་འཆང་བས།། རྡོ་རྗེའི་རྒྱུད་དུ་འགྲོ་བ་ཡོངས་ལ་ཁྱབ་པར་གྲགས།། གཞན་གྱི་རྣམ་རྟོག་བསལ།། ་པ་སེམས་དཔའི་རྒྱུད་ཅེས་གྲགས།། རྒྱུད་གཞན་རྣམས་ཀྱི་དོན་ཆེན་པོ།། འདི་ནས་འབྱུང་བས་མེ་ལོང་རྒྱུད་ཅེས་གྲགས།། རྒྱུད་ཆེན་པོ་ཡི་གཏན་ཚིགས་ཡང་དག་བཀྲོལ་ནས ་བཤད་པབློའི་གཏིང་དུ་གོ།། དོན་ཆེན་མཚོན་པར་འགྱུར་བའི་ཡི་གེ་དྲུག་བཤད་ལེགས་པར་ཡིད་ལ་ཟུང་།། ཆོས་ཉིད་སྐྱེ་བ་མེད་པ་མཚོན་པའི་ཡི་གེ་ཨ།། ཨ་ནི་སྐྱེ་མེད ་སྤྲོས་པ་མི་དམིགས་ཤིང་།། མ་སྐྱེས་པས་ན་ཡི་གེ་ཨ་ལ་རྫོགས།། སྐྱེ་བྲལ་དངོས་པོར་མ་གྲུབ་ཡི་གེ་ཨ་འདི་གསང་།། འགག་མེད་དོན་ལ་མི་གནས་ཡི་གེའོ།། འགྱུར་མེད ་སྟོང་པའི་ངང་ལས་ཡི་གེ་འབྱུང་ཞིང་།། འགག་མེད་རྟོག་བྲལ་ཡི་གེ་འལ་རྫོགས།། སྐྱེ་མེད་དང་ནས་འགག་མེད་ཡི་གེ་འནི་སྟོང་པ་སེམས་ཅན་ལ་སྣང་བའི་ཡི་གེ། འདི་གསང་།། ་སྐྱེ་བ་མེད་པར་སྣང་ཚུལ་ཡི་གེ་ཏ་ནི་ལུས་རྣམ་པ་གསུམ་མེ། ཧ་ནི་འགྱུར་མེད་ངང་ལས་སྐྱེ་སྣང་མ་འདྲེས་རྫོགས། རིག་པའི་ཀློང་ནས་ཆོ་འཕྲུལ་སྟོན་པའི་ཡི་གེ་ཧ། ཆོས་ཉིད་སྟོང ་ཀྱི་ང་བ་མ་སརྒྱས་གཔ། རང་ལག་ནུས་པའི་ཡེ་ཤེས་དབྱིངས་སྲུ་བཟློག་མཛད་ལག་ཧཱ་འདོགས་པ་རླུས་མནས་ང་བསྒྲུ་ནས་སུ་སྤྱད་པསས་མང་ཅན་ན ་ནས་འཁྲུལ་པ་དང་ལོག་པའོ།། དག་པའི་ཞིང་དུ་སྒྲོལ་མཛད་ལྲྀགྣི་ཤ། ཛྙཱན་གོས་པ་རྐྱེན་པའངགི་རླུང་ལ་གྱེས་པས་གཁྲུལ་བ་ལྡོག། འཁྲུལ་པའི་སྣང་བ་བཟློག་མཛད་ཡེ་གེ་ཤ། སྐྲ་དང་ཐ་སྙད ་ཐམས་ཅད་ཡི་གེ་ཤ་ལ་རྫོགས། ཚིག་རི་ལ་དོན་རིས་སྟོད། སྐྱེ་མེད་དབྱིངས་ནས་སྒྲོལ་མཛད་ཡི་གེ་ཤ་འདི་གསང་།། འགྱུར་མེད་ས་ལ་གནས་པར་བྱེད་པའི་ཡི་གེ་ས། ཞེས་དབང་པོ་བ་མ་ང ་ཡེ་ཤེས་བླ་མའི་ས་ཆེན་བགྲོད་པར་བྱེད་པའི་ཡ~ཾ་གེས། སདྡྷི་རྦ་ཅག་ཅིག་ལས་གྲོལ་བ་མཐར་བྱིན་པ་དེ་ལས་མེད་ས་ཀྱིང་ཆོས་ཐམས་ཅད་ཀྱིགཞིམ། ས་རྣམས་བགྲོད་མེད་ཡི་གྲིས་ལ ་རྫོགས། ས་དང་ལམ་ལྷུན་གྱིས་གྲུབ་ནས་ཡོད་པའི་ཕྱིར་འགྱུར་མེད་ངང་ལ་གནས་བྱེད་ས་འདི་གསང་།། ཡི་གེ་མ་ནི་ཆོས་ཉིད་འབྱུང་གཞི་མཆོས་ཉིད་གསལ་འབྱུང་གི་ཡི་ག་ན་མ་ཆེ ་ལུས་སོ།། བའི་གཏེ་རོ།། རིག་པ་མ་བཅོས་ཡི་གེ་མ་ཡི་དང་། དྲལྟ་ཡང་མའོང་བ་རིག་པ་གཅིགལས་མ་འདས་སོ།། ཀུན་གཞི་མ་བཅོས་ཡིག་མ་བག་ཆགས་ཀྱི་ཕུང་པོ་ལ་རིག་པ་ཡོད་པའི་ཕྱིར། ་ཡི་ངང་ལ་རྫོགས།། གསང་སྔགས་དོན་རྟོགས་ཡི་གེ་མ་ཆོས་ཐམས་ཅད་ཀྱི་གཞི་མ་འདི་གསང་།། ཡི་གེ་དྲུག་གི་དོན་རྟོགས་རིག་པ་རྟོགས་པར་བྱེད་པའི་ཐབས་གསང་སྔགས ་རྒྱུད་ཆེན་འགྲོ་ལ།། ཡི་གེ་དྲུག་གི་དོན་ལ་གནས་པའི་སྐྱེས་བུ་མྱ་ངན་འདས།། རྟོགས་བྱེད་རྒྱལ་པོ་ཡི་གེ་ཐུགས་རྗེ་འབྱུང་བའི་ཡི་གེ་སྒྲ་འགྱུར་དྲུག། གསང་སྔགས་ཐམས་ཅད་ཐུག ་རྗེ་མེད་ན་སངས་རྒྱས་མེད་པའི་ཕྱིར། ཡི་གེ་དྲུག་ལ་རྫོགས། ཞེས་ཡི་གེ་དྲུག་གི་དོན་སྟོན་པ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དོན་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། ཡི་གེའི་དོན་སྦྱོར་དེ་ལྟར་ན།། དབང་གི་བྱེ་བྲག་གསུང་དུ་གསོལ།། ཞེས་ཞུས་སོ།། རྡོ་རྗེ་འཆང་གིས་བཀའ་སྩལ ་།། ཨེ་མཐོ་རྡོ་རྗེ་འཛིན་པ་ཉོན། དབང་ལ་རྣམ་པ་གསུམ་ཡོད་དེ། ཀྲུག་སས་འདུ་ཐལ་མེད་པཕྲུལ་པ་ལྔའི་དབང་རྡུམ་ཆེན་པ་བན་ཏེ་ལངས་སྒྲའི་ང་གསང་བསས་ཀྱིགག་ལ་བན་ཚུ ་གྱི་དང་ནང་དང་གསང་བའོ།། ཕྱི་ནི་རྡུལ་ཚོན་དཀྱིལ་འཁོར་ཏེ།། ཤ་རྣམ་པ་གཅིག་ཏུ་མེད་དུ་མི་རུང་བའི་ཤ་གསུམ་ནི་བུད་མེད་བུ་མ་སྐྱེས་པའི་ཤ་སྐྱེས་པ་གྲར་ཤི་བའི་ཤ་ཕག་གི་ཤའོ།། ཁྲག་སྣ་ཚོགས ་གཏོར་མ་དང་། རིན་ཆེན་རྫས་བཀྲ་ཤིས་རྫས་དང་མན་ཤེལ་དང་།། སྣ་ཚོགས་མཆོད་པས་མཛེས་པའོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ཡི།། ཐིག་ནི་གཞུང་དང་མཐུན་པར། ་གདབ།། ས་ཚོན་ལྔ་ལ་ཨོཾ་ཨཱཿཧཱུ~ཾ་སྭཱཧཱ། འབྲུ་ལྔ་བསྐྱེད། འོད་ལྔའི་རྟགས། དབུས་སུ་མཐིང་ནག་གྲུ་གསུམ་བྲི།། ཐ་མ་ཕོ་བྲང་ཟླུམ་པོ་བྲི།། དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལྡན།། པཉྩ ་རེ་ཁཱ་རྩིགས་པ་ལྔ། ཡེ་ཤེས་ལྔའི་རྟགས། མུན་པའི་བ་དན་དག་དང་ལྡན།། གྲུ་ཆང་ལྗང་གུ་སྒོ་བཞི་དག་དང་ལྡན།། ཕྱི་རི་མི་ཟླུམ་པོ་རྡོ་རྗེའི་ར་བར་ནག་པོ་དཀར་པོ། བཅས། དབྱིངས་ཀྱི་རྟ ་གྲུ་གསུམ་སྟེང་དུ་ཐོད་པ། སོན་པའི་ཐོད་པ། རླབས་ཆད་ནག་པོའི་ཐོད་པ་སྐྱེས་བཀྲིར་ཤི་བའི་ཐོད་པ་ཟོད་པའི་ནང་དུ་སུ་ཙཾཀཾའིས་བརྒྱན། གསུམ་བཞག་སྟེ།། ཐོད་པའི་ནང་དུ་ཤུ་ཁྲག་སྣ་ཚོགས་བླུགས ་ལ་བཞག། ཕྱི་ནང་གི་ཆོས་འདུས་པའི་རྟགས། ཟླ་ག་མ་གསུམ་གྱི་སྟེང་དུ་བཀྲ་ཤིས་བུམ་པ་གསུམ། ནང་དུ་ཤེལ་དུང་རིན་པོ་ཆེ་ཚོགས་ཚད། དེའི་ནང་དུ་སྨན་སྣ་ཚོགས་བླུགས་ལ། དར ་དམར་པོས་མགུལ་ཆིངས་བྱའོ།། ཞིང་ཁམས་ན་བླང་བ་ཐམས་ཅད་སྤང་བ་མཐའ་ཡས་ཀྱི་ཞིང་གི་རྟགས། རྩིབས་བརྒྱད་སྙིང་དུ་ཁྲོ་མཆོག། སེམས་དཔའ་བརྒྱད་རང་ལ་ཡོད་པའི་རྟགས་སྐུ་ཙཀ ་བརྒྱད་བཞག། གྲུ་ཆང་རིགས་པ་ཞིའི་རྟགས། སྟེང་དུ་རིན་ཆེན་བ་བཤིས་རྫས་བརྒྱད་བཞག། མེ་ལོང་ལྔ་ཡེ་ཤེས་ལྔའི་རྟགས། དང་རྨ་བྱ་ལྟ་འོད་ལྔའི་རྟགས་གཞག ་པར་བྱ། དེ་ཡི་སྒྲུབ་ཐབས་བཞིན་དུ་ཤེས་པར་བྱ།། རྫས་ཀྱི་དབང་རྣམས་དང་པོ་ཟླུམ་པ་ནས། རིམ་བཞིན་བསྐུར།། བསྐུར་བའི་གནས་ནི་ཚངས་པའི་བུ་གའོ།། དེ་ལྟར་ཕྱི་ནང་གི་དབང ་རྫོགས་ནས། གསང་བའི་དབའ་གསང་བ་གཏན་ཚིགས་དབང་ལ་འཇུག་པར་བྱའོ།། གཟུངས་མ་མཚན་དང་ལྡན་པ་ལ། གཟུངས་མའི་མཚན་ཉིད་ནི། ཡིད་འོང་མ་སྙེད་པ་འཕྲལ་སོ་ལགས་ས ་ཚིགས་དམ་པ། མིག་དཀར་ནག་གྱིད་པ། ཨོཾ་ཏ་ཤྲུ་\ུ0f7f་གཅིག་ཡོན་པ། བུམ་སྐྱེས་པ། སྐྱེས་པ་དང་མ་ཕྲ་པ། ཡང་ནས་བཅོ་ངོན་མའོ།། ཡང་ན་སུམ་ཅུ་རྩ་ལྔ་སན་པའོ།། ཤེས་དབ་ཆེ་ལ་རིགས་པརྩོན་པ། ཡངན་སུམ ་བརྒྱད་ལོན་པའོ།། སྤྱིའི་མཚན་ཉིད་སྲིད་པ་ཕྲབ།། སོ་ཐགས་བཟང་བ། འགྲམ་པ་རིང་བ། ཤ་དཀར་བ། སྨ་ཡི་བ། དེ་ནི་སྐྱི་ཡི་མཚན་ཉིད་དོ།། ཡི་གེ་གསུམ་དང་གཏོར་མ་ནི། སྒྲུབ་ཐབས་བཞིན་དུ་ཤེས་པར་བྱའོ།། གསང ་བ་དཀར་དམར་འདྲེས་པ་དེ། མེ་ལོང་མ་ཆགས་མ་གས་པས། བླངས་ཏེ། ཅན་ཐོ་ཡོན་གྱིས་མ་མོང་གི་གྲབས་བཟུང་སྟེ། སློབ་མ་ཏོ་བའང་། ལ་ཁྲི་ཐོག་ཏུ་བཞག་སྟེ། ལ་དབང་བསྲུར་། ་དེ་ལྟར་དབང་གསུམ་རྫོགས་ནས་ནི།། གང་དུ་བསྟན་པའི་གདམས་ངག་གདབ་པར་བྱ། ཆུབ་ཐ་མ་ལ་གདམས་ངགཉིག་རྩ་གཅིག་རྫོགས་པར་བྱའོ།། དབང་རྫོགས་རྣལ་འབྱོར་སྐུ་གསུམ་ངེས ་པར་འགྲུབ།། གསང་སྔགས་དོན་མཚོན་དབང་གིས་སྩལ་པར་བྱ། དབང་ལམ་བརྟེན་པར་གསང་སྔགས་མི་འགྲུབ་པས་དབང་བསྐུར་རོ། དབང་མཆོག་མ་ཐོབ་པའི་སྐྱོན་བསྟན་པའི་རྣལ་འབྱོར ་ནི། དཔེར་ན་མཉན་པོ་ལག་སྨྲ་མེད་པ་བཞིན།། ཕ་རོལ་སྒྲོལ་བར་ག་ལ་ནུས། དབང་མཆོག་ཐོབ་ན་ཡོན་ཏན་བསྟན། གསང་སྔགས་མ་བསྒྲུབས་འགྲུབ། འཇིག་རྟེན་འདིའི་བག་ཆགས་ཐམས ་ཅད་སེལ། ཕྱི་མ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བོ། དབང་ཐོབ་པའི་ཡོན་ཏན་གྱིས། ལྷའི་གནས་ནམ་མཁའ་ལ་འཕུར་བ་དང་ཆུ་ལ་མི་གྱིང་པ་དང་། ལྷ་མིན་གྱི་སྒྲ་སྐད་ཐོས་ཤིང་ཤེ་བ་དང་། མ་མོ་ཐམས་ཅད་ལས་བྱེད་པ་དང་། ་བགེགས་ཐམས་ཅད་བཟློག་པ་དང་། མཐུ་ཆེ་ཞིང་དངོས་གྲུབ་ཐོབ་པ་དང་། མིས་བཀུར་བའི་འོས་སུ་མཐོང་བ་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་འཐོབ་བོ། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་གལ ་འགྱུར།། དཔེར་ན་ཕ་རོལ་སྒྲོལ་བའི་གྲུ་བཞིན་ནོ།། དབང་མཆོག་སྟོན་པའི་རྡོ་རྗེ་སློབ་དཔོན་ལ།། ནོར་བུ་རིན་ཆེན་གསེར་དངུལ་དབྱིག་གིས་མཆོད། ཡོན་མ་ཕུལ་ན་དབང་མི་ཐོབ། ་རྟ་དང་གླང་པོ་ལ་སོགས་དབུལ་བར་བྱའོ།། ཕ་མ་བུ་སྨད་བཅས་པ་དབུལ་བར་བྱ།། གསང་བའི་བདག་པོས་ཡང་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་སྟོབས། ་གྱི་བདག། དབང་གི་བྱེ་བྲག་དེ་ལྟར་ན།། དམ་ཚིག་བྱེ་བྲག་གསུང་དུ་གསོལ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཀྱེ་མ་གསང་བདག་ངེས་པར་ཡིད་ལ་ཟུང་།། དམ་ཚིག ་བྱེ་བྲག་ས་མ་ལ་འབུམ་སྡེ་ལས། བསམ་མི་ཁྱབ།། མདོར་བསྡུས་བསྲུང་མཚམས་དང་བཅས། བཤད་ཀྱིས་ལེགས་པར་ཡིད་ལ་ཟུང་།། རྡོ་རྗེ་ཐེག་པའི་དམ་ཚིག་ནི། གྱི་ནང་གས་བ ་མདོར་བསྡུས་པ། དཔེར་ན་ས་གཞི་ལྟ་བུའོ།། ཐམས་ཅད་འབྱུང་བར་བྱེད་ཅིང་གཞི་མའི་དམ་ཚིག་ཐམས་ཅད་ཀྱི་གཞི་མཆོག་ཏུ་འགྱུར།། དེ་ཡང་བསྲུང་ཐབས་བསམ་གྱིས་མི་ཁྱབ་དམ ་ཆོ་ག་རྣམས།། བཟུང་རྒྱ་མི་དམིགས་སྲུང་བྱེད་ཐབས་མཁས་སྤྱོད། དམཆོག་མེད་ནས་གཞི་མེད་པ་དང་འདྲ་སྐྱེས་གཟི་མེད་ན་སེམས་ཅན་གྱི་གསོས་ཅི་ཐོག་ནི་སྐྱེ་བ་དང་འདྲ་བར་དམ་ཚིག་མེད་མ ་བྱས་ཀྱང་འབྲས་བུ་མེ་འབྱུང་།། ཉམས་ན་མེ་བཞིན་ཐམས་ཅད་སྲེག་པར་བྱེད།། གསང་སྔགས་དོན་སྔོན་རྡོ་རྗེ་སློབ་དཔོན་ལ། ཐབས་དང་ལྡན་འདི་ལ།། རིན་ཆེན་གསེར་ནི་རང་ལུས ་མ་ཞིག་ལསགས་པ་འཇས་དང་ཅད་རྣས་ཀྱ་ང་རྣ་པ་པ་སྤྱོ། ཕུལ་གྱུར་ཀྱང་།། དམ་ཆོག་འརྒྱལ་བ་གྷུ་ན་ཐུགས་རྒྱུ་། སྲེག་པ་ཧཱ།། དཔེར་ན་མ་བཞིན། ་དྲོ་བར་གྱུར་པ་ལ།། དེ་བཞིན་ཆུ་ཡིས་མེ་བསད་དྲོ་བ་མེད་པ་བཞིན། སློབ་མས་ཉམས་ཀྱང་སློབ་དཔོན་ལ་གནོད། སློབ་དཔོན་གྱིས་ཉམས་ན་སློབ་མ་ལ་གནོད། དམ་ཚིག་མེ་ཡི་ཕུང་པོ་ལྟ་བུ་ལ། ་བསྲུངས་ན་བར་ཆད་སེལ་ཞིང་ཡེ་ཤེས་དཔེར་ན་མདྲོ་བའི་འོད་ལ་སྡེ་ཞིང་བྱ་བ་བྱེད་པས་གྲོགས་སུ་འགྱུར། མ་ལེགས་ན་ཚིག་ཉེན་ཡོད་པ་ལྟར་དམ་ཚིག་མ་བསྲུངས་ཉམས་ན་རྡོ་རྗེ་དམྱལ་བར ་ལྟུང་།། དེ་བས་སྲོག་གི་ཕྱིར་ཡང་དམ་ཚིག་མི་བཏང་ངོ་།། སློབ་དཔོན་གྱི་བཅུད་བརྟག། སློབ་དཔོན་ཚད་མར་མ་གྱུར་སྤེལ་འདྲའི་ལུང་། སྲ་སྟེགས་པ་ལས་གྱེས་པའི་རིགས་ཀྱང་ཡོད། ་ལོག་པའི་ལམ་དུ་ཞུགས་ཤིང་གསང་སྔགས་འཚོལ་བར་སྤྱོད་།། དེ་ནི་རིགས་མི་བཙུན་པ། ལོག་འདྲེན་ཡིན་པས་སྤང་བར་བྱ། སློབ་མའི་སྣོང་བརྟགས་པ། མི་ཤེས་ང་རྒྱལ་ཆེ་ཞིང ་བླུན་རྨོངས་བཅོམ་བུ་མཁན།། ང་རྒྱལ་དྲེགས་པས་སྨྲ་ཞིང་མཆེད་ལ་རས་གཅོད་བྱེད།། ངོ་ཚ་མེད་ཅིང་ཚིགས་མི་བཙུན་པ།། ཁྲེལ་མེད་པག་འཛེམ་མེད།། གསང་སྔགས་སྣང ་དང་མི་ལྡན་གང་ཟག་སྤང་བར་བྱ།། ཡངས་ཤིང་ཆུང་ལ་མཁས་ཤིང་སྒྲུབ་ཐབས་དག་ལ་མཁའ་གྱུར་བ། བླ་མ་དང་རྒྱུད་བཟང་ཞིང་རྟོགས་ཤིང་ལྟ་བ ་དག་ལ་མཁས། དེ་ཡང་རིགས་བཙུན་པ་དང་རྒྱུད་བཟང་བ་ཡོན་ཏན་ཆེ་བ་རྒྱུན་དུ་སྡོད་ནུས་པ་རྫོགས་ཆེན་གྱི་དགོངས་པ་དང་མི་འབྲལ་བ།། གསང་སྔགས་རྒྱལ་པོ་རྡོ་རྗེ་ཨཱ་ལི་ཀཱ།། ལུས་ཡོན་ཕུལ་ལ ་རྟག་ཏུ་བསྟན་པར་བྱ།། སློབ་མ་ཡོན་ཏན་ཅན་དང་རྒྱུད་བཟང་བ་དང་པ་དང་བརྩོན་འགྲུས་ནི་སྐྱོང་ལ་མེད་པ་ང་རྒྱལ་དྲེགས་པ་མེད་ཅིང་དང་གིས་ཤེས་པ་དལ།། བཀའ་དྲིན་ཁྱད་དུ་མི་གསོད ་གསང་སྔགས་དོན་ལ་སྦྱོར།། ངེས་པར་དད་དང་ལྡན་ཞིང་གཏོང་ཕོད་དག་དང་ལྡན།། རྡོ་རྗེའི་དོན་ལྡན་གསང་སྔགས་ཐམས་ཅད་དེ་ལ་བསྟན་པའོ།། སྣོད་དུ་གསུངས།། ཞེས་བཀའ ་སྩལ་ཏོ།། རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། གསང་བ་ཡང་ཁོལ་དུ་བྱུང་བ་དབང་དང་དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །། བྷཱཥྨ་བྷྱཿདེ་ནས ་ཡང་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྙིང་གི་དཀྱིལ་འཁོར་གྱི་སྒོ་ཕྱི་ནས་འཁོར་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དོན་སྤ་དང་ལ་ཞེས་བསྟན་པའོ།། ་གྱི་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། རང་གི་རིག་པ་འོད་ལྷའི་རང་བཞིན་དུ་གནས་སོ།། དེ་རྣམས་དོན་པགྲོལ་བ་འད་ས་སྟེ།། ཁྱབ་གང་ལ་ལྡ ་ཆུབ་རིག་པ་འོད་གསལ་སྒྲ།། འགྱུར་མེད་ཀློང་ཡངས་རིག་པ་འོ་དགསལ་སྐུ།། རྣམ་དག་དོན་སྤྱོང་ཀློང་ཡངས་རིག་པ་འོད་གསལ་སྐུ།། ཁྱབ་གདལ་ཆེན་པོ་མི་འགྱུར་རིག ་པ་འོད་གསལ་སུ།། བརྗོད་མེད་པས་མ་བྲལ་རིག་པ་ཆོས་ཀྱི་སྐུ།། དཔག་ཏུ་མེད་པའི་ཡུལ་ལས་འདས་པ་རིག་པ་ཆོས་ཀྱི་སྐུ།། འཛིན་པའི་སྤྱོད་ཡུལ་མ་ཡིན་རིག་པ་ཆོས་ཀྱི ་སྒྲ།། ངོ་བོ་རང་བཞིན་ཐུགས་རྗེ་ལྡན་པས་རིག་པ་ཆོས་ཀྱི་སྐུ།། བདེ་ཆེན་མ་འདྲེས་ཡོངས་སུ་རྫོགས་པས་རིག་པ་ལོངས་སྤྱོད་སུ།། གསལ་ལམ་འདྲེས་སོ་སོའི་མཚན་ཉིད ་ལྡན་པས་རིག་པ་ལོངས་སྤྱོད་སྐྱེ།། མཚན་དང་དཔེ་བྱད་ལྡན་པས་རིག་པ་ལོངས་སྤྱོད་སྒྲ།། རང་བཞིན་གཅིག་ལ་ཐ་དད་སྣང་བའི་རིག་པ་ལོངས་སྤྱོད་སྒྲ།། འགག་མེད ་ཀློང་ནས་ཐུགས་རྗེ་འབྱིན་པའི་རིག་པ་སྤྲུལ་པའི་སྐུ།། ཅིར་ཡང་གསལ་ཞིང་ཅིར་ཡང་རྟོགས་པས་རིག་པ་སྤྲུལ་པའི་སྲ།། མ་འགགས་ཡོངས་ལ་ཁྱབ་པས་རེག་པ་སྤྲུལ་བའི ་།། གསལ་འགྲིབ་མདུ་ཅིང་འཛིན་རྟག་མེད་པསྣ་དག་པ་སྒྱུལ་པའི་སྒྲ།། གཉིས་འཛིན་མཐུའ་དང་བྲལ་བས་རིག་པ་ག་ཉིད་ཀྱིསྒྲ།། འཛིན་པའི་ཕྲུལ ་མེད་རེག་པ་ངོ་བོ་ཉིད་ཀྱིས།། ས་དང་ལམ་ལ་མྱི་གནས་རིག་པ་ངོ་བོ་ཉིད་ཀྱི་སྐུ།། དངོས་པོ་གླ་ཟུང་དུ་མེད་པས་རིག་པ་ངོ་བོ་ཉིད་ཀྱི་སྐུ།། བདེ་ཆེན་ཀློང་དུ་འགྱུར་མེད་གནས་པས ་རིག་པ་ངོ་བོ་ཉིད་ཀྱི་སྒྲ།། དོན་དང་ལྡན་པས་རིག་པ་རྡོ་རྗེ་འཛིན་པའི་སྒྲ།། གསལ་ལ་མི་འགྱུར་དང་ལ་གནས་པས་རིག་པ་རྡོ་རྗེ་འཛིན་པའི་སྐུ།། འགྲོ་བ་ཀུན་ལ་གནས་པའི ་གྶ་པ་རྡོ་རྗེ་འཛིན་པའོ།། ས་ཤེང་བརྟན་པས་རིག་པ་རྡོ་རྗེ་འཛིན་པའི་སྒོའོ།། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་ཆུང་ལ་གནས་སོ།། དེ་བཞིན་དུ། རྣམ་པ་པར ་ངན་གས་སུ་ཆུག་ཅིག། སྐུ་ལས་ཡེ་ཤེས་འཐུང་སྟེ། དེ་ཡང་གང་ཞེ་ན། རིག་པ་འགྱུར་མེད་ཆོས་དབྱིངས་ཡེ་ཤེས་དང་། རིག་པརྒྱ་ཆང་ཕྱོགས་ལྷུང་མེད་པ་ཆོས་ཀྱི ་ཡེཤེས་དང་། རེག་པ་གཟུང་འཛིན་ཡུལ་ལས་འདས་པས་ཆོས་དབྱིངས་ཡེ་ཤེས་དང་།། རིག་པ་མ་མཐའ་མེད་པས་ཆོས་དབྱིངས་ཡེ་ཤེས་དང་། རེག་པ་གསལ་ལ་དངས ་པས་མེ་ལོང་ཡེ་ཤེས་དང་།། རིག་པ་མུ་ཁྱུད་ཟླུམ་པོར་གནས་པས་མེ་ལོང་ཡེ་ཤེས་དང་།། རླིག་པ་གསལ་ལ་ཕྱོགས་ལྷུང་མེད་པས་མེ་ལོང་ཡེ་ཤེས་དང་།། རིག་པ་གསལ་ལ་མ ་འདྲེས་རྫོགས་པས་མེ་ལོང་ཡེ་ཤེས་དང་།། རིག་པ་མི་གཡོ་མཉམ་པར་གནས་པས་མཉམ་ཉིད་ཡེ་ཤེས་དང་།། རིག་པ་བཟང་ངན་ཡུལ་ལས་འདས་པས་མཉམ་ཉིད་ཡེ་ཤེས ་དང་།། རིག་པ་རྣམ་རྟོག་ཀུན་དང་བྲལ་བས་མཉམ་ཉིད་ཡེ་ཤེས་དང་།། རིག་པ་སྒྲ་དང་ཚིག་ལས་འདས་པས་མཉམ་ཉིད་ཡེ་ཤེས་དང་།། རིག་པ་བློ་ཡི་བྱེ་བྲག་རྟོགས་པས་སོ ་སོར་རྟོག་པའི་ཡེ་ཤེས་དང་།། རེག་པ་དུ་མར་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་དང་།། རིག་པ་ཅིར་ཡང་འཆར་བས་སོ་སོར་རྟོག་པའི་ཡེ་ཤེས་དང་།། རིག་པ་རྣམ་པ་ཅིར ་ཡང་སྣང་བས་སོ་སོར་རྟོགས་པའི་ཡེ་ཤེས་དང་།། རིག་པ་བྱ་བཙལ་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་།། རེག་པ་འཛིན་རྟོག་དབྱིངས་སུ་རྫོགས་པས་བྱ་བ་གྲུབ་པའི་ཡེ ་ཤེས་དང་།། རིག་པ་སྐྱེ་མེད་དང་དུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་།། རིག་པ་འགག་མེད་དང་དུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་།། ཞེས་འགྲོ་བ་ཡོངས་ལ་དེ ་བཞིན་དུ་ཤེས་པར་བྱའོ།། ཡེ་ཤེས་ལས་བྱུང་བའི་འོད་ལྔ་གང་ཞེ་ན། དེ་ཡང་ཁ་དོག་རྣམ་པ་ལྔ་སྟེ།། རིག་པ་ཆོས་ཀྱི་སྦལ་འགྱུར་བ་མེད་པས་ཁ་དོག་མཐིང་གར ་གསལ།། རིག་པ་བསམ་པ་ཀུན་དང་བྲལ་བས་ཁ་དོག་མཐིང་གར་གསལ།། རིག་པ་གདངས་དང་ལྡན་པས་འོད་ཆེན་མཐིང་གར་གསལ།། རིག་པའི་འབྲས་བུ་ཟང་མཐའ། ་བྱུང་ཡིན་པས་འོད་ཆེན་མཐིང་གར་གསལ།། རིག་པ་ཉིད་ལ་ཉོན་མོངས་གོས་པ་མེད་པས་ཁ་དོག་དཀར་པོར་གསལ།། རིག་པ་ཤེ་ལ་སྐྱོང་ལྟ་བུར་དག་པས་ཁ་དོག་དཀར ་པོར་གསལ།། རིག་པ་བྱང་སེམས་དྲི་མ་མེད་པས་ཁ་དོག་དཀར་པོར་གསལ།། རིག་པའི་འོད་ཟེར་གཏིང་མཐའ་ཡས་པས་ཁ་དོག་དཀར་པོར་གསལ།། རིག་པའི་ཡེ་ཤེས ་ཐ་སྙད་བྲལ་བས་འོད་ཆེན་སེར་པོར་གསལ།། རིག་པའི་ཡེ་ཤེས་འཛིན་པ་མེད་པོས་འོད་ཆེན་སེར་པོར་གསལ།། རིག་པའི་ཡེ་ཤེས་རང་གིས་གསལ་བས་འོད་ཆེན་སེར ་པོར་གསལ།། རིག་པ་འགྱུར་མེད་དང་ལ་རྫོགས་པས་འོད་ཆེན་སེར་པོར་གསལ།། རིག་པའི་ཀློང་ན་དབང་རྣམས་ཐམས་ཅད་རྫོགས་པས་ཁ་དོག་དམར་པོར་གསལ།། ་རིག་པའི་ཀློང་ནས་སྐྱེ་མེད་དུས་གཅིག་རྫོགས་པས་ཁ་དོག་དམར་པོར་གསལ།། རིག་པ་འགྱུར་མེད་དང་ལ་དེ་བཞིན་གཤེགས་པས་འོད་ཆེན་དམར་པོར་གསལ།། རིག་པ ་འགག་མེད་ཀུན་ལ་ཁྱབ་པས་འོད་ཆེན་དམར་པོར་གསལ།། རིག་པའི་སལ་འགྱུར་བ་མེད་པས་འོད་ཆེན་ལྗང་གུར་གསལ།། རིག་པ་དངོས་པོས་སྟོང་པར་ཁྱབ་པས་ཁ་དོག ་ལྗང་གུར་གསལ།། རིག་པ་ཤེས་རབ་འགག་པ་མེད་པས་ཁྱི་དོགུ་ལྗང་སྒྱུར་གསོལ།། འཛིན་པའི་སྣོད་ཡུལ་མེད་པས་ཁ་དོག་ལྡང་གྱུང་གསལ།། དེ་ལས་འོད་འསྒོས ་འཇིག་རྟེན་གང་བར་འགྱུར།། ཀུན་ལ་དཀོན་པའི་ཡེ་ཤེས་འོད་མཆོག་འདི།། ཡེ་ཤེས་འོད་ཀྱིས་ནམ་མཁའ་ཁེངས་པར་མཐོང་།། དེ་ཡིས་སེམས་ཅན་རྣམས་ཀྱང་གྲོལ་བར ་བྱེད།། ཅེས་རྒྱུད་ཆེན་པོ་གསང་བ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། སྲུ་དང་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། རྫ་གྣཿཐཿ།། དེ་ནས་ཡང་གསང ་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་ཉིད་དུ་མངོན་པར་སྣང་བར་གྱུར་ནས།། ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སློང་ཡོངས་བཅོམ་ལྡན་ཐུགས་རྗེ་ཅན། ་བྱང་ཆུབ་འབྱུང་བའི་གཏེར་ཆེན་གསུང་དུ་གསོལ།། ཞེས་ཞུ་བ་ཞུས་སོ།། སྟོབས་ཀྱི་བདག་པོས་བཀའ་སྩལ་པ།། ཀྱེ་མརྡོ་རྗེ་འཛིན་པ་ཉོན། དུས་བསྐྲུན ་ལེགས་པར་ཡིད་ལ་ཟུད་།། རང་རིག་བྱང་ཆུབ་སེམས་ཀྱི་བདུད་རྩི་འདི།། དཔེར་ན་ལྷ་རྫས་ནོར་བུ་རིན་ཆེན་འདི།། གྲང་བའི་ཕྱོགས་སུ་བཞག་ན་དྲོ་བར་འགྱུར།། དྲོ་བའི ་ཕྱོགས་སུ་བཞག་ན་བསིལ་བར་འགྱུར།། མུན་པའི་ཕྱོགས་སུ་བཞག་ན་སྣང་བར་འགྱུར།། དེ་བཞིན་རང་བྱུང་རིག་པ་འདི།། རྟོགས་པའི་དོན་དང་ལྡན་གྱུར་ན།། ཉོན་མོངས ་ཡེ་ཤེས་གྲོགས་སུ་འགྱུར།། ཉོན་མོངས་སྐྱེས་ཀྱང་ཡེ་ཤེས་སྟོབས་སུ་གྱུར་ན་བསྒྲིབ་པ་མེད།། ཀྱེ་ཧོ་གསང་བའི་བདག་པོ་ངེས་པར་ཟུང་།། རང་ལས་བྱུང་བའི་བདུད་རྩིའི ་ཐིགས་པ་འདི།། དཔེར་ན་ནོར་བུ་ཆུ་འདོང་ས་བཞིན།། རྙོག་མ་ཅན་དུ་སྤྲུལ་ན་རྟོག་མདངས་པར་འགྱུར།། དེ་བཞིན་སྙིང་པོ་དོན་གྱི་གདམས་པ་འདི།། བཏབ་ན་ཉོན་མོངས ་གོས་མི་འགྱུར།། བག་ཆགས་འདམས་ལས་ཡེ་ཤེས་པདྨ་སྐྱེ་བར་འགྱུར།། ཡེ་ཤེས་ཆུ་ཡིས་ཉོན་མོངས་ཐམས་ཅད་འཁྲུད།། ཡེ་ཤེས་མེ་ཡིས་བག་ཆགས་བསྲེག་པར ་བྱེད།། ཡེ་ཤེས་བདེ་བའི་སྐུ་ལ་སྣང་སྲིད་གསལ།། གཅིག་པུ་དལ་བར་འདུག་ན་སྣང་བ་གྲོགས་སུ་འཆར།། མ་སྐྱེས་དབྱིངས་ནས་ཡེ་ཤེས་འོད་གསལ་བ།། ཀུན་ལ་ཡོད ་དེ་ཀུན་གྱིས་མཐོང་བ་མེད།། དཔག་པས་མི་དཔོག་ནམ་མཁའི་དབྱིངས་དང་འདྲ།། གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ།། འགྱུར་བ་མེད་པས་རི་རྒྱལ་ལྷུན་པོ་འདྲ།། ་ཟབ་ལ་གཏིང་དཔག་མེད་པ་རྒྱ་མཚོའི་གཏིང་དང་འདྲ།། གོས་པ་མེད་པས་འདམ་གྱི་པདྨ་འདྲ།། ངོས་བཟུང་མེད་པས་ཆུ་ཡི་ཟླ་བ་འདྲ།། ཅིར་ཡང་སྣང་བས་ནམ་མཁའི་ཚེ ་འཕྲུལ་འདྲ།། གསལ་ལ་ཁ་དོག་རྫོགས་པས་བར་སྣང་འཇའ་ཚོན་འདྲ།། གང་ལ་ཐོགས་པ་མེད་པས་རླུང་གི་དཀྱིལ་འཁོར་འདྲ།། རྒྱུན་ཆད་སྐྱེ་འབྲི་མེད་པས་ཆུ་བོའི་རྒྱུན་དང ་འདྲ།། ཀུན་ལ་ཁྱབ་པས་དུས་ཀྱི་ལྟོ་བ་འདྲ།། རྟོག་པ་སྣ་ཚོགས་འཆར་བས་འཁྲུལ་པའི་སྣང་བ་འདྲ།། སྟོང་གསལ་དབྱེར་མེད་སྣང་བས་དག་པའི་ཞིང་ཁམས་འདྲ།། ས་ཞིང ་བརྟན་པས་རྡོ་རྗེ་ཕ་ལམ་འདྲ།། ཀུན་གྱི་གཞི་མར་གྱུར་པས་ས་གཞི་མཉམ་པ་འདྲ།། དགོས་འདོད་ཡོངས་སུ་རྫོགས་པ་དཔག་བསམ་ལྗོན་ཤིང་འདྲ།། གསལ་ལ་དངས་པས ་@བཙུན་མོའི་མེ་ལོང་འདྲ།། རྐང་མེད་མཁའ་ལ་འགྲོ་བས་འདབ་ཆགས་རྒྱལ་པོ་འདྲ།། རྒྱུན་དང་ཆ་ལུགས་བཅས་པས་སྒེག་མོ་ཕྲེང་ཐོགས་འང་།། ཀུན ་ལ་ཐལ་གྱིས་ཕུག་པས་དཔག་ཆེན་མདའ་དང་འདྲ།། ཡེ་ཤེས་དབྱིངས་སུ་སྡུད་པས་འབྱུང་བ་ཆུ་དང་འདྲ།། ཉོན་མོངས་བག་ཆགས་བསྲེག་པས་འབྱུང་བ་མེ་དང་འདྲ།། དཔེ ་རྣམས་དེ་བཞིན་མཚན་པས་མ་ཤེས་དོན་ལ་སྦྱོར།། རྟག་པ་མི་འགྱུར་ཡེ་ཤེས་བརྡུལ་བའི་སྒྲ།། ཀུན་ལ་ཡང་ང་རང་གསང་ཐབས་ཀྱིས་རྐྱོད།། མི་འགྱུར་ཀུན་ལ་གནས་པའི ་རིག་པ་བྱང་ཆུབ་སེམས།། ཇོབོ་མི་འགྱུར་ཀུན་ལདུ་བཞིན་གནས།། རང་བཞིན་གསལྕི་བས་འགྲོས་ན་ཡོངས་ལཁྱབ།། དང་གིས་མིགས་ཐབ་གང་ལ་བ་བའི་ཀླུང། ་དམ་ཚིག་ལྡན་པས་བླང་བར་བྱ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཏེ་འདི་སྐད་ཅེས་གསོལ་ཏོ།། ཨ་ལ་ལ་ཧོ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་དོ།། རང་གི་དོན་ཆེན་རྙེད་དོ།། ཞེས་བརྗོད་ནས་རྡོ་རྗེ་གསོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུས་གང་བར་གྱུར་ཏོ།། དེ་བཞིན་གཤེགས་པའི་སྐུ་མཐོང་བའི་སེམས་ཅན་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་སོ།། ངན ་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་བཅད་དོ།། དེ་ནས་ཡང་གསང་བའི་བདག་པོ་རང་ལ་རང་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན ་རྡོ་རྗེ་འཆང་།། རིག་པའི་དཔེ་དོན་དེ་ལྟར་ན།། མ་རིག་དཔེ་དོན་གསུང་དུ་གསོལ།། ཞེས་ཞུ་བ་ཞུས་སོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཨེ་མ་ཧོ། རྡོ་རྗེ་འཛིན་པ་ཉོན།། ་མ་སྨིན་མ་རྟོགས་འཁོར་བ་ནི།། དཔེར་ན་གྱི་ལིང་ལྗགས་བཅུག་འདྲ།། བཀྲོལ་བར་མ་གྱུར་ཐར་པའི་དུས་མི་འབྱུང་།། དེ་བཞིན་མ་རིག་ལྕགས་བཅུག་ཐར་པར་ག་ལ་འགྱུར ་མ་རིག་ཆུ་དང་འདྲ་སྟེ་ཐམས་ཅད་སྡུད།། ཞེ་སྡང་མེ་ནི་བསྐལ་པའི་མེད་པུང་འདྲ།། འདོད་ཆགས་ཚ་ཆུ་དག་ནི་འཐུང་བ་འདྲ།། གཏི་མུག་འཐིབས་པ་ཁང་སྟོང་མུན་པ་འདྲ།། ་ང་རྒྱལ་དྲེགས་པ་རི་བོ་བསྙིལ་བ་འདྲ།། ཕྲག་དོག་གནོད་སེམས་གཅོང་རོང་དོག་མོ་འདྲ།། ཉོན་མོངས་རྣམས་ལྔས་ཡེ་ཤེས་བསྒྲིབ་པར་བྱེད།། ཡིད་ནི་དཔེར་ན་ཁང་སྟོང་རྐུན་མ ་འདྲ།། དབུགས་ནི་དཔེར་ན་ནགས་ཀྱི་སྤྲེའུ་འདྲ།། སེམས་ནི་དཔེར་ན་མི་གཙང་འདམ་རྫབ་འདྲ།། ཀུན་གཞི་དཔེར་ན་སེམས་ཅན་ཕག་པ་འདྲ།། ཤེས་པ་དཔེར ་ན་བྱ་སྒྲོ་རླུང་ཁྱེར་འདྲ།། གཟུང་འཛིན་དཔེར་ན་སྐྱེས་པ་བུད་མེད་དབང་གིས་བསྐོར་བ་འདྲ།། ལས་ཀྱི་བྱེ་བྲག་བྱ་རྙི་འཛིངས་པ་འདྲ།། སྡུག་བསྔལ་བྱེ་བྲག་ཆུ་བོའི་གཉེར་མ་འདྲ།། ་ཉོན་མོངས་འབྲས་བུ་འདི་ལ་བཟོད་པའི་ཐབས་མེད་དོ།། འཁོར་བའི་སྡུག་བསྔལ་འཛིན་པའི་རྟོད་ཕུར་འདི།། བྱས་པས་མི་ཐོན་བཞག་ནི་ཐོན་པར་འགྱུར།། བྱས་པའི་ཆོས་རྣམས ་སྤངས་ན་དལ་བ་འགྲུབ་པར་འགྱུར།། བསམ་པ་ཀུན་སྤངས་ཡེ་ཤེས་མཚོ་མི་གཡོ།། གསང་སྔགས་རྒྱལ་པོ་སྤྱོད་ན་ཉོན་མོངས་ཡེ་ཤེས་འགྱུར།། དཔེར་ན་ཁྱིམ་སྟོང་སྒྲོན ་མེ་བཏེགས་ན་མུན་པ་གསལ་བར་འགྱུར། དེ་བཞིན་ཡེ་ཤེས་སྒྲོན་མེ་བཏེགས་ན་མ་རིག་རིག་པར་འགྱུར། དེ་ཁོ་ན་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ན་ཉོན་མོངས་ཐམས་ཅད་ཡེ ་ཤེས་གྲོགས་སུ་འཆང་།། དེ་ཕྱིར་རིགས་ཀྱི་བུ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔ་དང་སྦྱོར་ཅིག། མ་དག་པ་སུམ་བརྩེགས་དང་ཡེ་ཤེས་སུ་མ་བརྩེགས་སྦྱོར་ཅིག། ཉོན་མོངས་པ་སྣ་ཚོགས ་སུ་སྣང་བ་དང་ཡེ་ཤེས་ཀྱི་འོད་ཁ་དོག་སྣ་ཚོགས་སུ་སྣང་བ་སྦྱོར་ཅིག། ཨེ་མ་ཧོ།། རིགས་ཀྱི་བུ་དེ་བཞིན་དུ་ཤེས་ན་མ་དག་པའི་སྦྱང་བ་འདིས་བསྒྲིབ་པ་མེད་དོ།། རིགས་ཏེ། ་བུ་རང་དལ་བར་འདུག་ན། ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་རོ།། དེའི་ཕྱིར་ན་རོགས་མེད་གཅིག་པུར་གནས་པར་བྱ་ཞེས་འབྱུང་ངོ་།། ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱི་འབྲས་བུ་ནི་སྨིན་པ་དང་མ་སྨིན་པ་མི་མངའོ།། དེའི་ཕྱིར་ན་བསྒོམས་པས་འབྲས་བུ་མི་རྙེད་པའི་མན་ངག་གོ།། ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱི་ལྟ་བ་ནི་བརྗོད་པ་ཐམས་ཅད་དང་བྲལ་བའོ།། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་གནས་པར་མི་བྱའོ།། ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱི་དགོངས་པ་རང་ལས་བཙལ་བར་བྱའོ།། དེ་བས་ན་རྒྱུད་འདི་ཡང་སངས་རྒྱས་ཀྱི་བཀའི་དམ་པར་ཟུང་ཞིག། རིག་པ་གཉིས་མེད་ཀྱི་ཡེ་ཤེས་ངོས་ཟུང་ཞག། ་རིག་པ་གཟུང་འཛིན་དང་བྲལ་བར་མཁས་པར་གྱིས་ཤིག། རིག་པ་ཅིར་སྣང་བ་ཐམས་ཅད་ཀློང་གཅིག་ཏུ་དྲིལ་ཅིག། ཅེས་བཀའ་སྩལ་ནས། འོད་ཕུང་རབ་ཏུ་འབྱེད་པ་ཞེས ་ཟླ་བའི་སམྦྷ་ཏི་ལ་སྙོམས་པར་ཞུགསས།། དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་སྐུ་སྨན་པ་སྣ་ཚོགས་དང་། ཚུལ་མ་དང་གླུ། ཚོགས་ཀྱིས་བསྐུལ་བར ་མཛད་དོ།། དེ་ནས་དེ་རྣམས་ཀྱི་ནང་ནས་ནག་མོ་འབྲུག་གི་སྒྲ་ཅན་མཱ་ཞེས་བྷཱ་བས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཏིང་ངེ་འཛིན་ལས་བཞེངས ་ཤིག། ཁམས་གསུམ་སེམས་ཅན་ཐམས་ཅད་ཉོན་མོངས་པ་མ་རིག་པའི་རྒྱས་འཐུམས་པ་འདི་རྣམས་ལ། ཐབས་དམ་པ་བསྟན་དུ་གསོལ། བསྟན་པའི་སྒྲོན་མ་འཇིག ་རྟེན་གྱི་ཁམས་སུ་ཡུན་རིང་པརྱ་གནས་པར་མཛད་དུ་གསོལ། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ནས་དེ་བཞིན་གཤེགས་པའི་སྐུ་མང་པོ ་མངོན་པར་སྤྲུལ་ནས། ལ་ལ་ནི་ཕྱག་ན་རྡོ་རྗེའི་སྤུ་ཤ་སྟག་ཏུ་གྱུར། ལ་ལ་ནི་ཞི་བའི་སྐུ་ཤ་སྟག་ཏུ་གྱུར། ལ་ལ་ནི་རང་རང་གི་དཀྱིལ་འཁོར་དང་བཅས་པའི་སྐུ་ཤཾ་སྟག་ཏུ ་གྱུར། ལ་ལ་ནི་ཡབ་ཡུམ་སྣང་བ་ཤ་སྟག་ཏུ་གྱུར་ཏེ། དེ་ནས་མཁའ་འགྲོ་མ་རྣམས་ངོ་མཚར་སྐྱེས་ནས། ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ ་འཆང་།། སྐུ་ཡི་ངེས་ཚིག་གསུང་དུ་གསོལ།། ཞེས་ཞུས་སོ།། གསང་སྔགས་རྒྱལ་པོས་བཀའ་སྩལ་པ།། ཀྱེ་ཀྱེ་འབྱུང་བའི་བདག་མོ་ཉོན།། ཡེ་ཤེས་རྒྱལ་པོ་ཚིག་གིས ་མཚོན་དུ་མེད།། རིག་པའི་རྒྱལ་པོ་ཚིག་ལས་འདས་པ་ཡིན།། འོན་ཀྱང་ཚིག་གིས་དོན་རྣམས་མཚོན་པར་བྱེད།། ཚིག་དོན་གཉིས་མེད་འབྲེལ་བའི་གཏན་ཚིགས་བཤད།། ་སྐུ་ཡི་དྡྷེ་ཚིག་གང་ཞེ་ན།། མི་འགྱུར་དོན་དང་ལྡན་པས་རྡོ་རྗེ་སྙིང་པོའི་སྐུ།། སྐྱེ་མེད་ངང་ལ་རྫོགས་པས་བྱ་རྩོལ་བྲལ་བའི་སྐུ།། འགག་མེད་དང་ལ་གནས་པས་བྱ་བཙལ ་མེད་པའི་སྐུ།། མཚོན་པའི་ཚིག་དང་བྲལ་བས་ཐིག་ལེ་སྟོང་པའི་སྐུ།། རང་གསལ་བྱས་པ་མེད་པས་འོད་གསལ་བདེ་བའི་སྐུ།། དངོས་པོ་རྫས་སུ་མེད་པས་སྟོང་པ་འཛིན ་མེད་སླུ།། རྒྱ་ཆང་ཕྱོགས་ལྷུང་མེད་པས་ཡེ་ཤེས་བརྟན་པའི་སྒྲ།། དེ་ལྟར་རྟོགས་ན་བདེ་ཆེན་དང་ལ་གནས།། དེ་ལྟར་སྐུ་བདུན་དོན་ལ་མ་ཡེངས་སྤྱད་པར་བྱ།། དོན་གྱི ་རིག་པ་མི་ཟད་བདེ་བའི་གཏེར།། ཟག་མེད་བྱང་ཆུབ་ཆེན་པོ་བདག་གིས་བླངས།། ང་མེད་པ་ཡི་སྔོན་རོལ་དུ།། རིག་པ་དབྱེར་མེད་དང་ལ་ཤེས་བྱ་བ་དེ་བྱེད་གསལ།། ང་ནི ་རང་བྱུང་བདེ་ཆེན་ཟག་པ་མེད་པའི་སྲ།། དནྟི་སྲ་ཡི་འོད་ལ་ཞུགས་ནིང་གསུང་གཟེར་ལ་རོལ། དེ་ཕྱིར་འོད་ཟེར་ཞེས་ཀྱང་དེ་ལ་བྱ།། ང་ནི་མི་གནས་པ ་ཤེས་ཕྱོགས་ལ་གནས་པ་མེད།། ང་ཡི་སྤུ་ལ་སྣང་སྲིད་གསལ་ཞིང་བདེ་ཆེན་འབར་བར་སྣང་།། དེས་ན་ང་ནི་ཐབས་ཀྱི་ཕ་རོལ་ཕྱིན་ལ་གནས།། ཐོགས་མེད་གསལ་བའི་མར ་མེ་བསམ་པ་ཀུན་དང་བྲལ།། བསམ་བྲལ་བདེ་བའི་སྤུ་ལ་སྣང་སྲིད་གསལ།། བསམ་དྲལ་སྣ་ཚོགས་འབྱུང་བའི་རིག་པ་འགག་མེད་ཀློང་།། ཀུན་གསལ་ཆོས་ཉིད་མེ་ལོང ་འོད་པོ་ཆེ།། གཉིས་མེད་དང་དུ་བདེ་ཆེན་འོད་གསལ་མཉམ། ཞེས་གསང་བ་ཡང་ཁོལ་དུ་ཕྱུང་བའི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུང་ཆེན་པོ་ལས། ་རིག་པ་དང་ཡེ་ཤེས་ཀྱི་མཐུན་དཔེ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། ཟགྣ་ཐཱཊ། དེ་ནས་ཡང་གསང་པའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ ་རྗེ་འཆང་།། རྫོགས་ཆེན་དེས་ཚིག་གསུང་དུ་གསོལ།། ཞེས་ཞུ་བ་ཞུས་སོ།། སྟོབས་ཀྱི་རྒྱལ་པོས་བཀའ་སྩལ་པ།། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། རྫོགས་ཆེན་ཐེག་པའི ་ངེདེས་ཚིག་ནི།། རིག་པ་བྱ་བྲལ་དང་ལ་ཡེ་ཤེས་རྫོགས་པས་རྫོགས།། བསྒོམ་པ་རྟོག་མེད་དང་ལ་ཡེ་ཤེས་དྲི་མེད་རྫོགས་པས་རྫོགས།། སྤྱོད་པ་བཅོས་མེད་ངང་ལ་ཡེ་ཤེས ་བརྡལ་བ་རྫོགས་པས་རྫོགས།། ལྟ་བ་དགག་བསྒྲུབ་མེད་པའི་ངང་ལ་ཡེ་ཤེས་རྟོགས་མེད་རྫོགས་པས་རྫོགས།། འབྲས་བུ་དམིགས་མེད་ངང་ལ་ཡེ་ཤེས་ཉི་ཤུ་རྩ་ལྔ་རྫོགས ་པས་རྫོགས།། སྐུ་དང་ཡེ་ཤེས་རང་གི་སྙིང་གི་དཀྱིལ་ན་རྫོགས་པས་རྫོགས།། སྟོང་པའི་ངང་ལས་རིག་པ་དངོས་མེད་གསལ་བའི་ཡེ་ཤེས་རྫོགས་པས་རྫོགས།། སྐྱེ་མེད་དང ་ལས་འོད་ལྡ་མ་འདྲེས་གསལ་བར་རྫོགས་པས་རྫོགས།། སྟོང་ཉིད་གསལ་ལ་མ་ཡེངས་པས་ན་པ།། བྱ་བ་མེད་པར་སྣང་བས་པ།། གསལ་ལ་འཛིན་པ་མེད་པས་པོ།། འབྲས ་བུ་ཚད་དང་ལྡན་པས་པ།། ཐེག་པ་ཀུན་གྱི་གོང་དུ་གྱུར་པས་ཚེ།། གནས་ལུགས་དོན་ལ་གཡེངས་པ་མེད་པས་ཆེ།། ཡེ་ཤེས་སྒྲོན་མ་ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ།། གསལ། ་ལ་མ་ཡེངས་སྒོམ་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ།། རང་བྱུང་མ་བཅོས་སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ།། འཛིན་མེད་རང་གསལ་འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ།། ་འགྱུར་མེད་དང་ལ་འགག་མེད་རྩོ་ལབས་ཆེ།། འཛིན་མེད་དངལ་འགག་མེད་རྩོལ་བས་ན།། འཛིན་མེད་དང་ལྷ་རྟོག་མེད་གསལ་བསན།། ཞན་མ་དང་ཕྱུལ ་ཆགས་མེད་གསལ་བས་ཆེ།། བརྗོད་མྱེད་དང་ལ་བདེ་ཆེན་གསལ་བས་ཆེ།། རྣམ་ངག་བྱང་ཆུབ་བརྡལ་བའི་སྙིང་པོ་ཡིན་པས་ཆེ།། བྱ་བཙལ་བྲལ་བའི་རེག་པ་དངོས་མེད་ཡིན ་པས་ཆེ།། བདེ་ཆེན་དང་ལས་མི་གཡོ་མཉམ་པར་གནས་པས་ཆེ།། སྙིང་པོའི་དོན་ལ་མི་གཡོ་མཉམ་པར་གནས་པས་ཆེ།། འཛིན་པའི་སྤྱོད་ཡུལ་མ་ཡིན་ཀུན་ལ་ཡོད་པས ་ཆེ།། ཚིག་དང་ཡི་གེས་གཏན་ལ་མི་ཕེབ་ཀུན་གྱི་སྙིང་པོ་ཡིན་པས་ཆེ།། རིག་པ་ཡེ་ཤེས་ཉི་ཤུ་རྩ་ལྔས་བརྒྱན་པས་པོ།། ཡེ་ཤེས་འོད་ལྔ་དག་པས་བརྒྱན་པས་པོ།། འོད་ལ ་ཟེར་རྣམས་སོ་སོར་བརྒྱན་པས་པོ།། གསུམ་བརྩེགས་དབྱེར་མེད་མཉམ་པས་གནས་པས་སོ།། སྐུ་གསུམ་ཕྱིར་མི་ལྡོག་པས་འབྲས་བུ་ཚང་དང་ལྡན།། རྒྱ་ཆང་ཕྱོགས་སྣང ་མེད་པས་ལྟ་བའི་ཚད་དང་ལྡན།། གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན།། རང་བྱུང་བཅོས་པ་མེད་པས་སྤྱོད་པའི་ཚད་དང་ལྡན།། བདེ་ཆེན་ཟག་པ་མེད་པའི ་བྱང་ཆུབ་དངོས་མེད་འདི།། བཟུང་བས་མི་ཟིན་ཆུ་ཡི་ཟླ་བ་འདྲ།། དགོས་དགུ་རང་ལ་ཚང་བས་ཕྱུག་པོའི་བང་མཛོད་འདྲ།། རླིག་པ་བྱང་ཆུབ་སེམས་ནི་གདོད་ནས་སྐྱེ་དང་བྲལ།། ་མ་སྐྱེས་པས་ན་འཆི་མེད་རིག་པའི་ཀློང་།། ཐིག་ལེ་རྣམ་ལྔ་འདུ་འབྲལ་མེད་པའི་ཀློང་།། མ་རིག་འཁྲུལ་པ་མེད་པས་གཞི་ཡི་ཐིག་ལེ་བཟང་པོ་ཡིན།། འགྱུར་མེད་རྣམ་པར ་དགོ་པས་ལམ་གྱི་ཐིག་ལེ་བཟང་པོ་ཡིན། རླིག་པ་རྟོག་པ་མེད་པར་བར་ཆད་སེལ་བས་རྒྱན་དང་ལྡན་པའི་ཐིག་ལེ་བཟང་པོ་ཡིན།། འགྲོ་དང་འོང་བ་མེད་པས་བཟང་པོའི་རྩ ་མ་ཐེག་ལེ་བཟང་པོ་ཡིན།། སྒྱེད་དུ་འཚེ་བ་མེད་པས་ཆོས་དབྱིངས་ཐིག་ལེ་བཟང་པོ་ཡིན།། དེ་ལྟར་ཐིག་ལེ་རྣམ་ཡང་།། དབྱེན་ཐིག་ལེ་རྣམ་པ་བཅུ་ཡོང་དེ།། དེ་ཡ ་བསྟན་པ་འདི་ལྟར་ཡིན།། བཟང་པོའི་འཁྲུལ་མེད་ཐིག་ལེ་དང་།། བཟང་པོ་ཟག་མེད་ཐིག་ལེའོ།། དེ་ནི་གཞི་ཡི་ཉེར་གཞག་གོ།། ལམ་གྱི་ཉེར་གཞག་གང་ཞེན། ་འཛིན་མེད་རྣམ་དག་ཐིག་ལེ་དང་།། ས་དང་ལམ་གྱི་ཐིག་ལེའོ།། དེ་ནི་ལམ་གྱི་ཉེར་གཞག་གོ།། འབྲས་བུའི་ཐིག་ལེ་གང་ཞེ་ན།། རྣམ་སྨིན་བར་ཆད་སེལ་བའི་ཐིག་ལེ ་དང་།། མུན་པ་སེལ་བའི་ཐིག་ལེ་དང་།། སྣང་བ་བཟློག་པའི་ཐིག་ལེ་དང་།། རབ་བམ་རྩེ་མོར་གྱུར་པའི་ཐིག་ལེ་དང་།། འོད་ལྔ་མ་འདྲེས་གསལ ་བའི་ཐིག་ལེ་དང་།། སྐུ་བདུན་ལྷུན་གྱིས་གྲུབ་པའི་ཐིག་ལེའོ།། དེ་ལྟར་ཐིག་ལེ་ལྔ་དང་སྐུ་ལྔ་དག་ཏུ་སྦྱོར།། དེ་ལྟར་བཅུ་ཕྱེ་ཡབ་ཡུམ་བཅུ་དང་སྦྱར།། དེ་ལས་ཡེ་ཤེས ་འབྱུང་བ་གང་ཞེ་ན།། དེ་ཡང་ལཱྀ་ལྔར་ཤེས་པར་བྱ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བུའི་བདག་པོས་ཞུ་བ་ཞུས་པ། ཨེ་མ་ཧོ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ་དེའི་དབྱེ་བ་རྣམ་གསུམ་གསུང་དུ་གསོལ། ཞེས་ཞུ་བ་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་བདག་པོ་ཉོན།། ཡེ་ཤེས་རྣམ་པ་ལྔ་ཡང་ལྡེ་ལྔ་སྟེ། ་ཡེ་ཤེས་ཉི་ཤུ་རྩ་ལྔར་ཤེས་པར་གྱིས་ཤིག། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབྱིངས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི ་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་དང་གཉིས།། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། མྨེ་ཆོས་ཅན་ཆོས་ཉིད། མེ་ལོང་ལྟ་བུའི་ཡེ་ཤེས་དང་།། ་མེ་ལོང་ཆེན་པོའི་ཡེ་ཤེས་གཉིས།། རྟོག་མེད་གསལ་བའི་ཡེ་ཤེས་དང་།། རྟོག་མེད་དངས་པའི་ཡེ་ཤེས་གཉིས།། གསྔལ་བ་འཛིན་མེད་ཆེན་པོ་འ་ཡེ་ཤེས་དང་ལྔའོ།། ་ཧཱཿཧཱ་ལྡང་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་གཉིས། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མི་འགག་པ་མཉམ་པ ་ཉིད་ཀྱི་ཡེ་ཤེས་གཉིས། ཅི་ལ་ཡང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ།། སྐུ་རིག་སྟོང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། དོན་ཐམས་ཅད་རབ་ཏུ་འབྱེད་པའི ་ཡེ་ཤེས་གཉིས། རྟོགས་པ་སྐད་ཅིག་མར་སྐྱེ་བའི་ཡེ་ཤེས་དང་། སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་དང་གཉིས། སྐྲ་དང་ཚིག་ལ་མི་གནས་པར་གོ་བའི་ཡེ་ཤེས་དང་། ་ལྔའོ།། ཀླུ་ཡང་སྒྲོགས་པ་སྟོད། བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་དང་གཉིས། བྷཱ་བ་ལ་མི་གནས་པའི་ཡེ་ཤེས་དང་།། བྷ་བ་བཏང་བའི་ཡེ་ཤེས ་ག་། འདོགས་ཐམས་ཅད་གསོད་པ་མ་ཞེས་དང་ལྡུན་མས་ཧཱུ~ཾ་མམ་ཏེ་ལན་སོ།། རིགས་ཀྱི་པ་དེ་ལ་གང་བཞིན་རྟོགས་ནས་ཐས ་དུས་ན། དེ་ལས་ཟེར་འབྱུང་སྟེ། ཉི་ཟླ་ལྟ་བུའི་ཟེར་དང་། སྲིན་བུ་མེ་ཁྱེར་ལྟ་བུའི་ཟེར་དང་། མེ་མཱར་ལྟ་བུའི་ཟེར་དང་། སྣང་བཟེར་དང་བཅས་པར་སྣང ་ངོ།། རིགས་ཀྱི་བུ་དེ་ལྟར་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱའོ།། དེའི་དོན་ལ་མ་ཡེངས་མི ་གནས་པའི་རིག་པ་ཤར་ནས་རང་ལ་རང་གིས་རྟོགས་པ་ནི། འདི་སྐད་བསྟན་པའི་དུས་གཅིག་ན་ཞེས་བྱའོ།། དེ་ལྟར་ཤེས་ནས་མོས་པའི་འཁོར་རྣམས་ལ་བསྟན་པའི་ཕྱིར ་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཞེས་འབྱུང་ངོ་།། ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་དེ་བཞིན་དུ་བྱོས་ཤིག། དེ་ལྟར ་ཤེས་པའི་རིགས་ཀྱི་བུ་དེ་ནི་མྱ་ངན་ལས་འདའ་བར་འགྱུར་རོ།། ཀྱེ་རིགས་ཀྱི་བུ་སྐྱེས་བུ་དེ་ལ་སྔ་རྟགས་འདི་དག་འབྱུང་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གཅིག་པུར ་བསྡད་ན་ཉམས་དགའ་བ་དང་། ཡེ་ཤེས་ཀྱི་སྒྲོན་མེ་དང་འགྲོགས་པའི་ཕྱིར། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་པ་དང་། རིག་པ་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར། མི་དང་འགྲོག ་སྙིང་མི་འདོད་པ་དང་། རང་གི་རིག་པ་ལྷུག་པར་ཤར་ནས་ཡོད་པའི་ཕྱིར། ནམ་མཁའ་ལ་འཕུར་སྐམ་བྱེད་པ་དང་། བག་ཆགས་ཀྱི་ཕུང་པོས་མི་བསྒྲིབ་པའི་ཕྱིར། སྣང་བ་འདི་འགགས་ནས་དག ་པའི་འདུ་ཤེས་དང་། གང་ན་ཡེ་ཤེས་ཀྱི་སྣང་བ་ཡོད་པའི་ཕྱིར། ལུས་དང་སྲོག་ལ་ཡང་མི་ཆགས་པ་དང་། ལུས་པར་མ་ཐག་དག་པའི་སྣང་བ་འཆར་བའི་ཕྱིར། སྣང་བ་གང་ལ་ཡང་ཡིད་མི ་འཇུག་པ་དང་། ཡེ་ཤེས་འོད་དང་རྟག་ཏུ་འགྲོགས་པའི་ཕྱིར། ཤེས་པ་མི་བྱིང་བར་གསལ་བ་དང་། འོད་ཀྱི་དངས་མ་ཡོད་པའི་ཕྱིར། ཤེས་པ་ངང་གིས་དལ་བ་དང་། འཇིག་རྟེན་གྱི་བྱ་བ་ཐོངས་པའི ་ཕྱིར། འགྲོགས་ན་བདེ་བ་དང་། སྐད་སྲིད་སྒྱུ་མར་ཤེས་པའི་ཕྱིར། ཉོན་མོངས་ཐམས་ཅད་གང་ཡང་ལྡང་མི་ནུས་པ་དང་། ཉོན་མོངས་ལངས་ཀྱང་རྟོག་པར་མི་འཛིན་པ་དང་། རིག་པ་ལགོས ་པ་མེད་པའི་ཕྱིར། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། རིག་པ་ལ་འཁྲུལ་པ་མེད་པའི་ཕྱིར། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་གྱིས་ནུས་པས་ཟས་སྒོམ ་གྱི་འདུ་ཤེས་མི་སྐྱེ་བ་དང་། རིག་པ་གསལ་ལ་རྟོག་པ་མེད་པའི་ཕྱིར། མི་དང་འགྲོགས་ནས་ཀྱང་ཕ་རོལ་གྱི་སེམས་དང་ཅི་མཐུན་བྱེད་པ་དེ་ནི། སྣང་སྲིད་སྒྱུ་མར་ཤེས་པའི་ཆོས་ཉིད་རྟོགས་པའི་ཕྱིར་ན། ་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་རྟགས་སོ།། མྱ་ངན་ལས་འདའ་བ་དེ་ལ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པར ་སངས་རྒྱས་པའོ།། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ།། མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་།། ་སྒྲ་དང་། སྲུ་དང་། གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་།། འོད་ལ་ཡང་རྣམ་པ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་དུ་འགྲེངས་ཏེ། སྐས་ཀའི་ཚུལ་དུ ་འབྱུང་བ་དང་། འོད་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ།། འོད་སྐས་ཀྱི་ཚུལ་དུ་འབྱུང་བ་ནི། ཞག་བདུན་ནས་བརྟན་པ་ཐོབ ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ།། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ།། ཟུག་གིས་བྱུང་ན་ཞ ་བཅུ་བཞི་ནས་མངོན་པར་རྫོགས་པར་འཚང་རྒྱའོ།། གདུང་ལ་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སྐྱེ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའོ།། ཁ ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་བྱའོ།། སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། དམར་པོ་སྣང་བ་མཐའ་ཡས་ཀྱིའོ།། ལྡང ་གུ་དོན་ཡོད་གྲུབ་པའོ།། ཁ་དོག་སྣ་ཚོགས་སུ་བྱུང་ན། སྲུ་ལྔའི་སཱ་ལ་ལྷུན་གྱིས་གྲུབ་པའོ།། སྲུ་ལ་ཡང་གཉིས་ཏེ། ཞི་བའི་སྐུ་དང་། ཁྲོ་བོའི་སྐུའོ།། ཞི་བའི་སྐུ་བྱུང་ན་སྣང་བ ་འདི་འགགས་མ་ཐག་ཏུ་བརྟན་པཐོབ་སྟེ། སྤྲུལ་པའི་སྐུ་འབྱིན་མི་ནུས་སོ།། ཁྲོ་བོའི་སྲུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་སྟེ། ཞག་ཉི་ཤུ་རྩ་གཅིག་ནས་སྤྲུལ་པའི་སྒོ་འབྱིན་པར་ནུས ་སོ།། རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་མི་འབྱུང་མེ་སྲིད་དོ།། དེ་བཞིན་དུ་སྒྲ་དང་། འོད་དང་། གདུང་དང་། སྲུ་དང་། ཐ་ནི་རིང་བསྲེལ ་ཡན་ཆད་འབྱུང་ངོ་།། ཞེས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ།། གསང་བ་ཡང་ཁོལ་དུ་ཕྱུང་བའི་རྒྱུད་ཆེན་པོ་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་སྒྲ་བསྒྲགས་སོ།། བཛྲ་རྡོ་རྗེ་སེམས་དཔའ་། མ་ནུ་ཆོས་ཉིད་ཀྱི་ཆོ་འགྲུབ་སྐྱེ་བ་ལྟར་སྣང་བ། ཤས་རི་ཤེས ་རབ་སྟོང་པ་འགྱུར་བ་མེད་པ། ས་ན་ཡང་དག་པའི་རིག་པ། དྷི་ཆོས་ཉིད་སྐྱེ་བ་མེད་པ་ལས་ཞི། ཁྲོ་ཐམས་ཅད་འབྱུང་བའི་ཚུལ་བསྟན་པ། ངར་པ་ཆོས་ཅན་མཚན་མ་ལས་འདས་པ། ཨ་ཨ ་སྟེ་མེད་དམིགས་པ་མེད་པའོ།། ཞེས་བརྗོད་པས་འཁོར་རྣམས་ཀྱིས་ཡང་དག་པའི་དོན་ཐུགས་སུ་ཆུད་དོ།། དེ་ནས་ཡང་འདི་སྐད་ཅེས་བསྒྲགས་སོ།། བུདྡྷ་སངས་རྒྱས་ཀྱི་ཡེ་ཤེས། ་སརྦ་ཆོས་ཐམས་ཅད་ཀྱི་དགོངས་པ་ཚིག་ལས་འདས་པ། དྷ་བརྡལ་བ་ཕུན་སུམ་ཚོགས་པ། ཐིམ་དབྱིངས་རྣམ་པར་དག་པ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཐིམ། དྷ་ཐི་མ་མཉམ་པ་ཉིད་སྐྱེའི་དང་བྲལ་བའི་རིག་པ ་དུས་གསུམ་མེ་གྱུར་བ། ཨ་ཚིག་པ་འགྱུར་མེད་དབྱིང་ས་དང་མི་གས་གཉིས་སུ་མེད་པ་དོན། ལེ་ཚིག་སངྱས་ཐམས་ཅད་དུ་། ག་པ་ས་ཞེས་ཀྱི་སྙིང་བཾ། ཀཾ་ཀུན་ལ་ཡོད་པ། བྷ་དེ་ཅིད་ནི་གླེ་བར་དགུ ་ཨི་ཧ། དོན་གྱི་སྙིང་པོ་ཐ་སྐྱེད་དང་ཐལ་བ། ཨི་ཧ་འཛིན་པ་མེད་པ། ཨོཾ་མཧཱའི་དོན་སྟོན་པ། ཨཱཿ་ནྱ་དོན་སྟོན་པ། ཧཱུ~ཾ་ཨ་ཏི་འདོན་སྟོན་པ། ཨ་ན་སྐྱེ་བ་མེད་པ་ལ་སྐྱེ་བར་སྣང་བ། ཞེས་བརྗོད་ནས ་མི་སྣང་བའི་བང་དུ་གཤེགས་སོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཀྱི་ཧུད་ཐུགས་རྗེས་ཟུང་། ཞེས་གསོལ་བ་དང་། ནམ་མཁའ་ནས་སྐྲ ་འདི་བསྒྲགས་སོ།། ཤ་ཤེས་རབ་ཀྱི་བདག་ཉིད། ས་འགྱུར་བ་མེད་པའི་ཆོས་ཉིད། མ་གཞིས་བཅོས་པ་གསལ་བ། འ་སྟོང་པའི་ཡེ་ཤེས་ཨཱ་ཡང་བྱུང་སྠཱ་ཨ་སྐྱེ་བ་མེད་པ་ལ་སྐྱེ་བར་སྟོང་པ་འགྱུར་བ་མེད་པ་ཤེས ་རབ་ཀྱི་བདག་ཉིད་རེག་པ་སྟོང་པ་སྐད་ཅིག་མ་ལ་གྲུབ་པ་ཆོས་ཉིད་མ་བཅོས་མཉམ་པ་གཉིས་སུ་མེད་པའོ།། ཨོཾ། དེ་ཡང་བསྐྱེད་རྫོགས་སྒོ་གསུམ་འདུ་འབྲལ་མེད་པའི་དོན་ཡི་གེ་གསུམ་མོ།། ཆོས་ཐམས་ཅད་འགག་པ ་མེད་པ་མེད་པ་སྐྱེ་བ་མེད་པས་སྐྱེ་བའི་ཆོ་འཕྲུལ་ཨ་ཏི་ཨ་ནུ་མ་ཧཱའོ།། བཛྲ་རིག་པ་ཡེ་ཤེས་སུ་ཤར་ཏེ། པཱ་ཎྜི་སྟོང་པ་ལ་མ་འགག་ཧྲྀནརྀ་པ། སརྦ་ཐམས་ཅད། དྷཱ་དྲོན་གཅིག་ཏུ་སྲུས་ཤིག། ཧ་དབྱིངས་དང་ཡེ་ཤེས་གཉིས་སུ ་མེད་པའི་དོན། ནི་བསྟན་པའི་སྙིང་པོ། ཨེ་ཟུང་ཞིག་བྷ་ས་པ་དྷ་དྷ་དྷུ། ཡུང། ཧཱུ~ཾ་ཧཱུ~ཾ། ཨ་ཨ་ཆོས་དབྱིངས་ཀྱེ་བ་མེད་པའི་ངང་དུ་མྱ་ངན་ལས་འདས་སོ།། འདྲ་འབྲལ་མེད་པའི་རིག་པ་སྟེ་མེད་དུ་མྱོ་ཅིག། ་ཞེས་སྒྲ་བསྒྲགས་ནས་ཅད་མེད་དོ།། དེ་ནས་གསང་བའི་བདག་པོ་ལ་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་སོགས་དང་། ཐུབ་པ་དྲུག་གིས་འདི་སྐད་ཅེས་གསོལ ་ཏོ།། སྟོན་པ་མི་སྣང་བའི་ངང་དུ་གཤེགས་ན་རྒྱུད་འདི་ཅི་ལྟར་གཟུང་བར་བགྱི། ཞེས་གསོལ་ཏོ།། གསང་བའི་བདག་པོས་བཀའ་སྩལ་པ། རྒྱུད་འདིའི་མཚན་ནི། རྡོ་རྗེ་སེམས ་དཔའ་སྟེང་གི་མེ་ལོང་ག་རྒྱུད་ཅེས་བྱ་བར་མིང་ཐོགས་ཤོག། ཟུང་ཞིག། ཡང་རྒྱུད་ཆེན་པོ་འདི་སྣང་བ་སྟོན་པ་ཞེས་ཟླ་བའི་ཡང་ཟུང་ཞིག། ཡང་ཐམས ་ཅད་ཀྱི་དོན་འགྲོལ་བ་ཆེན་པོ་ཞེས་བྱ་བར་ཟུང་ཞིག། དགོངས་པ་ཁ་སྐྱོང་གི་རྒྱུད་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཞིག། ཀྱེ་ཐུབ་པ་ཆེན་པོའི་འཁོར་དགའ་རངབ་རྡོ་རྗེ་བརྒྱ་ཆེན་ཟགས ་བཟང་རིས་རྣམས་ཉོན་ཅིག། རྒྱུད་ཆེན་པོ་གསང་བ་རྨད་དུ་བྱུང་བ་འདི་ནི་འཇིག་རྟེན་དུ་འབྱུང་བར་དཀའོ།། དེའི་ཕྱིར་ན་བསྟན་པའི་སྙིང་པོ་འདི་རབ་ཏུ་ཚངས་ཤིག། དོན་ཐམས་ཅད་སྐྱེ་བ ་མེད་པའི་དབྱིངས་སུ་སྩོལ་ཅིག། རང་གི་རིག་པ་འོད་དང་འོད་ཁྱིམ་གྱི་ཚུལ་དུ་ཤེས་དགོས། ང་མྱ་ངན་ལས་འདས་པའི་འོག་ཏུ། མ་འོངས་པའི་སེམས་ཅན་རྣམས་ལ་བག་ཆགས་ཀྱི་སྦུབས་འབོར ་ཤེས་དགས། དེ་བཞིན་དུ་སྟོན་ཅིག་བྱང་ཆུབ་ལམ་གྱི་སྒྲོན་མའོ་ཤེས་པར་གྱིས་ཤིག། ཆོས་ཐམས་ཅད་བརྗོད་པ་དང་བྲལ་ཚིག་དང་མི་གས་མཚན་པ་མེད། བའི་ངང་དུ་བསྡུས་ཤིག། རྒྱུད ་ཐམས་ཅད་ཡི་གེ་མེད་པ་ཆེན་པོའི་རང་གི་རིག་པའི་རྒྱུད་ཆེན་པོ་ར་རང་རིག་དེ་ཐ་སྙད་དང་ཐལ་བ་འཛིན་པ་མེད་པ་སྩོལ་ཅིག། ལུང་ཐམས་ཅད་གཞན་གྱིས་སྙན་མེ་ནུས། བསྟན་དུ་མེད་པའི་རྩ་བའི་ལུང ་རིག་པའི་ཡེ་ཤེས་ཆེན་པོར་སྩོལ་ཅིག། མན་ངག་ཐམས་ཅད་བརྗོད་གཞི་དང་བྲལ་བར་འདི་ལས་བཅོས་པ་མེད་པའི་དབྱིངས་སུ། སྩོལ་ཅིག། བསྒྲུབ་པ་ཐམས་ཅད་རྩོལ་བསྒྲུབ་མེད་ཅིང་ཡོད་ན ་བྱེད་དུ་འགྲོ། བྱ་བྱེད་དང་བྲལ་བར་སྩོལ་ཅིག། སྤྱོད་པ་ཐམས་ཅད་མ་བཅོས་པའི་མཆོག་ཆེན་པོ་དང་ལྡན་པར་སྩོལ་ཅིག། བསྒོམ་པ་ཐམས་ཅད་གསལ་འགྲིབ་འཛིན་པ་མེད་པར་སྩོལ ་ཅིག། བསྒོམ་པས་སངས་མི་རྒྱབསྒོམ་དུ་མེད་པའི་ཕྱིར་རོ།། ལྟ་བ་ཐམས་ཅད་ཟད་ཐལ་ཅིར་ཡང་མ་ཆགས་པར་སྩོལ་ཅིག། འབྲས་བུ་ཐམས་ཅད་ཡེ་ཤེས་ཚིག་ཆོད་ཆེན་པོར་སྩོལ་ཅིག་རྟོག་པ ་སྐད་ཅིག་མ་ལས་གྲུབ་པས་མཐོང་རྟོགས་དུས་མཚུངས་ཀྱི་གདམས་ངག་དེ་རྣམས་ཐམས་ཅད་མི་གནས་པའི་ཀློད་དུ་དྲིལ་ཅིག། འདུ་འབྲལ་མེད་པའི་དབྱིངས་སུ་གཅིག་དང་དུ་མ་མེད་པ། འཁོར་བའི་བྱ་བ ་ཐམས་ཅད་ཐོང་ཞིག། གཅིག་པུར་དལ་བར་གནས་པ། ཡེ་ཤེས་ཀྱི་སྣང་བ་ལ་རྡོ་སྤྲོད་ཡང་ནས་ཡང་དུ་གསལ་གདག་རྟག་ཏུ་འདྲིས་པར་གྱིས་ཤིག། ཡེ་ཤེས་འཆར་བའི་དུས་པར་མདོལ ་ཡེ་ཤེས་ཀྱི་སྣང་བ་ངོ་ཤེས་པར་གྱིས། ཤེས་པར་གྱིས་ཤིག། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཡིན་པར་ཤེས་པར་གྱིས་ཤིག། བར་མ་དོ་ལ་རང་གི་སྣང་བ་ཡིད་ཆེས་པ་མ་པང་དུ་བུ་འགྲོ་བ་ལྟ ་ངོ་ཤེས་པར་གྱིས་ཤིག། གཞིའི་ཆོས་ཅི་ཡང་མ་ཡིན་པ་ཐམས་ཅད་ཅིར་ཡང་སྣང་བ་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་སྣང་བ་གསུམ་དུ་ཤེས་པར། ་གྱིས་ཤིག། ལམ་གྱི་ཆོས་ཐམས་ཅད་སྲུ་ལྔ་ཡེ་ཤེས་ལྟ་རུ་ཤེས་པར་གྱིས་ཤིག། འབྲས་བུའི་ཆོས་ཐམས་ཅད་སྒྲ་གསུམ་འདུ་འབྲལ་མེད་པ་ཕྱིར་མི་ལྡོག་པའི་འབྲས་བུར ་ཤེས་པར་གྱིས་ཤིག། ངོ་བོའི་ཆོས་ཐམས་ཅད་གཞི་སྟོང་པར་སྟོང་པ་རིག་པའི་སྙིང་པོ་ཅན་རིག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ངོ་ཤེས་པར་གྱིས་ཤིག། རང་བཞིན་གྱི་ཆོས་ཐམས་ཅད་གསལ ་པར་ཤེས་པར་གྱིས་ཤིག། ཐུགས་རྗེའི་ཆོསཿཐུགས་རྗེལ་གཉིས་ཏེ་འགྲོ་བ་འདུལ་བའི་ཐུགས་རྗེ་དང་རང་བཞིན་གྱི་ཐུགས་རྗེ་གཉིས་ལ་འགྲོ་བ་འདུལ་བ་ནི་བུདྷའི་ཆོས། རང་བཞིན་གྱི་ཐུགས་རྗེ་ནི་སངས ་རྒྱས་དང་དམྱལ་བ་ཡན་ཆད་ལ་ཡོད་དོ།། ཐམས་ཅད་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག། ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཉི་ཤུ་རྩ་ལྔ་མ་འདྲེས་པར་ཤེས་པར་གྱིས་ཤིག། འོད་ཀྱི ་ཆོས་ཐམས་ཅད་འཛིན་པ་མེད་པར་བཟུང་བ་ལྷའི་བུའི་བདུད་ཅེས་བྱའོ།། ཤེས་པར་གྱིས་ཤིག། ཟེར་གྱི་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་མེད་པའོ།། སྒྲོ་བསྡུ་མེད་པར་ཤེས ་པར་གྱིས་ཤིག། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག། བྱས་པའི་ཆོས་ལ་བློ་མི་བཞག། དེ་བཞིན་དུ་ཆོས་སྐྱེ་བ་མེད་པ་ལ་སྐྱེ་བར་སྣང་བ་ཐམས ་ཅུད་འགག་པ་མེད་པར་སྒྲོལ་ཅིག། འགག་པ་མེད་པར་རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་བར་སྒྲོལ་ཅིག། ཅིར་ཡང་སྣང་བ་སྐྱེ་བ་མེད་པར་སྩོལ་ཅིག། སྐྱེ་བ་མེད་པ་འགྲོ་འོང ་མེད་པར་གང་ནས་མ་འོངྒ་བ་གོར་ཡང་མི་འགྲོབ་སྩོལ་ཅིག། འགྲོ་འོང་མེད་པ་གཉིས་སུ་མེད་པར་དུ་མ་དང་བྲལ་བ་སྒྲོལ་ཅིག། གཉིས་མེད་གསལ་བ་མཐའ་གྲོལ་འོད་ཟེར་དུ་གནས་པ། ་ཆེན་པོར་སྒྲོལ་ཅིག། དེ་བཞིན་དུ་ཆོས་ཐམས་ཅད་ཅིར་ཡང་མི་རྟོག་མེ་སེམས་པར་རྐྱེན་གྱི་དབང་དུ་མི་འགྲོག། སྒྲོལ་ཅིག། ཆོས་ཐམས་ཅད་གསལ་ལ་མ་ཡེངས་པར་སྒྲོལ་ཅིག། ་འགྱུར་བ་མེད་པ་རྒྱ་གར་ཡང་མ་ཆད་ཕྱོགས་གར་ཡང་མ་ལྷུང་བ་རང་བཞིན་གཉིས་སུ་མེད་པ་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་སྟེ། དེ་ཡང་གང་ཞེ་ན། ཡེ་ཤེས་ཀྱི་དབྱིངས་དང་ཡེ་ཤེས་རིག་པདག ་ཡེ་ཤེས་སྐྱེ་མེད་ཀྱི་ཡེ་ཤེས་སོ།། ཅེས་བརྗོད་ནས་གསང་བའི་བདག་པོ་ཡང་མེ་སྣང་བའི་ངང་དུ་གཤེགས་སོ།། དེ་ནས་ཡང་ནམ་མཁའ་ལས་སྒྲ་འདི་སྐད་གྲགས་སོ།། བཛྲ་རྡོ་རྗེ་ཕྱག་ན། ་ན་སས་ཎྜི་ཏུ་བྱུ་མ་ས་ཕྲུག་རྒྱ་ན་རྦཱདྷཱ་ས་ས་དྷཱ་ས་སམྦྷ་ད་ད་ཐམས་དང་སྨྲ་། ་ཀཱ་ཡ་མྱ་ངན་ལས་འདས་པའོ།། རཏྣ་རིན་པོ་ཆེ་ལྟ་བུའི་ཀློང་དུ་མཱ་ལངྒ་མཉམ་པ་ཉིད་ལས་མ་ཡེངས་བློ་ཡིས་མ་བཅོས་པ། ཨ་སིདཱ་སྐྱེ་མེད་ཆོས་སྐུའི་ངང་དུ་རིག་པ་གསལ་ལ་འཛིན་པ་དང་བྲལ་བ། ཨཱ་རིག་པ ་སྐྱེ་མེད་དང་དུ་རྟོག་མེད་གསལ་བ། དྷཱ་ཏུ་གཉིས་སུ་མེད་པར་འདུ་བའི་ཡེ་ཤེས་མ་འགགས་པའོ། ཤ་སྐྱེ་མེད་སྟོང་པའི་ངང་དུ་འདུ་བའི་ཤེས་རབ། ཨ་དྷ་དུ། ཤཾ་མ་ལ་མཉམ་པ་ཉིད་མ་བཅོས་པ། ཨ། ཆོས ་ས་།། ། ས་རྣས་མས་མམ་ས་། པ་སད་པ ་པའོ།། །། དེ་ནས་མཁའ་འགྲོ་མའི་ཚོགས་རྣམས་རང་རང་གི་འཁོར་རྣམས་ལ་འདི་སྐད་ཅེས་གདམས་སོ།། རྒྱུད་འདིའི་མེ་ལ་ཚེ་བྱའོ།། དམ་ཚིག་ཉམས་པ་རྣམས་ཀྱི་གཤེད ་མ་བྱའོ།། ཞེས་གདམས་ནས་ང་རྒྱལ་གྱི་སྒྲ་འདི་སྐད་བསྒྲགས་སོ།། རགྷོ་ས་མ་ཡ་སྣོད་མིན་ལ་བྱིན་ན་སྙིང་ཕྱུང་ཞིག་སྙིང་ཕྱུང་བྷྱོ་བྷྱོ།། ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས ་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱུའི་བུ་ལོག་རྟོག་སེལ་བྱེད་ལ་སོགས་དང་། ཐུབ་པ་དྲུག་དང་། མི་མ་ཡིན་རྫུ་འཁོར་ནམས་རྗེས་སུ་པ་རང་ཞིང་མངོན་པར ་བསྟོད་དོ།། ཞེས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བ་ཡང་གསང་གབ་སྦས་ཀྱི་རྒྱུད་རྫོགས་པ་ཆེན་པོ་གཏན་ལ་འབེབས་པ། བཅོམ་ལྡན་འདས་གཞོན་ནུ་དཔའ ་པོ་སྟོབས་ལྡན་གྱིས་དུར་ཁྲོད་ཆེན་པོ་མི་རེ་འབར་བར་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་རང་རང་གི་རིག་པ་དངོས་སུ་བསྟན་པའི་བཀའ་དམ་པ། གསུང་བའི་རྒྱུད་ཆེན ་པརྫོགས་སོ།། །། རྒྱ་རྒྱ། ཨཱ~ཾ། མཁས་པ་ཆེན་པོའི་མ་ལ་མི་ཏྲས་སྨྲ་རང་འགྱུར་དུ་གསུངས་པའོ།། སྔགས་ཀྱི་སྲུང་མས་སྲུངས་ཤིག། འགྲེལ་བ་དོན་འགྲེལ་ཕྲ་བཀོད ་བ་ཡོད། སྙིང་གི་མེ་ལོས་ཉིད་ལ་མཐོབའི།། དགེའོ།། དགེའོ།། དགའོ།་